Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལན་འདེབས་དཀའ་བའི་དྲི་ཚིག

Posted on 2013-07-152013-07-15 By ཁ་བརྡ་ 4 Comments on ལན་འདེབས་དཀའ་བའི་དྲི་ཚིག

རིགས་གྲོལ།

སྤྱིར་དགོན་པ་ཞིག་གི་ལས་བྱེད་པ་ཡིན་ན་རྒྱུན་དུ་དགོན་པའི་ཉིན་རེའི་བྱེད་སྒོ་སྟེ། ཆོས་ཕྱོགས་ཀྱི་བྱ་བ་དག་དང་འབྲེལ་བས། རྒྱུན་དུ་མཐོང་ཐོས་སུ་ཡོད་པ་ནི་ཞབས་བརྟན་དང་། ཁ་འདོན། འཕྲིན་བཅོལ། རྐང་གསོལ།(བསྐང་གསོལ) མཆོད་མེ། ད་དུང་ཡང་སྟོངས་ཚོགས་དང་། འབུམ་ཚོགས་སོགས་རེད། ང་རང་ཡང་དགོན་པ་ཞིག་ལ་ལས་ཀ་ལས་བཞིན་ཡོད། དེར་བརྟེན་རྒྱུན་དུ་དེ་དག་དང་དེ་དག་ལ་འདྲིས་ནས་བསྡད་ཡོད། (བདག་ཡོད་སའི་དགོན་པར་བཤད་གྲྭ་མེད་པས་བཤད་གྲྭའི་སྐོར་མི་བཤད།) བདག་གི་ལས་བྱ་གཙོ་བོ་དགོན་པ་དེའི་ཡིག་འབྲིའི་རིགས་སྤྱི་དང་། ད་དུང་རྒྱ་གར་བ་དང་། ཕྱི་རྒྱལ་བ་དགོན་མཇལ་ཡོང་མཁན་ཁག་ལ་འབྲེལ་འདྲིས་བྱ་རྒྱུ་དང་། དེ་མིན་དགོན་པའི་ལས་དོན་གཞན་ཁག་ཅིག་རྒྱུན་སྐྱོང་བྱ་དགོས།

དགོན་མཇལ་བ་ཚོར་རྒྱུན་དུ་དྲི་རྒྱུ་ཁ་ཤས་ཡོད་པ་ནི་སྐྱེ་བ་སྔ་ཕྱིའི་སྐོར་དང་། ལས་རྒྱུ་འབྲས། ཞབས་བརྟན་ཁག་གི་ཕན་ཡོན། མཆོད་མེ་ཕུལ་བའི་དགེ་མཚན། ད་དུང་སྐུ་འདྲ་དང་། ལྡེབས་བྲིས་སོགས་ཀྱི་སྐོར་རེད། དེ་དག་གི་འབྲེལ་བཤད་ཐུང་ངུ་རེ་ལ་ང་རང་བྱང་ནས་ཡོད་པས་རྒྱུན་དུ་དཀའ་ངལ་ཞིག་ཕྲད་མྱོང་མེད།

སྐབས་འདིའི་གཟའ་ཉི་མའི་ཉིན་(འདིར་དགོན་པའི་ལས་བྱེད་པར་གཟའ་ཉི་མ་གུང་སེང་མེད་པ་རེད།) ང་རང་རྒྱུན་ལྡན་བཞིན་ལས་ཁུངས་ན་ཡིག་འབྲི་ཞིག་ལ་བྲེལ་ནས་ཡོད་སྐབས། ཕྱག་མཛོད་ཀྱིས། ‘རྒྱ་གར་བ་ཞིག་བསླེབས་སོང་བས་ཁོས་ཅི་ཟེར་ལ་ཅིག་ཉན་རོགས་དང་’ཟེར། དེ་ལྟར་ངས་རྒྱ་གར་བ་དེའི་འགྲམ་དུ་ཕྱིན་ནས་ཧིན་སྐད་ཐོག། ‘ཁྱེད་ལ་ཕྱག་རོགས་གང་དགོས་སམ།’ ཅེས་དྲིས་པར། ཁོས་ལམ་སེང་ང་ལ་བལྟས་ནས་ལག་པ་ཞིག་བཏང་སྟེ། ‘ངའི་མིང་ལ་ཤི་བ་ཤང་ཀར་ཏི་བ་རི་ཟེར་གྱི་ཡོད། རྒྱ་གར་གྱི་ས་གནས་གྷོ་རག་པུར་ཟེར་བ་ནས་ཡིན། ཁྱེད་རང་ཚོའི་དགོན་པ་དང་འབྲེལ་བའི་དྲི་བ་ཞིག་དྲིས་ན་ཨེ་ཆོག་’ཟེར། ངས་ལམ་སེང། ‘འགྲིག་དང་འགྲིག’ །ཅེས་བཤད་ནས་ཁོ་ལས་ཁུངས་སུ་བོས།

ལས་ཁུངས་སུ་ཕྱག་མཛོད་ཀྱི་གམ་དུ་ཙོག་རྗེས་ཁོས། ‘དགོན་པ་འདི་བོད་པའི་དགོན་པ་ཞིག་རེད་དམ་’ཟེར། དེར་ངེད་གཉིས་(ཕྱག་མཛོད་ངེད་གཉིས།) ཀྱིས་མཉམ་གཅིག་ཏུ། ‘རེད་རེད། འདི་བོད་པའི་དགོན་པ་རེད།’ ཅེས་ལན་བཏབ། ཁོས་ཅུང་ཙམ་བསམས་རྗེས། ‘དེ་ན་དགོན་པ་འདིས་བོད་ཀྱི་རྩ་དོན་ཆེད་བྱ་བ་ཅི་ཞིག་སྒྲུབ་ཀྱི་ཡོད་’ཟེར། ངས་ལམ་སེང་། གསུམ་བཅུའི་དུས་དྲན་ནས་འགོ་བརྩམས་ཏེ་ལོ་གཅིག་ཟླ་བ་བཅུ་གཉིས་ནང་གི་བོད་ཀྱི་དུས་དྲན་དང་དུས་ཆེན་གྱི་ཉིན་མོ་ཁག་རེ་རེ་བཞིན་དྲངས་ནས་ཉིན་མོ་དེ་དང་དེ་དག་ལ་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྱྭའི་ཞབས་རིམ་དང་། དཔའ་བོ་དཔའ་མོ་ཚོའི་ཆེད་བསྔོ་སྨོན་གསོལ་འདེབས། བོད་དོན་བདེན་མཐའ་སེལ་རྒྱུའི་ཆེད་སྨོན་ལམ་དང་ཁྲོམས་སྐོར་ཇི་བྱས་ཇི་བྱ་རེ་རེ་བཞིན་འཆད་སྐབས། ཁོས་ངའི་སྐད་ཆ་མཚམས་བཅད་ནས། ‘མིན། དེ་དག་དགོན་པ་ཞིག་གི་རྒྱུན་ལྡན་གྱི་བྱེད་སྒོ་ལས་བོད་དོན་ཆེད་བྱ་བ་དམིགས་བསལ་བ་གང་ཡང་མ་རེད། ངས་དགོན་པ་འདི་ནས་བོད་དོན་ཆེད་ཉིན་རེར་བྱ་བ་ཅི་ཞིག་སྒྲུབ་ཀྱི་ཡོད་ཟེར་བ་ཡིན།’ ཞེས་བཤད་བྱུང་། དེར་ང་རང་ལ་ཅང་བཤད་རྒྱུ་མེད་པར་གྱུར་བས་ཕྱག་མཛོད་ལ་ཁ་ཕྱོགས་ནས་ཁོས་བཤད་པ་དེ་བོད་སྐད་ཐོག་ཐེངས་གཅིག་བཤད་པར། ཕྱག་མཛོད་ཀྱང་ཅི་བཤད་འདི་བཤད་མེད་པར་གྱུར།

དེ་རྗེས་ཁོས་ཤུགས་རིང་ཞིག་སྦྱིན་ཞོར། ‘ཁྱོད་ཚོས་སྔ་དགོང་གཉིས་ལ་ཚོགས་འཚོགས་ཀྱི་ཡོད་དམ་’ཟེར། ངས་

‘སྔ་དགོང་གཉིས་ལ་ཚོགས་རྒྱུན་ལྡན་འཚོགས་ཀྱི་ཡོད་པ་རེད།’ ཅེས་བཤད། ཡང་ཁོས་‘དེ་ན་སྔ་དྲོ་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་གྱི་ཨེ་ཡོད་’ཟེར། མེད་ཅེས་ལན་བཏབ་པར། ཁོས་‘ཁྱོད་ཚོས་དགོན་པ་ཞིག་ཡིན་པའི་བྱེད་སྒོ་ལས་བོད་པའི་ཚོགས་པ་ཞིག་ཡིན་པའི་འགན་འཁུར་གྱི་མེད་པ་འདྲ་’ཟེར། ངས་དལ་གྱིས་སྤྱིར་དགོན་པ་ཞིག་གི་རྒྱུན་ལྡན་གྱི་བྱེད་སྒོ་ནི་ཚོགས་འཚོགས་རྒྱུ་དང་། ཞབས་བརྟན་གཉེར་རྒྱུ་སོགས་དང་། བཤད་གྲྭ་ཡོད་ས་ཁག་ལ་ནང་བསྟན་སློབ་གཉེར་བྱ་རྒྱུ་སོགས་ཡིན་ཚུལ་དང་། རྒྱལ་ཁབ་ཀྱི་རྒྱལ་གླུ་མཛད་སྒོ་དེ་འདྲའི་སྐབས་ལས་གཞན་ལེན་གྱི་མེད་ཚུལ་བརྗོད་པར། ཁོས་‘ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་རང་མི་རིགས་ཀྱི་ལ་རྒྱ་མེད་བ་དང་། བོད་བའི་གནས་སྟངས་སེམས་ལ་དྲན་རྒྱུ་ཕར་བཞག །རང་ཉིད་སུ་ཞིག་ཡིན་པ་ངོ་མི་འཕྲོད་པའི་གཞོན་སྐྱེས་ཇི་མང་རེད། ད་དུང་དེ་ལྟར་ལོ་མང་ལུས་ན་བོད་དང་བོད་མི་རིགས་དེ་འཛམ་གླིང་འདི་ནས་བརླག་རྒྱུ་རེད་’ཟེར། ཡང་ཁོས་མུ་མཐུད་བརྗོད་རྒྱུར། ‘གལ་ཏེ་བོད་པའི་སྤྱི་ཚོགས་ཆེ་ཆུང་ཡོད་ཚད་དུ་ཉིན་ལྟར་རྒྱལ་ཁབ་ཀྱི་རྒྱལ་གླུ་བླང་རྒྱུའི་དུས་ཚོད་བཅད་ནས་རྒྱལ་གླུ་ལེན་གྱི་ན། བོད་ཕྲུག་གཞོན་སྐྱེས་ཚོའི་ཁོག་ཏུ་མི་རིགས་ཀྱི་ལ་རྒྱ་བརྟན་པོ་ཞིག་བཞེངས་ཐུབ་རྒྱུ་རེད།’ ཅེས་དང་། དེ་མིན་རྒྱ་གར་རང་བཙན་ཤོར་ནས་ལོ་ལོ་ཉི་བརྒྱ་སོང་རྗེས་རྒྱ་གར་འཇིག་རྟེན་འདི་ནས་བརླག་ཐུབ་མེད་པའི་རྒྱུ་མཚན་དང་། ང་ཚོས་ལྷ་འདྲེ་ག་གེ་མོ་ཞིག་ཉིན་རེ་བཞིན་མཆོད་པ་ལས་ལྷ་འདྲེ་དེ་དག་གི་སྟོབས་ནུས་འཕེལ་བ་ལྟར། རྒྱལ་ཁབ་ཀྱི་རྒྱལ་གླུ་ཉིན་རེ་བཞིན་བླངས་ན་རྒྱལ་ཁབ་དེའི་སྟོབས་ནུས་རྒྱལ་ཚུལ་སོགས་གནད་དོན་མང་པོ་ཞིག་བཤད་རྗེས། ‘ཁྱེད་ཚོས་སང་ཉིན་ནས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་རོགས་’ཞེས་མངགས་ནས་ཕྱིར་བུད་སོང་།

མཚམས་འདི་ནས་ངས་ཀློག་མཁན་དག་ལ་དྲི་འདོད་པ་ནི།

༡. བོད་པའི་སྤྱི་ཚོགས་ཚང་མར་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བླང་རྒྱུའི་དུས་ཚོད་རྒྱས་བཅད་ཐུབ་བམ།
༢. དེ་ལྟར་ཐུབ་ན་ཆབ་སྲིད་ཀྱི་ཐོག་ནས་དགེ་སྐྱོན་གང་ཡོད།
༣. བྱེ་བྲག་དགོན་སྡེ་དག་ལ་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བླང་རྒྱུའི་དུས་ཚོད་རྒྱས་བཅད་ཐུབ་བམ།
༤. ད་དུང་དགོན་པ་འདི་ནས་དེ་ལྟར་ཐུབ་བམ།(དགོན་པ་འདི་ནས་དེ་ལྟར་ཐུབ་མིན་ཕྱག་མཛོད་ཀྱི་ཕྱག་ལ་ཡོད་པས་རེད།)

མཐར་ཁོས་ང་ལ་ཧིན་སྐད་ནང་བྲིས་པའི་སྙན་ངག་ཤོག་ངོས་གཅིག་ཅན་ཞིག་བྱིན་བྱུང་བ་གཤམ་དུ་བོད་བསྒྱུར་བྱས་ཁུལ་གྱིས་བཀོད་ཡོད།

བོད་ལ་རང་དབང་སྐྲུན་ཤོག

ལོངས་ཤོག་དང དེ་རིང་རྒྱལ་ཁབ་ཀྱིས་ཁྱོད་ལ་རེ་འབོད་བྱེད་ཀྱི
ལོངས་ཤོག་དང དེ་རིང་གཞིས་ཁྱིམ་གྱིས་ཁྱོད་ལ་བལྟས་ནས་འདུག
མ་ཡུམ་གྱི་རེ་སྒུག་ཡོད་ཚད་
གོ་ལ་ཧྲིལ་པོའི་གནད་དོན་དུ་བསྒྱུར་དགོས
ངུ་ངག་ཙམ་གྱི་མི་ཆོག་པར
ནུས་ཤུགས་ཡོད་ཚད་ཀྱིས རྒྱ་ནག་པ
བོད་ལ་རང་དབང་སྤྲོད་དགོས་ཞེས་འབོད་ཤོག

གཡོལ་གྱི་མེད་ན་གཡོལ་དུ་འཇུག་དགོས་ལ
བྲོས་ཀྱི་མེད་ན་བྲོས་དུ་འཇུག་དགོས
‘བོད་མི་ཚང་མ་སངས་ནས་ཡོད་ཅེས’
རྒྱ་ནག་ཙམ་མིན་པར
གོ་ལ་ཧྲིལ་པོའི་སྒང་ལ་ཤུགས་ཀྱིས་སྨོས་ཤོག

ཁྱོད་ནི་ཧི་མ་ལ་ཡའི་གཅེས་ཕྲུག་སྟེ
འཁྱགས་རོམ་གྱི་གྲང་ངར་དང་ཐུག་རུང
འཇིགས་ཞུམ་ཞིག་ནམ་ཡང་སྐྱེ་མ་མྱོང་ཁར
དེ་ལྟར་འགྱིངས་ཉམས་ངང་ལངས་ནས་བསྡད་མྱོང་ཨང

བོད་ཀྱི་གཅེས་ཕྲུག་ཚོ
ཧི་མ་ལ་ཡ་རི་བོ་དཔང་དུ་བཙུགས་ཏེ
སློབ་དཔོན་གྱིས་བསྐྱངས་པའི་སློབ་ཡོན་གསབ་ཕྱིར
ཁྱོད་ཀྱིས་བོད་ལ་རང་དབང་ཞིག་སྐྲུན་ཤོག

ཤི་བ་ཤང་ཀར་ཏི་བ་རི།

༣༠༡༣།༠༧།༡༤ དགོང་དྲོ་ཤར་མར་བྲིས་པས་ནོར་བ་ཡོད་ན་ཀློག་མཁན་དག་ལ་བཟོད་གསོལ་ཞུ་རྒྱུ།

སྣ་ཚོགས།

Post navigation

Previous Post: གཏན་ནས་གཉིད་དུ་མི་འཇུག་པའི་གླུ་དེ།
Next Post: དེ་རིང་ཁ་སང་གི་མི་ཚེ།

Comments (4) on “ལན་འདེབས་དཀའ་བའི་དྲི་ཚིག”

  1. རིག་རྡོ says:
    2013-07-15 at 10:15 am

    རིགས་གྲོལ་ལགས་ཀྱིས་དྲི་བ་དག་ཡག་པོ་དྲིས་ཡོད་པ་དང་།རྒྱ་གར་བ་དེས་ཀྱང་སྐད་ཆ་གནད་ལ་འཁེལ་བ་ཞིག་བཤད་འདུག་སྙམ།

  2. བློ་བཟང་། says:
    2013-07-15 at 11:31 am

    བཤད་གྲྭ་དང་གདན་ས་ཁག་ཡིན་ན། ཉིན་རྟག་པར་བོད་ཀྱི་རྩ་དོན་ཆེད་བྱ་བ་བྱེད་བཞིན་པར་འདོད། རྒྱུ་མཚན་ནི་བོད་དོན་ཞེས་པ་བོད་བསྟན་པ་ཆབས་སྲིད་གཉིས་ཀྱི་དོན་ཡིན་པས་སོ། ལྷག་དོན་བོད་ཀྱི་རིགས་གཞུང་གི་སྙིང་པོ་སྐད་ཡིག་དང་། ནང་ཆོས་གཉིས་ཉིན་རེ་འཛིན་བསྐྱོང་སྤེལ་གསུམ་གནང་བཞིན་པ་རེད། དེ་འདྲ་མུ་འཐུད་ན་ལོ་གསུམ་བརྒྱ་ལོན་ནའང་བོད་ཀྱི་ངོ་བོ་བརླག་མི་སྲིད། ཡིན་ནའང་ཆད་པ་གཅིག་ནི་གང་ཟག་སྒེར་སོ་སོའི་ངོས་ནས་དེ་ལྟར་བསམ་བློ་དང་ངོས་འཛིན་མེད་པ་དེ་རེད་སྙམ།

    དེ་མིན་གདན་ས་བཤད་གྲྭ་ཁག་ལ་ཡིན་ན་ཞབས་བརྟན། སྟོང་ཚོགས། འབུམ་ཚོགས་མིག་ལམ་ན་མངོན་པ་ཉུང་ཉུང་རེད། མང་བ་དེ་ཆོས་རྭའི་སྒྲ་སྐད་རེད།

    དགོན་བདེ་གཞན་ནས་ཀྱང་བོད་དོན་གནང་དགོས་ན། ནང་ཆོས་དང་སྐད་ཡིག་བསླབ་རྒྱུ་དེ་རེད། རྒྱལ་གླུ་ནི་དགོན་སོ་སོའི་སློབ་གྲྭ་བ་རྣམས་ནས་ཞོག་ལྟར་ལེན་བཞིན་ཡོད། གྲྭ་མང་སྤྱི་ནས་ཀྱང་དུས་དྲན་ཁག་ལ་ལེན་བཞིན་ཡོད།

  3. བློ་བཟང་། says:
    2013-07-15 at 11:33 am

    དགོན་སྡེ་་

  4. རྔ་རྒྱལ says:
    2013-07-17 at 2:40 am

    སྤྱིར་དགོན་པའི་ལས་སྣེ་བྱ་བ་ཆོས་སྲིད་ཟུང་འབྲེལ་ཡོད་ཚོད་རེད། །
    ཁྱེད་དགོན་པའི་ལས་གཞི་མ་རྙིང་སེམས་འཚོར་བྲིས་ལས་མ་འདས་སོ། །
    རིགས་གཞུང་ཕྱུག་པོ་གྲྭ་བའི་སྐྱོང་གནང་དེ།།
    ཆབ་སྲིད་ཟེར་རུང་མི་རིགས་ཆབ་མཐུན་སྤྲད།།
    གདོན་མའི་རིགས་གཞུང་རྒྱལ་སྤྱིའི་ཐོག་ལ་བཞག།།
    འདི་ཚོལ་ལས་གཞི་གྲྭ་བའི་སྐྱོངས་བསྡད་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme