Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདོན་འདྲེ་མི་ཡུལ་དུ་སླེབས་པའི་སྤྲུལ་རྫུན།

Posted on 2013-07-142013-07-14 By ཁ་བརྡ་ 27 Comments on གདོན་འདྲེ་མི་ཡུལ་དུ་སླེབས་པའི་སྤྲུལ་རྫུན།

སྐྱིད་སྲས།

གནའ་བོའི་སྤྲུལ་སྐུས་ཡོད་ཚད་གཞན་ལ་སྦྱིན།།
ཕར་ཕྱིན་བཅུ་ཡིས་གོ་འཕང་དེ་ཡིས་བླུས།།
དེང་གི་སྤྲུལ་སྐུས་ཡོད་ཚད་ཚུར་ལ་བསྡུས།།
གསེར་འབྲུག་བསྣོལ་བའི་ཁྲི་འཕང་དེ་ཡིས་ཉོས།།

སྐྱེས་ཆེན་སྐུ་ལོས་དཀའ་སྤྱད་རུས་ལ་ཐུག །
རྟོགས་པ་འབར་བས་གྲུབ་རྟགས་བྲག་ལ་བཞག །
སྤྲུལ་གོག་སྐུ་ལོས་དགའ་སྤྱད་ཕག་བཞིན་རྒྱགས།།
སྨྱོ་ཆུ་འཐུང་ནས་སྨྱོ་རྟགས་ཁྲོམ་ལ་བསྐྱུར།།

གོས་ཆེན་སེར་པོ་དང་པོ་གོས་སུ་གྱོན།།
བར་དུ་རྫིག་སྣང་སྐྱེས་ནས་གདན་ལ་བཏིངས།།
ཚོད་ཀྱིས་མ་ཟིན་རླངས་འཁོར་གོས་ཀྱིས་བཏུམ།།
ར་གན་གསེར་དུ་གྱུར་བའི་སྣང་བ་འཆར།།

ཤི་བོ་སྟོང་གི་རྣམ་ཤེས་རི་ལ་བོར།།
རང་སེམས་སྐྱིད་པའི་བྲོ་གླུ་ལྷ་ལ་སྐུར།།
ཕྱི་མ་གསུང་མཁས་ཕྱི་མ་མི་བསམ་པས།།
སྲིན་པོ་འདི་རིགས་བོད་ནས་བསྡད་ཡུན་རིང་།།

དང་པོ་གཙུག་ཕུད་སྐྲ་ལོ་སིལ་བུར་བྲེག །
ངེས་འབྱུང་བཅོས་མ་བསྣམས་ནས་ཚོགས་ལ་ཆས།།
བར་དུ་སྡོམ་ཁྲིམས་རལ་ནས་གྲོང་ལ་སྤྱུགས།།
རྩོལ་སྒྲུབ་ཆུང་བས་འཁོར་བའི་གཞི་མ་ཟིན།།

ནོར་གྱི་གླིང་ན་སྤྲུལ་གོག་གཟིག་བཞིན་རྒྱུགས།།
མཁས་པའི་ཁྲོད་ན་སྤྲུལ་གོག་བོང་བཞིན་འདུར།།
བོད་པའི་ཡོན་བདག་སྔུན་ན་འབྲུག་བཞིན་ལྡིར།།
རྒྱ་ནག་ཚོང་དཔོན་རྗེས་ན་ཁྱུ་བཞིན་འབྲེང་།།

བོད་ཀྱི་ཡུལ་ནས་ཐོས་པ་བཙལ་མྱོང་མེད།།
རྒྱ་ནག་ཡུལ་ན་སྔགས་ཀྱི་མཁན་པོར་གྲགས།།
ཡོན་བདག་མཛེས་མ་ཐུགས་ཀྱི་སྲས་མོར་གྱུར།།
གསང་སྔགས་ཟབ་མོ་ནག་ཁུང་ནང་ན་འཆད།།

གྲྭ་བ་ལབ་ན་རྒྱུད་ན་སྡོམ་པ་མེད།།
སྔགས་པ་ཟེར་ན་སྔགས་ཀྱི་དམ་ཚིག་དབེན།།
གོས་དཀར་གྱོན་པས་བོང་ཀི་སྐྱ་རིལ་འདི།།
ཆོས་དང་འཇིག་རྟེན་གང་གི་ཁུངས་སུ་བགྲང་།།

རྒྱ་ནག་བུ་མོས་སྤྲུལ་རྫུན་མཆོད་གཞིར་བཟུང་།།
དང་པོ་བཅོས་མའི་ཐལ་མོ་ཡང་ཡང་ཟླུམ།།
མཐའ་མར་ཆགས་པས་བརླ་རྐང་རྗེན་པར་སྟོན།།
རང་ཚུགས་མེད་པའི་སྐུ་ལོ་རང་འགུལ་རྒྱག།

རྒྱ་ནག་ཡུལ་གྱི་མི་སྣ་གྲགས་ཅན་གང་།།
བོད་ཀྱི་ཡུལ་ན་གསེར་གྱི་ཁྲི་ལ་བསྐྱོན།།
སྤྲུལ་སྐུའི་མིང་བྱང་འོག་གི་རྣམ་ཐོས་སྲས།།
རྒྱ་སྒོར་དམར་པོས་དངོས་གྲུབ་ཅི་འདོད་བསྩལ།།

ཐོས་གོག་སྐུ་ལོ་རྒྱ་ནག་ཁྲི་ལ་བཞུགས།།
ཚུལ་འཆོས་སྤྱོད་པ་རྫུན་གྱི་ཁུག་མ་རལ།།
བྱ་དེ་ཁྲུང་ཁྲུང་དཀར་མོས་དབང་ཡང་བསྐུར།།
ཚགས་ཤོག་སྒང་ནས་སྙན་གྲགས་རྒྱས་རབས་བཤད།།

བླ་མ་མཁན་པོ་སྤྲུལ་སྐུ་གྲྭ་བ་སོགས།།
རྒྱ་གྲོང་རེ་ན་བརྒྱ་སྟོང་གྲོག་ཚང་བརྡོལ།།
བོད་ཡུལ་ཆོས་ལྡན་ཞིང་གི་སྦྲ་སྒོ་ན།།
ཚེ་འདས་འདྲེན་སྟོན་སེར་གཟུགས་མཐོང་བ་དཀོན།།

སྙན་ངག

Post navigation

Previous Post: སྤྲུལ་སྐུའི་མཇུག་སྡོམ།
Next Post: ཕོ་མོ་འདྲ་མཉམ།

Comments (27) on “གདོན་འདྲེ་མི་ཡུལ་དུ་སླེབས་པའི་སྤྲུལ་རྫུན།”

  1. སྐྱིད་སྲས། says:
    2013-07-14 at 10:15 am

    ངས་རྩོམ་ཡིག་འདི་དང་ཆ་ལ་པར་ཞིག་ཀྱང་བསྐུར་ཡོད་མོད་དེ་མ་བཀོད་པའི་རྒྱུ་མཚན་ག་རེ་ཡིན་ནམ་གསལ་བཤད་ཅིག་ཡོད་པར་མཁྱེན།

  2. སྐྱིད་སྲས། says:
    2013-07-14 at 10:49 am

    འོ་དགོངས་དག་ལག་ཁྱེར་ཁ་པར་ནང་ནས་པར་དེ་འཆར་གྱིན་མི་འདུག་པས་ལན་དེ་ལྟར་དྲིས་པ་ཡིན་པས་ནོར་སོང་། དགོངས་དག

  3. བན་དེ་བ། says:
    2013-07-14 at 12:40 pm

    སྐྱིད་སྲས་ཀྱིས་གནད་ལ་ཁེལ་བ་བྲིས་འདུག ཡིན་ནའང་བོད་མི་རིགས་འདི་རྨོངས་གཉིད་ལས་མ་སད་པའི་བར་དུ་འདི་ལྟར་གནས་རྒྱུ་རེད། ལྷག་པར་དུ་སིང་གྷ་པོར་དང་མ་ལེསིཡ་ཧོང་ཀོང་ཐེ་ཝན་དེ་ཚོས་རིན་པོ་ཆེ་ཟེར་བ་སྤྲུལ་སྐུ་ལ་མ་གཏོགས་མི་གོ་བའི་བསམ་བློ་ཤུགས་ཆེན་པོ་རེད་འདུག དེ་ཚོ་ནི་སྤྲུལ་རྫུན་དེ་ཚོས་ཁྱབ་བསྒྲགས་ཤུགས་ཆེར་བྱས་པ་ལ་བརྟེན་ནས་བྱུང་བ་རེད། སྤྲུལ་རྫུན་བླ་རྫུས་དེ་ཚོས་རང་ཉིད་ཀྱིས་བྱེད་བྱས་ལ་བརྟེན་ནས་ཉིན་གཅིག་ནང་ཁྲོལ་ཕྱི་ལ་སྟོན་ངེས་རེད། དེ་དུས་རང་བཞིན་གྱིས་མི་གྲལ་ནས་ཕུད་ངེས་རེད། འོན་ཀྱང་ཅུང་རེ་བ་ཡོད་པའི་རྟགས་རྫུན་དུ་སྤྲུལ་རྫུན་དེ་རིགས་རང་ཉིད་ཀྱིས་རང་ཉིད་ཀྱི་ནང་ཁྲོལ་དེ་ཚོ་ཁྲོམ་ལ་སླེབ་ཡོང་དུས་ཅུང་རེ་བ་འདུག

  4. ཁྱི་རྒན། says:
    2013-07-14 at 1:49 pm

    ད་སྤྲུལ་སྐུ་ཟེར་བ་དེ་རྩ་བ་ནས་མི་དགོས་ཟེར་བོད་གངས་ཅན་པ་ཡོངས་ནས་མགྲིན་གཅིག་སྨྲ་རན་འདུག་གོ། རན་པ་མི་ཚད་འཕྱི་གྲབ་འདུག་གོ། བསྟན་པ་ཉམས་རྒུད་སོང་ཟིན་རྗེས་སྐད་བརྒྱབས་ནའང་བེད་མེད་དོ། ད་ལོང་ཤོག མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་ཡེ་ཤེས་དབྱིངས་ནས་གཟིགས་ཤོག ད་ལྟ་ཉིད་དུ་གཟིགས་ཤོག དཔལ་དོན་གྲུབ་རྒྱལ་གྱིས་ཤི་དུ་ཁུང་ནང་ནས་ཨག་རག་ཧུབ་གང་བཏུང་ཞོར་ལན་གཅིག་ལྟོས་ཤོག ད་ལྟ་ཉིད་དུ་ལྟོས་ཤོག ཨོ་རྒྱན་ཉི་མ་ནས་སྤྲུལ་སྐུའི་མིང་དང་སྔགས་ཆས་ཟོག་པོ་དེ་གཡུག་ཅིང་རྒྱེན་ཏེན་མན་སུཀ་ཊི་གོན་ནས་ཐོན་ཤོག། ད་ལྟ་ཉིད་དུ་ཐོན་ཤོག

  5. ཀླུ་སྨྱོན། says:
    2013-07-14 at 4:42 pm

    རྟོགས་པ་མེད་པའི་སྤྲུལ་སྐུ་རྫུན་མ་དང་། །
    ཡོན་ཏན་མེད་པའི་མཁན་པོ་རྫུན་མ་དང་། །
    ཉམས་ལེན་མེད་པའི་དགེ་བཤེས་རྫུན་མ་གསུམ། །
    ཁ་བརྡ་དྲ་བར་བརྡུངས་ནས་གསོད་ལ་ཁད། །

  6. ཨོ་རྒྱན་ཉི་མ། says:
    2013-07-14 at 4:55 pm

    ཕྲག་དོག་ཆེ་བའི་གྲ་འཁྱམས་དང་།།
    འདོད་ཆགས་ཆེ་བའི་བུད་མེད་གཉིས།།
    ང་རྒྱལ་ཆེ་བའི་མཁན་པོ་གསུམ།།
    སྤྲུལ་སྐུའི་སྲོག་གཅོད་གཤེད་མ་རེད།།
    ཧཧཧཧཧ

  7. ཨོ་རྒྱན་ཉི་མ། says:
    2013-07-14 at 4:56 pm

    ཕྲག་དོག་ཆེ་བའི་གྲ་འཁྱམས་གཅིག།
    འདོད་ཆགས་ཆེ་བའི་བུད་མེད་གཉིས།།
    ང་རྒྱལ་ཆེ་བའི་མཁན་པོ་གསུམ།།
    སྤྲུལ་སྐུའི་སྲོག་གཅོད་གཤེད་མ་རེད།།
    ཧཧཧཧཧ
    བཅོས།

  8. ཨོ་རྒྱན་ཉི་མ། says:
    2013-07-14 at 5:07 pm

    ཕྲག་དོག་ཆེ་བའི་གྲ་འཁྱམས་གཅིག།
    འདོད་ཆགས་ཆེ་བའི་བུད་མེད་གཉིས།།
    ང་རྒྱལ་ཆེ་བའི་མཁན་དགེ་གསུམ།།
    སྤྲུལ་སྐུའི་སྲོག་གཅོད་གཤེད་མ་རེད།།
    ཧཧཧཧཧཧཧཧཧཧ

    བཅོས།

  9. སྤོབས་པ་མཐའ་ཡས། says:
    2013-07-14 at 5:18 pm

    ད་མང་པོ་བཤད་མ་བཤད་ཅི་ཡང་མེད། བོད་མི་རྣམས་ཀྱིས་རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པ་མི་དགོས་ཟེར་ཐུབ་ཉིན་སྤྲུལ་སྐུའི་མགོ་ནོན་གི་རེད། དེ་ཟེར་མ་ཐུབ་དུས་བཤད་མ་བཤད་མེད་པ་རེད།

  10. འདྲེ་རྐང་ཐོ། says:
    2013-07-14 at 7:18 pm

    སྤོབས་པ་ལགས་ནས་་ག་རེ་ལབ་ཀྱི་ཡོད་དམ། རྒྱལ་བ་སྐུ་ཕྲེང་ནང་གི་སུ་ཞིག་བདེན་འདྲེན་གནང་ནས་ཕེབས་པ་རེད་དམ། བསམ་བཞིན་དུ་མི་ཡི་ཚུལ་དུ་བྱོན་པ་ཤ་རྟག་མ་རེད་པས་ལགས།

  11. མེ་ཏོག་དཀར་པོ says:
    2013-07-14 at 9:11 pm

    སྤྲུལ་སྐུ་མི་དགོས་བདེ་བ་དགོས།།
    སྤྲུལ་སྐུ་མི་དགོས་སྐྱིད་པོ་དགོས།།
    སྤྲུལ་སྐུ་མི་དགོས་རང་དབང་དགོས།།
    སྤྲུལ་སྐུ་ཕུང་གི་སྣ་འདྲེན་རེད།།

  12. རང་དབང་ཨ་རྡུ་མན says:
    2013-07-14 at 9:54 pm

    སྤོབས་པ་མཐའ་ཡས་ནས་་་་ཡག་པོ་བཤད་སོང་་་་དེ་ལ་རྒྱབ་སྐྱོར་ཡོད་་་་ད

    རྒྱལ་བ་སྐུ་འཕྲེང་བཅོ་ལྔ་པ་དང་་་་་ཀརྨ་པ་སྐུ་འཕྲེང་བཅོ་བརྒྱད་པ་་ལ་སོགས་པ་མང་པོ་ཡོད་རེད།
    མ་གཞི་ནས་དངོས་གནས་ཁོ་རང་སྤྲུལ་སྐུའི་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་སོང་ན་་་་་ད་ནས་སྤྲུལ་སྐུའི་མིང་ཅན་ཡོངས་རྫོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་རེད་མ་གཏོགས་རང་གི་སྐད་ཆ་དེ་ལ་ནུས་ཤུགས་མེད་པ་ཆགས་ཀྱི་རེད་་་་་
    གང་ཡིན་ཟེར་ན་ཁོང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད་་་་་འདི་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པ་རེད་ཟེར་ན་་་་་་་་
    གཞན་དེ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་མ་ཡིན་པའི་སྒྲུབ་བྱེད་སུས་འགོད་ཐུབ་ཀྱི་རེད་་་་་རང་ལས་རྒྱུད་ཐ་དད་པའི་གང་ཟག་ཞིག་ཡིན་ཕྱིན་ཆད་དེའི་རྒྱུད་ཚོད་བཟུང་མ་ཐུབ་པ་ནི་་་་་་་མ་དམིགས་པའི་རྟགས་ལ་སྦྱོང་མཁན་ཞིག་ཡིན་ན་མཁྱེན་གསལ་རེད།
    སོང་ཙང་སྤྲུལ་སྐུར་ངོ་རྒོལ་བ་ལགས་་་་་ངས་རང་ལ་རྒྱབ་སྐྱོར་བྱེད་ཁུལ་ཡིན་་་་་ཡང་རང་གི་མིག་ཡ་གཅིག་ཞར་བ་ཆགས་ནས་སྤྲུལ་སྐུའི་མིང་ཅན་ནང་ལོགས་ལ་ཡིན་མིན་གྱི་ཁྱད་པར་འབྱེད་ན་་་་་དེ་ལ་ངོ་ལེན་མེད་པ་མ་ཟད་རང་གིས་མ་དགའ་ཕྲག་དོགས་དང་འགྲན་སེམས་ང་རྒྱལ་རེད་ཞུ་འདོད་བྱུང་། །

  13. རི་རྒྱལ་ཏི་སེ། says:
    2013-07-14 at 10:07 pm

    བཀྲ་ཤིས་བདེ་ལེགས

  14. བདག་པོ། says:
    2013-07-14 at 11:02 pm

    དེ་རིང་ཁ་ས་ཁ་བརྡའི་དྲ་བའི་ཐོག་མའོ་ཙེ་ཏུང་དང་། ཀྲང་གོ་ཧཱ། ཀྲའོ་ཨུ་ལེན་བཅས་ཀྱི་དགེ་ཕྲུག་གསར་བརྗེའི་བུ་ཕྲུག་མང་པོ་འབྱོར་འདུག ཡང་ཁོང་ཚོས་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་རྩིས་འདུག སྤྲུལ་སྐུ་རྣམས་བྲོས་རྩིས་བྱེད།

  15. སྤོབས་པ་མཐའ་ཡས། says:
    2013-07-14 at 11:11 pm

    འདྲེ་རྐང་ཏོ་ལགས། རྒྱལ་བ་རིན་པོ་ཆེ་བསམ་བཞིན་མི་ཡི་ཚུལ་དུ་བྱོན་པ་མ་རེད མ་བསམ་བཞིན་དུ་མི་རུ་འཁྲུངས་པ་ཤ་སྟག་རེད།

  16. མངའ་རིས་ཕྲིན་ལས། says:
    2013-07-15 at 1:30 am

    ད་ཁ་རྒྱགས་པ་རྐྱང་བཤད་མ་སྡད་རྩོམ་འབྲི་བ་པོ་རང་ཉིད་ཀྱང་སྤྲུལ་སྐུ་དང་མ་འབྲེལ་པ་ཞིག་དཀའ། མི་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་དབྱུག་པས་ལེབ་བརྡུང་བྱེད་པ་ནི་རྨོངས་བྱུས་ཤིག་ལས་མ་འདས། ལྷག་པར་གོང་དུ་ཁ་རྒྱགས་པ་བཤད་མཁན་ཚང་མ་བཙན་བྱོལ་ནང་གི་མི་བུ་ལས་མེད་སྐྱ་མིན་སེར་མིན་ལས་མེད་ཕྲག་དོག་ཅན། སོ་སོ་རང་ཉིད་འཚོ་ཐབས་སྤྲུལ་སྐུ་དང་མཁན་པོ་དགེ་བཤེས་དགེ་འདུན་གྱི་སྡེ་ལ་བརྟེན་བཞིན་པར་ད་དུང་དཀོར་ཁ་དེ་ཆོས་བྱེད་པ་ཚོ་ལ་འཁོར་ཡོང་བ་དེ་ཚོའི་ཁ་ལ་ཐལ་བ་བླུགས་དགོས་ཡག་རེད།

  17. ཨོ་རྒྱན་རིག་འཛིན། says:
    2013-07-15 at 1:37 am

    འདོད་ཆགས་ཆེ་བའི་སྤྲུལ་སྐུ་དང།
    གྲ་ལོག་སྔགས་རྫུན་བྱེད་པ་གཉིས།
    ལྟ་ལོག་ཡུག་མོ་འགྲུལ་བ་གསུམ།
    སངས་རྒྱས་བསྟན་པའི་གཤེད་མ་ཡིན།

  18. བློ་ཚེ། says:
    2013-07-15 at 1:48 am

    ཐེ་ལྦན་ནང་ལ་རྡོ་རྗེ་མཆང་གིས་སྤྲུལ་སྐུ་ཡོད་རེད་ཟེར་གོ་སོང་་་ཞལ་མཇལ་ཐུག་གིས་ཡོད་ནམ།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-07-15 at 1:50 am

    འདོད་ཆགས་ཆེ་བའི་སྤྲུལ་སྐུ་སོགས། །
    གྲ་ལོག་སྔགས་པ་བྱེད་དང་གཉིས། །
    ཡུག་མོ་ཁྲི་སྟོང་འཇེགས་པ་གསུམ། །
    གསང་སྔགས་བསྟན་པའི་མཛེས་རྒྱན་རེད། །
    ཧ་ཧ་ཧོ་ཧོ་ཀུ་རེ་ཡིན། །

  20. རྟ་བདུན་དབང་པོ། says:
    2013-07-15 at 3:40 am

    བསམ་བློ་བཏང་ནས་གསུང་ན་ལེགས།

  21. གནམ says:
    2013-07-15 at 4:38 am

    ང་ཚོའི་དད་སྟོབས་ཀྱི་ལག་མི་ཚ་ས་ན། ཁྱེད་ཚོའི་ཕྲག་དོག་གི་མྱིག་ཚ་འི་མ་འདུག། གོང་གི་མཆན་པ་འགའ་ལ། དགའ་ལྡན་གསེར་ཕྲིར་བདག་པོ་མེད་ཟེར་བ་རེད། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ཤོག་ཡ། ང་ཚོས་མྱི་ཆེན་དང་བླ་ཆེན་ལ་འབུལ་བ་གང་དགོས་དགོས་བཤམས་ནས་ཡོད། དད་ན་དད་པའི་འབུལ་བ་ཡོད། དགའ་ན་དགའ་བའི་དགའ་རྟགས་ཡོད།
    དེ་མིན་འབུ་སྲིན་གྲོག་མ་ཚུན་ཆད་ལ་གོ་རིམ་ཡོད་པ་ཤེས་བར་བྱོས། ཨ་ལས་ངན་ཆ་བོ།
    སྒོར་རྡོག་ཁ་ཤས་ཤིག་གི་དོན་དུ་བླ་མ་ཁྲི་ས་ནས་གཡུག་གི་ཡིན་ཟེར་ན་ཁྱེད་ཚོ་སྨྱོ་བསྡད་ཡོན་རྒྱུ་རེད།
    དེ་མིན། འདྲེ་རྒན་ཁྱེད་ཚོའི།
    སེར་སྣའི་ལག་པ་དམ་དུ་བཅང་ནས། ཁ་རྐུབ་གཉིས་ཀ་བཙུན་ནས་བསྡད་ན་ཡག་གི་རེད།
    སེམས་སྐྱོ་བ་ཞིག་ནི་ཁྱེད་རང་ཚོས་ཕྱི་བལྟས་བྱས་ནས་ཁ་མཆུ་སློང་བ་ལས། སྔ་བལྟས་བྱོས་ནས་མདུན་སྐྱོད་བྱེད་མི་ཐུབ་པ་འདི་རེད། དང་རབས་དང་དུས་རབས་ལ་དགོས་མཁོ་བའི་རྩོམ་ཆག་ཞིག་ཕར་བཞག། ཐ་ན་མིང་ཚིག་གཅིག་གི་ཞབས་འདེགས་ཡང་མི་ཐུབ་པར་ཁ་རྒོད་རྒོད་དང་རིག་གྲུང་གྲུང་བྱེད་ཁུལ་ལ་ངོ་མ་ཚ་བ་འདི་ཅི་རེད།

  22. གནམ says:
    2013-07-15 at 4:40 am

    དགའ་ལྡན་གསེར་ཁྲིར་བདག་པོ་མེད་ལ་བཅོས།

  23. Lobsang says:
    2013-07-15 at 1:23 pm

    ༈ བླ་མ་དང་བླ་རྫུན། སྤྲུལ་སྐུ་དང་སྤྲུལ་རྫུན། གྲྭ་པ་དང་གྲྭ་རྫུན་བཅས་སོ་སོར་འབྱེད་ཐོག་ན་ཡགས་པོ་འདུག

  24. རོང་པོ་མཇོ་ན་ནས་ says:
    2013-07-15 at 1:45 pm

    ལས་ངན་ཅན་རྣམས་གཅིག་མགོ་གཅིག་གི་བསྐོར།།

  25. མདའ་སྨྱུག says:
    2013-07-16 at 12:34 pm

    དངོས་གནས་བོད་ནང་གི་རྒྱ་བླ་དེ་ཚོའི་རྐུབ་དམར་རྗེན་དུ་བསྟན་འདུག
    རྒྱ་ནག་ཡུལ་གྱི་མི་སྣ་གྲགས་ཅན་གང་།།
    བོད་ཀྱི་ཡུལ་ན་གསེར་གྱི་ཁྲི་ལ་བསྐྱོན།།
    སྤྲུལ་སྐུའི་མིང་བྱང་འོག་གི་རྣམ་ཐོས་སྲས།།
    རྒྱ་སྒོར་དམར་པོའི་དངོས་གྲུབ་ཅི་འདོད་བསྩལ།།
    ཚིག་དུམ་འདི་མཐོང་བ་ན་དོན་དག་ཅིག་དྲན་བྱུང་། དེ་ནི་རྒྱ་མིའི་རྒྱ་ཆེན་བཞི་四大天王རུ་གྲགས་པའི་ནང་གི་ལིག་ཏི་དཔའ་刘德华ཟེར་བ་དེ་བོད་ཀྱི་དགོན་པ་ཞིག་ན་སྤྲུལ་སྐུར་ངེས་འཛིན་བྱས་ནས་ཁྲི་ལ་བཀོད་འདུག་ཟེར། ངོ་མ་རྒྱ་སྒོར་འདིས་བོད་མི་འདི་དག་གི་སེམས་པ་བསླུས་ཚར་འདུག ད་ཉི་མ་ཞིག་ལ་རྒྱ་རྒན་དེ་ཚོ་བོད་པའི་དགོན་པ་དག་གི་དགོན་བདག་ཉན་འགྲོ་ས་རེད།

  26. Tsering says:
    2013-07-16 at 1:13 pm

    རྣ་སྔ་མོ་ཡིན་ན་ང་ཚོའི་སྤྲུལ་སྐུ་ཕལ་ཆེ་བ་ཡུལ་ལུང་ངམ་ཁྱིམ་ཚང་སྐྱོ་བའི་ནང་དུ་སྐུ་འཁྲུངས་བའི་ལོ་རྒྱུས་བཤད་སྲོལ་ཡོད། ད་རིང་ཁ་སང་སྤྲུལ་སྐུ་མང་ཆེ་བ་འབྱོར་ལྡན་གྱི་ཁྱིམ་ཚང་ངམ་ཡང་ན་སྤྲུལ་སྐུའི་ཁྱིམ་ཚང་དུ་སྤྲུལ་སྐུ་འཁྲུངས་བའི་ལོ་རྒྱུས་མང་ནི་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ད་ལྟའི་ལུས་བརྟེན་འདིའི་ཐོག་སེམས་པ་བཟང་པོ་དང་བྱ་བ་བཟང་པོ་ག་ཚོད་སྒྲུབ་ཐུབ་ན་དེའི་ཚོད་ཀྱིས་སྐྱེ་བ་རྗེས་མ་འབྱོར་ལྡན་ཅན་དུ་འགྱུར་མི་སྲིད་པ་མིན་ ད་དུང་ང་ཚོའི་བླ་སྤྲུལ་ལོ་ཆུང་དེ་ཚོ་གཞུང་ཆེན་དཔེ་ལྔ་ལ་མཁས་པ་ག་ཚོད་ཡོད་མ་ཤེས་ཀྱང་ ཕྱི་ཡི་སྐད་རིགས་སྒང་ལ་བྱང་ཆ་ཆེན་པོ་ཡོད་གཟོ་འདུག་ འདི་བཟང་རྟགས་ཡིན་དང་ངན་རྟགས་ཡིན་མི་ཤེས།

  27. ལྕང་ཤེས་རྨིག་སྒྲ་། says:
    2013-07-22 at 2:18 am

    སྔ་ཕྱི་བར་གསུམ་གང་ལ་གཞིབ་ན་། རྒྱ་མི་རིས་ནི་བོད་མི་རིས་ཀྱི་བཤེད་མ་ཞིག་ཡིན་ཟེར་ན་ཆོག་གི་། རྒྱུ་མཚན་གང་ཤེ་ན་། དང་ཐོག་ས་སྐྱ་པ་དང་བཀའ་རྒྱུད་པའི་སྤྲུལ་སྐུ་འགའ་ཞིག་ལ་། རྒྱ་ནག་གིས་ཆོ་ལོ་གནང་ཁུལ་གྱིས་གོ་གནས་བརྫུན་མས་བོད་རྒྱལ་ཁབ་ཆེན་མོར་རང་དབང་གི་གཞི་མེད་པར་བཟོས་། བར་དུ་བཀའ་རྒྱུད་དང་རྙིང་མ་པས་འགོ་ཁྲིད་། ས་སྐྱ་པས་རྗེས་དད་བཏང་། དགེ་ལུགས་པའི་གདོན་འདྲེ་དང་བཅས་པ་རྒྱས་རྒྱུ་ནོར་གྱིས་བསླུས་ཤིང་། མཐའ་མར་དེ་དགོན་སྡེ་ཆེ་ཁག་དང་ཁུང་ལྡན་གྱི་བླ་མ་རྣམས་ཏོག་ཙམ་གྲག་མོད་། ནང་ཚང་དང་བླ་མའི་རང་ལུགས་བ་འགས་བདག་ཏུ་བཟུང་བ་། ཕྱི་ནས་བལྟས་ན་དགོན་པ་དང་། ནང་དུགཞིབ་ན་ཉམས་ཆུང་གི་གྲྭ་པ་འགས་ཟས་ལྷག་དང་། འཐུང་ལྷག་ལ་ལངས་སུ་སྤྱོད་ཏེ་སྲས་པོ་དང་སྲས་མོ་། མ་ཡུམ་དང་གསང་ཡུམ་ཡིན་ཟེར་མཁན་ངོ་ཚ་ཁྲེལ་མེད་དེ་གི་རྐུབ་གཡོག་རྒྱུག་ཏུ་བཅུག་མཁན་གྱི་ལས་ངན་དེ་ཚོས་། གོ་གནས་ཅན་གྱི་དཔོན་དང་། རྒྱུ་ནོར་ཅན་གྱི་ཚང་པ་དག་གི་བུ་ཕྲུག་རྣམས་ལ་སྤྲུམ་སྐུའི་མིང་ཤོག་སྤྲོད་། སྡོམ་དང་དམ་ཚིག་མེད་པ་། ཤེས་བྱ་དང་ཡོན་ཏན་མེད་པ་། ངོ་ཚ་དང་ཁྲལ་མེད་པའི་གྲྭ་བརྫུན་དག་ལའང་ངོ་འགྲོས་ཅན་མི་འགའི་ཆེད་དུ་སྤྲུལ་སྐུ་ཡིན་ཟེར་ནས་ས་ཡིག་སྤྲོད་ཅིང་། དེ་དག་དང་ཐོག་ནས་ཁུང་མེད་ལུང་མེད་ཡིན་པས་རྒྱ་ཡུལ་འགྲིན་དུས་ཡང་ཁུང་མེད་པའི་ལས་འགོ་རྩམ་པས་སོ་། དེ་དག་རྒྱ་མི་རིས་ལྟར་སྣང་ལ་རོག་པའི་རྣམ་པ་ཡིན་ཡང་། དོན་དངོས་ལས་ངན་བསགས་ཅུག་གིས་ཡོད་།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme