Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་ཁུངས་གསར་འཛུགས།

Posted on 2013-07-092013-07-09 By ཁ་བརྡ་ 7 Comments on ལས་ཁུངས་གསར་འཛུགས།

གནས་ཚུལ་གཏོང་མཁན། འོད་ཟེར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགུང་གྲངས་དོན་བརྒྱད་ལ་སོན་པའི་བཀྲ་ཤིས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་ནས། རྡ་ས་མདོ་སྨད་ས་གནས་རྒྱུན་ལས་སྐབས་བཅུ་གཉིས་པའི་ངོས་ནས་ས་གནས་ཀྱི་ལས་ཁུངས་གསར་བ་ཞིག དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འཁྲིས་ཀྱི་བཀྲ་ཤིས་ཆོས་གླིང་དགོན་པའི་ཁང་པའི་ནང་དུ་གསར་འཛུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀརྨ་ཆོས་འཕེལ་ལགས་གཙོ་བྱས་པའི་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། མདོ་སྨད་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་སྐུ་ཚབ། ཀིརྟི་དགེ་རྩ་ཚོགས་པའི་སྐུ་ཚབ། རྡ་ས་ས་གནས་གྲོས་ཚོགས་ཀྱི་སྐུ་ཚབ་དང་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་སྐུ་ཚབ་སོགས་ཆེད་ཕེབས་ཐོག སྐུ་མགྲོན་གཙོ་བོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ལས་ཁུངས་གསར་བའི་དབུ་འབྱེད་ཀྱི་དར་སྣ་བཀྲོལ་བ་དང་། སྣང་གསལ་མར་མེ་ཞལ་འབྱེད་གནང་མཐར།མཁན་པོ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་ཨ་ལགས་སྟག་ལུང་རིན་པོ་ཆེ་སོགས་གཙོ་བྱས་པའི་དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་པའི་རབ་གནས་དང་རྟེན་འབྲེལ་གྱི་ཁ་དར་སོགས་བསྒྲོན།
དེའི་རྗེས་རྔ་རོལ་གསོལ་མགྲོན་ཁང་དུ་བོད་ཀྱི་ལུགས་སྲོལ་ལྟར་བཀྲ་ཤིས་པའི་རྟེན་འབྲེལ་གྱི་འགོ་མ་གྲོ་མ་འབྲས་བསིལ་དང་གསོལ་ཇ་སོགས་འདེགས་འབུལ་ཞུས། སྐབས་དེར་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་དྲུང་ཆེ་ཁྲི་སྲོང་རྡོ་རྗེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་གཙོ་གཡུ་སྒང་འོད་ཟེར་ལགས་ཀྱིས་ས་གནས་ཀྱི་ལས་ཁུངས་གསར་བ་འདི་འཛུགས་དགོས་པའི་དམིགས་ཡུལ་དང་། ས་གནས་རྒྱུན་ལས་སྐབས་བཅུ་གཉིས་པའི་ལོ་གཅིག་ལྷག་གི་ལས་བསྡོམས་སོགས་སྙན་སྒྲོན་ཞུས།

ཁོང་གིས་བརྗོད་དོན། ང་ཚོ་ས་གནས་སྐབས་བཅུ་གཉིས་པའི་ངོས་ནས་ས་གནས་ཀྱི་ལས་ཁུངས་ཤིག་འཛུགས་དགོས་དོན་ནི། ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་ལ་སླེབས་ནས་ལོ་ངོ་ཧྲིལ་བོ་ལྔ་བཅུ་ལྷག་དང་། རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་སྐབས་བཅུ་གཅིག་གི་རིང་ལ་ས་གནས་ལ་ལས་ཁུངས་ཤིག་ཡོད་པ་མ་རེད། ས་གནས་ལ་ལས་ཁུངས་མེད་པའི་རྐྱེན་གྱིས་ས་གནས་མི་མང་དང་ས་གནས་རྒྱུན་ལས་ཕྱོགས་གཉིས་ཀར་དཀའ་ངལ་ཆེན་པོ་འདུག ས་གནས་མི་མང་ཚོར་མཚོན་ན་རང་གི་དཀའ་ངལ་དང་། སྙན་ཞུའི་རིགས། རྒྱབ་གཉེར་གྱི་ཡིག་ཆ་རིགས་གང་དགོས་ཀྱང་ས་གནས་རྒྱུན་ལས་རེ་རེ་བཞིན་བཙལ་ནས་འགྲོ་དགོས་པའི་དཀའ་ངལ་དང་། ས་གནས་རྒྱུན་ལས་ཚོར་མཚོན་ནའང་ཚོགས་འདུ་ལྟ་བུ་ཞིག་འཚོགས་ས་ཙམ་ཡང་ཡོད་པ་མ་རེད། རྒྱབ་གཉེར་གྱི་ཡི་གེ་ཞིག་སྤྲོད་པར་དཔར་ལོག་ཅིག་བསྐྱོན་སའང་མེད་པའི་དཀའ་ངལ་ཆེན་པོ་ཡོད་པ་རེད། ལྷག་པར་ས་གནས་མི་མང་དང་ས་གནས་རྒྱུན་ལས་བར་འབྲེལ་གཏུགས་ཀྱི་དཀའ་ངལ་སོགས་ཧ་ཅང་ཆེ་བར་བརྟེན། ང་ཚོའི་ངོས་ནས་མདོ་སྨད་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་འདི་ཕྱོགས་ཀྱི་ལམ་སྟོན་དང་ཞལ་འདེབས་སོགས་རེ་སྐུལ་ཞུས་པ་ལྟར། ཁོང་རྣམ་པའི་རྒྱལ་སྐྱོར་ལ་བརྟེན་ནས་དེ་རིང་ང་ཚོ་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་ལས་ཁུངས་གསར་བ་འདི་འཛུགས་པར་དགའ་སྤོབས་དང་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་སོགས་གསུང་བཤད་གནང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་སློབ་བསྩལ་དོན། ང་དེ་རིང་རྒྱུན་ལས་ཀྱི་ལས་རིམ་བང་བསྒྲིགས་པའི་ཐོ་གཞུང་ལྟར་དེ་རིང་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་ལས་ཁུངས་གསར་བའི་རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོང་བ་ཡིན། ཁྱེད་ཚོ་ས་གནས་ཀྱི་ངོས་ནས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཙམ་མ་ཡིན་པར་སྤྱི་ཚོགས་ཞབས་ཞུའི་ལས་རིགས་མང་པོ་སྒྲུབ་བཞིན་པ་གནད་འགག་ཆེན་པོ་རེད། ས་གནས་ཁ་ཤས་ལ་དབུས་ལ་ལས་ཁུངས་ཚག་ཚུད་པོ་མེད་པ་དང་ལས་ཁུངས་མེད་པ་དེ་འདྲ་ཡང་ཡོད་པ་རེད། ཁྱེད་ཚོར་ས་གནས་ཀྱི་ལས་ཁུངས་ཤིག་འཛུགས་ཐུབ་པ་ཡག་པོ་རེད། ས་གནས་ཀྱི་འགན་འཁྱེར་མཁན་རྣམ་པས་སྐུ་ངལ་བསྐྱོན་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ནས་ལས་ཁུངས་ཤིག་བཙུགས་པ་རེད། ལས་ཁུངས་འཛུགས་པར་ལས་སླ་བོ་ཡོད་པ་མ་རེད། ལས་ཁུངས་བཙུགས་ནས་དངུལ་བཟོ་བ་ནི་ཡོད་པ་མ་རེད། ཟ་ཁང་ལྟ་བུ་ཞིག་ཡིན་ན་ཚུར་ཡོང་འབབ་ཅིག་ཡོད་པ་རེད། ལས་ཁུངས་ལ་ལོ་དང་ཟླ་བ་རེ་རེ་བྱས་ནས་ཁང་གླ་དང་། གློག་རིན། ཆུ་རིན་སོགས་སྟེར་དགོས་པ་རེད། ཡིན་ནའང་རྣམ་པ་ཚོས་ཐབས་ཤེས་གནང་ནས་ལས་ཁུངས་གསར་བ་བཙུགས་ཏེ་དེ་རིང་དབུ་འབྱེད་གནང་པར་བཀྲ་ཤིས་བདེ་ལེགས་ཞུ། ཞེས་སོགས་བཀའ་སློབ་གནང་མཐར།

མདོ་སྨད་ས་གནས་རྒྱུན་ལས་ཁང་གི་ངོས་ནས་བཀོད་སྒྲིག་གནང་བ་ལྟར་མདོ་སྨད་ཆོལ་ཁའི་གཞས་པ་གཞས་མ་དྲུག་གིས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་དགུང་གྲངས་དོན་བརྒྱད་ལ་སོན་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཐེག་ཆེན་གཙུག་ལག་ཁང་གི་མདུན་ཐད་ནས་དོན་བརྒྱད་དབྱངས་ཀྱི་དགྱེས་མཆོད་ཅེས་པའི་གླུ་གཞས་ལེན་མཁན་རྣམ་པ་ཚོས་རང་མོས་ཀྱི་གླུ་གཞས་དང་མཉམ་གཞས་སོགས་བཏང་ཏེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ། མཐར་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་དྲུང་ཆེ་ཁྲི་སྲོང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་ལས་ཁུངས་གསར་བའི་དབུ་འབྱེད་ཀྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ།

རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས།

གསར་འགྱུར།

Post navigation

Previous Post: ཁོར་ཡུག་གིས་སྐྲུན་པའི་སེམས་གཟུགས།
Next Post: བདེན་དོན་ཁྲག་གི་དར་ཆ། གླུ་གཞས།

Comments (7) on “ལས་ཁུངས་གསར་འཛུགས།”

  1. མངའ་རིས་ཕྲིན་ལས། says:
    2013-07-09 at 1:21 pm

    གང་ལྟར་མདོ་སྟོད་མདོ་སྨད་དབུས་གཙང་གང་དུའང་ཀརྨ་ཆོས་འཕེལ་ལགས་ནི་མེད་ཐབས་མེད་པ་ཞིག་རེད་འདུག་གཟིགས་དང་སྐུ་མགྲོན་གཙོ་བོ་སྐུ་ངོ་ཀརྨ་ཆོས་འཕེལ་ལགས་གདན་འདྲེན་ཞུས་འདུག་ག དྲ་ལམ་ཁག་གཅིག་ནས་ཀརྨ་ཆོས་འཕེལ་ཟེར་དུས་ཕལ་ཆེར་མ་འོ་ཙེ་ཏུང་ལས་སྡུག་ག་ཞིག་ཡིན་པ་ནང་བཞིན་གླེང་བཞིན་འདུག ཡིན་ན་ཡང་རྡ་ས་ལྟ་བུ་མི་ཆེན་བླ་ཆེན་སྐུ་དྲག་གི་ལུང་པ་ཁང་བསྡད་ཡོད་ཀྱང་ཚོགས་སྐྱིད་ཚོས་མིག་ནང་མཐོང་བ་ནི་ཁོང་རང་རེད་འདུག བཟང་ངན་གང་ཞིག་བྱས་རུང་ནུས་ཤུགས་དང་ལྡན་པའི་གཞུང་ཞབས་ཤིག་རེད་འདུག་ག

  2. འོད། says:
    2013-07-09 at 1:43 pm

    ལས་མེད་འགྲོ་ས་འདུག་ས་མ་རྙེད་པ་སྐོར་ཞིག་གིས་དམ་ཉམས་རྐར་ཆོས་སྐུ་མགྲོན་གཙོ་བོ་ཟེར་ན། དགོད་སྤྱད་མ་རེད་དམ། ཧཧཧཧཧ དྲང་པོའི་ལམ་ཁར་འགྲོ་མ་ཤེས་ན་འདི་འདྲ་རེད། ཧཧཧཧ

  3. ནུབ་ཕྱོགས་གངས་ཕྲུག་ says:
    2013-07-09 at 2:16 pm

    ཀརྨ་ཆོས་འཕེལ་སྤྱི་མཐུས་ནང་ནས། གྲགས་གྲས་ཤིག་རེད།

  4. སེང་བུ་འབྲུག་ཞོན། says:
    2013-07-09 at 11:12 pm

    སྐར་མ་ཆོས་འཕེལ་ནི། གྲུས་ཚོགས་་ཀྱི་རྒྱན་རེད།
    དྲང་མོ་དྲང་བཞག ཁ་རི་ཁ་ཐུག་དང་། དམངས་གཙོ་རང་དབང་ལོངས་སུ་སྤྱོད་ཤེས་པའི་རྣམ་དཔྱོད་ལྡན་ཞིང་རྟོགས་སད་ཅན་གྱི་མི་རེད།

  5. Tsering says:
    2013-07-10 at 1:36 pm

    ད་ལན་སྐབས་བཅུ་གཉིས་པའི་མདོ་སྨོད་ས་གནས་རྒྱུན་ལས་ཚོས་ངོས་ནས་སྔོན་གནང་མྱོང་མེད་པའི་ཕྱག་ལས་ཞིག་གནང་འདུགས་
    དངོས་གནས་དགའ་སོང་ ང་ཚོ་ཚངས་མའི་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་མདུན་ཞུ།

  6. ལ་ཕུག says:
    2013-07-11 at 3:38 am

    མདོ་སྨན་ས་གནས་རྒྱུན་ལས་ཁང་བཙུགས་ཐུབ་པར་ཡག་པོ་རེད་དེ། སྐུ་མགྲོན་གྱི་གཙོ་བོར་ཀརྨ་ཆོས་འཕེལ་ཟེར་བ་དེ་གདན་འདྲེན་ཞུས་པའི་ཆ་ནས་མདོ་སྨད་རྒྱུན་ལས་ཚོས་ཁོང་ལ་བརྩི་བཀུར་བྱེད་པ་མཚོན་ཐུབ། ཁོང་གིས་སྤྱི་འཐུས་ནང་དབུ་མའི་ལམ་དང་རྒྱལ་བའི་དགོངས་པར་ལོག་འགྲེལ་བྱས་པ་ཡིད་ལ་མི་དྲན་ནམ། མདོ་སྨད་པ་ཚོས་བྱེད་སྟངས་ནོར་གི་མེད་འགྲོ

  7. གཏམ་བཟང་། says:
    2013-07-16 at 2:32 am

    ལས་ཁུངས་འདིའི་འགོ་འཛུགས་བྱེད་མཁན་མི་དེ་ལས་ཅུང་མཐོང་ཚུལ་ལ་ལེགས་པ་ཞིག་བདེན་ཞུ་གནང་ཐུབ་མིན་འདུག་ཀྱང་དངོས་གཞི་ལས་སྐབས་བཙན་བྱོལ་སྤྱི་ཚོགས་ནང་མཐུན་བསྒྲིལ་གོང་ཐོར་གཏོང་རྒྱུ་ལས་ས་ཁུལ་དང་གང་ཟག་གཙོ་ཟུང་གི་ཆབ་སྲིད་ནམ་ཡང་དཔེ་ལེན་མ་གནང་རོགས་གནང་བའི་འགན་ལེན་ཞུས་ན་དགའ་བསུ་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme