Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧འཁྲུངས་སྐར་སྲུང་བརྩི་དང་སྐད་ཡིག་བགྲོ་གླེང་འགྲན་བསྡུར་སོགས།

Posted on 2013-07-092013-07-09 By ཁ་བརྡ་ 1 Comment on ༧འཁྲུངས་སྐར་སྲུང་བརྩི་དང་སྐད་ཡིག་བགྲོ་གླེང་འགྲན་བསྡུར་སོགས།

གནས་ཚུལ་མཁོ་གཏོང་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།

ལོ་ཤས་གོང་ནས་བཟུང་བོད་ཕྱི་ནང་གཉིས་སུ་སྔར་ལས་ལྷག་པའི་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་རིམ་པར་བྱུང་བ་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་གནས་པའི་བོད་རིགས་སྤུན་ཟླ་སྤྱི་མཚུངས་ལྟར་ནུབ་ཨ་རིའི་ཁུལ་གྱི་བོད་མི་རྣམས་ཀྱིས་ཀྱང་བོད་ཀྱི་བསྟན་སྲིད་ཆེད་གཤེགས་པའི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་བཅས། ༡༩༩༦ ལོར་དབུ་ཚུགས་པའི་ West Coast Tibetan Cultural and Sports Meet ཞེས་བོད་ཀྱི་གླུ་གར་རོལ་རྩེད་དང་གཞས་སྣ་འགྲན་བསྡུར་གྱི་འདུ་འཛོམས་ནར་འགྱངས་བྱས་ཏེ་ལོ་གང་མང་ཞིག་ཕྱིན་ཡོད།

འདི་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་སྤྱི་ཟླ་ ༧ ཚེས་ ༤ ནས་ ༦ བཅས་ཉིན་གསུམ་རིང་ San Francisco Bay Area བྱང་ཀེལ་བོད་རིགས་སྤྱི་མཐུན་ཚོགས་པས་འགན་བཞེས་ཏེ། བོད་ཀྱི་བསྟན་སྲིད་ཆེད་ཞི་བར་གཤེགས་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་ཉམས་བསྐྱེད་མཚོན་ཕྱིར་ཁོང་ཚོའི་མཚན་གྲངས་ཇི་བཞིན་ཨ་རིའི་རྒྱ་གྲམ་དམར་པོའི་ཚོགས་པར་ཁྲག་གི་ཞལ་འདེབས་དང་བོད་དོན་ཆེད་མི་མང་གིས་ཞི་བའི་གོམ་བགྲོད། དེ་བཞིན་ནུབ་ཕྱོགས་བོད་རིགས་གཞོན་སྐྱེས་རྣམས་ལ་གནའ་རབས་བོད་ཀྱི་ཐུན་མིན་རིག་གཞུང་ངོ་སྤྲོད་འབྱུང་ཆེད་བོད་ཀྱི་སྐད་ཡིག་བགྲོ་གླེང་དང་ཡིག་གཟུགས་འགྲན་བསྡུར། ད་དུང་དུས་རབས་དང་མཐུན་པའི་རྩེད་རིགས་འདྲ་མིན་དང་ནུབ་ཨ་རིའི་བོད་ཀྱི་མཛངས་མ་འགྲན་བསྡུར་སོགས་བྱས།

ཚོགས་ཞུགས་མི་སྣར་ Vancouver, Seattle, Portland, Salt Lake City, Los Angeles ནས་ཕེབས་པ་བཅས་མི་མང་ཆིག་སྟོང་ལྔ་བརྒྱ་ལྷག་དང་། བལ་པོ་བ་སོགས་མི་རིགས་གཞན་ཁག་ཅིག་གིས་ཀྱང་རྩེད་རིགས་འགྲན་བསྡུར་དང་གཞས་སྣ་འཁྲབ་སྟོན་གྱི་ཆ་ཤས་བླངས་ཡོད། ཚེས་༦ ཉིན་གྱི་ཞོགས་ཀར་བསྟན་སྲུང་དམ་ཅན་རྒྱ་མཚོར་འཕྲིན་བཅོལ་བསང་གསོལ་གྱིས་སྣེ་དྲངས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཞབས་བརྟན་གསོལ་འདེབས་སོགས་ཀྱིས་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དབུ་ཚུགས། མཛད་སྒོའི་སྐུ་མགོན་གཙོ་བོར་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཆེན་པོ་ལྔའི་ཆོས་ཚོགས་ཀྱི་དབུ་འཛིན་སོགས་ཕེབས་ཡོད། ཉིན་དེའི་ཕྱི་དྲོར་ལྕགས་ཟམ་པ་ཟློས་གར་ཚོགས་པས་མི་མང་ལ་ལྷ་སྒྲུང་གཟུགས་ཀྱི་ཉི་མའི་བྲོ་གར་སྤྱན་འབུལ་ཞུས་པ་སོགས་བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་དེང་རབས་ཤེས་ཡོན་འགྲན་བསྡུར་གྱི་མཛད་སྒོ་སྣ་འཛོམས་དང་བཅས་པ་དེ་ཉིད་རྒྱལ་ཁའི་ངང་གྲོལ།།


ཨ་རིའི་བོད་ཀྱི་མཛངས་མ་འགྲན་ཞུགས་པ།

གསར་འགྱུར།

Post navigation

Previous Post: རྡ་སའི་ཆར་ཞོད་ཀྱིས་བོད་ཡིག་ནག་བསུབས་བཏང་སོང་།
Next Post: སྐར་ཁུང་དྲ་བའི་གསལ་བསྒྲགས།

Comment (1) on “༧འཁྲུངས་སྐར་སྲུང་བརྩི་དང་སྐད་ཡིག་བགྲོ་གླེང་འགྲན་བསྡུར་སོགས།”

  1. གནམ། མེས་པོའི་ཐེམ་སྐས། says:
    2013-07-09 at 1:22 am

    བོད་དུ་དཔའ་བོ་དང་དཔའ་མོས་འགྲན་བསྡུར། རྒྱ་བལ་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འགྲན་བསྡུར། ནུབ་ཕྱོགས་སུ་ཆོས་ཚོགས་དང་མཛངས་མས་འགྲན་བསྡུར། མདོར་ན་ཤར་ནུབ་ཐམས་ཅད་འགྲན་རྩོད་ཀྱི་ཞགས་པས་བཅིངས་པའི་ས་སྒོང་འཇིག་ལ་རན་པ་ཞིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme