Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀྲ་ཤིས་པའི་དབྱངས།

Posted on 2013-07-082013-07-08 By ཁ་བརྡ་ 6 Comments on བཀྲ་ཤིས་པའི་དབྱངས།

བསམ་གླིང་ཚེ་རིང་ལྷ་མོ།

གཟུགས་མཛེས་ལང་ཚོའི་དཔལ་མངའ་དབྱངས་ཅན་མ།།
དེ་རིང་བཀྲ་ཤིས་དུས་བཟང་ཉིན་མོ་འདིར།།
སྒྲ་སྙན་པི་ཝང་འཇམ་མཉེན་ཕྱག་གིས་ནི།།
དཀྲོལ་ནས་བཀྲ་ཤིས་སྙན་དབྱངས་སྩལ་ཏུ་གསོལ།

བཀྲ་ཤིས་དགའ་བའི་ཉིན་མོའི་དཔལ་བཟང་འདིར།།
སྨོན་པ་བཟང་པོའི་ལེགས་བྱས་རབ་སྨིན་ཏེ།།
ལྷ་དང་མི་ཡི་འདྲེན་པ་ཤཀྱའི་སྲས།།
༸སྤྱན་རས་གཟིགས་དབང་འཁྲུངས་པའི་དགའ་སྟོན་ཞུ།།

འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་གྱི།
འགྲོ་དྲུག་གདུལ་བྱར་རླབས་ཆེན་བྱམས་སེམས་ཀྱིས།།
མ་ནོར་ལམ་བཟང་ཀུན་ཏུ་སྟོན་མཛད་པའི།།
འཕགས་མཆོག་༸བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ།།

སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚད་ལས་འདས།།
འཛམ་གླིང་སྐྱེ་དགུར་བདེ་བའི་ལམ་བཟང་བསྟན།།
བླངས་དོར་གནད་རྣམས་ཕྲ་རགས་སྟོན་མཁས་པའི།།
འཛམ་གླིང་༸ཆོས་ཀྱི་རྒྱལ་པོར་གུས་ཕྱག་འཚལ།།

ས་དང་བར་སྣང་བཀྲ་ཤིས་དར་གྱིས་ཁེངས།།
རྐང་བྲོ་གླུ་དབྱངས་ལྷ་ཡུལ་སྙེམ་པ་འཕྲོག །
དྲི་བསུང་དུ་བ་ནམ་མཁའི་འཇའ་དང་འདྲེས།།
བཀྲ་ཤིས་འཁྲུངས་སྐར་ཀུན་ཏུ་བཀྲ་ཤིས་ཤོག །

དེ་རིང་བཀྲ་ཤིས་ཉི་མ་འཆར་བ་ལ།།
མེ་ཏོག་སྣ་རྒྱས་ས་དང་བར་སྣང་ཁེངས།།
དྲི་བཟང་ཕྱོགས་བཅུར་འཐུལ་བའི་དགའ་སྟོན་གྱིས།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །

རོ་རྒྱའི་བཅུད་ཀྱི་ཤིང་ཏོག་རབ་སྨིན་ཅིང་།།
དཀར་ཟས་བཅུད་ལྡན་རིན་ཆེན་སྣོད་མང་བསྒྲིགས།།
ལྷ་དང་བླ་མར་མཆོད་འབུལ་རྒྱ་ཆེན་གྱིས།།
དེ་རིང་བཀྲ་ཤིས་འཁྲུངས་སྐར་བཀྲ་ཤིས་ཤོག།

མཆོད་སྤྲིན་ཡིད་ལས་སྤྲུལ་བའི་མཆོད་པ་དང་།།
ཚིགས་བཅད་ཚིག་གི་ཕྲེང་བ་བསྒྲིགས་བྱས་པས།།
ལྷ་མིའི་རྣམ་འདྲེན་༸བསྟན་འཛིན་རྒྱ་མཚོ་མཆོག །
བཀྲ་ཤིས་འཁྲུངས་སྐར་མཉེས་པའི་རྒྱུར་གྱུར་ཅིག །

སྙན་ངག

Post navigation

Previous Post: རྒས་བཞིན་པའི་གྲོགས་པོ་དག་ལ་ཕུལ་བ།
Next Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།

Comments (6) on “བཀྲ་ཤིས་པའི་དབྱངས།”

  1. དགེ་འདུན་རྒྱ་མཚོ། says:
    2013-07-08 at 1:00 am

    ཚིག་བཅད་
    རོ་རྒྱའི
    དྲི་སངས
    འདུལ་བྱར་

  2. ཀརྡོ་གཉེར་ཕྱག་པ་ says:
    2013-07-08 at 3:54 am

    ཚིག་བཅད་ ཚིགས་བཅད།
    རོ་རྒྱའི་ རོ་བརྒྱ།
    དྲི་སངས་ དྲི་བསང་།
    འདུལ་བྱར་ གདུལ་བྱར།
    བསྩལ་ཏུ་གསོལ། སྩལ་ཏུ་གསོལ།
    ཤཀྱའི་སྲས།། ཤཀྱྰའི་སྲས།།

  3. གནམ says:
    2013-07-08 at 4:32 am

    ཞུ་དག་བྱེད་ལོང་མ་བྱུང་བའི་བྱི་མོའི་ཕྱག་རྩོམ་ལ་མཐོང་ཆུང་མ་གནོངས། ཁོ་རེ་ཚོ། ཧ་ཧ།
    མོ་ལ་ཁག་མེད། ནི་ལོག་མ་ཞིག་མི་ན། ངོ་མ་ཆོས་ཚིག་འདི་ཚོའི་དག་ཆ་དང་དོན་དག་ཅིག་དཀའ་འི་ཡ།

  4. འཇམ་གཅེས says:
    2013-07-08 at 4:33 am

    དཔག་མེད་བསྐལ་པ་དུ་མའི་སྔ་རོལ་ནས། །
    ཟུང་འཇུག་གདོད་མའི་རྒྱལ་ས་ཟིན་ན་ཡང་། །
    ཆེས་སྙིགས་འགྲོ་ལ་ཐུགས་བརྩེས་ཉེར་དགོངས་ནས། །
    རྒྱལ་ཀུན་འཕྲིན་ལས་བྱེད་པོ་ཁྱོད་མིན་སུ། །

    ཡངས་པའི་ཁྱོན་འདིའི་ཆེ་རྒུ་མཐའ་དག་གིས། །
    འཚེ་མེད་ཞི་བདེའི་ལམ་སྟོན་ཆེན་པོ་ཞེས། །
    བསྟོད་པའི་མེ་ཏོག་འཐོར་ཡུལ་དགེ་སྦྱོང་བ། །
    མ་གྱུར་འགྲོ་བའི་མགོན་པོ་ཁྱོད་མིན་སུ། །

    ཁྱེད་ནི་འགྲོ་བ་ཡོངས་ཀྱི་མཛའ་བཤེས་སུ། །
    འགྱུར་མེད་རྡོ་རྗེ་ལྟ་བུར་རྟག་བརྟན་ངང་། །
    བདག་སོགས་བྱང་ཆེན་རྒྱལ་སར་མ་ཟིན་བར། །
    སྐད་གཅིག་ཙམ་ཡང་འབྲལ་བ་མ་གྱུར་གཅིག །

    སྐྱེ་བ་ཀུན་ཏུ་མགོན་པོ་ཁྱེད་ཉིད་ཀྱིས། །
    སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲ་མོ་ལའང་། །
    ནམ་ཡང་མ་དད་ལོག་ལྟ་མི་འབྱུང་བར། །
    མོས་གུས་བྱིན་རླབས་སེམས་སུ་དབང་འབྱོར་ཤོག །

    མདོར་ན་མགོན་པོ་ཁྱེད་ཀྱིས་བཀའ་དྲིན་ནི། །
    སྟོང་གསུམ་རིན་ཆེན་བསྒྱུར་ནས་དབུལ་ན་ཡང་། །
    ཆ་ཤས་ཙམ་ཡང་གསབ་པ་ག་ལ་ནུས། །
    འོན་ཀྱང་རང་རྒྱུད་དག་ཕྱིར་སྤེལ་ལ་སྤྲོ། །

    མགོན་པོ་ཁྱེད་ཀྱིས་བཀའ་དྲིན་དྲན་པ་དང་། །
    དགུང་ལོ་དོན་བརྒྱད་ཕེབས་པའི་མཛད་པ་དག །
    ཡང་ཡང་བསམ་ཚེ་མིག་ཆུ་སེམས་ཁོང་དུ། །
    དབང་མེད་བཞུར་ཡང་གནས་ལུགས་བཅོས་སུ་མེད། །

    སྙིགས་དུས་འགྲོ་བ་སྤྱི་དང་གངས་ཅན་པར། །
    མི་འདོད་སྡུག་བསྔལ་རྣམ་གྲངས་དུ་མ་ཡིས། །
    བར་མེད་མནར་བའི་ངང་ཚུལ་འདི་གཟིགས་ནས། །
    སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་སྨོན། །

    འདི་དང་ཕྱི་མ་གནས་སྐབས་ཐམས་ཅད་དུ། །
    བདག་སོགས་གང་དུ་གནས་པའི་ས་ཕྱོགས་ཀུན། །
    ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། །
    བདེ་སྐྱིད་དཔལ་ཡོན་རོལ་བར་སྐལ་ལྡན་ཤོག །

    ཅེས་མདོ་ཁམས་པ་འཇམ་གཅེས་སུ་འབོད་པས་གདུང་ཤུགས་དྲག་པོའི་བསྟོད་དབྱངས་འདི་བཞིན་༸གོང་ས་མཆོག་དགུང་ལོ་ ༧༨ ལ་ཕེབས་ཚུལ་མཛད་པའི་སྐུ་ཡི་འཁྲུངས་སྐར་ཉིན་མོར་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཤིག་གིས་དྲངས་ནས་བྲིས་པའོ།། །།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-07-08 at 5:04 am

    བོད་ཀྱི་རིག་གཞུང་སྔ་མའི་སྐད་དག་ཆ།
    སྲུང་སྐྱོབ་ཕྱིར་དུ་ཀ་རྡོ་གཉེར་ཕྱག་པའི།
    ཕྱག་སོར་རྩོལ་བའི་སྒྲ་སྙན་དཀྲོག་པ་ཡིས།
    བརྡ་དག་ནན་ཏན་བྱེད་པར་་གཉིད་སངས་ཤོག །

  6. སྣྲོན ངག་ཁྲི། says:
    2013-07-08 at 5:43 am

    ༄༅། །ཨ་མདོའི་ཡུལ་དུ་སྐུ་ཡི་མཚན་དཔེ་བཞད། །

    ཨིི་ལྡན་གསུང་རབ་གཞུང་ཆེན་དབུས་ནས་སྦྱངས། །

    ཨུ་དུམ་ཝ་རའི་ཕྱག་མཚན་རྡ་སར་བཞེས། །

    ཨེ་མ་ངོ་མཚར་ཞི་བདེའི་གཟེངས་རྟགས་ཆེ། །

    ཨོ་སོ་ལུ་རུ་ཐོབ་སོགས་མཐའ་ཡས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme