Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨྱུག་སྡེའི་སྙན་ངག་ཚགས་ཤོག་འགྲེམ་སྤེལ་བྱས་པ།

Posted on 2013-07-052013-07-05 By ཁ་བརྡ་ 3 Comments on སྨྱུག་སྡེའི་སྙན་ངག་ཚགས་ཤོག་འགྲེམ་སྤེལ་བྱས་པ།


གསར་འགྱུར།

Post navigation

Previous Post: གངས་རིའི་མིག་གཅིག
Next Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་གཉིས་པ།

Comments (3) on “སྨྱུག་སྡེའི་སྙན་ངག་ཚགས་ཤོག་འགྲེམ་སྤེལ་བྱས་པ།”

  1. བདེ་ཆེན་རྒྱལ་མོ། says:
    2013-07-06 at 6:10 am

    སྤྱི་ཚེས་ ༠༤/༠༧/༢༠༡༣ ཉིན་ང་ཚོ་སྨྱུག་སྡེའི་སྙན་ངག་ཚགས་ཤོག་མི་ཡུལ་དུ་ཐོག་མར་བལྟམས་པའི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད་ལ། མཛད་སྒོར་གདན་ཞུས་ཀྱི་སྐུ་མགྲོན་གཙོ་བོ་ནི་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་བའི་བཤེས་གཉེན་མཁན་བཀྲ་ཤིས་རྣམ་རྒྱལ་དང་མཁན་ཡ་མ་འཆི་མེད་གཉིས་ཡིན།
    འཇུ་མི་ཕམ་གྱིས་མཛད་པའི་བཀྲ་ཤིས་བརྒྱད་པས་མཛད་སྒོའི་སྣེ་དྲངས་པའི་ཐོག མདོ་འཛིན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་མཛད་སྒོ་མདུན་བསུ་བའི་སྐད་ཆ་ཚིག་འགའ་བཤད་པ་འདི་ལྟར་“དེ་སྔ་ཟླ་བ་འགའི་ཡར་སྔོན་ནས་སློབ་དཔོན་ཚེ་དབང་རིག་འཛིན་དང་སྤྲུལ་སྐུ་སངས་རྒྱས་བསྟན་འཛིན་འགྱུར་མེད་ང་རང་བཅས་ནས། སྨྱུག་སྡེའི་ཁ་བྱང་ཐོག་སྙན་ངག་ཚགས་ཤོག་ཅིག་འདོན་སྤེལ་བྱ་རྒྱུའི་སྐད་ཆ་བྱུང་བ་ལྟར། དེ་རིང་ནི་ཚགས་ཤོག་དང་འབྲེལ་བའི་ལས་དོན་དག་ལས་འགྲེམས་སྤེལ་བྱ་རྒྱུ་ཙམ་མ་གཏོགས་ལས་ཀ་གཞན་དག་ཧ་ལམ་ལམ་ལྷོངས་བྱུང་ཟིན་པ་རེད་ཅེས་བཤད་ཆོག
    ང་ཚོའི་ཚགས་ཤོག་དེ་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱེད་ལ་ཉེ་བའི་ཉིན་ཤས་སྔོན་ནས། འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན་གྱིས་ང་ཚོར་ལམ་སྟོན་གྱི་ཚུལ་དུ་སྟབས་བདེའི་དབུ་འབྱེད་མཛད་སྒོ་ཞིག་བྱས་ན་བཟང་རབས་ཀྱི་དགོངས་འཆར་གསུངས་པ་ནང་བཞིན། ང་ཚོས་ཀྱང་དེར་དྲང་ཕྱོགས་ཀྱི་ལྟ་ཚུལ་བཟུང་སྟེ། དེ་རིང་གི་མཛད་སྒོ་མདོར་བསྡུས་འདི་བསྐངས་པ་ཡིན། དེར་ཡང་རྒྱུ་མཚན་མེད་པ་མིན་ཏེ། སྨྱུག་སྡེའི་ཚགས་ཤོག་འདི་ནི་ད་རེས་ཙམ་མིན་པར་ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་དང་མཉམ་དུ་སྤྱི་ཚོགས་ཀྱི་གར་སྟེགས་སྟེང་ཐོན་དགོས་པར་སོང་ཙང་། སྨྱུག་སྡེར་ཡང་རང་ཉིད་ལ་དཔག་པའི་སྐྱེས་སྐར་ཞིག་བརྩི་རྒྱུ་ཅིས་ཀྱང་ཡོད་དགོས་སྟབས་ང་ཚོས་གནད་དོན་འདི་ཐག་གཅོད་བྱས་པ་ཡིན།
    གཤམ་ནས་ང་ཚོ་སྨྱུག་སྡེའི་གཙོ་སྒྲིག་པ་སློབ་དཔོན་ཚེ་དབང་རིག་འཛིན་མཆོག་གིས། སྨྱུག་སྡེའི་འདས་མ་ད་གསུམ་གྱི་གནས་བབས་དང་འབྲེལ་བའི་སྐད་ཆ་ཚིག་གསུམ་གསུང་རྒྱུའི་རེ་བ་ཞུ་བཞིན་ཡོད།”

    གཙོ་སྒྲིག་པ་སློབ་དཔོན་ཚེ་དབང་རིག་འཛིན་གྱིས་གསུངས་དོན། “སྨྱུག་སྡེ་ནི་ངེད་ཅག་རྩོམ་རིག་ལ་དགའ་བའི་གྲོགས་པོ་ཚོས་ཆིག་སྒྲིལ་གྱིས་གསར་བཟོ་བྱས་པའི་ངོ་དེབ་ཀྱི་ཟུར་ཆུང་ངུ་ཞིག་ཡིན་མོད། ང་ཚོའི་དམིགས་ཡུལ་དང་ཁ་ཕྱོགས་སྔར་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་ཕྱིན་ཡོད་པའི་རྒྱུ་མཚན་གྱིས། ད་ཆ་ངད་ཚོས་སྙན་ངག་གི་ཚགས་ཤོག་པར་སྐྲུན་བྱེད་ཐུབ་སོང་བར་མ་ཟད། ང་ཚོའི་སྨྱུག་སྡེ་འདི་འབྱུང་འགྱུར་གྱི་ཆ་ལ་ཡང་། ངོ་དེབ་ཀྱི་ངོས་དེ་དྲ་ཚིགས་ཀྱི་ངོས་སུ་བསྒྱུར་ཐུབ་པ་དང་། སྙན་ངག་གི་གླེང་སྟེགས་ཙམ་ནས་སྒྱུ་རྩལ་རྩོམ་རིག་ཁྱབ་ཁོངས་ཡོངས་རྫོགས་ལ་ས་མིག་བསྐྲུན་རྒྱུའི་རྨི་ལམ་སྙིང་རྗེ་མོ་དེ་འདྲ་ད་ལྟ་ནས་རྨི་བཞིན་ཡོད། འོན་ཀྱང་རྨི་ལམ་དེ་དངོས་ཡོད་ལ་འགྱུར་ཐུབ་མིན་ནི་ད་དུང་བརྗོད་ཚོད་ཐིགས་མ་སོང་ཡང་། ང་ཚོས་སྨོན་པ་དེ་ལྟར་བྱེད་ཀྱིན་ཡོད།
    དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་། གཅིག་ནས་ང་ཚོ་རྩོམ་རིག་ལ་དགའ་བའི་རྒྱུ་མཚན་དང་། གཉིས་ནས་འཆི་ལ་ཉེ་བའི་བོད་ཀྱི་སྐད་ཡིག་འདི་ལ་ཞེ་དུང་དྲགས་པས་ཡིན་པ་ལས། དམིགས་ཡུལ་གསུམ་པ་དང་བཞི་པ་དེ་འདྲ་གང་ཡང་མེད། དེ་བས་སྨྱུག་སྡེའི་འཕེལ་འགྲིབ་ཀྱི་གནས་བབས་གང་ཡང་མཐའ་གཅིག་ཏུ་ཕུགས་བསམ་གཅིག་པའི་རྩོམ་པ་པོ་དང་ཀློག་པ་པོ་ཚོའི་ལག་ཏུ་ཡོད་པར་མ་ཟད། སྨྱུག་སྡེས་ནམ་དུ་ཡང་སྤོབས་པ་ཆེན་པོས་བློ་མཐུན་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པ་མགོན་དཔུང་དུ་སྒོམ་བཞིན་ཡོད་པས། ཇི་སྲིད་བློ་མཐུན་ཁྱེད་ཅག་ཡོད་པའི་དུས་དེ་སྲིད་དུ་སྨྱུག་སྡེ་ནམ་ཡང་ཉམ་ཐག་མི་སྲིད་སྟབས། དེ་རིང་ང་ཚོས་དྲིན་ཅན་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ཁྱེད་ཅག་ནམ་དུ་ཡང་སྨྱུག་སྡེའི་མགོན་དཔུང་དུ་བཞུགས་སུ་གསོལ་ཞེས་ང་ཚོས་རེ་འབོད་བྱེད་བཞིན་ཡོད་ལགས།”

    གཏམ་བཤད་ཐུང་ངུ་དེ་མཇུག་གྲུབ་མ་ཐག་གདན་ཞུས་ཀྱི་སྐུ་མགྲོན་གཙོ་བོ་མཁན་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་དབུ་འབྱེད་དངོས་གཞི་བྱས་པ་དང་། དེ་མཚམས་མདོ་འཛིན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་སྐད་ཆ་ཚིག་འགའ་བཤད་དོན།
    “འདི་ནས་གསལ་བཤད་ཞུ་དགོས་པ་ཞིག་ལ། ང་ཚོའི་སྨྱུག་སྡེ་སྤྱི་ཚོགས་སྟེང་འགྲེམས་སྤེལ་བྱ་རྒྱུའི་དུས་ཚོད་དངོས་གཞི་ནི་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་ཡིན་མོད། དེ་རིང་མཛད་སྒོ་སྟབས་བདེ་འདི་བྱེད་དགོས་ཐུག་པ་ནི་འཁྲུངས་སྐར་དངོས་གཞིའི་ཉིན་དུས་ཚོད་ཀྱི་ཁོམ་པ་བྱུང་དཀའ་བས་ཡིན་པ་མ་གཏོགས། ཚགས་ཤོག་འདིའི་སྐྱེས་སྐར་དངོས་གཞི་ནི་༧བླ་ན་མེད་པའི་ཞི་བདེའི་དེད་དཔོན་གང་དེའི་འཁྲུངས་སྐར་དང་དང་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་ཡོད་པས། གང་བདེའི་བྱམས་བརྩེའི་འཛུམ་མདངས་དྲོན་མོ་དང་ནམ་ཡང་ཁ་འབྲལ་ཐབས་མེད།
    མཐའ་དོན་ང་ཚོའི་སྟབས་བདེའི་མཛད་སྒོ་འདིར་ཕེབས་པའི་དགེ་བའི་བཤེས་གཉེན་རྣམ་པ་གཉིས་དང་ཞེ་མཐུན་གྲོགས་པོ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལགས།”
    དེ་ལྟར་དབུ་འབྱེད་ཀྱི་མཛད་སྒོ་མཐའ་གྲུབ་པ་ལགས།
    འདྲེན་ཁུངས། https://www.facebook.com/notes/pen-group-%E0%BD%A6%E0%BE%A8%E0%BE%B1%E0%BD%B4%E0%BD%82%E0%BD%A6%E0%BE%A1%E0%BD%BA/%E0%BD%A6%E0%BE%A8%E0%BE%B1%E0%BD%B4%E0%BD%82%E0%BD%A6%E0%BE%A1%E0%BD%BA%E0%BD%A6%E0%BD%82%E0%BD%A2%E0%BD%BA%E0%BD%A3%E0%BD%96%E0%BD%80%E0%BE%B1%E0%BD%B2%E0%BD%93%E0%BD%A0%E0%BD%91%E0%BD%B4%E0%BD%82%E0%BD%82%E0%BD%98/140726512793920

  2. བཀྲ་ཤིས་དོན་འགྲུབ། says:
    2013-07-07 at 3:54 am

    བདེ་ཆེན་རྒྱལ་མོ་ལགས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།

  3. ཨོ་རྒྱན་ཉི་མ། says:
    2013-07-07 at 10:52 am

    བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme