Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏང་གི་པཎ་ཆེན་དང་བོད་མིའི་སེམས་ཀྱི་པཎ་ཆེན།

Posted on 2013-07-03 By ཁ་བརྡ་ 21 Comments on ཏང་གི་པཎ་ཆེན་དང་བོད་མིའི་སེམས་ཀྱི་པཎ་ཆེན།

ནམ་མཁའ།

 

སྐྱེ་བ་སྔ་ཕྱི་ཁས་མི་ལེན་ཞིང་ནང་ཆོས་དུག་ལྟར་འཛིན་པའི་སྲིད་གཞུང་ཞིག་གིས་མི་འདོད་བཞིན་དུ། ནང་ཆོས་ཀྱི་མ་རྩ་ལྟ་བུ་སྐྱེ་བ་སྔ་ཕྱི་ཁས་ལེན་གད་མོ་ཤོར་བ་ཞིག་བྱས་ཡོད། སྤྱིར་པཎ་ཆེན་རིན་པོ་ཆེ་ཡི་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལ་ནང་ཆོས་གཞུང་ལུགས་ལྟར་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་དགོས་ཀྱི་ཡོད།ཡིན་ཡང་རྒྱ་ནག་སྲིད་གཞུང་གིས་ལྷ་མེད་སྨྲ་བཞིན་དུ་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ངོས་འཛིན་བྱེད་པ་འདི་ཆབ་སྲིད་ཀྱི་དགོས་དབང་ཁོ་ནར་དམིགས་པ་ཞིག་ཡིན་མོད།ཆབ་སྲིད་ཀྱི་དགོས་དབང་ལ་དམིགས་འདོད་པ་དེ་ཡང་བོད་མི་རིགས་ཐོག་བེད་སྤྱོད་ཀྱི་ཆེད་དུ་ཡིན།  རེད་དེ་བོད་མི་རིགས་ཐོག་བེད་སྤྱོད་སྲིད་གཞུང་གི་འདོད་པ་ལྟར་གཏོང་འདོད་ཚེ། བོད་མི་རིགས་ཀྱི་སེམས་ནས་བརྩི་བཀུར་བྱེད་འདོད་ཡོད་པ་དང་དགའ་དད་ཡོད་ས་ཞིག་དགོས་བ་ལས།བོད་མི་རིགས་ཀྱིས་ངོས་ལེན་དང་དགའ་དད་མི་བྱེད་པའི་མི་ཞིག་བེད་སྤྱོད་གཏོང་འདོད་པ་དེ་རྒྱ་ནག་གི་རྨི་ལམ་ཡང་ཡིན་ལ། ལོ་ངོ་ལྔ་བཅུའི་རིང་བཙན་གནོན་བྱས་པ་ལས་བོད་མི་རིགས་ཀྱི་སེམས་ཁམས་མ་རྟོགས་པའི་གལ་གནད་ཞིག་ཀྱང་རེད་འདོད།

རྒྱུ་མཚན་ནི་རྒྱ་ནག་སྲིད་གཞུང་གིས་ངོས་འཛིན་བྱས་བའི་རྒྱལ་མཚན་ནོར་བུ་ལགས་མི་འདོད་བཞིན་དུ་བོད་ནང་དུ་འཁོར་བསྐྱོད་བྱེད་དུ་འཇུག་གི་ཡོད་ལ།ས་གནས་དེ་གའི་མི་དམངས་ཡང་མི་འདོད་བཞིན་དུ་བཙན་དབང་གིས་ཕེབས་བསུ་བཅར་དུ་འཇུག་གི་ཡོད། དེ་ནི་རྒྱ་ནག་སྲིད་གཞུང་གིས་བཟོས་བའི་རྩ་ཁྲིམས་ཆོས་ལུགས་དད་མོས་རང་དབང་ཟེར་བ་དེ་ཁོ་རང་ཚོས་རྡོག་རོལ་དུ་བཏང་བ་ལས།རྒྱལ་མཚན་ནོར་བུ་ཁོ་རང་ཡང་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཀྱི་མིང་ཐོག་ནས་བོད་ནང་དུ་འཁོར་བསྐྱོད་བྱེད་འདོད་མེད་ལ།ས་གནས་དེ་གའི་མི་དམངས་ཕེབས་བསུ་བཅར་འདོད་དེ་བས་ཀྱང་མེད་པས་ཆོས་ལུགས་དད་མོས་རང་དབང་མ་ཡིན་པར་བཙན་དབང་ཡིན་པའི་རྟགས་མཚན་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བཤམས་པ་ཞིག་རེད།

གལ་སྲིད་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེ་ཡི་སྤྲུལ་སྐུའི་མིང་ཐོག་ནས་སྐུ་འབུམ་དུ་ཕེབས་འདོད་ཡོད་ཚེ།ཁོའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་དགོས་མོད།འོན་ཀྱང་དེ་རིང་ཁོའི་གདོང་ལ་མི་འདོད་པའི་སྐྱོ་སྣང་ཞིག་གི་སྤྲིན་ནག་འཐིབ་འདུག

 

པར་རིས་འདིའི་སྟེང་གཅིག་པོ་ནས་ཀྱང་ཁོའི་སེམས་ཀྱི་ཚོར་བ་དངོས་གནས་དེ་མཚོན་ཐུབ་ཀྱི་ཡོད།

ད་ནི་རྒྱ་མཚན་ནོར་བུའི་སེམས་ཁོང་དུ་སྡུག་བསྔལ་མི་ཉུང་བ་ཞིག་གི་མནན་ཡོད་པ་གསལ་བོ་ཤེས་སྙམ།རྒྱུ་མཚན་ནི་ཁོ་རང་ཆུང་དུས་སྐབས་ཀྱི་འདྲ་པར་ཐོག་བསམ་མ་ཤེས་བའི་འཛུམ་མདངས་མང་པོ་མཐོང་ཐུབ་ལ།དེ་དུས་ཁོའི་རྣ་ལམ་དུ་ཁོ་རང་ལོ་ལྔ་སོན་དུས་བཙན་དབང་གིས་པཎ་ཆེན་རིན་པོ་ཡི་ཡང་སྤྲུལ་མིང་བཏགས་པ་ཡང་ཁོས་ཤེས་ཐུབ་མེད། དེ་རིང་ཁོ་རང་ཕོ་ལོ་ཉི་ཤུ་བརྒལ་ཟིན་པས་ཁོ་ལ་པཎ་ཆེན་རིན་པོ་ཡི་ཡང་སྤྲུལ་གྱི་མིང་དེ་བཙན་འདོགས་བྱས་པ་ཁོས་ཤེས་ཡོད་པ་མ་ཟད། ཁོས་དེའི་བྱུང་རིམ་ཀྱང་རེག་ཙམ་ཞིག་ཤེས་ཐུབ་ཡོད། དེས་རྐྱེན་ཁོ་དང་ཁོའི་ནང་མིའི་སེམས་ནང་སྡུག་བསྔལ་མང་པོ་ཞིག་འཐིབ་ཡོད།

 གལ་སྲིད་༧གོང་ས༧་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་ངོས་ལེན་བྱས་ཡོད་ཚེ།ཁོ་རང་ཚོའི་འདོད་པ་ཇི་བཞིན་བེད་སྤྱོད་གཏོང་ཐུབ་མིན་བཤད་དཀའ་ན་ཡང་།བོད་ནང་ཁུལ་གང་དུ་ཕེབས་ཚེ་ཕེབས་བསུ་མ་ཡོང་ན་ཆད་པ་གཅོད་ཀྱི་ཡིན་ཅེས་མི་དམངས་ལ་བཙན་བཀའ་འདི་གཏོང་མི་དགོས་བར་བོད་མི་དམངས་འཚང་ཁ་ཤིག་ཤིག་ཕེབས་བསུ་བཅར་བ་ལ་ཐེ་ཚོམ་ཅི་ཡང་བྱེད་མི་དགོས། དཔེར་ན་པཎ་ཆེན་སྐུ་ཐོག་མའི་སྲས་མོ་ཉེ་ཆར་གཙང་བཀྲ་ཤིས་ལྷུན་པོར་ཕེབས་པའི་སྐབས།བོད་མི་ཚོའི་དགའ་སྐྱོ་འདྲེས་མའི་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག་པ་དྲ་ལམ་སོགས་སུ་གསལ་བོ་རེད།

བོད་མི་རིགས་སེམས་ཁམས་གཙོ་བོ་འཛིན་པའི་མི་རིགས་ཞིག་ཡིན་པ་ལས། དེ་རིང་གི་འཚོ་བ་ཁོ་ན་གཙོ་བོ་འཛིན་པའི་མི་རིགས་ཞིག་མིན་སྟབས།རྒྱ་གཞུང་གིས་ཆོས་ཕྱོགས་ཀྱི་མི་སྣ་ཞིག་བེད་སྤྱོད་གཏོང་འདོད་ཚེ་བོད་མི་རིགས་ཀྱི་སེམས་ཁོང་ནས་དད་མོས་བྱེད་ས་ཞིག་དགོས་གལ་ཆེ་བས།དེང་སང་རྒྱ་གཞུང་གིས་ཀྱང་སེམས་ཀྱི་སྦུགས་སུ་པཎ་ཆེན་གྱི་ཡང་སྤྲུལ་ངོས་འཛིན་ཕྱོགས་ལ་འགྱོད་པ་སྐྱེ་མི་སྲིད་པ་མིན།རྒྱུ་མཚན་ནི་ཁོང་ཚོའི་འདོད་པ་བཞིན་བོད་མི་རིགས་ཐོག་བེད་སྤྱོད་བྱེད་ཐུབ་ཀྱི་མེད།ད་ཐེངས་སྐུ་འབུམ་ལ་ཕེབས་དུ་བཅུགས་པ་དེ་ཡང་བཙན་དབང་གིས་བྱས་ཡོད་པ་བོད་མི་རིགས་སུ་ལ་དྲིས་ཀྱང་གསལ་བོར་ཤེས་ཐུབ་ཡོད།  དེ་རིང་པཎ་ཆེན་རིན་པོ་ཡི་ཡང་སྤྲུལ་འདིའི་ཕྱོགས་ནས་བསམ་གཞིགས་ཕྲན་བུ་ཞིག་ཡོད་པ་ནི། གལ་སྲིད་རྒྱ་གཞུང་གིས་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཐེབས་པའི་ཉིན་མོ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙོན་གྲོལ་ཐོབ་ངེས་རེད། བོད་མི་ས་ཡ་དྲུག་གི་སེམས་ཀྱི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་ན་ཡང་།རྒྱལ་མཚན་ནོར་བུའི་ཁྲི་དེ་ཁོ་ལ་རྒྱ་གཞུང་གིས་སྤྲོད་ཀྱི་ཡིན་ནམ། གལ་སྲིད་སྤྲད་པའི་ཉིན་མོ་རྒྱལ་མཚན་ནོར་བུ་ལ་བོད་མི་དམངས་དང་བོད་ཀྱི་བླ་ཆེན་དཔོན་ཆེན་ཚོས་ཅི་ཞིག་གི་ལྟ་སྟངས་འཛིན་རྒྱུ་ཡིན་ནམ། དེ་དུས་རྒྱ་གཞུང་གིས་སྣང་མེད་དུ་འཇོག་སྲིད་དམ།

ཡང་ན་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་ག་གེ་མོ་ཞིག་གི་མིང་འདོགས་སྲིད།

འདི་དག་ནི་ང་རང་ཉིད་ཀྱི་བསམ་ཚུལ་དང་དྲི་བ་ཁོ་ན་ཞིག་ཡིན།

འདིར་ཕྲན་ལ་རེ་བ་ཞིག་ཡོད་པ་ནི།དྲ་གྲོགས་ཚོས་རྒྱལ་མཚན་ནོར་བུ་ལ་ཁ་རྡུང་མ་བཏང་ན་ལེགས་སྙམ།ཁོ་རང་ལ་རང་དབང་མེད་པར་མིང་རྫུན་མ་ཞིག་རྒྱ་གཞུང་གིས་བཙན་འདོགས་བྱས་པ་རེད།

སྣ་ཚོགས།

Post navigation

Previous Post: འཛམ་གླིང་སྐྱེ་འགྲོའི་༸སྐྱབས་མགོན་༸གོང་ས་མཆོག།
Next Post: ས་སྐྱིད་པོ།

Comments (21) on “ཏང་གི་པཎ་ཆེན་དང་བོད་མིའི་སེམས་ཀྱི་པཎ་ཆེན།”

  1. མེ་ཏོག་དཀར་པོ says:
    2013-07-03 at 11:53 pm

    དགེ་འདུན་ཆོས་ཀྱི་ཉི་མ་དང་རྒྱལ་མཚན་ནོར་བུ་གཉིས་ཀ་དཀྲུས་ན་མ་དག་པའི་བོད་མི་རྣལ་མ་ཡིན་སྟབས་ཁོང་གཉིས་བར་ལ་དགའ་སྡུག་བྱེད་དགོས་དོན་མིན་འདུག དེ་བས་ཁོང་གཉིས་ཀས་བོད་དོན་ལས་ཀ་ཆེན་པོ་ལས་མེད་པ་འདྲ་མཉམ་ཡིན། དེས་ན་སེམས་རྣལ་དུ་གནས་ནས་གཅིག་ལྷ་དང་གཅིག་བདུད་དུ་རྩིས་ན་ལེགས་པོ་ཨ་ཡིན་བསམ།

  2. བློ་ཚེ། says:
    2013-07-04 at 12:21 am

    པཎ་ཆེན་གཉིས་ནང་ནས་སུའི་བོད་ཀྱི་མི་རིགས་ལ་་ཕན་ཐོགས་བྱུང་ན་ང་ནི་དེ་ལ་གུས་ཞབས་ཡོད་ང་ཚོའི་ནང་ནས་མི་ཞིག་ཡར་ལོང་ཡོང་དུས་མར་མཐེན་གང་ཐུབ་བྱས་མཁན་མང་དག་ཅིག་ཡོད། ཁོང་བོད་མི་རིགས་གཙང་མ་ཞིག་ཡིན་དུས་བོད་རིགས་ཕན་གང་ཐོགས་ཞིག་རེད་མ་གནོད་གིས་མ་རེད། ང་ཚོའི་སྨྱུག་ཐོག་པ་མང་ཤོས་ཞིག་གིས་ཕུག་བསམས་དང་བརྟག་དཔྱད་རྩ་བ་ནས་མེད་པའི་མུན་ནག་ནང་འདོམ་འཇལ་བྱེད་གིས་ཡོད་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 1:57 am

    ཏང་གི་པཎ་ཆེན་རྒྱལ་མཚན་ནོར་བུ། །
    བུམ་དཀྲུགས་པཎ་ཆེན་རྫུན་མ་རྫུན་རྐྱང་། །
    བོད་མིའི་སེམས་ཀྱི་པཎ་ཆེན་༸བསྟན་དགེ །
    ༸བཅུ་པའི་ཡང་སྲིད་༸བཅུ་གཅིག་དངོས་གནས། །

  4. སྣྲོན ངག་ཁྲི། says:
    2013-07-04 at 1:57 am

    ༄༅། །ཆོས་ཀུུན་སྙིང་པོ་དམ་ཆོས་བདུད་རྩིའི་ཆོས། །

    ཀྱི་ཧུད་གུང་བྲན་དམར་པོའི་རུ་ཚོགས་ཀྱི། །

    ཉི་མའི་དཀྱིལ་འཁོར་མུན་པས་འགེབ་པའི་རྒྱལ། །

    པོ་ཏ་ལ་རུ་དམག་དཔུང་འདྲེན་པ་པོ། །

  5. སྣྲོན ངག་ཁྲི། says:
    2013-07-04 at 2:10 am

    མ་ལུས་སྐབས་འཚོལ་གནས་ལ་བྱང་ཆུབ་པོ། །

    ཞེས་ཚིག་རྐང་མཐའ་མ་བཅོ་བར་འཚལ་ལོ།

  6. དགེ་འདུན་རྒྱ་མཚོ། says:
    2013-07-04 at 2:31 am

    འབྲི་ན་གཟབ་གཟབ་བྱོས
    ཕྱི་ནང་གཉིས་ན་པཎ་ཆེན་རྫུན་མ་ལ་དགའ་མཁན་མང་ནི་རེད།

  7. ཨ་ཕྱི་ཆོས་སྒྲོན says:
    2013-07-04 at 2:35 am

    རྒྱ་པན་འདི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནང་གི་བསྟན་སྲུང་ཞིག་ཡིན་པ་འདྲ། ༧གོང་ས་མཆོག་གིས་ཀྱང་།
    རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །
    གཏུམ་དྲག་དྲེགས་པ་ཡོངས་ཀྱི་རྗེ་བོ་རུ། །
    མངོན་བཞེངས་འཇམ་མགོན་བསྟན་སྲུང་མཐུ་རྩལ་ཅན།།
    དགའ་ལྡན་མཁའ་སྤྱོད་ལ་སོགས་གནས་ནས་གཤེགས།།
    གསུངས་པ་དོན་ལ་གནས་པར་སེམས།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-07-04 at 2:55 am

    རྒྱལ་མཚན་ནོར་བུ། པཎ་ཆེན་རིན་པོ་ཆེའི་འོས་སུ་ཡོད་པ་ཞིག་ཡིན་ནམ། མེད་པ་ཞིག་ཡིན། གལ་ཏེ་འོས་སུ་མེད་པ་ཞིག་འདམས་པ་ཡིན་ན། རྒྱ་ནག་ལས་བྱེད་པས་ཁྲིམས་འགལ་བྱས་པ་ཆེས་སྨད་པའི་འོས་སུ་མཆིས། གལ་ཏེ་རྒྱལ་མཚན་ནོར་བུ་པཎ་ཆེན་པོ་ཆེ་འོས་སུ་ཡོད་པ་ཞིག་ཡིན་ན། པཎ་ཆེན་རིན་པོ་ཆེ་དངོས་མ་མ་ཡིན་ཀྱང་། འོས་སྤྲུལ་རིན་པོ་ཆེ་ཞེས་བོད་མིས་བཀུར་འོས་པ་ཞིག་མ་ཡིན་ནམ། པཎ་ཆེན་སྐུ་གོང་མའི་འོས་སྤྲུལ་དུ་བཞུགས་པ། ད་ལྟའི་པཎ་ཆེན་འོས་སྤྲུལ་རིན་པོ་ཆེ་ཞེས་བོད་མི་མངས་ཀྱིས་གུས་བཀུར་ཞུ་ཞིང་ཧོར་གྱི་ཡུལ་དང་། ནུབ་ཕྱོགས་ཡུལ་གྲུ་མང་པོར་ཆོས་ཀྱི་བཤད་སྒྲུབ་བསྟན་པ་སྐྱོང་བཞིན་པ་ལྟར་རོ།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 4:01 am

    ༧༽ ཨ་ཕྱི་ཆོས་སྒྲོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢ སྐར་མ་ ༣༥
    རྒྱ་པན་འདི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནང་གི་བསྟན་སྲུང་ཞིག་ཡིན་པ་འདྲ། ༧གོང་ས་མཆོག་གིས་ཀྱང་།
    རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །
    གཏུམ་དྲག་དྲེགས་པ་ཡོངས་ཀྱི་རྗེ་བོ་རུ། །
    མངོན་བཞེངས་འཇམ་མགོན་བསྟན་སྲུང་མཐུ་རྩལ་ཅན།།
    དགའ་ལྡན་མཁའ་སྤྱོད་ལ་སོགས་གནས་ནས་གཤེགས།།
    གསུངས་པ་དོན་ལ་གནས་པར་སེམས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཨ་ཕྱི་ཆོས་སྒྲོན་ལགས།
    ༸གོང་མཆོག་མ་བཙོང་རོགས་གནོངས་། བསྟན་འཛིན་དགེ་འདུན་བཟང་བཙོན་ལ་ཡོད་པ་ཁོང་། བོ་བཞུགས་བྱ་བྲལ་རིན་པོ་ཆེ་དང་། ༸གོང་ས་མཆོག་ཤུང་འབྲེལ་གྱིས་ཐོག་ནས་ཡང་སྲིད་གཏན་འབེབས་གནང་བ་རེད་དོ།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 4:04 am

    ༨༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢ སྐར་མ་ ༥༥
    རྒྱལ་མཚན་ནོར་བུ། པཎ་ཆེན་རིན་པོ་ཆེའི་འོས་སུ་ཡོད་པ་ཞིག་ཡིན་ནམ། མེད་པ་ཞིག་ཡིན། གལ་ཏེ་འོས་སུ་མེད་པ་ཞིག་འདམས་པ་ཡིན་ན། རྒྱ་ནག་ལས་བྱེད་པས་ཁྲིམས་འགལ་བྱས་པ་ཆེས་སྨད་པའི་འོས་སུ་མཆིས། གལ་ཏེ་རྒྱལ་མཚན་ནོར་བུ་པཎ་ཆེན་པོ་ཆེ་འོས་སུ་ཡོད་པ་ཞིག་ཡིན་ན། པཎ་ཆེན་རིན་པོ་ཆེ་དངོས་མ་མ་ཡིན་ཀྱང་། འོས་སྤྲུལ་རིན་པོ་ཆེ་ཞེས་བོད་མིས་བཀུར་འོས་པ་ཞིག་མ་ཡིན་ནམ། པཎ་ཆེན་སྐུ་གོང་མའི་འོས་སྤྲུལ་དུ་བཞུགས་པ། ད་ལྟའི་པཎ་ཆེན་འོས་སྤྲུལ་རིན་པོ་ཆེ་ཞེས་བོད་མི་མངས་ཀྱིས་གུས་བཀུར་ཞུ་ཞིང་ཧོར་གྱི་ཡུལ་དང་། ནུབ་ཕྱོགས་ཡུལ་གྲུ་མང་པོར་ཆོས་ཀྱི་བཤད་སྒྲུབ་བསྟན་པ་སྐྱོང་བཞིན་པ་ལྟར་རོ།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    རྒན་འཇམ་དཔལ་ལགས།
    རྒྱལ་མཚན་ནོར་བུ་འདི། སྔར་གྱི་པཎ་ཆེན་འོས་སྤྲུལ་དང་མི་འདྲ། རྒྱལ་ནོར་འདི་ཤེས་བཞིན་དུ་རྒྱ་གཞུང་གིས་ཆབ་སྲིད་ལག་བསྐྲུན་པ་རེད་གདའ།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 4:07 am

    རྒྱལ་ནོར་བན་ཆེན།
    ཏང་གི་བན་ཆེན་རྒྱལ་མཚན་ནོར་བུ། །
    བུམ་དཀྲུགས་བན་ཆེན་བོང་སྤྲུལ། །
    ༸བསྟན་དགེ་༸པཎ་ཆེན།
    བོད་མིའི་པཎ་ཆེན་༸བསྟན་དགེ །
    ༸བཅུ་པའི་ཡང་སྲིད་འཁྲུལ་མེད། །

  12. མེ་ཏོག་དཀར་པོ says:
    2013-07-04 at 4:35 am

    རྒྱལ་མཚན་ནོར་བུ་བྱིས་པའི་དྐབས་གསང་སྟབས་ཀྱིས་རྒྱ་གར་དུ་གདན་དྲངས་ཏེ་པཎ་ཆེན་གོང་མའི་ཡང་སྲིད་དུ་མངའ་གསོལ་ན་འགྲིག་རྒྱུ་ལ་བོད་དུ་བཞུགས་བཞུགས་པར་མཚན་གསོལ་མཛད་པ་འདི་ཡང་ངའི་བློ་ངོར་མི་ཤོང་། དོན་ལ་ཆབ་སྲིད་ཀྱི་རྩེད་མོ་ཨང་ཀི་དང་པོ་ཞིག་རེད་འདུག
    མདོར་ན་སྤྲུལ་སྐུ་ཟེར་བ་འདི་བོད་མི་རིགས་ལ་གནོད་པའི་ཚུལ་དེ་རང་ངོ་།།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 4:44 am

    ༸རྒྱལ་དབང་ལྔ་པའི་ཡང་སྲིད་དུ། དྲུག་པ་ཚངས་དབྱངས་རྒྱ་མཚོ་འཁོད་མ་བཅུག་མཁན་ཅིག་དགེ་ལུགས་པའི་མཁན་བླ་ཁ་ཤསཀྱིས་་བྱས་རྗེས་ངན་པ་ལ་བྱུང་བ་དང་། ༸བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་ཡང་། རྒྱ་གཞུང་དང་བོད་ཀྱི་གྲྭ་ལས་ངན་འགའ་ཤས་དང་ངན་འབྲེལ་ལས། པཎ་ཆེན་གངོས་གནས་དེ་བཟང་བཙོན་དུ་ཤོར་བ་མིས་བཟོས་པ་རེད་མ་གཏོགས། བོད་ཀྱི་སྤྲུལ་སྐུའི་ཡང་ངོས་འཛིན་སྲོལ་ཡོད་པ་ཙམ་གྱིས་དེ་དག་བྱུང་བར་ཁས་བླངས་ན་ཧ་ཅང་ཐལ་མི་འགྱུར་རམ། དྲ་གྲོགས་ཚོ།

  14. རིན་ཆེན says:
    2013-07-04 at 4:45 am

    དང་པོ་དྲ་གྲོགས་ཚོས་ཡག་པོཀློག་དགོས།དེ་མིན་བློ་ཚེ་ལྟ་བུ་ར་བཟིའི་གཏམ་བཞིན་མཆན་མ་བྲིས་ན་བཟང་། རྒྱ་གཞུང་གིས་ཆབ་སྲིད་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་པ་ལས་རྒྱལ་མཚན་ནོར་བུ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་ཚིག་མི་འདུག

  15. བློ་ཚེ། says:
    2013-07-04 at 8:06 am

    གལ་སྲིད་རྒྱལ་མཚན་ནོར་བུ་བོད་ཀྱིས་བླ་མའི་འོས་སྤྲུལ་ནང་དུ་མེད་ན་རྒྱ་གུང་ཁྲན་གི་པཎ་ཆེན་ཡིན་པ་ངོས་འཛིན་དང་སྲིད་དོན་གྱི་ལག་ཆ་གང་འདྲ་བྱས་ཐབ་ཡོད་རེད། གལ་སྲིད་ཁོང་༧རྒྱལ་བ་རིན་པོ་ཆེའི་ངོས་འཛིན་མ་བྱས་པའི་དབང་གིས་ཁོང་སྤྲུལ་རྫུན་ཡིན་ནམ་་་དེ་སང་༧རྒྱལ་བའི་ངོས་འཛིན་གྱིས་ཡིག་ཆ་ཡོད་མཁན་སྤྲུལ་རྫུན་གྲངས་ལས་འདས་པ་ཡོད་རེད། ཚོང་མས་ཤེས་གསལ་རེད།

  16. སྤོབས་པ་མཐའ་ཡས། says:
    2013-07-04 at 8:06 am

    སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་གྱིས་སྤྲུལ་སྐུ་བེད་སྤྱད་ནས་རང་འདོད་སྒྲུབ་པ་ཁྱད་མཚར་རེད། སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཚོས་སྤྲུལ་སྐུའི་ལམ་ལུགས་བེད་སྤྱད་ནས་རང་འདོད་སྒྲུབ་པ་དེ་དེ་ལས་ཀྱང་ཁྱད་མཚར་རེད། མདོར་ན་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་འདི་རུལ་སུང་ལམ་ལུགས་ཤིག་ཡིན་སྟབས་འདི་འདྲའི་ཆག་སྒོ་ང་ཚོའི་མགོ་ཐོག་ལ་ཡོང་གི་ཡོད་པ་རེད། ད་དུང་ཁྱད་མཚར་མོ་མང་པོས་ང་ཚོ་ལ་བསྒུགས་ནས་བསྡད་ཡོད་པ་རེད།

  17. རིག་རྡོ says:
    2013-07-04 at 11:03 am

    ཨོ་ཡ་འདིར་ཡང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་ཡང་སྲིད་ཞིག་འཁྲུངས་འདུག ཁོའི་མིང་ལ་ཨ་ཕྱི་ཆོས་སྒྲོན་ཟེར།ལྟོས་དང་ཚིག་བཅད་ཞིག་ལ་འགྲེལ་གད་མོ་ཤོར་བ་རྒྱག་གི་འདུག ཧཧཧཧ

  18. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 11:37 am

    ད་ནས་བཟུང་སྤྲུལ་སྐུས་སྲིད་ཕྱོགས་ལ་ཕན་སྟངས་འདི། གློག་བརྙན་ཁྲབ་སྟོན་པ་སྐད་གྲགས་ཅན་ཅིག་དང་མཚུངས་པར་སྲིད་དོན་ལ་མ་བཞུགས་གོང་ལ་སྐད་གྲགས་ཡོད་པས་ལམ་འགྲོ་ཆེ་བ་རྒྱུགས་པ་མ་གཏོགས། སྤྲུལ་སྐུ་ཡིན་་ཙམ་གྱིས་རྒྱལ་ཁབ་ལ་ཕན་པ་མ་རེད། ༸གོང་ས་མཆོག་ནི་ད་ལྟའི་བར་སངས་རྒྱས་ཀྱི་ལུང་བསྟན་པ་ལྟར་བོད་ཡུལ་འི་བཞིན་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་དབང་དུ་བྱས་ཁྱད་ཆོས་དམིགས་བསལ་ཅན་རེད་སྙམ་ལགས།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 12:10 pm

    དུས་བབ་ནང་གི
    ཀརྨ་རྡོ་རྗེ།
    ༢༠༡༣/༠༧/༠༤ ཉིན་འདོན་སྤེལ་བྱས།
    རྒྱལ་ནོར་བན་ཆེན།
    ཏང་གི་བན་ཆེན་རྒྱལ་མཚན་ནོར་བུ། །
    བུམ་དཀྲུགས་བན་ཆེན་བོང་སྤྲུལ། །

    ༸བསྟན་དགེ་༸པཎ་ཆེན།
    བོད་མིའི་པཎ་ཆེན་༸བསྟན་དགེ །
    ༸བཅུ་པའི་ཡང་སྲིད་འཁྲུལ་མེད། །

  20. ཐབས་ཇུས་ཅན says:
    2013-07-04 at 9:01 pm

    རྒྱ་ནག་གཞུང་གིས་པན་ཆེན་རིན་པོ་ཆེའི་ཡང་སྤྲུལ་དངོས་དང་ཁོང་ཚོས་མིང་བཏགས་པའི་པན་ཆེན་གཉིས་ཀ་བཙོན་ཁང་ལ་བཅུག་ཡོད་རེད་ཟེར་ན་མ་འགྲིགས་པ་མི་འདུག

  21. ཀརྡོ་གཉེར་ཕྱག་པ་ says:
    2013-07-05 at 1:01 am

    ཨེ་ཤི་ཡ་བོད་སྐད་སྡེ་ཚན་ཁང་ནས།
    རྒྱ་ནག་གི་པཎ་ཆེན་སྐུ་འབུམ་དགོན་པར་འབྱོར་ཡོད་པ།
    རྒྱ་ནག་གིས་ངོས་འཛིན་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་རྗེ་སྐུ་འབུམ་དགོན་པར་འབྱོར་འདུག
    ཀླུ་འབུམ་དང་ལྕགས་མོ་འཚོ།
    ༄༅༎དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཕྱི་ནང་གསང་གསུམ་གྱི་དམ་དྲག་གནས་སྟངས་འོག ཚེས་༢ཉིན་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་མདོ་སྨད་རྗེ་སྐུ་འབུམ་བྱམས་པ་གླིང་དུ་འབྱོར་ཡོད་པ་དང་། སྐབས་དེར་སྤྱིར་ས་གནས་ཡོངས་སུ་དམ་དྲག་ཆེན་པོ་ཡོད་པའི་ཐོག། སྐུ་འབུམ་དགོན་པ་དང་ཉེ་འཁོར་ནས་བསྡུ་སྐོང་བྱས་བའི་དགེ་འདུན་པ་ཚོ་ཚོགས་ལ་འགྲོ་ཁར་ཉེན་རྟོག་པ་དང་། སྤྱི་བདེ་མི་སྣས་ལུས་བཤེར་འཕྲུལ་ཆས་བཙུགས་ནས་གྲྭ་བ་རེ་རེ་བཞིན་ལུས་བཤེར་བྱེད་པ་སོགས་ཧ་ལམ་བྱུང་མ་མྱོང་བའི་དམ་དྲག་དོགས་ཟོན་བྱས་འདུག
    ད་དུང་ས་གནས་བོད་མི་ཞིག་གིས་བརྗོད་དོན། རྒྱལ་མཚན་ནོར་བུ་ལ་ཕེབས་བསུ་བྱེད་མཁན་བོད་མི་ནི་ཉིན་ཤས་སྔོན་ནས་བརྡ་བཏང་བ་དང་། སྐོང་འགུག་བྱས་པའི་བོད་མི་ཙམ་ལས་དད་སེམས་ཀྱིས་ཕེབས་མཁན་མེད་པར་འབྲེལ་ཡོད་ལས་བྱེད་དང་། དམག་གིས་དམ་དྲག་གི་ལས་དོན་སྤེལ་ཞོར་ཕེབས་བསུ་བྱས་སོང་ཟེར། ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁྱབ་བསྒྲགས་བྱས་པ་དང༌། ཉེན་སྔོན་ནས་གྲ་སྒྲིག་བྱས་པ་ལྟར། དགོན་པའི་དགེ་འདུན་པ་དང༌། ལས་བྱེད། སློབ་མ། ས་གནས་བོད་མི་ཚང་མས་མཉམ་འབྲེལ་ཐོག་ཕེབས་བསུ་ཟབ་རྒྱས་བྱེད་དགོས་པ་དང༌། ཉུང་མཐར་ཡང་མི་གྲངས་ཁྲི་གཅིག་ལྷག་འཛོམས་ཐུབ་པ་བྱེད་དགོས། ད་དུང་སྐབས་སོ་སོར་ཕེབས་བསུ་བའི་རྣམ་འགྱུར་ཡག་པོ་མ་སྟོན་ཚེ། ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
    སྐུ་འབུམ་བྱམས་པ་གླིང་ནི་དགེ་ལུགས་བསྟན་པའི་སྲོལ་བཏོན་མཁན་ནམ་༧གོང་ས་སྐུ་ཕྲེང་དང་པོ་དང་། པཎ་ཆེན་སྐུ་ཕྲེང་དང་པོའི་དགེ་རྒན། ཆོས་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཡིན་ལ། བོད་ཀྱི་གྲུབ་མཐའ་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་གཅིག་ཡིན་པ་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme