Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོང་སྒོ་འབོར་ཆེན་ཅན་གྱི་བོད་ཀྱི་ཐེབས་རྩ།

Posted on 2013-07-012013-07-01 By ཁ་བརྡ་ 7 Comments on ཡོང་སྒོ་འབོར་ཆེན་ཅན་གྱི་བོད་ཀྱི་ཐེབས་རྩ།

ལྷ་གསོན་པོ། 

ཟླ་འདིའི་ཚེས་༩ ཉིན་བོད་གནས་བསྐྱར་ཞིབ་ཀྱིས་བོད་ཀྱི་ཐེབས་རྩའི་འགན་འཛིན་གསར་པ་བསྐོ་བཞག་བྱས་པའི་གནས་ཚུལ་སྤེལ་འདུག  ༼གནས་ཚུལ་ཡོང་ཁུངས་སྦྲེལ་ཐག༽

གནས་ཚུལ་དེར་བཀོད་པ་ལྟར་ན། བོད་ཀྱི་ཐེབས་རྩས་ཟླ་བ་འདིའི་ཚེས་༧ ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ་འགན་འཛིན་(Executive Director)གསར་པ་ད་ལྟའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ལོ་འདིའི་ཟླ་བ་དགུ་པའི་ཚེས་གཅིག་ནས་འགན་འཁུར་བྱེད་པའི་བསྐོ་གཞག་ཟིན་པ་དེ་བསྒྲགས་ཡོད།  དེ་ཡང་ཞིབ་ཚགས་པོའི་ཐོག་ནས་འགན་འཛིན་གསར་པ་བཙལ་འཚོལ་བྱས་པ་དང་། དེ་བཞིན་འོས་མིའི་མིང་ཐོ་ཉུང་བསྡུ་དང་བཅར་འདྲི་བྱེད་པ་བཅས་བརྒྱུད་ནས་འགན་འཛིན་བཙལ་འཚོལ་ཚོགས་པས་སྤྱི་མོས་ཀྱི་ཐོག་ནས་སྐུ་ཞབས་བློ་བཟང་སྙན་གྲགས་ལགས་ནི་བོད་ཀྱི་ཐེབས་རྩའི་ལས་དོན་དང་དམིགས་ཡུལ་རྩོལ་སྒྲུབ་བྱེད་པ་ལ་འོས་མཚམས་ཆེ་བར་མོས་མཐུན་བྱས་པ་ཡིན་ཞེས་འཁོད་འདུག  (After a thorough search, short-list and interview process, the Search Committee and the Board unanimously agreed that Mr. Nyandak was ideally suited to move the mission and work of The Tibet Fund forward.)

བོད་ཀྱི་ཐེབས་རྩའི་དྲ་རྒྱའི་ཐོག་ལོ་རེའི་དཔལ་འབྱོར་གནས་ཚུལ་ཨ་རིའི་གཞུང་ལ་རྩིས་ཁྲ་བཏང་བ་བཀོད་པ་ལྟར་ན། ༼གནས་ཚུལ་ཡོང་ཁུངས་སྦྲེ་ཐག༽

༢༠༡༡-༡༢ ལོར་གཙོ་འཛིན་རིན་ཆེན་ཐར་ལོ་ལགས་ཀྱིས་ཨ་སྒོར་འབུམ་གཅིག་ལ་ཉེ་བ་ (༩༧༩༤༦)  ཙམ་བཟོས་ཡོད་པ་དང་། འགན་འཛིན་སྐུ་ཞབས་Robyn Brentano  ལགས་ཀྱིས་ཨ་སྒོར་འབུམ་གཅིག་དང་ཁྲི་གཉིས་ལྷག་ཙམ་ (༡༢༤༡༧༩) ཙམ་བཟོས་འདུག  བོད་ཀྱི་ཐེབས་རྩའི་སྤྱི་བསྒྲགས་ཡིག་ཆ་དག་ལྟར་ན།  ཐེབས་རྩ་འདིའི་ལོ་རེའི་འཁོར་བསྐྱོད་བྱེད་པའི་དངུལ་འབབ་ནི་ཨ་སྒོར་ས་ཡ་དྲུག་ནས་བརྒྱད་བར་ཡིན་པ་དང་། ལོ་རེའི་གྲོན་དངུལ་གྱི་བརྒྱ་ཆ་ ༩༢ ནི་ལས་འཆར་སྣ་ཚོགས་ཐོག་བཏང་ཡོད་པ་དང་། བརྒྱ་ཆ་བཞི་ནི་འཛིན་སྐྱོང་དང་། བརྒྱ་ཆ་བཞི་ནི་དངུལ་འབབ་བསྡུ་ལེན་ཐོག་བཏང་ཡོད་པ་རེད་འདུག

 

འགན་འཛིན་གསར་པ་བཙལ་འཚོལ་གྱི་ལས་རིམ་དེ་དུས་ནམ་ཞིག་ལ་མགོ་བཙུགས་པ་དང་། དེ་ནས་རིམ་གྱིས་འོས་མི་སུ་དང་སུ་ཞེས་པ་ལ་འབྲེལ་གཏུགས་བྱས་པ། དེ་ནས་ཚོགས་ཆུང་ཁོངས་གཏོགས་ལ་མི་སུ་དང་སུ་ཞེས་བྱ་བ་ཡོད་པ་སོགས་ལ་གསལ་ཆ་མི་འདུག  ཐེབས་རྩའི་དྲ་རྒྱའི་ནང་འཁོད་པ་ལྟར་ན། འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་ཚོགས་མི་ ༡༥ ཡོད་པ་དང་།  མིང་ལ་བརྟགས་ན་བོད་མི་ཡིན་པའི་གྲས་སུ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། དགེ་ལེགས་རིན་པོ་ཆེ། གླང་རི་ཐུབ་བསྟན་སྦྱིན་པ། ཚེ་དབང་རྣམ་རྒྱལ། གཡུ་སྒྲོན་དོན་ལྡན། རིན་ཆེན་ཐར་ལོ་བཅས་མི་ ༧ ཡོད་པ་དང་། གཞན་བརྒྱད་ནི་ཕྱི་རྒྱལ་བ་རེད་འདུག

 

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་བོད་ཀྱི་ཐེབས་རྩའི་འགན་འཛིན་ཆགས་རྒྱུ་ཡིན་པའི་ཉིན་མོ་སྟེ་ཟླ་༩ ཚེས་གཅིག་ཉིན་ཏག་ཏག་ལ་དོན་གཅོད་གསར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ལས་ཀ་དངོས་སུ་དབུ་འཛུགས་རྒྱུ་ཡིན་འདུག ༼གནས་ཚུལ་ཡོང་ཁུངས་སྦྲེལ་ཐག༽ 

བོད་ཀྱི་ཐེབས་རྩ་ཞེས་པའི་ཚོགས་པ་འདི་ནི་ ༡༩༨༡ ལོར་གསར་འཛུགས་བྱས་ཡོད་འདུག་ལ།  ཚོགས་པ་འདིའི་དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱི་སྙན་ཐོ་དྲ་རྒྱ་འདིའི་ཐོག་བཀོད་འདུག  ༼གནས་ཚུལ་ཡོང་ཁུངས་སྦྲེལ་ཐག༽

 

ཚོགས་པ་འདི་དང་འདྲ་བ་གང་ཡིན་ཡང་། དངུལ་འབོར་ཞལ་འདེབས་སློང་བ་བརྒྱུད་ནས་བོད་ཀྱི་སྡེ་ཁག་དག་ལ་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད་ལ། བོད་ཀྱི་ཐེབས་རྩས་ཀྱང་བཙན་བྱོལ་བོད་མི་རྣམས་ལ་རོགས་པ་དང་། བོད་ཀྱི་བང་ཆེན་སོགས་གསར་འགྱུར་བརྒྱུད་ལམ་ལ་རོགས་པ་བྱས་པ་སོགས་ཀྱི་ཐོ་ཚོགས་པ་དེའི་དྲ་རྒྱ་ན་བཀོད་འདུག  འོན་ཀྱང་མི་འདྲ་ས་ཞིག་ནི་དྲ་རྒྱ་འདིའི་མགོ་ན་༧རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་སྤེལ་བའི་སློང་ཡིག་ཅིག་བཀོད་ཡོད་པ་དེ་རེད།༧རྒྱལ་བ་རིན་པོ་ཆེ་ནི་ཞི་བདེའི་དེད་དཔོན་ཞིག་དང་བོད་དང་བོད་མིའི་ངོ་བོ་མཚོན་པའི་ཡིད་བཞིན་གྱི་ནོར་བུ་དེ་ཡིན་སྟབས། ཁོང་གི་མཚན་སྤྱད་ནས་སློང་ཡིག་བྲིས་ན་ཞལ་འདེབས་ལ་དཀའ་ངལ་མེད་པ་ཡང་མངོན་གསལ་རེད།   སློང་ཡིག་དེ་གཤམ་གསལ་ལྟར་འཁོད་པ་འདི་རེད།

A MESSAGE FROM HIS HOLINESS THE 14TH DALAI LAMA

 

The Tibetan people are grateful for the place they hold in the hearts and minds of so many people around the world. Were it not for our community in exile, so generously supported by individuals, organizations and governments, our nation would be little more than a shattered remnant of a people…our culture, religion and national identity effectively eliminated.

 

Over the past 30 years, The Tibet Fund has worked closely with our Central Tibetan Administration in Dharamsala to meet the needs of the Tibetan community. The Tibet Fund has raised millions of dollars to help our people to build schools and provide housing and infrastructure, health care and education to the Tibetan community, in exile and in Tibet. The Tibet Fund has also provided resources to strengthen cultural institutions and projects that are essential for the preservation of our cultural heritage, the very seed of our civilization.

 

While Tibet needs the compassion of the world community to survive, we cannot hope through mere words to convince the world of Tibet’s value. We must set an example by our own practice. We are hard at work creating a modern society and democratic institutions based on the values of compassion, nonviolence and justice. Our communities are striving for self-sufficiency and self-determination.

 

I would like to express my gratitude to all the friends who have generously contributed to The Tibet Fund over the years, with the hope that you will continue to support us until our difficulties have been finally and justly resolved.

 

—His Holiness the 14th Dalai Lama

 

བློ་བཟང་སྙན་གྲགས་ལགས་ལ་མཚོན་ན་ཐོག་མར་བོད་ཀྱི་གཞོན་ནུའི་ཚོགས་གཞོན་གནང་བ་དང་། དེ་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཀྱི་འགན་འཛིན་དང་། སྤྱི་འཐུས། བཀའ་བློན་བཅས་གནང་བ་སོགས་ཉམས་མྱོང་ཧ་ཅང་ཆེན་པོ་རེད།  འོན་ཀྱང་རྙོག་དྲ་མེད་པ་དེ་འདྲ་ཡང་མ་རེད།  ཟམ་གདོང་རིན་པོ་ཆེ་སྐབས་གཉིས་པའི་བཀའ་བློན་ཁྲི་པ་གནང་སྐབས་བློ་བཟང་སྙན་གྲགས་ལགས་བཀའ་བློན་དུ་འོས་འདོན་བྱས་མོད་སྤྱི་འཐུས་ཀྱིས་འོས་ཤོག་འཕངས་སྐབས་འོས་གྲངས་མ་འདངས་ནས་བཀའ་བློན་ལ་ཕེབས་ཐུབ་ཡོད་པ་མ་རེད།  འོན་ཀྱང་ཐེངས་འདི་ལ་ཁོང་ཐེབས་རྩའི་འགན་འཛིན་དུ་ཕེབས་པ་ནི་འོས་ཆོས་ཁོ་ན་ལ་བརྟེན་ནས་ཡིན་པའི་ཡིད་ཆེས་བྱེད་རྒྱུ་ཡིན།  དེ་དང་མཉམ་དུ་ཞུ་རྒྱུ་ཞིག་ནི་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་ཀྱི་མཚན་གནས་སྤྱད་ནས་ཞལ་འདེབས་སློང་མཁན་གྱི་ཚོགས་པ་འདིའི་གྲས་ནས་མ་འོངས་པ་ལ་ཧ་ཅང་གཟབ་གཟབ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། སྡུག་མཐའ་ནས་བཤད་ན་དཔེར་ན་ལྐོག་འབྲེལ་ལ་བརྟེན་ནས་གྲོགས་པོ་ནང་ཁུལ་ལ་ལས་ཀ་སྤྲོད་རེས་དང་ལས་སྣེ་བརྗེ་རེས་མ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། གལ་སྲིད་དེ་འདྲ་ཞིག་བྱས་ཡོད་ཚེ། ༧རྒྱལ་བ་རིན་པོ་ཆེའི་ཞལ་རས་གསོན་པོ་ལ་ཅི་ལྟར་མཇལ་རྒྱུ་ཡིན། ལས་རྒྱུ་འབྲས་ཟེར་བ་དེ་ཡང་འཁོར་ཡོང་གི་རེད། བོད་མི་དམངས་ཀྱང་ཤེས་ཚད་སྐྱོ་པོ་མ་རེད་ལ་ཚང་མ་ཤེས་ཐུབ་ཀྱི་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན།

སྣ་ཚོགས།

Post navigation

Previous Post: དཔྱད་ཡིག་ཐོར་བུ། ༼འབྲོམ་སྟོན་གྱིས་ས་ཡི་ས་ག་ལ་བོད་ཀྱི་ས་བཅད་སྐོར་དྲི་ལན་དུ་མཛད་པ།༽
Next Post: ང་ཚོའི་ཞེན་པ།

Comments (7) on “ཡོང་སྒོ་འབོར་ཆེན་ཅན་གྱི་བོད་ཀྱི་ཐེབས་རྩ།”

  1. ཏི་སེ་བ། says:
    2013-07-01 at 9:01 am

    འོ་རེད། གནས་ཚུལ་དེ་ལ་བསམ་ཚུལ་ཞིག་འདོན་ན་བོད་ཀྱི་ཐེབས་རྩ་ཞེས་པའི་སྤྱི་ལོ༡༩༨༡ལོར་དབུ་འཛུགས་གནང་བའི་གཏམ་འདི་འཁོད་པ་བརྟེན། དེ་ལྟར་བུའི་ཚོགས་པ་ནི་བོད་ཀྱི་དཀའ་ངལ་སོགས་ཀྱི་སེལ་བྱེད་ཐབས་ལམ་ཞིག་ཡིན་པ་རེད། ཚོགས་པ་དེའི་དངུལ་ཡོང་འབབ་ཨ་སྒོར་ས་ཡ་དྲུག་ནས་བརྒྱད་བར་ཡིན་པར་སྒྲོན་སྦྱང་གནང་བ་ལྟར་དེ་འདྲའི་ཡོང་འབབ་དེ་ཚོགས་པ་དབུ་བརྙེན་ནས་ད་བར་རྒྱུན་དུ་སོང་སྡད་པ་ཞིག་རེད་དམ། འོ་ན་གནས་ཚུལ་གཞན་ཞིག་ཡོག་རེད། ཡོང་འབབ་སྒོར་ནི་འགྲོ་སོང་གཏོང་ཕྱོགས་ཐད་ཀྱི་གནས་རགས་ཙམ་ལས་མ་གསུང་སྟབས་དོགས་པ་མང་པོ་ཞིག་ལངས་ཡོད་པ་འདྲ། འགྲོ་སོང་གཏོང་ཐད་གསལ་བཤད་རྒྱས་པོ་ཞིག་གནང་དགོས་ནི་ཚོགས་པ་དེའི་འོན་འགན་ཞིག་རེད་དྲན་སྡད་ཡོད། བོད་མི་མང་སུ་དང་སུ་ཡིན་རྒྱབ་སྐྱབས་ཚོགས་པ་ཁག་གི་ཡོང་འབབ་སྒོར་ལ་དོགས་པ་ཡོད་དང་ཡོད་བཞིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་མི་ཡི་དོགས་པ་སེལ་ཡ་དེ་གལ་ཆེན་པོ་ཞིག་མཐོང་གི་ཡོད།

  2. བློ་བཟང་ཡེ་ཤེས། says:
    2013-07-01 at 5:14 pm

    ཨོ་ད་ཡིན་ན་བློ་བཟང་སྙན་གྲགས་ཀྱི་རླུང་རྟ་རྒྱུགས་བཞག་ནི་རེད།   ཁོ་ཨ་རིའི་དོན་གཅོད་ཡིན་པའི་སྐབས་སུ་ཡང་ལྐོག་བཟའ་བྱས་པའི་ལོ་རྒྱུས་ཡོངས་གྲགས་ཆགས་ཡོད་པ་རེད།   ད་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ཆགས་ན།   ཁོ་ལ་ལྐོག་བཟའ་བྱེད་རྒྱུའི་གོ་སྐབས་དངོས་སུ་སྤྲད་པ་རེད།   ངོ་མ་ཡ་མ་ཚན་རེད།   ཁྲམ་པ་ལ་གཏང་རག    སྤྱང་ཁུ་ལ་རྣ་ཚར།   ཟེར་བའི་གཏམ་དཔེ་དེ་ཅིས་མ་བདེན།  

  3. དྲ་གཉིད་ says:
    2013-07-01 at 6:30 pm

    དེ་བས་ཡ་མཚན་ཞིག་ཨ་རིའི་དོན་གཅོད་གསར་པ་དེ་རེད་འདུག་ཚང་མས་དཔྱད་པ་བྱ་དགོས་འདུག།།

  4. སྟག་སྨྱོན། says:
    2018-02-19 at 6:03 am

    འདི་ན་ལོ་འགའ་ཤས་ཀྱི་གོང་ནས་ཨ་རིའི་བོད་ཀྱི་ཐེབས་རྩ་དང་འབྲེལ་བའི་དོགས་སློང་དང་ཉེན་བརྡ་གསལ་པོ་བཏང་འདུག སྔོན་བརྡ་འདི་ད་ལམ་དངོས་སུ་བྱུང་བ་རེད། ཡོང་འབབ་ཆེ་སའི་ཐེབས་རྩ་ཁང་འདི་བློ་སེང་དང་མི་རྒན་པད་མ་ཆོས་འབྱོར་དང་སྐལ་རྡོར་དང་བློ་སྙན་བཞིས་བློས་མ་ཐོངས་པར་་བདག་ཉར་དང་དམ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་མི་མང་གིས་མཁྱེན་པའི་ཐོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལ་བདག་པོ་ཡག་པ་བརྒྱག་རོགས། མང་ཚོགས་ཀྱི་ནང་ལ་ཆོལ་ཁའི་འཐེན་ཁྱེར་གྱི་རྣམ་པ་ཆགས་ཡོད་ཀྱང་། མཐོ་རིམ་ཆབ་སྲིད་པའི་བར་ལ་དཔལ་འབྱོར་རྐུ་འཕྲོག་དང་ལས་གནས་ཧབ་ཐོབ་ཀྱི་འགྲན་རྩོད་ཆགས་ཡོད། སྲིད་སྐྱོང་ལ་མཚོན་ལ་ཆོལ་ཁ་ནི་ཕྱི་འགལ་ཟླ་ཡིན་ལ། དཔལ་འབྱོར་དང་གོ་གནས་གཉིས་ནང་གི་རྩོད་པ་དིག་དིག་དེ་ཆགས་ཡོད། བློ་སེང་གིས་ཐེབས་རྩ་འདིའི་་ཆེད་དུ་མི་གསོད་དགོས་ན་བྱེད་སྲིད་པ་རེད།

  5. ཀརྡོ་རབ་འབྱམས་པ་ says:
    2018-02-19 at 8:12 am

    ་་་་་་་་ མཐོ་རིམ་ཆབ་སྲིད་པའི་བར་ལ་དཔལ་འབྱོར་རྐུ་འཕྲོག་དང་ལས་གནས་ཧབ་ཐོབ་ཀྱི་འགྲན་རྩོད་ཆགས་ཡོད། ་་་་་་་་་་ ཟེར།

  6. ཀརྡོ་རབ་འབྱམས་པ་ says:
    2018-02-19 at 8:13 am

    ་་་་་་་་་་ བློ་སེང་གིས་ཐེབས་རྩ་འདིའི་་ཆེད་དུ་མི་གསོད་དགོས་ན་བྱེད་སྲིད་པ་རེད། ་་་་་་་་ ཟེར།

  7. ཀརྡོ་རབ་འབྱམས་པ་ says:
    2018-02-19 at 8:15 am

    ད། ས་ཡ་གཅིག་དང་ཕྱེད་ཀ་དང་། སྤེན་ཚེ་དང་བློ་སེང་གི རྙོག་གླེང་སྐོར་ལ་ཉན་འདོད་མི་འདུག་ཀྱང་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme