Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ནམ་ཡང་ལངས་དགོས།

Posted on 2013-06-302013-06-30 By ཁ་བརྡ་ 19 Comments on ཁྱེད་ནམ་ཡང་ལངས་དགོས།

རྔ་བ་ཀུན་བཟང་སྒྲོལ་མ།

—ན་གཞོན་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོའི་ངོར་བྲིས།

རྒྱང་རིང་ས་མཐའི་ཡུལ་གྱི་བུ་མོ་ངས།།
མི་བཟང་གཏམ་ངན་ཐོས་ནས་སྐྱོ་མོད་ཀྱང་།།
སྒེར་གཅོད་རང་ལུགས་བཙན་པོའི་ལག་འོག་ནས།།
ནམ་ཡང་ལངས་དགོས་གངས་རིའི་དཔའ་བོ་ཁྱེད།།

ལེ་དབར་ཁྲི་ཕྲག་བརྒལ་བའི་ཕ་རོལ་ནས།།
ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཁྱེད།།
མཁས་པའི་ཞུམ་མེད་སྙིང་སྟོབས་ལ་རྒྱ་མཁན།།
འཆད་རྩོད་རྩོམ་པའི་རང་སྒྲ་དྲན་བཞིན་ཡོད།།

སྡེ་ཆེན་མི་ཁའི་ཁྲོད་ནས་ཕམ་ཀྱང་རུང་།།
རྩོམ་པའི་རང་དབང་སྒྲོག་ནས་སྡུག་ཀྱང་རུང་།།
སྔར་མེད་བློ་སྟོབས་སྐྱེས་ནས་སྨྱུག་ཁ་བརྡར།།
ཁྲེལ་མེད་སྒེར་གཅོད་ཅན་ཚོར་སྐྲག་ཅི་དགོས།།

ཕམ་པའི་རྒྱལ་ཁ་ལེན་དགོས་སྙིང་སྟོབས་ཅན།།
སྒེར་གཅོད་རང་ལུགས་གཏོར་དགོས་གསར་གཏོད་པ།།
རྩོམ་པའི་ཆུ་མོ་བཞུར་དང་སྙན་ངག་པ།།
ཆོས་དང་འཇིག་རྟེན་གླེང་བ་ཁ་བའི་རྒྱན།།

བསམ་མེད་ལྟ་བ་ངན་པའི་མི་བུ་འགས།།
ཁྱོད་ཀྱི་བྱ་བཞག་རིན་ཆེན་གཏོར་ཀྱང་རུང་།།
ཨ་མའི་བུ་ཡི་སྙིང་རུས་བསྐྱེད་དང་བུ།།
དུས་ཀྱིས་སྐད་ཆ་བཤད་ངེས་ཐུགས་ལ་ཟུངས།།

ཀླད་རྙིང་ལྟ་བ་ངན་པའི་ཐུ་འོག་ནས།།
ཁྱོད་ལ་དམོད་པའི་སྐད་ཆ་མང་ནའང་།།
བདེན་དང་དྲང་མོར་དུངས་པའི་བྱེས་སྡོད་ཚོས།།
ཁྱོད་ཀྱི་མ་འོངས་བདེ་སྐྱིད་བསུ་ངེས་ལགས།།

༢༠༡༣ ༦ ༣༠ དགོང་མོར་བྲིས།

རྩོམ་རིག

Post navigation

Previous Post: སྤྲུལ་སྐུ་ཡིན་མིན་དྲིས་པ་ལ་ལན་དུ་སྤྲིངས་པ།
Next Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌།

Comments (19) on “ཁྱེད་ནམ་ཡང་ལངས་དགོས།”

  1. ཅོ་རི་ཉི་མ། says:
    2013-06-30 at 6:28 pm

    ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
    སྒེར་གཅོད་མདུན་དུ་པུས་མོ་མི་བཙུགས་པའི།
    བདེན་སྐྱོང་སྙིང་སྟོབས་ཅན་གྱི་ཕོ་རབ་ཚོ།
    ས་ཕྱོགས་གང་དུ་ཡོད་ན་དེ་ལ་གུས།།

  2. བསམ་གཏན་སྒྲོལ་མ། says:
    2013-06-30 at 10:20 pm

    གྲགས་འབྱོར་རླུང་གིས་བདས་པའི་ཤིང་ལོ་ལ།།
    ཆོ་ངེ་མཆི་མ་བསྒུལ་ནས་མ་ངུ་རོགས།།
    ཆོས་ཁྲིམས་གསེར་གྱི་འཁོར་ལོ་ལས་བརྒལ་བའི།།
    བསྟན་བཤིག་དུས་ཀྱིས་རྒྱང་ཕུད་བཏང་བ་བཟང་།།

    གདན་ས་ཆེན་པོའི་ཆོས་སྲིད་དཔལ་འབྱོར་ལ།།
    གནོད་པའི་ཕུང་གྲོལ་དེ་རྣམས་དགོན་མཐའ་ཉུལ།།
    ལྷངས་འཇགས་དུས་ཀྱི་དགེ་སེམས་དཀྲོགས་པའི་གཤེད།།
    ཁྱི་ཡི་ཀུ་ཅོ་གཏོར་མས་བཟློག་པར་མཛོད།།

  3. འཇམ་གཅེས says:
    2013-07-01 at 12:44 am

    ཡིན་རིང་འབད་པར་བགྱིས་པའི་རྣམ་དཔྱོད་དེ། །
    ཕྱིན་ཅི་ལོག་ཏུ་སྤྱོད་པའི་མགོ་རིལ་ཁྱོད། །
    རྔ་ཡུལ་ཀུ་ཏི་རིགས་པའི་གླིང་ཆེན་ཡི། །
    འདུ་ཁྲིམས་ཆད་བསོད་མཁན་ཁྱོད་བསྟན་པའི་དགྲ །

    གསར་སྟོད་ཁ་ལ་ཁྱེར་བཞིན་རྙིང་སྲོལ་ལ། །
    བདུད་ཀྱི་ཆོལ་འཕྲུལ་འཛིན་མཁན་དམ་ལོག་ཁྱོད། །
    དེད་དམ་འོ་མའི་རྒྱ་མཚོ་ཆེན་པོའི་ནང། །
    ཁྲག་གི་ཐིགས་པ་བསྲེས་མཁན་དམ་སྲི་ཁྱོད། །

    དེང་ནས་བཟུང་ཏེ་ཇི་སྲིད་འཚོ་བའི་བར། །
    དམ་ཆོས་ཞག་རྩི་རྡུལམེད་པ་དང་། །
    འཇིག་རྟེན་མི་ཆོས་གཙང་མའི་དྲི་མ་ཙམ། །
    མེད་པའི་མི་ངན་འདིའི་རིགས་ཀུན་གྱིས་གཟོབ། །

  4. འཇམ་གཅེས says:
    2013-07-01 at 1:13 am

    དགོངས་སེལ་ཞུ་རྒྱུར་ཀི་ཏི་ཞེས་པ་དེ་་་་་ཀིརྟི་ལ་བཅོས་གནང་རོགས་་་་་་་་

  5. སྙིང་དཀར། says:
    2013-07-01 at 4:11 am

    སྒོ་ཤེར་ཁོ་ནི་རྩོམ་པ་པོ་བོད་མི་ན་གཞོན་ཤེས་ཡོན་པའི་གྲས་ཤིག་ཡིན་མོད། འོན་ཀྱང་སྒོ་ཤེར་ཁོ་ཆུང་དུས་ནས་འཚར་ལོངས་དང་རང་རྒྱུད་ལ་ཤེས་ཡོན་གྱི་རྐང་འབྱུང་སའི་རྔ་པ་ཀིརྟིའི་དགོན་གྱི་ཁ་གཏད་དུ་ལངས་ཏེ་རྩོམ་ཉོག་མང་དུ་སྤེལ་བ་མཐོང་ཐོས་བྱུང་དུས་ཁོའི་བྱེད་སྟངས་ལ་བློ་ཕམ་བྱུང་སོང་། སྒོ་ཤེར་རང་ཉིད་ཀྱིས་སློབ་སྦྱོང་གང་འཚམ་ཐོབ་པའི་དོན་དེ་ནང་གི་དགྲ་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་དང་། ཕྱིའི་དགྲ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། ལྷག་ཏུ་རྔ་པ་ཀིརྟི་དགོན་ཆེན་བཅས་རྩ་མེད་དུ་གཏོང་འཆར་ཡོད་པའི་རྒྱ་ནག་གུང་ཁྲན་གཞུང་གི་ཁ་གཏད་དུ་མི་ལངས་པར། རང་གི་དགེ་བའི་བཤེས་གཉེན་དང་དགོན་སྡེ་འདིའི་མཁན་བླ་སྤྲུལ་དགེ་འདུན་པའི་སྡེ་འདི་འདྲ་ཞིག་ལ་ངན་སྨྲས་དང། དགེ་འདུན་དབྱེན་དཀྲུག་གི་ལས་ངན་ཚབས་པོ་ཆེ་བསགས་པའི་ཚུལ་འདི་ནི། གཡོ་ཅན་ཝ་མོ་ལྟ་བུ་ཡིས། །རང་དོན་ངན་པ་ཁོག་ལ་བཅུག །གཞན་དོན་ཡིན་ཞེས་ཐམས་ཅད་དཀྲོག །ཅེས་པའི་དཔེ་ལས་མ་འདས་ནའང་འདི་ལ་བསམ་བློ་ཟུར་ཙམ་ཡང་མི་གཏོང་བ་དང་། ལྷག་པར་དུ་ཚོགས་སྡེ་དང་སྒྲིག་འཛུགས་གང་ཞིག་ཏུ་གནས་ན་དེའི་ཁྲིམས་དང་སྒྲིག་གཞི་ལ་བརྩི་བཀུར་བྱེད་དགོས་པ་ནི། གནའ་མི་བོད་ཀྱི་གཏམ་དཔེར། ཡར་ལུང་སྟོད་ལ་བསྡད་ན། ཡར་ལྷ་ཤམ་པོ་བསྟོད་དགོས། ཞེས་པའི་རྒྱུན་ཤེས་ཙམ་ཡང་མ་ཤེས་པའི་སྐྱོན་སྒོ་ཤེར་ལ་རང་བཞིན་གྱིས་འབབ་པ་སོགས་གཟུར་གནས་བློ་ལྡན་མང་པོས་མཁྱེན་གསལ་ལྟར་རེད།
    སྤྱིར་བཏང་རྒྱ་ཆེའི་མང་ཚོགས་ཀྱི་མིག་མདུན་དུ་སྐད་ཆ་དང་ཟུར་མཆན་སོགས་གང་ཞིག་བཀོད་ནའང་བསམ་མེད་དྲྭ་འབུ་ཚོ་དང་མི་འདྲ་བར་རང་ཉིད་ཀྱིས་འགན་ཞིག་འཁུར་དགོས་དུས། འདིའི་ཐད་ལ་རྒྱུས་ལོན་དང་ཞིབ་འཇུག་ཅུང་བྱས་པ་ཡིན། སྒོ་ཤེར་ཁ་གཏད་དུ་ལངས་ཏེ་སྐུར་འདེབས་སྣ་ཚོགས་བྱེད་ཡུལ་གྱི་རྔ་པ་ཀིརྟི་དགོན་གྱི་ཤེས་ཡོན་འགན་འཛིན་ཚོགས་ཆུང་གི་མི་སྣའི་གྲུབ་ཆ་ནི། སྒོ་ཤེར་ཁོ་རང་གི་དགེ་བའི་བཤེས་གཉེན་ཚུད་པའི་རྔ་པ་ཀིརྟིའི་དགོན་ཆེན་གྱི་གྲྭ་ཚང་བཞི་གའི་མཁན་པོ་རྣམ་པ་བཞི་དང་། གྲྭ་ཉིས་སྟོང་བདུན་བརྒྱ་ལྷག་གིས་འོས་ཤོག་གི་ལམ་ནས་འདེམས་ཐོན་བྱུང་བའི་དགེ་བཤེས་ལྷ་རམས་དང་དཔེ་ཁྲིད་དགེ་རྒན་ཤ་སྟག་ཡིན་ཞིང་། འོས་གཞིའི་ནང་སྒོ་ཤེར་རང་ཉིད་ཀྱང་ཡོད་ནའང་དེའི་ནང་འདེམས་ཐོན་མ་བྱུང་བ་དེས་དོན་དངོས་ཐོག་གྲྭ་མང་གིས་སྒོ་ཤེར་ལ་མཐོང་ཅི་ཙམ་སྤྲད་ཡོད་མེད་ཀྱང་གང་འཚམ་ཚོད་དཔག་བྱེད་ཐུབ།
    ང་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ཐད་ནས་བོད་རྒྱ་ཆེའི་མི་མང་ལ་དྲན་བསྐུལ་ཞིག་བྱེད་རྒྱུ་ཡོད་པ་ནི། བོད་གངས་རིའི་ལྗོངས་ཀྱི་ཆོས་དང་རིག་གནས་ཀྱི་རྒྱུན་འཛིན་རྨད་དུ་བྱུང་བ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། རྭ་རྒྱ་ཤེས་རིག་སློབ་གླིང་དེ་དག་གི་ནང་དུའང་ད་ལམ་གྱི་འདི་འདྲ་བའི་དཀྲུག་ཤིང་དང་དཀའ་ངལ་རབས་དང་རིམ་པ་བྱུང་བ་བཞིན་ད་ལྟ་རྔ་པ་ཀིརྟིའི་དགོན་དུའང་དེ་མཚུངས་བྱུང་ཡོད། འདི་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ན་ཉིད་དུ་ཟད་པས་བོད་མི་སྤྱི་བོ་གནམ་བསྟན་ ཡོངས་ཀྱིས་ཕྱིན་ཆད་འདི་རིགས་མི་འབྱུང་བའི་ཐབས་ལ་འབད་དགོས་པའི་རེ་གསོལ་ཞིག་ཀྱང་ཞོར་དུ་ཞུ་འདོད་བྱུང་།

  6. ཨོ་རྒྱན་ཉི་མ། says:
    2013-07-01 at 4:15 am

    ངེས་དོན་ཁོ་ནར་ཞེན་ན་ལྐུགས་པ་ཡིན།།
    དྲང་དོན་འབའ་ཞིག་གཉེར་ན་བཅོལ་ཆུང་ཡིན།།
    དེ་ཕྱིར་གཉིས་ཀའི་མཐའ་འདི་རབ་སྤངས་ཏེ།།
    དགག་དགོས་ཡུལ་དུས་བསྟུན་པ་གལ་གྱི་མདོ།།

  7. བློ་བཟང་། says:
    2013-07-01 at 7:36 am

    སྤྱིར་ཡིན་ན་སྒོ་ཤེས་རབ་རྒྱ་མཚོའི་སྐོར་བཤད་དགོས་པ་མི་འདུག་ཀྱང་དྲ་ཐོག་མང་པོ་ཞིག་ལ་དེའི་སྐོར་གླེང་བཞིན་འདུག་མང་པོ་ཞིག་གི་དགོན་པ་གྲྭ་ཚང་གི་སྤྱིའི་འདུལ་བཅས་ཁྲིམས་དང་ནང་དགེ་འདུན་གྱི་ནང་ཁྲིམས་སོགས་མང་པོ་ཞིག་ཡོད་པ་དེ་མ་ཤེས་པར་རི་བོང་ཅལ་འདྲོགས་ཟེར་ལྟར་བྱེད་ཀྱི་ཡོད་པས་དེའི་སྐོར་ཅུང་བཤད་བསམ་བྱུང་། སྤྱིར་མི་སྒེར་སོ་སོ་ཚོགས་པ་དེའི་ནང་ལ་ཞུགས་མི་ཞུགས་འདོད་པ་རེད་ཞུགས་པའི་རྗེས་ནས་ཚོགས་པ་དེའི་འགྲིགས་ལམ་ཁུལ་མ་ཐུབ་ན་རང་ཉིད་དེའི་ནང་ཐོབ་པའམ་ཆད་པ་ཁུལ་དགོས་པ་ཚོགས་པ་ཐམས་ཅད་ཀྱི་འགྲོལ་ཚུལ་རེད། རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མཐུན་དགོས་ཟེར་བ་བཞིན་རེ། དགོན་པའི་ཁྲིམས་དེ་འདྲ་འཇོག་དགོས་པ་དགེ་འདུན་པ་ནང་ཐུགས་མཐུན་པ་དང་དགོན་པའི་མཚན་དོན་སོགས་མང་པོ་ཞིག་ལ་འབྲེལ་བ་ཆགས་འདུག་པས་སྟོང་བཤད་མང་པོ་མ་བྱེད་རོགས། སྒོ་ཤེས་རང་ཉིད་ལ་རྣམ་དཔྱོད་ཀྱི་རྩལ་ཡོད་ན་དགེ་འདུན་འགྲིགས་འོག་སངས་རྒྱས་ཟེར་བ་བཞིན་དགོན་པ་གྲྭ་ཚང་གི་ཁྲིམས་འགྲིགས་ལམ་ཁུལ་ནས་བྱ་བ་རྒྱ་ཆེན་པོ་སྒྲུབ་ན་དེ་སྒྲུབ་རྒྱུ་ཡོད་པ་རེ། སྤྱིར་སྒོ་ཤེར་དགོན་པའི་ནང་ནས་ཕྱིར་ཕུད་པ་དེ་ཡག་པོ་རེ། དགེ་འདུན་ནང་དཀྲུགས་བྱས་ན་སྡུག་པ་ཚབ་ཆེན་པོ་རེད།

  8. རྔ་བ་ཀུན་བཟང་། says:
    2013-07-01 at 10:20 am

    ཁྲག་དམར་ལུང་གསུམ་མདོ་ནས་ཤོར་ཀྱང་རུང་།།
    ཁྲིམས་གསར་མི་ཁའི་འཕྲོད་ནས་གཏོར་ཡང་ཆོག།།
    ཤེས་རིག་ཡོན་ཏན་སྨྲ་བའི་དམ་པ་ཁོང་།།
    ཁ་བའི་རྒྱུན་ཆ་ཡིན་པ་སེམས་ནས་ཟུངས།།

    ཁྱེད་ཚོ་ལྟ་བ་ལེགས་པས་བྲིས་ནོ་བཟང་།།
    ཁྱེད་ཚོས་བསམ་བློ་བཏང་ནས་བཤད་ན་ཆོག།།
    འོན་ཀྱང་ཤེས་རིག་སྨྲ་བའི་དམ་པ་ཁོང་།།
    ཁྲེལ་མེད་མནར་གཅོད་འོག་ནས་ཕམ་ནོ་སྐྱོ།།

  9. ཨོ་རྒྱན་ཉི་མ། says:
    2013-07-01 at 1:36 pm

    ང་ཚོ་ཉིན་རྟག་པར་སད་བཞིན་ཡོད།
    མཚམས་རེར་མཚན་ལ་ཡང་སད་སྲིད།

  10. སྒོ་དམུ་རྒོད། says:
    2013-07-01 at 9:54 pm

    སྒོ་སྔུན་ཚང་གི་བུ་ཤེར་རབ་ནི། རྣམ་དཔྱོད་ཆེ་བ་ཞིག་ཡིན། སྤྱི་ཚོགས་ལ་མཁོ་བ་ཞིག་ཡིན། དེ་བཞིན་ཀིརྟི་དགོན་ལ་མཁོ་བ་ཞིག་ཡིན། འོན་ཀྱང་སྤྱི་ཚོགས་གང་ཡིན་ཡང་བཅའ་ཁྲིམས་ཡོད་དགོས། དགེ་འདུན་པའི་ཁྲིམས་ལ་མིག་སྔར་མཁོ་བ་ཞིག་དང་། རྒྱང་རིང་པོར་མཁོ་བ། མི་སྤྱི་ལ་ཕན་པ་ཞིག་དང་ཁ་ཤས་ལ་ཕན་པ་ཞིག་ངེས་པར་ཡོང་། གང་ལྟར་ཡང་སྒོ་སྔུན་ཚང་ཤེས་རབ་ཀྱིས་ཐུགས་དགོངས་ཆེ་བཞེས་ཀྱིས་རང་གི་ཕ་མ་གཉིས་གང་ཡིན་ཡང་ཀིརྟི་དགོན་པའི་དོན་དུ་ཤི་ཐུབ་མཁན་གྱི་དཔའ་བོ་ཞིག་ཡིན་ཚུལ་ལ་བསམ། མ་ཡུམ་ཀྱི་ཡབ་རྨེའུ་རྒྱལ་པོའི་གུང་བློན་དང་། ཡབ་དམག་དཔོན་ཡིན་ཚུལ་སོགས་ལ་དཔྱད་དུས་འདུམ་སྒྲིགས་ལམ་ལས་འགྲོ་ས་མེད་པར་ཤེས། རང་གི་དགོན་པའི་ཆོས་ཁྲིམས་ལ་བདག་པོ་རྒྱག་མཁན་རང་ལས་སུ་ཞིག དེ་ཕྱིར་དྲ་གྲོགས་རྣམས་ཀྱིས་ཐུགས་ཁྲལ་མི་དགོས། ང་ཚོ་ཕྱི་མི་རེད། ཀིརྟི་དགོན་གྲྭ་ཚང་སུམ་སྟོང་གི་ནང་ནས་ལས་ཀྱི་སྣེ་མོ་པ་མང་པོ་ཞིག་སྒོ་སྔུན་ཤེས་རབ་རང་གི་སྤུན་གཉེན་འབྲེལ་རེད། ཆོས་གོས་ནང་ནས་སྐུ་ཆིང་སྡོམ་ཐུབ་པ་ལ་ཐེ་ཚོམ་མེད། ཁ་དྲོ། །

  11. གཞོན་ནུ་ཟླ་མེད། says:
    2013-07-01 at 10:28 pm

    གདན་ས་སེ་འབྲས་དགེ་གསུམ་ན།།
    མཁས་པ་སྟག་འདྲ་གཟུགས་འདྲ་མང་།།
    དགའ་ལྡན་ཁྲི་བ་ནས་བཟུང་སྟེ།།
    ཇ་མ་ཆུ་ལེན་ཡན་ཆོད་པོ།།
    ཆོས་ཁྲིམས་གསེར་གྱི་གཉའ་ཤིང་འོག།
    ཐམས་ཅད་འུབ་ཀྱི་འདུས་ལ་ལྟོས།།
    ས་ཆུང་ལུང་ཆུང་ཆུ་ཕྲན་རྣམས།།
    འུར་སྒྲ་ཆེན་པོ་བྱས་ན་འཚེང་།།
    ཡེ་གེ་གྱ་ཀ་གྱོག་ཀེ་ཞིག།
    ཤོག་བུ་ངོ་ལ་བྲིས་ནས་ནི།།
    ཆོས་སྡེ་ཆེན་པོའི་ཆོས་ཁྲིམས་ལ།།
    ངོ་ལོག་བྱེད་མཁན་འདི་དག་འཚེང་།།
    ཆོས་ཁྲིམས་དར་གྱི་མདུད་པ་ནི།།
    འཐེན་གྱི་འཐེན་གྱི་ཇེ་མཁྲེགས་ཡིན།།
    འཁུར་མི་ཐུབ་པའི་སྤྱོད་ལོག་དག།
    ཕྱི་ལ་འཕུད་པ་ལུགས་དང་མཐུན།།
    མཁས་པས་ཆོས་ཁྲིམས་གཏོར་ཆོག་ན།།
    བླུན་པོས་གཏོར་མི་ཆོག་པ་ཅི།།
    མཁན་བླུན་ཀུན་གྱིས་གཏོར་ཆོག་ན།།
    དགོན་པའི་ཆོས་ཁྲིམས་སུ་ཡིས་འཁུར།།
    ཁ་སང་གསར་འགྱུར་བཤད་མཁན་བུད་མེད་ཅིག་གིས་དགོན་པའི་ཆོས་ཁྲིམས་སྐོར་ལ་ཅིག་བཤད་བཞིན་པ་དེའི་རྐྱེན་བྱས་ནས་འདི་འདྲ་ཞིག་བྲི་བར་ཐལ།།

  12. རྔ་བ་གཉན་རྒོད་་་ says:
    2013-07-01 at 10:34 pm

    ལྷག་བསམ་རྣམ་དག་དང་་་་བསམ་ཤེས་བྱས་ནས་སྐད་ཆ་བཤད་རྒྱུ་བཀའ་དྲིན་ཆེ་་་སྒོ་ཤེར་ལ་སྐྱོན་མེད་པ་མིན་ཡང་ད་ཐེངས་སུ་ཟིག་ལ་སྐྱོན་ཡོད་བསམ་ཞིབ་བྱེད་རོགས་་་་སྙིང་བོ་མེད་པའི་སྐད་ཆ་མ་བཤད་རོགས་་་་་་་གཞན་བསྟན་དགྲ་སྒོ་ཤེར་རེད་ཟེར་མཁན་དག་ནས་ཞིབ་འཇུག་བྱེད་རོགས་་་་སྒོ་ཤེར་དཔའ་རྒོད་ཡིན་ཟེར་མཁན་དག་ནས་མིག་གཉིས་ནས་ལྟ་རོགས་་་་་ད་ཐེངས་ཀྱི་གནས་ཚུལ་དེ་སྒེར་གཅོད་མ་ཡིན་ན་ཀིརྟི་དགོན་པ་སྔར་བཞིན་གནས་་་་་སྒེར་གཅོད་པ་དག་གིས་བྱས་ཉེས་བྱས་ཡོད་ན་་ཀིརྟི་དགོན་པ་ད་ཚར་ཐ་་་་་ཡུན་གྱིས་ལྟ་་་་་་་རྒྱུ་མཚན་སྒེར་གཅོད་པའི་ཁོར་ཡུག་ན་གང་ཞིག་ཡོད་ཤེས་མོད་་་་

  13. འཇིགས་མེད་ནུབ་པ་ says:
    2013-07-01 at 11:57 pm

    སྒོ་ཤེར་དང་དགོན་པའི་བར་གྱི་གྱོད་འདི། རྩོམ་ཡིག་རེ་གཉིས་ཀྱི་གྱོད་མ་རེད། བོད་པའི་བདེ་འཇགས་དང་དགེ་འདུན་འདུས་བ་རྒྱ་མཚོའི་བདེ་འཇགས་དང་འབྲེལ་བ་ཡོད་པ་རེད། འདི་ལ་བསམ་བློ་གཏོང་དགོས་རེད། ཀི་རྟི་དགོན་ནས་ད་བར་དུ་དགེ་འདུན་པ་ག་ཚོད་ཀྱིས་རང་ལུས་མེར་བསྲེགས་བཏང་བ་རེད། དེ་དག་དང་དེ་དག་དང་འབྲེལ་བའི་དགོན་པའི་དོ་དམ་སོགས་ལ་བསམ་བློ་གཏོང་དགོས་རེད། སྒོ་ཤེར་གྱིས་ཀྱང་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་རེད།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-07-02 at 1:01 am

    སྔར་མི་བོད་ཀྱི་གཏམ་དཔེ་ལ།
    རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་། ཆོས་ཁྲིམས་དར་གྱི་མདུད་པ། ཡུལ་ཁྲིམས་ལྕགས་ཀྱི་གོང་བུ། ཞེས་པ་འདི་དྲན་དུ་བཅུག་སོང་།

  15. ལེགས་བཤད། says:
    2013-07-02 at 1:30 am

    གྱོང་ཁ་རང་གིས་ལེན་པ་དང་རྒྱལ་ཁ་གཞན་ལ་སྟེར་བའི་རྒྱལ་སྲས་ལག་ལེན་ཕྲན་བུ་རེ་བྱེད་ཐུབ་ཡོད་ན་རྙོག་དྲ་དེ་འདྲ་ཡོང་དོན་མེད།
    ཁྱོད་ཡིན་ང་ཡིན་ཟེར་བ་ཚོ་དེ་འདྲས་ཕོངས་བསྡད་པ་རེད།

  16. འཇམ་གཅེས says:
    2013-07-02 at 2:02 am

    སྐྱར་དུ་བཤད་དགོས་པ་འདྲ། སྤྱིར་ཤེས་ཡོན་ནི་མི་སོ་སོའི་རྣམ་རིག་བཀྲ་མིན་ལ་རག་ལས་ཀྱི་ཡོད་པ་ཀུན་གྱི་མཁྱེན་ཤག་རེད། ཡིན་ཡང་དེང་སང་མི་མང་པོའི་ཤེས་ཡོན་ཅན་ཞིག་རེད་ཟེར་དུས་མི་དེ་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་བུའི་འདུ་ཤེས་འཛིན་པ་ནི་ཆེས་ནོར་འཁྲུལ་ཚབ་ཆེན་ཞིག་ཡིན་པར་ངས་འདོད་ཚུལ་ཡིན།

    འགྲོ་བ་མིའི་ཁྱིམ་གཞི་ཆེན་པོ་འདིའི་ནང་དུ་བདེ་འཇག་གཏོར་བཤིག་གཏོང་མཁན་སྣ་ཚོགས་པ་ཡོད་པ་དེ་དག་ལས་ཆེས་ཉེན་ཚབ་ཆེ་ཤོས་ནི་ཤེས་ཡོན་པ་ཚོས་ནང་ནས་ཡོང་གི་ཡོད། ཤེས་ཡོན་པ་ཞིག་ལ་མེད་དུ་མི་རུང་བས་ཆ་རྐྱེན་གལ་ཆེ་ཤོས་ནི་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་དང་ལྷག་བསམ་ཡིན། དེ་གཉིས་ཀྱི་ཕོང་སོང་བས་ཤེས་ཡོན་པ་ནི་འབར་རྫས་ལག་ཏུ་ཐོག་མཁན་གྱི་མི་སྲིན་གདུག་པ་དང་གཅིག་མཚུངས་ཡིན། མི་དེ་དག་གིས་འབར་རྫས་གང་དུ་གཡུགས་མིན་ཚོད་ཐིག་ཁག་པོ་ཡིན་ལ། ཁོང་ཚོས་འབར་རྫས་དེ་གནས་གང་དུ་གཡུགས་ཀྱང་བསམ་ཡུལ་ལས་འདས་པའི་གཏོར་ཤིག་གཏོང་མི་སྲིད་པ་གང་ཡང་མིན། ཤེས་ཡོན་མེད་མཁན་གྱི་མི་ཞིག་གིས་སྤྱི་ཚོགས་ལ་གནོད་པའི་བྱ་བ་བསྒྲུབ་འདོད་རུང་དེ་ཙམ་ནུས་པ་ཐོན་མི་སྲིད།

    མདོར་ན་ཤེས་ཡོན་ནི་ཆེས་རིན་ཐང་ལྡན་པའི་གསེར་ལྟ་བུ་ཡིན་ལ། གསེར་དེ་བེད་སྤྱོད་ལེགས་ཉེས་གང་གི་ཕྱོགས་སུ་གཏོང་མིན་ཡང་གསེར་གྱི་བདག་པོ་ལ་རག་ལས་པ་ལྟར། ཤེས་ཡོན་པ་ཚོས་ཀྱང་ལོ་མང་འབད་བརྩོན་བགྱིས་པའི་འབྲས་བུ་དེ་ཉིད་རང་གང་དུ་གནས་སའི་མི་རིགས་དང་། སྤྱི་ཚོགས། ཁོར་ཡུག གཞུང་དང་། སྒྲིག་འཛུགས་ལ་ཕན་པའི་བྱ་བཞག་རེའི་དོན་དུ་གཏོང་དགོས་པ་ལས། དེ་མིན་ནུབ་སྟག་གཟིགས་ཡུལ་དུ་ཁྱུང་བཤོག་འཁྲུངས། །དེ་ཡང་རབ་དགྲ་རང་གཤེད་རེད། །བྱེའུ་འགའ་སེར་མ་ལ་ཁྲ་ཞིག་སྐྱེས། །དེ་ཡང་རང་དགྲ་རང་གཤེད་རེད་ཟེར་སྲོལ་ལྟར་གྱུར་བ་ནི་ཆེས་བློ་ཕམ་དགོས་པ་དང་། ཤེས་ཡོན་ཅན་གྲགས་པའི་སྒོ་ཤེས་རབ་སོགས་བོད་རིགས་རེ་ཟུང་ཀྱིས་ཤེས་ཡོན་ནི་ལྷ་བདུད་དུ་བབ་པ་བཞིན་རང་རིགས་ལ་རྒོལ་རྡུང་གཏོང་བྱེད་ཀྱི་སྟ་རེ་ནང་བཞིན་ཆགས་ཡོད་པ་མ་ཡིན་ནམ།

    མདོར་ན་ཁ་བ་གངས་ཅན་པའི་རྒྱལ་བསྟན་ཆབ་སྲིད་དང་། ཡུལ་གོམས་གཤིས་ལུགས། མི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་། ལེགས་བྱང་སོགས་ཕྱོགས་གང་ཐད་ནས་རེ་བའི་དམིགས་ཟུང་བཅངས་ཡུལ་དུ་གྱུར་པའི་ཀིརྟི་དགོན་ཆེན་གྱི་ད་ལྟའི་གནས་བབ་ལ་བསམ་བློ་ཙམ་ཡང་མ་འཁོར་པའི་བྱ་སྤྱོད་ཐལ་ཤལ་དེ་ལྟ་བུའི་རིགས་ལ་རྒྱབ་སྐྱོར་དང་བསྟོད་སྔགས་བཏང་པ་ནི་ཆེས་མི་འོས་པའི་ཐབས་བརྡུགས་ཀྱི་བྱེད་སྟངས་ཤིག་ཅིའི་ཕྱིར་མིན། །

  17. འཇམ་གཅེས says:
    2013-07-02 at 2:04 am

    བསྐྱར་དུ་བཤད་དགོས་པ་འདྲ་ཞེས་བཅོས་རོགས།

  18. རྣམ་སྲས། says:
    2013-07-03 at 10:17 am

    བསྟོད་མ་ཤེས་ངོ་བསྟོད་བྱེད་པ་ལས།།
    ཁ་མ་མང་རང་ཁ་བཟུང་ན་མཛའ།།
    བཤད་བསམ་ནས་འདུག་ཅིག་མི་ཐུབ་ན།།
    ཕྱོགས་ཀུན་ནས་སྐད་ཆ་དྲང་མོར་ཤོད། །
    འགའ་ཤས་ནས་སྒོ་ཤེར་ལ་དགའ་མདོག་གིས་གནས་ལུགས་དང་བདེན་རྫུན་ལ་བསམ་གཞིག་ཅི་གང་མེད་པར་རྫུན་གཏམ་དང་ཕྱོགས་ལྷུང་གི་སྐད་ཆ་ཕྲེང་བསྒྲིགས་ནས་ངོ་ཚ་ཁྲེལ་གྱིས་བཤད་བཞིན་པ་འདི། ངོ་མ་བཤད་ན་དགོད་བྲོ་བ་ཞིག་རེད། མ་གཞི་སྒོ་ཤེར་ཁོ་རང་བོད་ཀྱི་བརྡ་སྤྲོད་རིག་པ་དང་། ནང་དོན་རིག་པ་ལས་ཚད་མ་དང་དབུ་མའི་སྐོར་ལ་རྒྱུས་མངའ་གང་འཚམས་ཡོད་པ་བདེན་ཡང་། ཁོ་རང་གི་ཐེངས་འདིའི་བྱ་སྤྱོད་དང་སྐད་ཆ་བཤད་སྟངས་འདིས་ངོ་མ་ཡིད་ཆད་གི་བཞག་དང་ཐ། ཁོ་ནི་ཁ་ནས་བདེན་བདེན་སྙན་སྙན་གྱི་སྐད་ཆ་འདྲ་ཆགས་ཙམ་ཞིག་བཤད་མཁན་ལས་དོན་དམ་པའི་སངས་རྒྱས་ཀྱི་བསྟན་པ་དང་། སྤྱི་ཚོགས། ལྷག་པར་དུ་རང་ཉིད་གནས་སའི་ཁོར་ཡུག་ལ་འགན་མི་ཁུར་བའི་སྟོང་བཤད་རྒྱག་མཁན་ཞིག་ཡིན་པ་གཞི་ནས་ཤེས་སོང་།
    སྤྱིར་ཁོས་རྩོམ་ཡིག་ཚིག་གཅིག་ལས་མ་བྲིས་ན། སྐད་ཆ་ཚིག་གཅིག་ལས་མ་བཤད་ནའང་རྒྱུན་ཤེས་ཞེས་ཁོའི་ཁ་ལ་འཕྲད་དང་འཕྲེད་ཀྱིས་བཟུང་ནས་སྐད་ཆ་མང་དག་ཅིག་གནས་གང་སར་འུར་བརྒྱབས་ནས་བཤད་པ་ངས་ཀྱང་གོ་བ་དང་། ཁོའི་བྲིས་རྩོམ་ཁག་ལས་མཐོང་བ་ཉུང་ཉུང་ཞིག་གཏན་ནས་མིན། དེ་ཙམ་དུ་མ་ཟད་ཁོ་ལ་དུང་ཞིང་ཁོའི་རྩོམ་ཡིག་ལ་དགའ་བའི་ཀློག་པ་པོ་དག་གིས་ང་ལས་བལྡབ་འགྱུར་གྱིས་ཁོའི་སྐད་ཆ་དེ་གོ་ཞིང་མཐོང་ཡོད་པ་རེད་ཅེས་ངས་ཐག་བཅད་ནས་བཤད་ན་འགྲིག་སྙམ། དེས་ན་ཆེ་ས་རྒྱལ་ཁབ་དང་། ཆུང་ས་ཚོགས་སྡེ་དང་དགོན་པ་གྲྭ་ཚང་། མཐའ་ན་ཁྱིམ་ཚང་ཞིག་ལའང་འགྲོ་འདུག་སྤྱོད་གསུམ་ཐོག་སྒྲིག་ལམ་དང་། སེམས་ལ་འཛིན་དགོས་པ་རེ་ཡོད་པ་དེ་དག་ནི་མི་རེ་ངོ་རེ་ནས་བརྩི་སྲུང་དང་། དེ་དག་དག་གིས་བཟོས་པའི་སྒྲིག་ཁྲིམས་གང་ཡོད་པ་དེ་ལ་རང་ཉིད་ཇི་ལྟར་མཁས་ཀྱང་། ཇི་ལྟར་མཐོ་ཡང་། ཇི་ཙམ་ཕྱུག་ཀྱང་ཚུལ་བཞིན་གནས་དགོས་པའི་རྒྱུན་ཤེས་འདི་ཙམ་ཁོ་རང་ཉིད་ནས་མ་ཤེས་པའམ། ཡང་ན་མ་རྟོགས་པ་ཞིག་གཏན་ནས་ཡིན་མི་སྲིད། དེས་ན་ཅིའི་ཕྱིར་ཁོས་རྩོམ་ཡིག་དེ་དག་བྲིས་པ་རེད་ཟེར་ན། ཁོ་རང་དགེ་འདུན་པའི་ནང་ཁྲིམས་ལ་གནས་མ་འདོད་པ་དང་། དགོན་ནང་དུ་དགེ་འདུན་པ་ཞིག་གི་འགྲོ་འདུག་སྤྱོད་གསུམ་ཁུར་རྒྱུར་མོས་པ་མེད་པ་དེས་རེད། ཁོ་ངོ་མ་འདུག་འདོད་དང་དགེ་འདུན་པ་སྤྱིའི་སློབ་གཉེར་གྱི་སྤུས་ཀ ཁང་ཁུལ་གྱི་མཐུན་སྒྲིལ། ལྷག་ཏུ་གྲྭ་གཞོན་དག་གི་འདུན་ལམ་ལ་དངོས་གནས་སེམས་ཁུར་ཞིག་ཡོད་ན་ནང་ཁུལ་དཀྲིགས་ཤིང་གི་སྐད་ཆ་དེ་ཚོ་ཇི་ལྟར་བཤད་པ་རེད། དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་སྒྲིག་གཞི་གསལ་བསྒྲགས་བྱས་པ་ཐག འགན་འཛིན་ལྷན་ཚོགས་སར་དངོས་སུ་བཅར་ནས་བསམ་ཚུལ་ཤོད་པའམ། ཡང་ན། ཡིག་ཐོག་ནས་ཀྱང་སྙན་ཞུ་ཙམ་ཡང་མ་བྱས་པར་འགན་འཛིན་ལྷན་ཚོགས་ལ་སྡིགས་སྨོད་དང་རྣ་བར་རྩུབ་ཅིང་དགེ་འདུན་པའི་ནང་ཁུལ་དཀྲིགས་ཤིང་གི་སྐད་ཆ་གང་ངན་ངན་བཤད་པའི་རྩོམ་ཡིག་ཅིའི་ཕྱིར་གྲྭ་མང་ནང་བཀྲམ་པ་རེད། ངོ་མ་འགྲོ་སྟངས་ལྟར་ན་དང་ཐོག་འགན་འཛིན་ལྷན་ཚོགས་ལ་ཡིག་ངག་གཉིས་ཐོག་ནས་སྙན་ཞུ་བྱས། མཐར་དེ་ལ་ཁོང་ཚོས་ཉན་འཇོག་དང་ལན་གང་ཡང་མེད་ན་གཞི་ནས་རང་ཉིད་ནས་བསམ་ཚུལ་ཡིག་ཐོག་ཏུ་ཕབ་ནས་གྲྭ་མང་ལ་བཀྲམ་ན་དེ་འགྲོ་སྟངས་ཤིག་ཡིན་ཡང་། ཁོས་མཐའ་ན་འགྲོ་འདི་ཙམ་ཡང་མ་ཤེས་པ་གང་ནས་ཡིན། གཏན་ནས་མིན། འོན་ཀྱང་བསམ་བཞིན་ནང་ཁུལ་དཀྲིགས་ཤིང་དང་། ཁ་འཕྲོ་པ་ཚོ་ལ་སྐྱོན་བརྗོད་བྱེད་འདོད་པ་འབའ་ཞིག ཁོ་རང་ཉིད་དགོན་པའི་ནང་དུ་འདུག་འདོད་མེད་པ། འགྲིག་ཁུར་མ་ནུས་པར་ཕྱི་ལ་འགྲོ་འདོད་ཀྱི་ཀུན་སློང་ཉག་གཅིག་གིས་གནས་གཞན་དུ་འགྲོ་ཐབས་ཤིག་འཚོལ་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་ཏུ་དེ་སྔ་དགོན་པའི་གྲྭ་མང་གིས་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་སྐབས་ཁོ་རང་ལ་འོས་ཤོག་མ་ཐོབ་པ་སོགས་ཁོའི་ད་ལྟའི་བྱ་སྤྱོད་ངན་པ་འདི་སྤེལ་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།
    ད་དུང་དྲ་སྨྱོན་རེ་ཟུང་གིས་ཁོ་དགོན་པས་གནས་དབྱིང་བཏང་བ་རེད་ཅེས་བཤད་ཀྱི་འདུག དེའང་གཡམ་རྒྱུགས་ལ་དགའ་མཁན་ཚོས་གཡམ་རྒྱུགས་བྱེད་རྒྱུ་མང་དྲགས་པས་ཅི་བཤད་འདི་བཤད་མེད་པར་སྨྱོ་ཆང་འཐུང་བ་ལས་ཁོ་དགོན་པས་གནས་དབྱིང་ཞིག་དུས་ནམ་ཡང་གཏོང་མྱོང་མི་འདུག ཁོ་རང་ཉིད་དགོན་པའི་ནང་འདུག་མ་བསམ་པར་བྲོས་སོང་བ་ཞིག་རེད་འདུག བྲོས་ནི་དང་ཕུད་ནི་གཉིས་ཀའི་ཁྱད་པར་ཙམ་ཡང་མ་ཤེས་ན་ཕྱི་ཐག་གིས་འདིའི་སྐོར་ལ་སྐད་ཆ་མ་བཤད་ན་བཟང་གི
    ད་དུང་སྐད་ཆ་མང་གི་འོན་ཀྱང་ད་བཤད་ན་སྙིང་པོ་དེ་ཙམ་ཞིག་མེད་གི རྗེས་སོར་དྲ་འབུ་ཚོ་ཡང་སྨྱོས་ན་ཕྱོགས་ཚང་མར་བལྟས་ནས་སྨྱོ་རྒྱུ་སྟེ་ངའི་རེ་བ་ཡིན།

  19. སྒོ་དམུ་རྒོད། says:
    2013-07-04 at 7:25 am

    དྲ་གྲོགས་རྣམས། སྒོ་སྔུན་ཚང་ཤེས་རབ་དང་ཀིརྟི་དགོན་གྱི་འབྲེལ་བ་ཕ་མེས་ཡང་མེས་ནས་ཤིན་ཏུ་ཟབ་པས། ཁོས་གང་བཤད་པ་གནས་སྐབས་ཀྱི་རྣམ་རྟོག་ཙམ་ལས། དགོན་པ་བློས་གཏོང་ཐུབ་རྒྱུ་མ་རེད། ཕྱི་ལོགས་ཀྱི་མི་རྣམས་ཀྱིས་ཐུགས་ཁྲལ་གཏན་ནས་མི་དགོས། ཞི་འགྲིགས་ལམ་ཆེན་དུ་བསྐྱོད་བཞིན་ཡོད་པ་ཐོས། ཁ་ཤུལ་སྒོ་སྔུན་ཚང་ལ་དགོན་པའི་འགྲིགས་བཤགས་གཏོང་རྒྱུའི་དངུལ་མེད་བཤད་ན་སུ་ཞིག་གི་རྣ་བར་འགྲོ། སྒོ་སྔུན་ཤེས་རབ་ཀྱི་སྤུན་མཆེད་སྒོ་སྔུན་འཇིགས་མེད་སྔོན་ཆད་ཀིརྟི་དགོན་གྱི་ཕྱག་མཛོད་རེད། ཀིརྟི་དགོན་པའི་སྒྲིགས་ཁྲིམས་པ་སྤྲུལ་སྐུ་བློ་བཟང་བཀྲ་ཤིས་སྒོ་སྔུན་ཤེས་རབ་ཀྱི་མ་སྤུན་མཆེད་རེད། ད་རུང་ཤིན་ཏུ་མང་། ང་ཚོ་ཀིརྟི་དགོན་ལ་རྒྱུས་ཡོད་བྱས་ཀྱང་རྒྱུས་མེད་རེད། རྩོད་པ་གཙོ་བོ་ཅི་ལྟར་བྱུང་སུ་ལ་བདེན་ཁ་སྤྲད་སྒོ་སྔུན་ཤེས་རབ་ཕྱོགས་གཅིག་གིས་བཤད་སྲོལ་གྱིས་ཐག་གཅོད་ག་ལ་ཐུབ། ཐུགས་བསམ་བཞེས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme