Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུ་ཡིན་མིན་དྲིས་པ་ལ་ལན་དུ་སྤྲིངས་པ།

Posted on 2013-06-302013-06-30 By ཁ་བརྡ་ 56 Comments on སྤྲུལ་སྐུ་ཡིན་མིན་དྲིས་པ་ལ་ལན་དུ་སྤྲིངས་པ།

ཨོ་རྒྱན་ཉི་མ།

མཚུངས་མེད་བླ་མ་མཆོག་དང་དབྱེར་མེད་པའི།།
མཉམ་མེད་བུ་རམ་ཤིང་པར་ཕྱག་འཚལ་ནས།།
རང་དང་སྐལ་མཉམ་དག་ལ་གྲོས་ཤིག་འདེབས།།
བདེན་རྫུན་དོན་ཐོག་འཁྱོལ་བར་བྱིན་གྱིས་རློབས།།

སྤྲུལ་སྐུ་ཞེས་པ་གང་གི་ཆེད་དུ་ཕེབས།།
སྤྲུལ་སྐུའི་མཚན་འདི་སུ་ཡི་ཆེད་དུ་གསོལ།།
སྤྲུལ་སྐུའི་བྱ་བ་གང་ཡིན་ལེགས་བསམ་ནས།།
སྤྲུལ་སྐུ་རྣམ་པས་བསྟན་འགྲོར་སྨན་ན་བསམ།།

འདི་ནས་ཁོ་བོར་དྲིས་པའི་དྲི་བ་ལས།།
སྤྲུལ་མིང་འདི་ཡིས་ཕན་གནོད་གང་བྱུང་ཟེར།།
དེ་ཕྱིར་ལན་ལྡོན་ཚུལ་དུ་གང་དྲན་ཞིག །
ཁྱེད་ལ་ཕུལ་ལོ་ཁྱེད་ཉིད་མཉེས་གྱུར་ཅིག །

སྤྲུལ་མིང་འདི་ཡིས་མི་ཡི་རང་གཤིས་ཤོར།།
ཆོས་ཀྱི་ཉམས་ལེན་རྣལ་མ་ཡོད་ཚད་ཤོར།།
ཐོས་བསམ་སྒོམ་གསུམ་བྱ་བའི་འཁོར་ལོ་ཤོར།།
མི་དགོས་པ་ཡི་ང་རྒྱལ་རི་ཙམ་རྙེད།།

མ་མཐོང་ས་ནས་གཏི་མུག་མཚོ་ལས་ཟབ།།
ཟས་ཀྱི་དྭངས་མ་རང་ལ་ཡོད་དགོས་བསམ།།
གོས་ཀྱི་རྩེ་གྲས་རང་ལ་ཐོབ་ན་བསམ།།
གདན་གྱི་ཐོག་མ་ཁོ་བོར་ཡོད་ན་བསམ།།

མཚན་དང་སྙན་གྲགས་གང་ལས་ཆེ་ན་བསམ།།
མཐུ་དང་ནུས་པ་སུ་ལས་ཐུ་ན་བསམ།།
རང་ལས་གོང་ན་སུ་གཅིག་མེད་ན་བསམ།།
རྣམ་རྟོག་གདོན་གྱིས་སྨྱོས་པའི་ཆིག་ལབ་ཡིན།།

དོན་གྱིས་རང་མཚང་སྟོན་པའི་ཐུར་མ་ཡིན།།
བྱ་བ་ཉེས་ཙམ་སྤྲུལ་སྐུས་མ་འཇོན་ཟེར།།
དེ་ཕྱིར་སྤྲུལ་སྐུའི་རིན་ཐང་ལྟ་ཤེས་ཤིང་།།
བེད་ཆོད་ཤེས་པ་ཞིག་ལ་རེམ་ནས་ཡོད།།

ཕན་པའི་ཆ་ནི་ཉིན་མོའི་སྐར་མ་ཙམ།།
དཀོར་ཟས་ལྷག་མ་ཙམ་དང་བཞུགས་གདན་ཙམ།།
འདི་འདྲ་ཙམ་གྱིས་སྤྲུལ་མིང་འཁུར་དགོས་ན།།
སྡིག་པའི་ས་བོན་གསོག་པར་སྨན་པ་ལས།།
གཞན་པའི་ཕན་ཐོགས་ཡོད་པར་ངས་མ་མཐོང་།།

སྤྲུལ་སྐུ་ཡིན་ན་སྔོན་གནས་རྗེས་དྲན་དགོས།།
སྤྲུལ་སྐུ་ཡིན་ན་བྱམས་དང་སྙིང་རྗེ་དགོས།།
སྤྲུལ་སྐུ་ཡིན་ན་བསྟན་ལ་སྲི་ཞུ་དགོས།།
འདི་དག་ཐམས་ཅད་ཁོ་བོར་མེད་པས་ན།།

སྤྲུལ་སྐུ་ཡིན་བསམ་སེམས་ཀྱི་གཏིང་ལ་མེད།།
འོན་ཏང་ཕུང་གསུམ་བསྟན་བཤིག་དམ་ཉམས་རྣམས།།
མཐོང་དང་ཐོས་དང་བསམ་ངོར་དྲངས་པ་ན།།
ང་ཡང་སྤྲུལ་སྐུ་མིན་ཡང་སྤྲུལ་སྐུ་ཡིས།།

བྱིན་གྱིས་བརླབས་པའི་གང་ཟག་བསོད་ནམས་ཅན།།
ཅུང་ཟད་སྐལ་བ་ལྡན་པའི་གང་ཟག་ཅིག །
ཡིན་ནམ་སྙམ་པའི་ང་རྒྱལ་ཁོང་ན་བརྟས།།
དེ་ཕྱིར་སྤྲུལ་སྐུ་ཞེས་པ་ཁེ་ཉེན་གནས།།

ལེགས་ན་བསྟན་པའི་དེད་དཔོན་སྤྲུལ་སྐུ་ཡིན།།
ཉེས་ན་བསྟན་བཤིག་གཙོ་བོ་སྤྲུལ་རྫུན་ཡིན།།
དེ་ཕྱིར་སྤྲུལ་སྐུ་བདེན་རྫུན་ཤན་འབྱེད་ཅིག །
མེད་ན་མི་རིང་བསྟན་པ་འཇིག་ངེས་སོ།།

རྩོམ་རིག

Post navigation

Previous Post: སྨྱོ་བ།
Next Post: ཁྱེད་ནམ་ཡང་ལངས་དགོས།

Comments (56) on “སྤྲུལ་སྐུ་ཡིན་མིན་དྲིས་པ་ལ་ལན་དུ་སྤྲིངས་པ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2013-06-30 at 11:46 am

    རྩོམ་འདི་ལ་ལྟོས་ན་ཨོ་ཉི་ལགས་བྱ་བྲལ་གྱི་རྣལ་འབྱོར་བ་ཞིག་གིས་རང་སྐྱོན་ཐེར་འདོན་བྱས་པ་ལྟ་བ་མཆིས། འོན་ཀྱང་ཨོ་ཉི་ལགས་དེ་འདྲ་མིན་པ་དྲྭ་གྲོགས་ཚང་མས་ཤེས་གསལ་ཡིན། གྲུབ་མཐའི་ཆགས་སྡང་གིས་གཟིར་བའི་སྤྲུལ་རྫུན་ཞིག ཉོན་མོངས་དུག་གིས་ཁེངས་བའི་བུམ་པ་ལྟ་བུ་ཁྱོད་ལ་ལུང་རྟོགས་ཀྱི་ཡོན་ཏན་ནི་རི་བོང་གི་རྭ་ལྟར་ལྡོག་གོ།

  2. མེ་ཏོག་དཀར་པོ says:
    2013-06-30 at 11:58 am

    ཁ་ལག་ཟ་དུས་དང་པོ་སྤྲུལ་པའི་སྐུ།།
    ལས་ཀ་བྱེད་དུས་རྗེས་མ་སྤྲུལ་པའི་སྐུ།།
    ཆོས་དང་འཇིག་རྟེན་གཉིས་མེད་སྤྲུལ་པའི་སྐུ།།
    སྤྲུལ་སྐུའི་རྣམ་ཐར་སྐྱག་པ་སྐྱག་ནག་རེད།།

  3. ཨ་ཕྱི་ཆོས་སྒྲོན says:
    2013-06-30 at 12:04 pm

    ༣༦༽ ཨ་ཕྱི་ཆོས་སྒྲོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ གི་ཆུ་ཚོད་ ༢ སྐར་མ་ ༥༩
    ཕྱི་ལ་ཐོས་བསམ་ཡོད་པའི་སྤྲུལ་སྐུ་རེད། །
    ནང་དུ་ལྷག་བསམ་ཡོད་པའི་སྤྲུལ་སྐུ་རེད། །
    གསང་བ་སྔགས་ལམ་ཞུགས་པའི་སྤྲུལ་སྐུ་རེད། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེ། །
    ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བསྟན་པའི། །
    སུ་ཏིའི་ཀརྨ་ནག་རིས་ཁ་ནག་ལས། །
    ཕྱི་ནང་གཉིས་ཀ་མཚུངས་པར་སྤྱོད་པ་ཡི། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཁྱོད་རང་ལྷག །

  4. སྒོ་དམུ་རྒོད། says:
    2013-06-30 at 12:12 pm

    ཨོ་ཉི་ལགས། ཁྱོད་ཕྱི་ནང་གཏན་ནས་མེད་པ་ཞིག་ཡིན་ན་དང་པོ་ཁྱོད་སྤྲུལ་སྐུ་ངོས་འཛིན་སྐབས་རྩོད་པ་བྱུང་ཚུལ། སྤྲུལ་སྐུ་བཙན་པོ་བཟོས་ཚུལ། རྗེས་སུ་རྣམ་གྲོལ་གླིང་ནས་སྙོག་དྲ་བྱུང་ཚུལ་དང་རྫུན་གྱིས་མཐའ་མ་འཁྱོལ་བའི་སྐོར་སོགས་གསལ་བོར་མ་བཅོས་པར་གསུང་རོགས།

  5. བན་དེ་བ། says:
    2013-06-30 at 12:15 pm

    རང་ཉིད་ཀྱིས་རང་ཉིད་ཀྱི་མཚན་ཉིད་གཤིས་ལུགས་ཇི་ལྟར་ཡིན་མིན་གྱིས་མདངས་གསོལ་བ་དེ། སེམས་གཏིང་ནས་ལབ་ཀྱི་ཡོད་ན་དགའ་བསུ་ཡོད། དེ་ལྟར་ན་རང་སྐྱོན་རང་གིས་ཤེས་པའི་རྟགས། སྡུག་བསྔལ་གྱི་ངོ་བོ་ཤེས་པའི་རྟགས་ཡིན། འོན་ཀྱང་རང་སྐྱོན་རང་གིས་ཤེས་བཞིན་དུ་སྔར་བཞིན་ལག་ལེན་དུ་བསྟར་བ་ཡིན་ན། མེ་ཕུང་ཤེས་བཞིན་དུ་མེར་མཆོངས་བ་རེད། དེ་ནི་ཁ་ཁོག་མི་མཚུངས་བའི་རྟགས་རེད། འོན་ཀྱང་གོང་དུ་ཁྱེད་རང་གིས་ཁྱེད་རང་གི་སྐྱོན་འདོན་བྱས་པ་དེ་དག་གནས་སྐབས་མགོ་སྐོར་གཏོང་བྱེད་ཅིག་ལས། དོན་གྱིས་དེ་ལྟར་རྟོགས་མིན་གཞི་ནས་བལྟ་རྒྱུ་རེད། དྲ་བ་འདིར་འཇུག་པའི་རྩོམ་པ་པོ་དང་མཆན་བུ་རྣམས་ཀྱི་ནང་ནས། གྲུབ་མཐའི་ཆགས་སྡང་ཆེ་ཤོས་དང། ཆོས་ལུགས་ཀྱི་རུ་དགྲ་ཆེ་ཤོས་དེ་ཨ་ཕྱི་རྩོམ་རྐུན་ནམ་པདྨའི་མིང་ཅན་ཕར་ཕུད། གཞན་ཁྱེད་རང་དེ་ལྟའི་ལྟ་བ་ཤུགས་ཆེ་ཤོས་ཀྱི་སྤྲུལ་རྫུན་ཞིག་ཡིན་པ་འདི་ན་ཡོང་མཁན་གྱི་དྲ་གྲོགས་རྣམས་ཀྱིས་ས་རིས་ཐང་གསལ་ཡིན། དེ་ལ་འགྱུར་བ་ཕྱིན་པ་ཡིན་ན་ཁྱོད་ཀྱིས་ཁྱོད་རང་གི་སྐྱོན་མཚངས་བཏོན་པ་དེ་་་་་ངོ་མ་རང་སྐྱོན་རང་ངོ་ཤེས་པ་མཁས་པ་ཡིན་་་་ཟེར་བ་ལྟར་ངས་ཁྱེད་རང་ལ་རྗེས་སུ་ཡི་རངས་དང་གུས་འདུད་ཡོད། དེ་མིན་མདོག་མ་གྱུར་སྤུ་མ་བརྗེས་ཤིང་ལྷ་འདྲེ་ཁོག་བརྫུས་ཀྱིས་བོད་མི་རིགས་ཆིག་བསྒྲིལ་དང་ཆོས་ལུགས་མཐུན་འབྲེལ་སོགས་གཏོར་བའི་བྱེད་གཏེ་དེ་ཡིན་པར་ངོས་འཛིན་་བཞིན་ཡོད།

  6. ཨོ་རྒྱན་ཉི་མ། says:
    2013-06-30 at 1:00 pm

    སྒོ་དམུ་ཁྱོད་རང་གིས་གསལ་པོ་གསུང་རོགས། ངས་ཡག་པོ་ཞིག་དྲན་གྱི་མི་འདུག ངོས་འཛིན་གནང་དུས་དང་། རྣམ་གྲོལ་གླིང་གཉིས་ཀ་ནས་་་་་་་་་་

  7. Tsering says:
    2013-06-30 at 2:15 pm

    ཨོ་རྒྱན་ཉི་མ་ནི་དངོས་གནས་ཁོག་ནས་དྲན་པ་ནང་བཞིན་ཁ་ནས་བཤད་ཐུབ་མཁན་ཞིག་རེད་འདུག། མི་དེའི་རིགས་ལ་ནམ་ཡང་རྒྱབ་སྐྱོར་ཡོད། ཡིན་ན་འང་བླ་མ་སུ་ཞིག་གི་ཡང་སྲིད་དང་དགོན་པ་གང་ཞིག་བདག་པོ་ཡིན་མ་ཤེས་བས་ བྱུང་ན་ངོ་སྤྲོད་ཞིག་གནང་རོག་ཞུ།

  8. ནམ་མཁའ says:
    2013-06-30 at 4:26 pm

    སྤྲུལ་སྐུ་ཨོ་ཉིའི་སྐད་ཆ་འདི་དྲང་མོ་རེདསྙམ།ཡིན་ཡང་བསྒྱུར་བཅོས་གཏོང་དགོས་མིན་སྐོར་ལ་བསམ་ཚུལ་རེ་གསུངས་ཐུབ་ན་ལེགས་སྙམ།

  9. ཅོ་རི་ཉི་མ། says:
    2013-06-30 at 6:32 pm

    ཨོ་ཉི་ཡར་རྒྱས་འགྲོ་བཞིན་འདུག སྐད་ཆ་དྲང་རེ་འགྲོ་བཞིན་རེད་འདུག ཡག་པོ་རེད་ད། གཏམ་འདི་འདྲ་བཤད་ན་རྣ་བ་ལ་འགྲོ་མཁན་མང་རེ་འགྲོ་གི་རེད་གོ་་་་ཨོ་ཉི་ལགས།

  10. ེསེང་སྟག says:
    2013-06-30 at 7:50 pm

    ད་ལན་ཨོ་ཉི་ལགས་ཀྱི་ཡག་པོ་གསུང་འདུག་ཁ་ཁོག་གཉིས་སུ་མེད་ནས་དེ་ལས་ཡག་

  11. ཐབས་ཇུས་ཅན says:
    2013-06-30 at 9:13 pm

    ཨོ་ཉི་ལགས་ནས་ཡག་པོ་གསུངས་འདུག
    བོད་པའི་སྤྲུལ་སྐུ་ཚོས་གྲྭ་བ་མང་པོར་གཡོག་ལས་བྱེད་གི་འཇུག་གི་ཡོད། ཁ་ལག་བཟོ་ཡ་ལ་སོགས་པ་་་་་་་་་

  12. མེ་ཏོག་དཀར་པོ says:
    2013-06-30 at 9:21 pm

    ཡག་པོ་བཤད་པ་ཅང་མ་རེད། ད་བར་དུ་སྤྲ་སྐུའི་མིང་གིས་འཚོ་བཞིན་དུ་ད་དུང་འདིས་ཅི་གང་མ་ཕན་སོང་ཟེར། ལེགས་པར་སོམས་དང་། སྤྲུལ་སྐུའི་མིང་དེ་མེད་པའི་དབང་དུ་གཏོང་ན་ད་སྐབས་ཅི་གང་མེད་མཁན་ཞིག་ཆགས་ཚར་ཟིན་པ་ཐག་གཅོད། དེ་ལས་དྲང་པོ་ཤོད་བསམ་ན། ཡག་རི་ཡག་ཚད་དང་ཞིམ་རི་ཞིམ་ཚད་མ་གཏོགས་མིག་ལ་མི་ཤོང་བ་དང་། གྲྭ་པ་མང་པོ་གཡོག་ཏུ་ཉར་ནས་དེ་ཚོའི་སློབ་སྦྱོང་སོགས་ལ་བསམ་བློ་གཏོང་མི་ཤེས་པ། ཡིག་རྒྱུགས་འཕྲོད་ལ་མ་འཕྲོད་ལ། སྡོད་ས་མཁས་པའི་གྲལ་འགོ་མ་གཏོགས་གཤམ་་ལ་གཏན་ནས་སྡོད་མི་ཤེས་པ། བསམ་རྒྱུ་དྲན་རྒྱུ་སོ་སོ་སྐྱིད་པོར་སྡོད་རྒྱུ་མ་གཏོགས་མ་སོགས་བྲིས་དགོས། གཞན་ཤུགས་ནས་རང་བསྟོད་འདྲ་པོ་འོང་ས་རེད་ད།

  13. གཞོན་ནུ་ཟླ་མེད། says:
    2013-06-30 at 9:57 pm

    ཁ་བརྡ་དྲ་བ་ནང་ན་སྦྲུལ་སྐུར་དད་པ་བྱེད་མཁན་ཕལ་ཆེར་ཡོད་པ་མ་རེད། དེ་བས་ན་སྤྲུལ་སྐུ་ཚོས་འདིའི་ནང་དུ་སྐྱག་ལབ་མ་བརྒྱབ་པར། རང་ལ་དད་པ་དང་ཡིད་ཆེས་བྱེད་མཁན་རྣམས་ཀྱི་མདུན་ལ་སྤྲུལ་སྐུ་ལས་གནས་ནས་དགོངས་པ་ཞུ་ན་འགྲིག ཚངས་དབྱངས་རྒྱ་མཚོ་ལྟར་ལས་གནས་དེར་དགོངས་པ་ཞུས་ན་དེ་གས་འགྲིག

  14. གཞོན་ནུ་ཟླ་མེད། says:
    2013-06-30 at 10:02 pm

    ལོ་རྒྱུས་དང་རྣམ་ཐར་འགའ་ན་ཚངས་དབྱངས་རྒྱ་མཚོ་ལ་ཏཱ་ལའི་བླ་མའི་སྤྲུལ་སྐུ་ལས་དགོངས་འབོག་བྱས། འདི་འདྲ་རེད། དེང་སང་གི་སྤྲུལ་རྫུན་འགས་ལམ་འགྲོ་མ་རྒྱུགས་པར་ཁ་བརྡ་ནང་དུ་ཁྱི་ལབ་རྒྱགས་པ་འདི་ནི་སྟུག་དྲི་ངན་པ་ཞིག་བཏང་བ་དང་མཚུངས།

  15. ཏི་སི། says:
    2013-06-30 at 10:06 pm

    དང་པོ་ཨོ་ཉི་སྤྲུལ་མིང་འཁྱརེ་དུས་འདིར།།རྣམ་གླིང་ཆོས་སྒོར་ཞུགས་ཏེ་ཐོས་རྟགས་དུལ།།ཨོ་རྒྱན་འཕྲིན་ལས་ལ་སོགས་སྨྲ་རྒྱུ་རིང་།།སྤྲུལ་མིང་ཨོ་ཉི་མཆོག་ལ་གུས་འདུད་བྱས།།གཉིས་པ་ཨོ་ཉི་སྤྲུལ་མིང་འཁྱེར་དུས་སུ།། དྷ་སར་ཨིན་ཡིག་སྦྱོང་ཏེ་ཐོས་རྟགས་དོར།།ཨ་ཀོང་བུ་མོ་ལྷན་དགའ་བཞིར་སྤྱོད།།སྤྲུལ་མིང་ཨོ་ཉི་ཁོ་ལས་རིང་དུ་བྱས།།གསུམ་པ་ཨོ་ཉི་སྤྲུལ་མིང་འཁྱེར་དུས་མཐར།།ཨིན་ཡུལ་གླིང་ནས་འཆལ་དེབ་དོན་སྟོང་བྲིས།།ཕྱི་རུ་ས་སྐྱ་༧གོང་མའི་དབྱིབས་སུ་བརྫུས་།།སྤྲུལ་བརྫུས་ཨོ་ཉི་ཁོ་ལ་ཞེ་ཁ་ལོག།།ད་ནས་རང་ལིགས་ལྟ་སྤྱོད་ཀུན་དོར་ནས།།ཨ་ཀོང་དཀོར་བདག་ཆེན་མོས་བཀའ་བརྒྱུད་ཁ་འཁྱེར་ནས།།ཨོ་རྒྱན་འཕྲིན་ལས་ལྟ་སྒོམ་སྤྱོད་པར་འཇུག།།ཕ་ཤི་རྒྱ་རྔ་བརྡུང་བའི་སྤྲུལ་བརྫུས་ལགས།། མཆན་གནང་མཁན་ཚོས་གས་བྲིས་པ་ལ་ངིས་ལེན་མེད་ན་སྐྱོན་དག་ཡོད་རྒྱབ་སྐྱོར་གནང་།

  16. གཞོན་ནུ་ཟླ་མེད། says:
    2013-06-30 at 10:06 pm

    ཁ་བརྡ་དྲ་བ་འདི་ཡ་མཚན་ཟིག་རེད། ཁ་སང་སྤོབས་པ་མཐའ་ཡས་ཀྱི་སྤྲུལ་སྐུའི་སྐོར་གྱི་རྩོམ་ཡིག་ལྟ་བུ་ཞིག་ཡོད་པ་དེ། དེ་རིང་གར་སོང་ཆ་མེད་རེད། ད་ནི་སྤོབས་པ་མཐའ་ཡས་འདི་སྐྲག་ཤོར་མཐའ་ཡས་ཞིག་ཡིན་པ་འདྲ། ཁོང་ལ་ཡང་སྐྲག་ས་ཡོད་པ་རེད། ཨེ་མ་ཧོ།

  17. སྒོ་དམུ་རྒོད། says:
    2013-06-30 at 10:09 pm

    ཨོ་ཉི། ང་ལ་གཞན་གྱི་བཤད་སྒྲོས་ཙམ་ལས་མེད། ངས་མ་ཤེས་པར་ཁྱོད་ལ་དྲིས་པ་ཡིན། འོན་ཀྱང་ང་ནི་གྲུབ་དབང་པདྨ་ནོར་བུར་ཡིདཆེས་མཁན་ཞིག་ཡིན། རྒྱབ་གནོན་གྱི་ངོས་འཛིན་ཡི་གེ་ཡོད་ན་མ་གཏོགས། ཁོང་གིས་བསྟན་པ་སྤྱི་དང་བྱེ་བྲག་ལ་གནོད་པ་སྐྱེལ་མཁན་ཞིག་ངོས་འཛིན་གནང་མི་སྲིད་པའི་ཡིད་ཆེས་ཡོད། ཕ་མ་དང་བླ་མ་འགའ་རེས་འདི་ཡིན་ཅེས་བཤད་ནས་དེ་དག་ལ་རྒྱབ་སྐྱོར་ཡི་གེ་སྤྲད་པ་མང་པོ་ཡོད་པར་སྣང་། ཕྱག་མཛོད་དང་དྲུང་ཡིག་ཚོས་བླ་མ་གཞན་ཞིག་གིས་མིང་བཏགས་ཚར་རྗེས་དེ་ལ་གདོང་ཐུག་མི་བྱེད་པ་དེང་སང་གི་འགྲོ་སྟངས་ཤིག་རེད། འདི་འདྲའི་རིགས་ལ་བསྒྱུར་བཅོས་དགོས་པ་ངའི་རེ་བ་ཡིན། སྤྱིར་གྲུབ་དབང་པདྨ་ནོར་བུ་མི་བརྟན་པོ། དཔའ་བོ། ཆོད་སེམས་ཆེ་བ་དང་། ཆོས་ཕྱོགས་ནས་བསྟན་པ་ལ་ཐུགས་སྟོབས་ཆེ། རང་ལུགས་འཛིན་ཐུབ་མཁན། ཐུགས་རྗེའི་བདག་ཉིད། དབང་ལུང་མན་ངག་གི་གཏེར་མཛོད། སྔ་འགྱུར་ཆོས་རྒྱུན་ལ་བཀའ་དྲིན་ཆེ་བ་ཞིག་ཡིན། ཁོང་གི་ངོས་འཛིན་ཡིན་སྐད་པའི་མཆོག་སྤྲུལ་དང་། ལྷ་སྤྲུལ། ཁྱོད་གསུམ་པོའི་གྲུབ་ཐོབ་ཀྱི་སྤྱོད་པ་ལ་དག་སྣང་རེ་སྦྱང་རྒྱུ་ལས་ཅང་ལྷག་མེད། གང་ཟག་སྒེར་ལ་སྐྱོན་བརྗོད་ཞུ་བ་ངའི་འདོད་པ་དང་མི་མཐུན། འོན་ཀྱང་ཉིད་ཀྱིས་གཞན་སྐྱོན་ཚང་མ་ཐུགས་ལ་གསལ་ཞིང་། རང་གི་གནས་ཚུལ་བརྗེད་སོང་ཟེར་བ་ཅུང་ཟད་མ་ལགས་པ་འདྲ་ཡང་ང་དག་སྣང་ཆུང་དྲགས་པ་ཡིན་ཡོང་། ཐུགས་ལ་མི་འགྲོ་བ་མཆིས་ཚེ། དགོངས་དག་ཞུ།

  18. མེ་ཏོག་དཀར་པོ says:
    2013-06-30 at 10:17 pm

    ག་རེའི་གྲུབ་ཐོབ་ཀྱི་སྤྱོད་པ། མཐོང་ཐོས་དྲན་རེག་ཚང་མར་ཞེ་མེར་ལོག་གེ མཆིལ་མ་འཕེན་འོས་པའི་སྤྱོད་པ་ངན་ནག་དེ་འདྲ་ལ་གྲུབ་ཐོབ་སྤྱོད་པ་མི་ཟེར། དེ་འདྲ་ལབ་ན་དངོས་གནས་དམ་པའི་སྤྱོད་པར་བསྐུར་འདེབས་སུ་འགྲོའོ།།

  19. བཀྲ་ཤིས་ says:
    2013-06-30 at 10:39 pm

    རང་སྐྱོན་རང་གིས་མཐོང་བར་བྱིན་གྱིས་རློབས།
    གཞན་སྐྱོན་བལྟ་འདོད་མེད་པར་བྱིན་གྱིས་རློབས།

  20. གནམ says:
    2013-06-30 at 10:52 pm

    བླ་མར་དད་ཞབས་བྱས་བ་གཡོག་པོ་མིན།
    མྱི་ཚེ་འདི་ལ་བསྐལ་བཟང་ཐོབ་པ་ཡིན།
    མཆོད་ཕུད་བླ་མར་ཕུལ་བ་འདོད་སྔབ་མིན།
    ཚོགས་བསགས་མཆོད་པས་བླ་མར་དྲངས་བ་ཡིན།
    བླ་མར་ཕན་པའི་ནུས་བ་མེད་དང་རུང་།།
    རང་ལ་བསགས་བའི་སྡུག་སྦྱོང་ཡོད་པ་ཡིན།
    སྐྱེ་བ་ཕྱི་མའི་ལམ་ནས་སྨྱིན་པ་ཡིན།
    ལས་ངན་ཁྱེད་ཚོའི་ཁ་རྐུབ་བཙུམ་ན་ཡག།

    དེ་མིན། མེ་དཀར་ཁོ།
    ཡག་རི་ཡག་ཚད། ཞིམ་རི་ཞིམ་ཚད། རི་དེ་རི་མ་རེད་ཐལ། རིང་རེད་ཐལ། ཡག་རིང་ཡག་ཚད། ཞིམ་རིང་ཞིམ་ཚད། མི་ཤེས་ན་སྨྱོ་འབྲི་མ་བྱེད་ཨ།

  21. བསམ་ཤེས། says:
    2013-06-30 at 10:57 pm

    སྤྲུལ་སྐུའི་སྐོར་ལ་ཡ་མཚན་གྱི་གནས་ཚུལ་ཆོས་རྒྱུད་ཚང་མའི་ནང་ལ་ཡོད་པ་ནི། ཆོས་ལུགས་ཀྱི་བདག་པོ་དེ་ལ་ཡང་སྲིད་མེད་པར། དེའི་བུ་ཚ་རྣམས་ལ་ཡང་སྲིད་ཡོང་བ་དེ་རེད། དེ་རྒྱུ་མཚན་ཅི་ཡིན། དཔེར་ན། རྙིང་མའི་ཀློང་ཆེན་པ་དང་། ས་སྐྱའི་ཀུན་དགའ་སྙིང་པོ། བཀའ་བརྒྱུད་ཀྱི་མར་པ། དགེ་ལུགས་ཀྱི་རྗེ་ཙོང་ཁ་པ་ལྟ་བུ་རེད། 

    འདི་ཅི་ཡིན་ནམ། 

  22. ཨོ་རྒྱན་རིག་འཛིན། says:
    2013-06-30 at 11:15 pm

    སྤྲུལ་སྐུའི་མིང་ཡོད་པ་ཙམ་ལས་ཡག་པོ་ཡིན་པས་མ་ཁྱབ། ལྷ་སྤྲུལ་དང་བདུད་སྤྲུལ་གཉིས་ཡོད། ལྷ་སྤྲུལ་ཡིན་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་
    ཐམས་ཅད་ལ་ཕྱོགས་མེད་ཀྱི་སྙིང་རྗེ་དང། ཕྱི་པ་མུ་སྟེགས་པ་ལ་ཡང་སྨད་མི་བྱ་ཞེས་གྲུབ་མཐའ་ཀུན་ལ་ཕྱོགས་འཐེན་གྱི་སྐུར་འདེབས་མི་བྱེད། དེ་ལས་ཟློག་པ་ཞིག་ཡོད་ན་
    བདུད་སྤྲུལ་ཡིན། ཨོ་ཉི་དེ་གཉིས་གང་ཡིན་དྲ་གྲོགས་རྣམས་པས་དཔྱད་པར་གནང་རོག།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 1:05 am

    ༢༡༽ བསམ་ཤེས་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ གི་ཆུ་ཚོད་ ༢༢ སྐར་མ་ ༥༧
    སྤྲུལ་སྐུའི་སྐོར་ལ་ཡ་མཚན་གྱི་གནས་ཚུལ་ཆོས་རྒྱུད་ཚང་མའི་ནང་ལ་ཡོད་པ་ནི། ཆོས་ལུགས་ཀྱི་བདག་པོ་དེ་ལ་ཡང་སྲིད་མེད་པར། དེའི་བུ་ཚ་རྣམས་ལ་ཡང་སྲིད་ཡོང་བ་དེ་རེད། དེ་རྒྱུ་མཚན་ཅི་ཡིན། དཔེར་ན། རྙིང་མའི་ཀློང་ཆེན་པ་དང་། ས་སྐྱའི་ཀུན་དགའ་སྙིང་པོ། བཀའ་བརྒྱུད་ཀྱི་མར་པ། དགེ་ལུགས་ཀྱི་རྗེ་ཙོང་ཁ་པ་ལྟ་བུ་རེད།
    འདི་ཅི་ཡིན་ནམ།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 1:07 am

    རྙིང་མའི་ཀློང་ཆེན་པ་དང་། ས་སྐྱའི་ཀུན་དགའ་སྙིང་པོ། བཀའ་བརྒྱུད་ཀྱི་མར་པ། དགེ་ལུགས་ཀྱི་རྗེ་ཙོང་ཁ་པ་རྣམས་ཀྱི་ཡང་སྲིད་མེད་གདོས་དོན་དེ་ཅི་ཡིན་ནམ། དེ་ཅི་ཡིན་ནམ། འདི་ཅི་ཡིན་ནམ།

  25. དབང་འདུས། says:
    2013-07-01 at 1:35 am

    སྤྲུལ་ཟེར་བ་རྫུན་མ་རྫུན་རྐྱང་། མཚན་ཐོ་བུམཔར་བླུགས་ནས་ངོས་འཛིན་གནང་སྟངས་འདིར་གཟིགས་དང་ཇི་ལྟར་ཡིད་ཆས་བྱེད་ཐུབ། དང་པོ་མཚན་ཐོ་བརྒྱ་ཙམ་གྱི་ནང་དུ་སྤྲུལ་སྐུ་དེ་ཡོད་པར་རྒྱན་མ་སྤྲུགས་བཞིན་དུ་ངོས་འཛིན་ཐུབ་ན། རྒྱའི་ནང་ནས་གང་ཡིན་ངོས་ཟིན་མི་ཐུབ་དོན་གང་ཡིན་ནམ། གང་ལྟར་ཀྱང་གཅིག་མགོ་གཉིས་སྐོར་བྱས་ནས་ད་དུང་འགྲོ་བཞིན་པ་རེད།

  26. མེ་ཏོག་དཀར་པོ says:
    2013-07-01 at 1:46 am

    བྱིན་རླབས་ཅན་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པ་དེའི་ནང་ར་ཁྱི་ཕག་གསུམ་གྱི་མིང་བཅུག་ན་དེའི་ནང་ནས་གཅིག་གི་མིངམིང་མ་དོན་ན་ངའི་མཇེ་སྤུ་བྲེག་རྒྱུ་ཡིན།

  27. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 1:55 am

    ར་ཁྱི་ཕག་གསུམ་གྱི་མིང་བཅུག་ན་དེའི་ནང་ནས་གཅིག་གི་མིངམིང་མ་དོན་ན་ངའི་མཇེ་སྤུ་བྲེག་རྒྱུ་ཡིན། ཟེར་སྟངས་ལ་བལྟས་ན། མེ་དཀར་ལགས་ཀྱི་མཇེ་སྤུ་བྲེག་པ་ལ་ལེ་ལོ་ཅན་ཞིག་ཡིན་པ་འདྲ། མཇེ་སྤུ་ཟླ་བ་གཅིག་གཉིས་ནང་ལ་ངེས་པར་དུ་གཙང་སྦྲའི་ཆེད་དུ་བྲེག་དགོས་རེད་དོ། མེ་དཀར་ལགས། ཧཧཧཧཧཧ།

  28. ཨོ་རྒྱན་ཉི་མ། says:
    2013-07-01 at 3:00 am

    ཧཧཧཧཧ་་་་་་་་དོན་མེད་དོན་ལོག་དོན་དང་ལྡན།།ཐོས་བརྩོན་སྒྲུབ་པ་ལྷུར་ལེན་པ།།

  29. མེ་ཏོག་དཀར་པོ says:
    2013-07-01 at 3:28 am

    ར་ཁྱི་ཕག་ཨོ་ཉིའི་མིང་བུམ་པར་བཅུག་ནས་དཀྲུག་ན་ཕག་པའི་མིང་ཐོན་སྲིད་པ་རེད་ཧཧཧཧཧཧ

  30. ཨོ་རྒྱན་ཉི་མ། says:
    2013-07-01 at 3:39 am

    དེ་མི་སྲིད་པ་མ་རེད། ཡིན་ན་ཡང་གསེར་བུམ་དཀྲུག་མཁན་ལ་ལྟ་དགོས་པ་ལས། གསེར་བུམ་ལ་་་་་་ཧཧཧཧཧ

  31. སྤོབས་པ་མཐའ་ཡས། says:
    2013-07-01 at 3:56 am

    གསེར་བུམ་མི་དཀྲུག་པར་ངོས་འཛིན་བྱེད་སྟངས་ལ་བལྟས་ན་གསེར་བུམ་དཀྲུགས་པ་འདི་ལ་དྲང་ཚུགས་ཡིན་པའི་ཉམས་འདྲ་ཞིག་མི་འདུག་གམ། གསེར་བུམ་མི་དཀྲུགས་པར་དེ་ག་ཙམ་དུ་མཛུབ་མོ་འཛུགས་པ་འདི་དེ་ལས་སྡུག་པ་འདུག་ག

  32. ཨོ་རྒྱན་ཉི་མ། says:
    2013-07-01 at 4:05 am

    ང་དང་འདྲ་བའི་སྤྲུལ་རྫུན་ཚོའི་གློ་སྙིང་འབིགས་བྱེད་ཀྱི་དཔྱད་ཐུར་ཡིན་་་་་་་་་་

  33. མེ་ཏོག་དཀར་པོ says:
    2013-07-01 at 4:06 am

    དེ་ལྟ་རེད་དེ་གསེར་བུམ་ནང་བཅུག་རྒྱུའི་མིང་ཐོ་གསེར་བུམ་ནས་བཏོན་ཡོད་མ་རེད་ད། དེ་ཚོ་མཛུབ་མོ་བཙུག་པ་ཤ་སྟག་རེད།

  34. སྤོབས་པ་མཐའ་ཡས། says:
    2013-07-01 at 4:31 am

    དེ་རེད་དེ། མི་ཁ་ཤས་ཤིག་ལ་གོ་སྐབས་སྤྲད་ཡོད་པ་རེད་ད། དེ་ག་ཙམ་དུ་མཛུབ་མོ་བཛུགས་ནས་འདི་སྤྲུལ་སྐུ་རེད་ཅེས་ལབ་ན་དེ་ཙམ་ཡང་མི་འདུག་ག

  35. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 4:41 am

    སྤྲུལ་སྐུ་རྩ་ཆེ་ཤོས་སུ་ཡིན་ལ་དམོད་པ་བོར་ནས། ཨོ་ཉི་ལགས་དང་མེ་དཀར་ལགས། ང་ཀརྡོ་གསུམ་གྱི་མིང་བྱང་བུམ་པ་གཅིག་གི་ནང་ལ་བླུགས་ནས་དཀྲུགས་དཀྲུགས་ནས་མཐར་སྤྲུལ་སྐུ་ཨོ་ཉི་རང་ཐོན་པས་ཁྱབ་བམ། ལགས།

  36. ཨོ་རྒྱན་ཉི་མ། says:
    2013-07-01 at 4:44 am

    ཕུང་གསུམ་པ་ལ་དམོད་པ་བོར་མཁན་སུ་ཡིན་བལྟས་ན་ང་བབ་ངེས་སོ། །ངས་སྤྲུལ་སྐུ་རྩ་བ་ཆེ་ཤོས་སུ་ལ་ཡང་ངན་སྨད་བྱས་མེད་དོ།

  37. སྤོབས་པ་མཐའ་ཡས། says:
    2013-07-01 at 4:55 am

    ངས་ནི་སྤྲུལ་སྐུ་རྩ་བ་ཆེ་ཤོས་ནས་མགོ་བཛུགས་ནས་སྐྱོན་རྗོད་བྱེད་འདོད། མི་རང་ངོ་ལ་ནི་བཟང་ངན་ཅི་རིགས་པ་རེད་མོད་སྤྲུལ་སྐུ་ཡིན་པའི་ཆ་ཆེ་བ་བཞག་ནས་ཆུང་བ་ལ་དགག་འདོད་མེད། དགོས་ན་དགོས་མཉམ་དང་མི་དགོས་ན་འདོར་རྐྱང་ཡིན། གོང་ས་སྐུ་ཕྲེང་བཅོ་ལྔ་པ་མ་འབྱོན་ན་ལེགས་པའི་གླེང་གཞི་ཞིག་འབྲི་འཆར་ཡོད།

  38. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 4:56 am

    ༣༥༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ གི་ཆུ་ཚོད་ ༤ སྐར་མ་ ༤༡
    སྤྲུལ་སྐུ་རྩ་ཆེ་ཤོས་སུ་ཡིན་ལ་དམོད་པ་བོར་ནས། ཨོ་ཉི་ལགས་དང་མེ་དཀར་ལགས། ང་ཀརྡོ་གསུམ་གྱི་མིང་བྱང་བུམ་པ་གཅིག་གི་ནང་ལ་བླུགས་ནས་དཀྲུགས་དཀྲུགས་ནས་མཐར་སྤྲུལ་སྐུ་ཨོ་ཉི་རང་ཐོན་པས་ཁྱབ་བམ། ལགས། ཞེས་པ་འདི་ངས་མེ་དཀར་མཆོག་ལ་དྲིས་པ་ཡིན། ཁོང་གསེར་བུམ་དཀྲུགས་དོན་ལ་རྩ་བ་ཉིད་ནས་ཡིད་ཆེས་མེད་མདོག་མདོག་བྱེད་བགྱིད་ཡོད་ཙང་ཡིན། ལགས། མེ་དཀར་ལགས། ལན་ཅིག་གསུངས་དང་། ལགས།

  39. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 5:00 am

    ༣༧༽ སྤོབས་པ་མཐའ་ཡས་ལགས།
    སྐུ་མཁྱེན། ༸གོང་ས་སྐུ་ཕྲེང་བཅོ་ལྔ་པ་མ་འབྱོན་ན་ལེགས་པའི་གླེང་གཞི་དེ་འདྲ་རྩ་བ་ཉིད་ནས་མ་འབྲི་རོགས། དེ་འདྲ་བྲིས་ན། ཁྱེད་རང་ལ་བར་ཆད་ཡོང་བགྱི་རེད་དོ། དྲ་གྲོགས་སྤོབས་མཐའ་ལགས།

  40. སྤོབས་པ་མཐའ་ཡས། says:
    2013-07-01 at 5:08 am

    ཀ་རྡོ་ལགས། མི་དང་མི་མིན་གྱི་ཆད་ཆད་གང་ལ་ཟེར་གྱིན་ཡོད། བོད་སྤྱི་དོན་ལ་ཕན་སོང་ན་ང་ལ་བར་ཆད་ཆུང་ཆུང་རེ་ཡོང་ན་ཡང་སྐྱོན་མི་འདུག་ག

  41. འོད་གསལ says:
    2013-07-01 at 5:19 am

    སྐུ་ཞབས་ཀ་རྡོ་ལགས།

    ངས་ཁྱེད་ལ་ཐབས་ཤེས་ཟབ་མོ་ཞིག་ཞུ་རྒྱུར། སྤྲུལ་སྐུ་ཨོ་ཉི་རིན་པོ་ཆེ་དང་། མཁས་པ་མེ་དཀར། ཁྱེད་གསུམ་པོའི་མཚན་ཐོ་གསེར་བུམ་དུ་བླུགས་སྐབས་སུ། ཁྱེད་ཀྱི་མཚན་བཞུགས་པའི་ཤོག་དྲིལ་ནང་དུ་རྡེའུ་འམ་ལྕགས་རིལ་ཆུང་ཆུང་ཞིག་བཅུག་དང་། བུམ་པ་དཀྲུགས་པའི་སྐབས་སུ་ལྗིད་ཤུགས་ཀྱིས་ཁྱེད་ཀྱི་མཚན་དེ་ཡར་མཆོང་འོང་བས། དེ་རྙོབ་དང་རྒྱལ་ཁ་ཐོབ་ནས་སྤྲུལ་མིང་ཐོབ་ངེས།

  42. པདྨ says:
    2013-07-01 at 5:52 am

    ཨོ་ཉིས་རང་སྐྱོན་ཐེར་འདོན་ལ་ཡི་རང་ཡོད། སེ་ར་ཡང་སྤྲུལ་དང་གྲུབ་དབང་སོགས་ལ་དད་དང་། སེམས་ཅན་ལ་སྙིང་རྗེ་མེད་པ་ཞིག་ལ་སྤྲུལ་སྐུ་ཟེར་ན་བདུད་སྤྲུལ་ལོས་ཡིན་ཡ། གཙོ་བོ་ཁྱོད་ལ་༧གྲུབ་དབང་ཡེ་ཤེས་ཉི་མ་ཟེར་བ་ཞིག་འདུག་ལབ་ཀྱིན་འདུག ཨེ་བདེན་ནམ།

  43. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 6:37 am

    ༤༡༽འོད་གསལ་ལགས་ཀྱིས་ཐབས་ཤེས་ལ་ཐུགས་རྗེ་ཆེ་ཞེས་ཞུའོ།། དེ་ནས་ང་ཀརྡོ་རིན་པོ་ཆེ་ཆགས་པ་རེད་གདའ། ཁྲི་འདོན་ལ་ཁ་བཏགས་ཅིག་ད་ལྟ་གྲ་སྒྲིག་བྱས་ནས་ཞོགས་རོགས་གནོངས་། ཧཧ།

  44. ཨོ་རྒྱན་ཉི་མ། says:
    2013-07-01 at 7:13 am

    རྩོམ་དང་མཆན་བུ་གཏམ་བཤད་གང་ཡིན་ཡང་། །
    གཞན་ཕན་བསམ་སྦྱོར་གཉིས་ཀས་ལེགས་བརྒྱན་ཏེ། །
    རང་དང་རང་རིགས་རང་གི་རིག་གཞུང་ལ། །
    ཅུང་ཟད་ཕན་པའི་ལྷག་བསམ་མ་འཆུག་ཨང་། །

  45. ཨོ་རྒྱན་རིག་འཛིན། says:
    2013-07-01 at 9:04 am

    རང་གི་རིག་གཞུང་ཕན་པའི་སེམས་ཡོད་ན། རྒྱལ་བའི་བཀའ་ལུང་འགལ་བའི་སྡིག་ཉེས་བསགས།
    ཞུས་པའི་དམ་ཚིག་སེ་བུར་རླུངས་ལ་བསྐུར། ཕུ་ནུས་ནང་འགལ་རྟག་ཏུ་བྱེད་དོན་ཅི།

  46. ཨོ་རྒྱན་ཉི་མ། says:
    2013-07-01 at 9:29 am

    རྒྱལ་བའི་བཀའ་ལུང་ཟབ་མོ་དཔང་དུ་བཙུགས། །
    རྗེས་འཇུག་མཁས་པའི་བསྟན་བཅོས་ཚད་མར་བཟུང་། །
    མདོ་སྔགས་ལྟ་བའི་ལ་ཤན་སྲོག་ལྟར་གཅེས། །
    དེ་ཕྱིར་རྒྱལ་བསྟན་ཞིབ་འཇུག་ཆས་ལ་སྤྲོ། །

    བཀའ་ལས་འགལ་བའི་ཉེས་པ་བསགས་མེད་ལ། །
    ཞུས་པའི་དམ་ཚིག་སེལ་བའི་ཉེས་པ་མེད། །
    ཕུ་ནུའི་བར་དུ་དབྱེན་སྦྱོར་དེ་བས་མེད། །
    སྲོང་བོའི་ངག་གིས་བདེན་པའི་རྒྱལ་རྔ་བརྡུང་། །

    དམ་ཚིག་ཁ་རལ་སྡོམ་པའི་གཞུང་རལ་ཞིང་། །
    ཁྲེལ་མེད་མི་ཡི་སྐྱོན་མཚང་འབྱིན་པ་ལ། །
    ཞུམ་པའི་བློ་དེ་ནམ་ཡང་མེད་ངེས་པས། །
    ཨོ་རིག་ཁྱེད་ཉིད་ཕུང་གསུམ་བསྐྱུར་ན་མཛེས། །

  47. ཏི་སེ་བ། says:
    2013-07-01 at 12:04 pm

    ཕུགས་ཀྱི་ལོ་རྒྱུས་རྒྱུས་མེད་རྩོད་རྙོག་དཔའ་བོ།།
    མི་རིགས་མཐུན་ལམ་བཤིག་པའི་དབྱེན་བཅུག་མཁས་པ།།
    ཆགས་སྡང་གཏམ་གྱི་ཐ་སྙད་བྱེ་མའི་ཙམ་བཞིན།།
    བསགས་འཇོགས་འཇོན་ཅན་འཕང་འདྲེ་སུ་ཡི་རྣམ་སྤྲུལ།།

    རང་གི་གཏམ་ལས་བདེན་མེད་རང་འདོད་ཆེ་པོ།།
    ཆོས་ལ་ཞེན་ཁོག་ཆེ་འདོག་སྨྲ་བར་དགའ་མཁན།།
    ཆོས་དོན་འགལ་བའི་བྱ་བ་སྒྲུབ་མཁན་ཟོལ་པོ།།
    ཤི་གསན་གཉིས་ཀར་ཕམ་མཛད་ཁྱེད་ཉིད་སྙིང་རྗེ།།

    རང་དང་མི་མཐུན་པ་རྣམས་སྐྱོན་བརྗོད་ཁོ་ནས།།
    འཚོ་གནས་སྐྱེལ་མཁན་གཡོ་སྒྱུ་གཏེ་བོ།།
    མཚོན་གཞི་དང་པོ་ཁྱེད་མིན་སུ་ཡིན་སྙམ་མོ།།
    དེའི་ཕྱིར་བསམ་གཞིགས་གནད་པོ་གཏང་ན་དགའ་འོང་།།

  48. ཨོ་རྒྱན་ཉི་མ། says:
    2013-07-01 at 1:04 pm

    སྤྲུལ་སྐུ་དངོས་མིན་ཡང་གོང་གསེར་ཁྲི་ནས་འོག་རྡོ་གཅལ་ཐོག་གི་གྲྭ་བ་ཕུང་གསུམ་པ་དག་ལས་བཟང་ཞིག་ཡིན་བསམ་ནས་བསྡད་ཡོད།

  49. BONPO says:
    2013-07-01 at 10:16 pm

    http://www.bbc.co.uk/news/world-asia-23128840

  50. ཀརྡོ་གཉེར་ཕྱག་པ་ says:
    2013-07-02 at 12:12 am

    ༤༨༽ ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ གི་ཆུ་ཚོད་ ༡༣ སྐར་མ་ ༠༤
    སྤྲུལ་སྐུ་དངོས་མིན་ཡང་གོང་གསེར་ཁྲི་ནས་འོག་རྡོ་གཅལ་ཐོག་གི་གྲྭ་བ་ཕུང་གསུམ་པ་དག་ལས་བཟང་ཞིག་ཡིན་བསམ་ནས་བསྡད་ཡོད། ་་་་་་ཟེར།

  51. ཀརྡོ་གཉེར་ཕྱག་པ་ says:
    2013-07-02 at 12:14 am

    ཨོ་ཉི་རིན་པོ་ཆེ་ལགས།
    སྤྲུལ་སྐུ་དངོས་མིན་ཡང་་་་་་་ ཞེས་པ་འདི་གསུངས་དོན་གང་ཡིན་ནམ། ལགས།

  52. ཨོ་རྒྱན་ཉི་མ། says:
    2013-07-02 at 1:27 am

    ང་རང་ཉིད་སྤྲུལ་སྐུ་དངོས་མིན་ཡང་གོང་གསེར་ཁྲི་ནས་འོག་རྡོ་གཅལ་ཐོག་གི་གྲྭ་བ་ཕུང་གསུམ་པ་དག་ལས་བཟང་ཞིག་ཡིན་བསམ་ནས་བསྡད་ཡོད། ་་་་་ཁོ་བོ་སྤྲུལ་སྐུ་ངོ་མ་ཞིག་ཡིན་པའི་ཡིད་ཆེས་མེད་ཀྱང་ཕུང་གསུམ་པ་འདི་ཚོ་མཐོང་དུས་ང་རྒྱལ་ཞིག་ཀྱང་བསླེབས་ཡོང་གི་འདུག་་་་་་

  53. ཀརྡོ་གཉེར་ཕྱག་པ་ says:
    2013-07-02 at 1:58 am

    མཁས་མཆོག་ཨོ་རྒྱན་ཉི་མ་མཆོག་གིས། ཕུང་གསུམ་པ་སྤྱི་ལ་་སྐྱོན་བརྗོད་གནང་བ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། འོནད་ཀྱང། ཆོས་ལུགས་ཆོས་བརྒྱུད་མིང་སྨྲས་ནས་གསུངས་པ་ཡིན་ན། དད་པ་དང་། དམ་ཚིག་ལ་ཕན་ལས་གནོད་ཆེ་བར་མཐོང་བས། གསུངས་ཚད་ལ་དགའ་བསུ་ཞུ་ཁག་པོ་རེད་སྙམ་པས། དེ་དོན་དགོངས་འཇགས་འཚལ་ལོ།།

  54. ལོག་སྨྲ་ཚར་གཅོད། says:
    2013-07-02 at 2:53 am

    བླ་སྤྲུལ་ཀུན་ལ་དམོད་ཚིག་སྐུར་འདེབས་འདིས།།
    རང་ཉིད་བླ་སྤྲུལ་མིང་སྟོང་དོར་འདོད་དང་།།
    སྡོམ་ལྡན་གནས་ལས་སྐྱ་སར་བབ་འདོད་ཀྱིས།།
    ཉོན་མོངས་གདོན་གྱིས་བུ་མེད་རྒྱོ་འདོད་ཡིན།།

  55. མེ་ཏོག་དཀར་པོ says:
    2013-07-02 at 3:03 am

    རང་ཉིད་བླ་སྤྲུལ་མིང་སྟོང་དོར་འདོད་འདི།།
    བཟང་རྟགས་ཡིན་པས་ཁྱོད་བློ་མི་བདེ་ཅི།།
    སྡོམ་ལྡན་གནས་ལས་སྐྱ་སར་བབ་འདོད་ནི།།
    འགྲོ་བ་མི་ཡི་ཐོབ་ཐང་བླ་མེད་དང་།།
    སྟོན་པ་བླ་མེད་ལུགས་དང་འགལ་བ་མེད།།
    ཉོན་མོངས་གདོན་གྱིས་བུད་མེད་རྒྱོ་འདོད་ཡང་།།
    ལས་དབང་གིས་འཕང་འགྲོ་བ་མི་ཡི་ལུགས།།
    ཕོ་རྐུབ་དབྲལ་བ་དེ་དང་བསྡུར་ཐབས་མེད།།

  56. གཡུ་འབྲུག་དཀར་པོ། says:
    2013-07-02 at 4:20 am

    རྒྱལ་བ་རིན་པོ་ཆེས་སྤྲུལ་སྐུའི་སྐོར་ལ་གནང་བའི་ཆབ་ཤོག་ཅིག་གི་ནང་དུ་འདི་ལྟར་གསུངས་འདུག། ངས་དབྱིན་ཡིག་ནས་བསྒྱུར་ཁུལ་བྱས་པ་ཡིན་ཏེ་དབྱིན་ཡིག་དང་བོད་སྐད་གཉིས་ཀ་ཡག་པོ་ཤེས་ཀྱི་མེད་སྟབས་བསྒྱུར་ལ་ནོར་བ་ཡོང་ངེས་པ་རེད། ཡིན་ན་ཡང་ང་རང་གིས་གོ་བ་ལོན་པ་ལྟར་བྲིས་ནས་འདིར་ཕུལ་གྱི་ཡོད། 

    ་་་་་་་་་་སྤྲུལ་སྐུ་ལ་རྣམ་པ་གསུམ་ཡོད། ཀ༽རང་ཉིད་ཀྱིས་འདེམས་པའི་ས་ཕྱོགས་སུ་སྐྱེ་བ་ལེན་པ་སོགས་ཀྱི་སྒོ་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་ནི་མཆོག་གི་སྤྲུལ་སྐུ་དང་། ཁ༽མགར་བ་དང་བཟོ་བོ་ལ་སོགས་པ་ལ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་བཟོ་སྤྲུལ་སྐུ། ག༽མི་དང་ལྷ་དང་ཆུ་དང་ཟམ་པ་དང་སྨན་དང་ལྗོན་ཤིང་ལ་སོགས་པ་གཟུགས་རྣམ་པ་སྣ་ཚོགས་སུ་སྤྲུལ་ཏེ་འགྲོ་བའི་དོན་མཛད་པ་སྣ་ཚོགས་སྤྲུལ་སྐུ་བཅས་རེད། དེ་གསུམ་གྱི་ནང་ནས་དགེ་བའི་བཤེས་གཉེན་གྱི་ཡང་སྲིད་ལ་སྤྲུལ་སྐུ་ཞེས་ཞུ་སྲོལ་ཡོད་པ་ནི་དབྱེ་བ་གསུམ་པའི་འོག་ཏུ་བསྡུ་གི་རེད། སྤྲུལ་སྐུ་དེ་ཚོའི་ནང་ལ་བདེ་བར་གཤེགས་པའི་སྤྲུལ་སྐུའི་ཁྱད་ཆོས་ལྡན་པ་ཡང་གང་མང་ཞིག་ཡོདངེས་་རེད། ཡིན་ན་ཡང་སྤྲུལ་སྐུ་ཚང་མ་ངེས་པར་དུ་དེ་འདྲ་ཞིག་ཡིན་དགོས་མ་རེད། བོད་པའི་སྤྲུལ་སྐུ་ནང་ལ་སྲིད་པ་མཐའ་མ་པའི་བྱང་ཆུབ་སེམས་དཔའ་དང་། ལམ་ཞུགས་ཀྱི་བྱང་ཆུབ་སེམས་དཔའ། ལམ་ལ་ཞུགས་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཐའ་ཡང་ཡོད་ངེས་རེད། ་་་་་་་་་་་་་

    ཆབ་ཤོག་འདིའི་ནང་ལ་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་དགོས་མིན་སྐོར་སྐུ་མདུན་ཁོ་རང་དགུང་ལོ་༩༠ འི་ཐོག་ལ་ཕེབས་དུས་བོད་ཀྱི་བླ་མ་སྤྲུལ་སྐུ་རྣམས་དང་བཀའ་བགྲོས་མཛད་ནས་ཐག་གཅོད་གནང་རྒྱུ་ཡིན་ཞེས་གསུངས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme