Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།

Posted on 2013-06-262013-06-26 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 14 Comments on ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།

འཇིགས་མེད་ནུབ་པ།

གཤམ་གྱི་དྲི་བ་འདི་དག་ཞིབ་འཇུག་གི་ལས་དོན་ཆུང་ཆུང་ཞིག་སླད་དུ་ཡིན། ཀློག་མཁན་ཚོས་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ནས་ལན་རེ་འབྲི་རོགས།

༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན། (མིང་འབྲི་རོགས)

༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ། (དྲ་བ་དེ་དག་གི་མིང་འབྲི་རོགས།)

༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ། (དྲ་བ་དེ་དག་གི་མིང་འབྲི་རོགས)

༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ། (བརྗོད་བྱ་བྱེ་བྲག་པའི་མིང་འབྲི་རོགས)

༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ། (བརྗོད་བྱ་བྱེ་བྲག་པའི་མིང་འབྲི་རོགས)

༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ། (བརྗོད་བྱའི་མིང་འབྲི་རོགས།)

༧) ཁྱེད་ཀྱིས་ཉིན་རེར་ཆ་སྙོམས་བོད་ཡིག་གི་དྲ་བའི་སྟེང་ལ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ། (གྲངས་ཀ་འབྲི་རོགས)

༨) ཁྱེད་ཀྱིས་བསམ་ན། བོད་ཡིག་གི་དྲ་བ་ལ་བརྟེན་ནས་བོད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་ཐུབ་གི་རེད་དམ། (རྒྱུ་མཚན་འབྲི་རོགས)

སྣ་ཚོགས།

Post navigation

Previous Post: ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་མཆོག་གི་གཏམ་བཤད་ལ་བསམ་ཚུལ་བརྗོད་པ།
Next Post: བོད་བརྒྱུད་སངས་རྒྱས་པའི་ལམ་སྲོལ་རུལ་སུང་ཅན།

Comments (14) on “ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།”

  1. བན་དེ་བ། says:
    2013-06-26 at 3:44 am

    ང་ནི་ཁ་བརྡའི་དྲ་བ་ཀློག་རྒྱུར་དགའ་ཤོས་ཡིན།
    གཞན་དུས་བབ་དང་བང་ཆེན་་་་་ཧི་མ་ལ་ཡའི་བོན། གཡུང་དྲུང་བོན་ལས་སོགས་ཀྱི་དྲ་བར་ཤུགས་ཆེ་བ་ཀློག་གི་ཡོད།
    འོན་ཀྱང་དུས་བབ་དང་བང་ཆེན་ནི་གསར་ཤོག་རེད་མི་འདུག་རྙིང་ཤོག་རེད་འདུག་་་་ད་ཀློག་རྒྱུར་ཉོབ་ནས་བསྡད་ཡོད། རྒྱ་ནག་ལ་ཁ་ཆག་སྣ་རལ་བྱུང་བའི་རིགས་དང། བོད་རིགས་ནང་ཁུལ་ཁ་འཁྲུགས་བྱུང་བའི་རིགས་ལས། འཛམ་གླིང་གི་གསར་འགྱུར་གང་ཡང་མི་འདུག་་་ཡོད་ཀྱང་རྙིང་པ་ཤ་སྟག་རེད་འདུག དེ་ལས་NBC and BBC news CNN སོགས་བཀླག་ན་བྲོ་བ་འདུག
    དྲི་བ་འོག་མ་དེ་ཚོར་ལན་རྒྱབ་ལོང་མ་བྱུང་རྗེས་སུ་བྲིས་ཡོང།

  2. རེབ་ཐོག་མདའ says:
    2013-06-26 at 7:53 am

    དྲི་བ་༢ ༢ ༣ བཅས་ཀྱི་ལན་བདག་གི་ཀློག་སྤྲོ་བས་དྲ་བ་ནི། བཙན་བྱོལ། དུས་བབས། ཁ་བརྡ་། རེབ་གོང་རིག་་མཛོད། ཆང་ས། ལྕགས་མོ་མཚོ་ཟིན་བྲིས་བཅས་དང་། བོད་ནང་། སེང་རྡོར། མཆོད་མེ། མཚོ་སྔོན་པའི་ཟིན་བྲིས། དགེ་ཆོས་དྲ་བ། བཅས་ཡིན།
    ༤ སྙན་ངག་དང་བརྩམ་སྒྲུང་། ༥ མི་དགའ་བའི་རིགས་ནི་ཉོག་བཤད་ཁོ་ན་རྒྱག་མཁན་ཀྱི་མཆན་ཁཤས། ༦ དེ་དྲ་བ་རང་གི་ངོ་བོ་དང་རྒྱབ་ལྗོངས་ལ་བལྟས་དེ་བཤད་པ་ལས། དམིགས་བསལ་སྐྱོན་མཐོང་མ་སོང་།༧ ཕལ་ཆེར་ཉིན་དག་པར་ཉུང་མཐའ་ཡང་ཆུ་ཚོད་༥ནས་༧གཏོང་གི་ཡོད།
    ༨ དྲི་བ་དེ་ང་ལ་མཚོན་ནས་བཤད་ན་འདྲི་མ་དགོས་པ་ཞིག་རེད།་རྒྱུ་མཚན་ང་རང་ནི་སྙན་ངག་གི་ལམ་དུ་ཞུགས་ཀྱིན་པས་བོད་མི་ཕལ་བ་ཞིག་ཡིན། དེ་རྐྱེན་ཀྱིས་དྲ་ལམ་ནས་བདག་ལ་མཁོ་བའི་ཐ་སྙད་དང་བསམ་བློ། གནས་ལུགས་དང་བོད་ཡིག་གི་རིན་ཐང་སོགས་མང་པོ་ཞིག་བསླབ་ཐུབ་གི་འདུག་ལ། བརྡ་དག་དང་ཚིག་གི་སྡེབ་སྦྱོར་དང་ཕྱི་ནང་གི་རྩོམ་ལུགས་སོགས་ཤེས་བྱ་མང་པོ་ཞིག་ལེན་ཐུབ་ཀྱིན་འདུག། མི་སུ་ཡིན་ཡང་བོད་ཡིག་དྲ་བའི་ནང་དུ་ཆུ་ཚོད་ཅུང་ཙམ་གཏོང་ཐུབ་པ་ཡིན་ན་རང་ཉིད་བོད་ཡིག་ལ་ཤ་ཞེན་དང་བོད་ཡིག་རང་ཉིད་ལ་གལ་ཆེན་པོ་ཡིན་པ་མཐོང་སྲིད། ད་དུང་བོད་ཡིག་གི་ཀློག་འདོན་ལ་ཡག་པོ་མེད་པའི་གང་ཟག་ཅིག་ཡིན་ཡང་འདོན་རྩལ་ལེགས་དུ་འགྲོ་ཐུབ་པ་སྨྲས་མ་དགོས་པ་ཞིག་རེད། བོད་པའི་རིག་གཞུང་གཉར་དགོས་ན་བོད་ཡིག་གི་གཏིང་འདི་སེམས་ཁོངས་ལ་ཟུག་ནུས་པའི་བག་ཆགས་ཟབ་མོ་ཅིག་དགོས་པའི་ན། བོད་ཡིག་གི་དྲ་བ་དག་བལྟ་ཀློག་བྱས་པ་ཡིན་ན་བོད་རང་གི་རིག་གཞུང་ཉམས་པ་སོས་ཆུར་དང་མ་ཉམས་གོང་འཕེལ་གཏོང་ཐུབ།

  3. གཞོན་ནུ་ཟླ་མེད། says:
    2013-06-26 at 8:38 am

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།
    ལན། http://www.tbrc.org/ འདི་ང་དགའ་ཤོས་ཀྱི་བོད་ཡིག་དྲ་བ་དེ་ཡིན། དེ་སྔའི་བོད་ཡིག་གི་དེབ་ཡོངས་སུ་རྫོགས་པ་ཡོད་པས་གང་ཀློག་ན་འདོད་ན་དེ་ཡོད་པས་སོ།
    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ།
    ལན། http://www.tbrc.org/དང་། བོད་ནང་གི་དྲ་ལམ་ཁ་ཤས། ཁ་བརྡ། དུས་བབས། རང་དབང་། གཡུ་ཞུན་སོགས།
    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ།
    ལན། དྲི་བ་གཉིས་པ་དང་ཁྱད་པར་མི་འདུག
    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ།
    ལན། ནང་ཆོས་ཀྱི་སྐོར། ལོ་རྒྱུས་སྐོར། སྙན་ངག་སྐོར་སོགས།
    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ།
    ལན། བོད་རིགས་ནང་ཁུལ་གྱི་རྙོག་འཛིང་རིགས། ཆོས་ལུགས་ནང་ཁུལ་གྱི་རྙོག་འཛིང་རིགས་སོགས། འོན་ཀྱང་རང་དབང་མེད་པར་ཀློག་ཤོར་གི་འདུག ཁ་བརྡ་ནང་དུ་ཡང་ཡང་འཁོར་བ་ཡང་དེ་འདྲ་ཞིག་རེད།
    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ།
    ལན། འདི་དྲི་བ་ཡག་པོ་ཞིག་རེད། འཇིག་རྟེན་མི་ཆོས་སྐོར་གྱི་བསླབ་བྱའི་སྐོར། ཁྱིམ་ཚང་གི་བསླབ་བྱའི་སྐོར། སྤྱི་ཚོགས་ཀྱི་བསླབ་བྱའི་སྐོར། དེ་སོགས་ཤིན་ཏུ་མང་པོ་ཞིག་ཚང་གི་མི་འདུག
    ལས་ཀ་འགྲོ་རན་སོང་།

  4. བཀྲ་ཤིས་རྡོ་རྗེ། says:
    2013-06-26 at 8:44 am

    བོད་ཀྱི་དུས་བབ་གཙོ་བོ་ཡིན། ཁ་བརྡ་གཉིས་པ་ཡིན། ཉིན་རེར་ཐེངས་རེར་ལྟ་ཀི་ཡོད།

  5. ཐབས་ཇུས་ཅན says:
    2013-06-26 at 10:05 am

    ཆང་ས་བརྒྱབ་མེད་པའི་ཕོ་མོ་ཚང་མས་ཀློག་སྤྲོ་བོ་དང་དགའ་མོས་བྱེད་ས་ནི། ཆང་ས་དྲ་བ་ཡིན་དགོས།

  6. བཙན་ནག་པ། says:
    2013-06-26 at 1:21 pm

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།
    ལན། བོད ཀྱི་དུས་བབ་ཡིན། དུས་བབ་ནང་གི་་བསམ་ཚུལ་དེ་ཀློག་ཡས་དགའ་པོ་ཡོད་དེར་མི་སྣ་འདྲ་མིན་གྱི་དཔྱད་རྩོམ་འདྲ་མིན་སྤེལ་གྱི་ཡོད་པས་ཡིན།
    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ།
    ལན། བོད་ནང་གི་དྲ་ལམ་ཁ་ཤས། རྒྱལ་བ་རིན་པོ་ ཆེ། ཁ་བརྡ། དུས་བབས། རང་དབང་། བང་ཆེན། གཡུ་ཞུན། ཤེས་རབ་ཟིན་བྲིས།
    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ།
    ལན། དྲི་བ་གཉིས་པ་དང་ཁྱད་པར་མི་འདུག
    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ།
    ལན། དཔྱད་རྩོམ་གཙོ་བོ་དང་། ད་དུང་ནང་ཆོས་ཀྱི་སྐོར། ལོ་རྒྱུས་སྐོར། སྙན་ངག་སྐོར་སོགས།
    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ།
    ལན། བོད་རིགས་ནང་ཁུལ་གྱི་རྙོག་འཛིང་རིགས། ཆོས་ལུགས་ནང་ཁུལ་གྱི་རྙོག་འཛིང་རིགས་སོགས། འོན་ཀྱང་རང་དབང་མེད་པར་ཀློག་ཤོར་གི་འདུག ཁ་བརྡ་ནང་དུ་ཡང་ཡང་འཁོར་བ་ཡང་དེ་འདྲ་ཞིག་རེད།
    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ།
    ལན། བོད་ཀི་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གོམས་གཤིས་དང་། ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་མཐུན་མོངས་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གནས་བཤད་སོགས་།།

  7. དགྲ་འདུལ། says:
    2013-06-26 at 1:49 pm

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།
    ལན། མེད།
    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ།
    ལན། དྲ་བརྙན། དུས་བབ། བང་ཆེན། སྐར་ཁུང་། ཁ་བརྡ། སེང་རྡོར། མཆོད་མེ། ན་གཞོན་གསར་པ།

    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ།
    ལན། ཉི་ཤུ་ལྷག
    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ།
    ལན། མི་སྒེར་བའི་ལོ་རྒྱུས་དང་བསྐྱར་ཞིབ། དངོས་བྲིས་རིགས།
    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ།
    ལན། རང་བཙན་དང་དབུ་མའི་རྩོད་པ། ཆོས་ལུགས་ཀྱི་རྩོད་པ། ཆོལ་ཁའི་རྩོད་པ་སོགས།

    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ།
    ལན། དེང་རབས་ཀྱི་ཤེས་བྱ།
    ༧) ཁྱེད་ཀྱིས་ཉིན་རེར་ཆ་སྙོམས་བོད་ཡིག་གི་དྲ་བའི་སྟེང་ལ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ།
    ལན། དུས་ཚོད་བཞི་ནས་ལྔ།

    ༨) ཁྱེད་ཀྱིས་བསམ་ན། བོད་ཡིག་གི་དྲ་བ་ལ་བརྟེན་ནས་བོད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་ཐུབ་གི་རེད་དམ།
    ལན། མི་ཤེས། ཡིན་ན་ཡང་། དྲ་བའི་སྟེང་ལ་བོད་ཡིག་ཀློག་རྒྱུ་དང་འབྲི་རྒྱུ་ཡོད་ན་སྐྱིད་པོ་འདུག

  8. ཁྱུང་དཀར says:
    2013-06-26 at 3:18 pm

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།
    བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་བ།

    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ།
    བོད་ཀྱི་དུས་བབ་དང་ཁ་བརྡ། བོད་ཀྱི་བང་ཆེན། སེང་རྡོར་དྲ་བ། མཆོད་མེ་དྲ་བ། མཚོ་སྔོན་བོད་ཡིག་ཟིན་བྲིས།

    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ།
    བོད་ཀྱི་དུས་བབ། ཁ་བརྡ། སེང་རྡོར། མཆོད་མེ་དྲ་བ། དགེ་ཆོས་དྲ་བ། བོད་ཀྱི་བང་ཆེན། ཆང་ས་དྲ་བ། མཚོ་སྔོན་བོད་ཡིག་ཟིན་བྲིས། རིག་འབྱུང་དྲ་བ། ད་དུང་མང་ཙམ་ཡོད།
    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ།
    དངོས་ཡོད་འཚོ་བ་མཚོན་པའི་རྩོམ་ཡིག་རིགས་ཀློག་ཡ་དགའ་བོ་ཡོད།
    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ།
    དཔེ་བཞག་ན། ལྷ་སྒྲུང་ལྟ་བུའི་རིགས་ཀློག་ཡ་དགའ་བོ་མེད།
    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ།
    འཚོ་བའི་ཁ་ཐག་ཉེ་བའི་ཅ་དངོས་གསར་བའི་རིགས་ཀྱི་མིང་བརྡ་སོགས་དཔེ་རིས་ལམ་ནས་ངོ་སྤྲོད་བྱེད་པ།

    ༧) ཁྱེད་ཀྱིས་ཉིན་རེར་ཆ་སྙོམས་བོད་ཡིག་གི་དྲ་བའི་སྟེང་ལ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ།
    ལས་ཀའི་བར་གསེང་དང་དགོང་དྲོ། ཕལ་ཆེར་ཉིན་རེ་དུས་ཚོད་བཞི་ལྔ་རེ་ལྟ་ཀི་མེད་འགྲོ
    ༨) ཁྱེད་ཀྱིས་བསམ་ན། བོད་ཡིག་གི་དྲ་བ་ལ་བརྟེན་ནས་བོད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་ཐུབ་གི་རེད་དམ།
    ཆུང་དུས་ནས་རང་རེའི་ཡི་གེ་ཏོག་ཙམ་སྦྱངས་ཡོད་པ་དང་ད་ལྟ་དྲ་རྒྱའི་མཐུན་རྐྱེན་གང་ཙམ་ཡོད་དུས་རྩོམ་ཡིག་གསར་བ་དང་བསམ་ཚུལ་གསར་བ། ཤེས་བྱ་གསར་བ་མང་པོ་ཀློག་རྒྱུའི་གོ་སྐབས་རེག་འགྲོ་ཀི རང་ལ་མཚོན་ན་ཕན་ཐོག་ཞེ་དྲག་འདུག ཡིན་ནའང་། སྲུང་སྐྱོབ་ཟེར་ན་ཧ་ཅང་བཤད་ཁེགས་པོ་རེད། བོད་དེབ་ཀློག་མཁན་དང་དྲ་ཀློག་བྱེད་མཁན་བོད་མིའི་མི་འབོར་དང་བསྡུར་ན་བརྒྱ་ཆའི་ཉུང་ངུ་ཙམ་ལས་མེད་དུས་སྐྱོབ་ཟེར་ན་དཀའ་སེ་དཀའ་རེ་རེད་བསམ་ཀི

  9. བློ་བཟང་། says:
    2013-06-26 at 6:48 pm

    http://www.sherig.org/tb/
    http://gdqpzhx.com/bo/
    http://www.tibetology.ac.cn/za/component/hello/gdqp60
    http://www.gyalwarinpoche.com/
    http://gdamsngagmdzod.tsadra.org/index.php/Main_Page
    གོང་དུ་གསུངས་(tbrc) དུས་བབ་དང་ཁ་བརྡ། ད་དུང་ཡོད།
    http://www.usalearns.org/index/welcome.cfm

  10. རྡོ་རྗེ་རྒྱལ་བོ། says:
    2013-06-26 at 10:32 pm

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན། (མིང་འབྲི་རོགས)
    ལན། ང་རང་ཀློག་རྒྱུར་ཆེས་དགའ་བའི་དྲ་ཚིགས་དེ་བོད་ཀྱི་དུས་བབ་ཡིན།
    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ། (དྲ་བ་དེ་དག་གི་མིང་འབྲི་རོགས།)
    ལན། བོད་ཀྱི་དུས་བབ། ཁ་བརྡ། བོད་ནང་གི་ཟིན་བྲིས་ཁག་ཅིག་ཡིན།
    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ། (དྲ་བ་དེ་དག་གི་མིང་འབྲི་རོགས)
    ལན། བོད་ཀྱི་དུས་བབ། ཁ་བརྡ། བོད་གཞུང་དྲ་ཚིགས། རྒྱལ་བ་རིན་པོ་ཆེ། སེང་རྡོར་དྲ་ཚིགས། བོད་ཀྱི་བང་ཆེན། མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་པོའི་ཟིན་བྲིས། ན་གཞོན་གསར་པ། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན།
    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ། (བརྗོད་བྱ་བྱེ་བྲག་པའི་མིང་འབྲི་རོགས)
    ལན། བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས། དེ་བཞིན་རྒྱ་ནག་གི་ཆབ་སྲིད། བོད་པའི་རང་དབང་འཐབ་རྩོད་བཅས་ཀྱི་སྐོར་ལ་ཆེད་བརྗོད་བྲིས་ཡོད་པ་དེ་དག་ཡིན།
    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ། (བརྗོད་བྱ་བྱེ་བྲག་པའི་མིང་འབྲི་རོགས)
    ལན། སྙན་ངག་དང་། བརྩམས་སྒྲུང་།
    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ། (བརྗོད་བྱའི་མིང་འབྲི་རོགས།)
    ལན། འཛམ་གླིང་གི་གསར་འགྱུར་ཆེ་ཁག
    ༧) ཁྱེད་ཀྱིས་ཉིན་རེར་ཆ་སྙོམས་བོད་ཡིག་གི་དྲ་བའི་སྟེང་ལ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ། (གྲངས་ཀ་འབྲི་རོགས)
    ལན། ཉུང་མཐར་ཆུ་ཚོད་གཅིག་ནས་གཉིས་བར།
    ༨) ཁྱེད་ཀྱིས་བསམ་ན། བོད་ཡིག་གི་དྲ་བ་ལ་བརྟེན་ནས་བོད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་ཐུབ་གི་རེད་དམ། (རྒྱུ་མཚན་འབྲི་རོགས)
    ལན། དྲི་བ་འདི་བླུན་པོའི་སྐད་ཆ་ཞིག་རེད།

  11. བསང་གཞུང་ཏིང་བྷ། says:
    2013-06-27 at 12:19 am

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན། (མིང་འབྲི་རོགས)
    ལན། ཁ་བརྡ།

    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ། (དྲ་བ་དེ་དག་གི་མིང་འབྲི་རོགས།) ཁ་བརྡ། དུས་བབ། བང་ཆེན། སྐར་ཁུང་། སེང་རྡོར། དགེ་ཆོས། མཆོད་མེ། ན་གཞོན་གསར་པ། མཚོ་སྔོན་པོ་དྲ་བ། ཚངས་དབྱངས་དྲ་བ་བཅས་སོ།

    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ། (དྲ་བ་དེ་དག་གི་མིང་འབྲི་རོགས)
    ལན། མང་པོ་ཤེས་ཀྱི་ཡོད།

    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ། (བརྗོད་བྱ་བྱེ་བྲག་པའི་མིང་འབྲི་རོགས) བརྩམས་སྒྲུང་དང་སྤྱི་ཚོགས་དཔྱད་བརྗོད། ཆབ་སྲིད་དཔྱད་བརྗོད།

    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་མི་དགའ། (བརྗོད་བྱ་བྱེ་བྲག་པའི་མིང་འབྲི་རོགས)
    ལན། མེད།

    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ། (བརྗོད་བྱའི་མིང་འབྲི་རོགས།) དཔལ་འབྱོར་རིག་པ་དང་ཁེ་ལས་དོ་དམ་རིག་པ་སོགས།

    ༧) ཁྱེད་ཀྱིས་ཉིན་རེར་ཆ་སྙོམས་བོད་ཡིག་གི་དྲ་བའི་སྟེང་ལ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ། (གྲངས་ཀ་འབྲི་རོགས)
    ལན། ཧ་ལམ་ཉིན་རེར་ཆུ་ཚོད་བདུན་ནས་བརྒྱད་བར།

    ༨) ཁྱེད་ཀྱིས་བསམ་ན། བོད་ཡིག་གི་དྲ་བ་ལ་བརྟེན་ནས་བོད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་ཐུབ་གི་རེད་དམ། (རྒྱུ་མཚན་འབྲི་རོགས)
    ལན། མི་ཤེས།

  12. ལྷ་སྒང་བློ་ཆོས་གྲགས། says:
    2013-06-27 at 6:51 am

    འཇིགས་ནུབ་ཁྱོད་རང་གང་གང་ཀློག་གིན་ཡོད་པ་དང་ཅི་ཅི་ཤེས་ཀྱིན་ཡོད། འདི་ལ་ལན་ཞིག་སྤྲོད་དང་།

  13. སྦྲ་དཔལ་ལྡན། says:
    2013-06-28 at 1:19 pm

    འཇིགས་མེད་ནུབ་པ་ཟེར་པའི་དྲི་བ་མང་བོ་ཞིག་དྲིས་འདུག་ འོན་ཀྱང་། ཁྱོད་ཀྱིས་ཉིན་རྒྱུན་བོད་ཡིག་དང་འབྲེལ་བ་ཡོད་པའི་དྲ་བ་ག་ཚོད་ཀློག་གི་ཡོད་དམ། ཁྱོད་ཀྱིས་གོང་དུ་དྲིས་པའི་དྲི་བ་དེ་དག་ངས་ཕྱིར་ཁྱོད་ལ་འདྲི་བཞིན་ཡོད།

  14. འཇིགས་མེད་ནུབ་པ་ says:
    2013-06-28 at 4:37 pm

    ༡) ཁྱེད་རང་ཀློག་རྒྱུར་ཆེས་དགའ་བའི་བོད་ཡིག་གི་དྲ་བ་དེ་གང་ཡིན།
    ལན། དྲ་བརྙན་དང་སྐར་ཁུང་གཉིས།

    ༢) ཁྱེད་རང་གིས་ནམ་རྒྱུན་བོད་ཡིག་གི་དྲ་བ་གང་དང་གང་ཀློག་གི་ཡོད་དམ།
    ལན། དུས་བབ་དང་བང་ཆེན། ཁ་བརྡ། ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས། རྒྱལ་བ་རིན་པོ་ཆེའི་དྲ་གནས། བོད་གཞུང་གི་དྲ་གནས་སོགས་ཡིན། འདི་ཚོ་བོད་པ་དང་འབྲེལ་བའི་གསར་འགྱུར་ཁོ་ནའི་ཆེད་དུ་ཀློག་གི་ཡོད།

    ༣) ཁྱེད་རང་གིས་བོད་ཡིག་གི་དྲ་བ་ཇི་ཙམ་ངོ་ཤེས་ཀྱི་ཡོད་དམ།
    ལན། བརྒྱ་དང་ལྔ་བཅུ་ལྷག་ངོ་ཤེས་ཀྱི་ཡོད།

    ༤) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་དགའ།
    ལན། བོད་ཡིག་གི་དྲ་བའི་སྟེང་ན་ཀློག་སྤྲོ་བའི་བརྗོད་བྱ་ད་ལྟ་ཚུན་ལ་མི་འདུག

    ༥) ཁྱེད་རང་བོད་ཡིག་གི་དྲ་བའི་སྟེང་གི་བརྗོད་བྱ་གང་གི་རིགས་ཀློག་རྒྱུར་་མི་དགའ།
    ལན། ད་ལྟ་ཚུན་གྱི་བརྗོད་བྱ་རིགས་ཀློག་རྒྱུར་མི་སྤྲོ།

    ༦) ཁྱེད་རང་གིས་ཀློག་འདོད་པ་བོད་ཡིག་གི་དྲ་བའི་སྟེང་དུ་མེད་པ་གང་དང་གང་འདུག་གམ།
    ལན། ཧ་ཅང་མང་གི

    ༧) ཁྱེད་ཀྱིས་ཉིན་རེར་ཆ་སྙོམས་བོད་ཡིག་གི་དྲ་བའི་སྟེང་ལ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ།
    ལན། དུས་ཚོད་གཅིག་ཙམ།

    ༨) ཁྱེད་ཀྱིས་བསམ་ན། བོད་ཡིག་གི་དྲ་བ་ལ་བརྟེན་ནས་བོད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་ཐུབ་གི་རེད་དམ།
    ལན། བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་སྔོན་མ་དང་བསྡུར་ན་ཇེ་ཆེར་ཕྱིན་ཡོད་པ་རེད། ཀློག་མཁན་དང་འབྲི་མཁན་གཉིས་ཀ་ཡང་ཇེ་མང་ལ་སོང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme