Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྱུ་རྩལ་རྩོམ་ཡིག་འབྲི་མཚམས་བཞག་པའི་རྩོམ་པ་པོ་སྐོར་ཞིག

Posted on 2009-10-312009-10-31 By ཡེ་ཤེས་ 21 Comments on སྒྱུ་རྩལ་རྩོམ་ཡིག་འབྲི་མཚམས་བཞག་པའི་རྩོམ་པ་པོ་སྐོར་ཞིག

nowriting

བོད་ནང་།
འཇམ་དཔལ་རྒྱ་མཚོ།
རེབ་ཀོང་རྡོ་རྗེ་མཁར།
ཆབ་འགག་རྡོ་རྗེ་ཚེ་རིང་།
ཆབ་འགག་གཅོད་པ་དོན་གྲུབ།
ཆབ་བྲག་རྡོ་རྗེ་ཚེ་རིང་། ལྗང་བུ།
ཉི་ཟླ།
སྨན་བླ་སྐྱབས།
མཁས་གྲུབ་ཆོས་འཕེལ།
ཆབ་བྲག་དཀོན་མཆོག་སྐྱབས།
་་་ ་་་
ད་དུང་མང་།
བོད་ཕྱི།
ཤེས་རབ་དར་རྒྱས།
ཧོར་གཙང་འཇིགས་མེད།
ཆུང་ཚེ་རིང་།
སྐལ་བཟང་མཁས་གྲུབ།
སྐལ་བཟང་ལྷ་མོ།
པད་མ་ཚེ་རིང་།
པད་མ་ཚེ་དབང་།
་་་ ་་་
ད་དུང་མང་།

གསར་འགྱུར། Tags:ཨཨཨ

Post navigation

Previous Post: མི་ཁོམ་པ་ཧི་ཟིན་ནས་ཕྱིར་ཕུད།
Next Post: གོལ་ལམ་དུ་འཕྱན་པའི་༼ཐ་སྙད་གསར་པ༽

Comments (21) on “སྒྱུ་རྩལ་རྩོམ་ཡིག་འབྲི་མཚམས་བཞག་པའི་རྩོམ་པ་པོ་སྐོར་ཞིག”

  1. མདའ་ཚན་པ། says:
    2009-10-31 at 10:51 pm

    རྒྱ་ནག་དམར་ཤོག་པས་འུད་སྒྲོགས་བྱས་ནས་ནམ་མཁའི་མཐོངས་སུ་བཀྱག་པའི་རྩོམ་པ་པོ་ཀོ་མོ་རོ་ནས་འདི་འདྲ་ཞིག་གསུངས་པ་དྲན། གང་ཞིག་ལོ་ན་གཞོན་པའི་སྐབས།། འབྲི་ཤེས་ཚང་མ་སྙན་ངག་པ།། དོན་དམ་སྙན་ངག་མཁན་ཡིན་མིན།། མི་ཚེའི་མཐའ་ལ་ཐུག་སྐབས་ཤེས།། འདི་ལྟར་གསུངས་པ་འདིར་ཡང་རྒྱུ་མཚན་མེད་པ་མིན་པ་འདྲ།
    ངས་ཤེས་པ་ལྟར་ན་གོང་གསལ་འདི་ཚོའི་ནང་ད་རུང་སྙན་ངག་འབྲི་བཞིན་པ་ནི་ལྗང་བུ་རེད། ཁོས་ད་རུང་སྙན་ངག་འབྲི་བཞིན་ཡོད་ཟེར། ཡིན་ནའང་ཉུང་དུ་ཕྱིན་ཡོད་པའི་སྐད་ཆ་ཞིག་བཤད་སོང་།
    ཕྱི་ཟླ་ ༡༠ ཚེས་ ༡ ནས་༡༢ བར། ཀེ་ན་ཊ་ཁུ་སྤེ་ཁུ་མངའ་སྡེའི་སྙན་ངག་གི་གྲོང་ཁྱེར་དུ་གྲགས་པའི་ཆུ་གསུམ་གྲོང་ཁྱེར་ནང་རྒྱལ་སྤྱིའི་སྙན་ངག་གི་ཚོགས་འདུ་ཞིག་འཚོགས་པ་དེར་བོད་ཀྱི་དེང་རབས་སྙན་ངག་གི་མེས་པོའི་གྲས་ལྗང་བུ་ཡང་ཞུགས། ཚོགས་འདུ་གྲོལ་ནས་ཕར་ཧྥི་རན་སིར་མ་ཕེབས་སྔོན་ངས་ཁོང་ངའི་ཁྱིམ་ལ་གདན་འདྲེན་ཞུས་ནས་དུས་ཚོད་ལྔ་ཙམ་ཞིག་ངེད་གཉིས་ལ་ཁ་བརྡ་བྱེད་པའི་གོ་སྐབས་བྱུང་། དུས་ཚོད་ལྔ་རིང་གི་ཁ་བརྡ་དེ་ངོ་མ་ཆུ་ཚོད་ཕྱེད་ཀ་ཞིག་གི་ཡུན་ཚད་ལས་མ་བྱུང་། ད་སྐད་ཆ་གང་ཞིག་བཤད་པ་འབྲི་དགོས་ན་ཅང་འབྲི་རྒྱུ་མི་འདུག ཝུར་ཆང་ཏམ་བུ་༡༠ ཡས་མས་ཤིག་ངེད་གཉིས་གཅིག་པོས་བཏུང་འདུག
    ཡིན་ནའང་ཝུ་ཆང་ཏམ་བུ་༡༠ ཡི་ཝུ་སོབ་ཁྲོད་ན་སྐད་ཆ་སོབ་སོབ་མང་པོ་ཞིག་རྒྱ་མཚོའི་རླབས་ཀྱི་སྲོལ་དུ་འཕྱོ་བཞིན་པ་དེའང་བཤད་མ་དགོས་པ་ཞིག་རེད། དྲི་བ་ཡོད་ན་དྲིས་ལན་འདེབས་ཆོག གཞན་གཏམ་གྱི་གཡག་སྣ་འདི་རུ་འཐེན།

  2. ཀླུ་སྨྱོན། says:
    2009-10-31 at 11:57 pm

    མདའ་ཚན་པ་ལགས་སུ་དྲི་བ་འགའ་འདྲི་རྒྱུར།
    གཅིག ལྗང་བུས་གཉེན་སྒྲིག་བྱས་ཡོད་དམ་མེད། ཡོད་ན་བོད་མོ་ཞིག་གམ་སོག་མོ་ཞིག ཡང་ན་ཕྱི་མོ་ཞིག
    གཉིས། ལྗང་བུ་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་སྟེང་ཡར་མར་འགྲོ་གིན་ཡོད་དམ་ཧྥ་གཞུང་གི་མི་སེར་ལག་ཁྱེར་ཡོད།
    གསུམ། ལྗང་བུ་ལ་དེབ་གསར་བ་རེ་འདོན་རྒྱུའི་འཆར་གཞི་ཡོད་དམ་མེད།
    བཞི། ལྗང་བུས་ཁས་ལེན་པའི་བོད་ཀྱི་དེང་རབས་སྙན་ངག་པ་རེ་ཡོད་དམ་མེད།
    ལྔ། ལྗང་བུས་ཧྥ་རན་སི་ནས་བོད་པའི་རྩོམ་རིག་ལོ་རྒྱུས་བོད་སྐད་སྟེང་ཐད་ཀར་འཁྲིད་བཞིན་ཡོད་དམ་སྐད་སྒྱུར་བ་ཡོད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-01 at 5:57 am

    བོད་ཀྱི་སྙན་ངག་འབྲི་མཁན་དག

    སྙན་ངག་འབྲི་མཁན་ཞིག་ལ་མཚོན་ན། ཐོག་མ་དེ་ནི་རྒྱ་མཚོའི་རླབས་འཕྱོ་བ་ལྟ་བུ་ཞིག་ཡིན་ཟེར་ཆོག བར་སྐབས་ཤིག་ལ་རླབས་རྒྱུན་དེ་ནི་བྲག་ངོས་སུ་བརྡབས་པ་ལྟ་བུ་ཞིག་ཡིན། བྲག་ངོས་སུ་བརྡབས་ནས་སླར་ཡང་མཚོ་ནང་དུ་འཐིམ་འགྲོ དེ་དུས་གྲགས་འགུལ་མེད་པར་གྱུར་འགྲོ་བ་ཡིན། བོད་ཀྱི་སྙན་ངག་འབྲི་མཁན་མང་བོ་ཞིག་ལ་དཀའ་ངལ་འདི་བྱུང་ཡོད་པ་རེད།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-01 at 5:59 am

    ཁོང་ཚོས་རྒྱ་མཚོའི་རང་གཤིས་ལྟ་བུའི་སྙན་ངག་པ་ཞིག་ཆགས་མ་ཐུབ་པར་རླབས་རྒྱུན་ལྟ་བུའི་སྙན་ངག་པ་ཞིག་ཆགས་པ་དེ་ཙམ་གྱིས་དེ་ལྟར་འབྲི་མཚམས་ཆད་པ་རེད་ཟེར་ནས་བཤད་ཆོག་པར་འདོད།

  5. གསར་བརྗེ་སྐྱབས། says:
    2009-11-01 at 7:11 am

    ཨ་ལ་ལ། ད་ཐེངས་ཨ་ཁུ་ཀླུ་སྨྱོན་གྱིས་བདེ་སྲུང་ལས་བྱེད་པའི་ཕྱག་ལས་གནང་རྒྱུ་ཡིན་པ་འདྲ། ང་ཡང་ལྗང་བུ་དང་འབྲེལ་འདྲིས་ཅུང་ཡོད་པའི་ཆ་ནས་མདའ་ཚན་པའི་ལན་མ་གནང་གོང་ལ་རང་གིས་གང་ཤེས་ཤིག་ཁྱེད་ལ་འབུལ་ཆོག།

    ༡༽ ཁྲིམས་ཐོག་གི་གཉེན་སྒྲིག་བྱས་ཡོད་མེད་མ་ཤེས། ཧྥ་རན་སིའི་བུ་མོ་ཞིག་དང་མཉམ་དུ་བསྡད་འདུག་ལ་ཁོང་གཉིས་ལ་བུ་མོ་ཞིག་ཀྱང་འདུག ད་ལྟ་ལོ་གསུམ་བཞི་ཙམ་ལོན་མེད་འགྲོ།

    ༢༽ ཕལ་ཆེར་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་མིན་འགྲོ། ཁོང་ལ་ད་དུང་ཧྥ་རན་སིའི་མི་སེར་ལག་འཁྱེར་རེག་མི་འདུག མ་གཞི་ཧྥ་རན་སིའི་མི་སེར་ལག་འཁྱེར་ཞུས་ཡོད་མེད་ཀྱང་ཤེས་མ་སོང་། ༼འདིའི་རིགས་མི་སྒེར་གྱི་འཚོ་བ་ཆགས་པར་བརྟེན་འདྲི་བར་འཚེར་སྣང་ཡོང་གི་འདུག ༽

    ༣༽ སྙན་ངག་དང་སྒྱུ་རྩལ་རྩོམ་རིགས་སྐོར་གྱི་དེབ་གསར་པ་འགའ་མཐོང་སོང་། དེ་དག་སྤྱིར་བཏང་གི་གསར་པ་ཡིན་མིན་མི་ཤེས། གང་ལྟར་ང་ལ་མཚོན་ན་གསར་པ་གསར་རྐྱང་རེད། རྒྱ་གར་ནས་ཁ་བྲལ་རྗེས་ངས་ལྗང་བུའི་སྙན་ངག་གི་དེབ་གསར་པ་མཐོང་པ་དེ་དག་དང་པོ་ཡིན། ཁོང་གི་སྙན་ངག་འབྲི་སྟངས་དང་ཁ་ཕྱོགས་སྟངས་ལ་གཞི་རྩའི་འགྱུར་བ་ཡོད་པའི་ཚོར་སྣང་བྱུང་། དེ་ཡིན་རྒྱུ་རེད། སྙན་ངག་གི་དེབ་གཉིས་འདུག་པའི་ནང་གི་སྙན་ངག་མང་ཤོས་ཧྥ་རན་སི་ནས་བྲིས་པ་རེད། བོད་དང་རྒྱ་ནག་ནས་བྲིས་པ་ཉུང་ཉུང་ངམ་མེད་པ་འདྲ་བོ་རེད། དེབ་གསར་འདོད་འཆར་ཡོད་མེད་མ་ཤེས། དེང་སང་ཁོང་གིས་གློག་བརྙན་བཟོ་བསྐྲུན་ལ་འབད་བརྩོན་དང་ཕྱག་ལས་གནང་གི་འདུག ཁོང་གི་ཕབ་བསྐྲུན་བྱས་པའི་དངོས་བྱུང་གློག་བརྙན་༼ མཚོ་སྔོན་པོ།༽ཞེས་པ་དེར་ཐེངས་གཉིས་བལྟས་མྱོང་ཡོད། དེང་སང་ཁོང་གིས་༼ བོད་ཀྱི་གློག་བརྙན་བཟོ་བསྐྲུན་ལོ་རྒྱུས་སྐོར་གྱི་གློག་བརྙན་༽ཞིག་བཟོ་རྒྱུའི་འཆར་གཞི་ཡོད་པ་གོ་ཐོས་བྱུང་། སྙན་ངག་རྐྱང་བར་འཐམས་འདུག་པ་ལས། ལས་རིགས་གསར་པ་འདི་འདྲ་གནང་ཐུབ་པ་དེ་གཟི་བརྗིད་རེད་འདོད།

    ༤༽ལྗང་བུ་དང་མཉམ་དུ་གླེང་མོལ་ཐེངས་མང་བྱས་མྱོང་ནའང་སྙན་ངག་དང་། སྙན་ངག་པའི་སྐོར་ནས་གླེང་མ་མྱོང་། སོང་ཙང་ཁོང་གིས་ཁས་ལེན་པའི་བོད་ཀྱི་དེང་རབས་སྙན་ངག་པ་རེ་ཡོད་མེད་མ་ཤེས། མ་གཞི་འདིའི་སྐོར་ཁོང་གི་བརྩམས་ཆོས་ཁྲོད་ནས་བཙལ་ན་རྙེད་ཀི་རེད་བསམ།

    ༥༽ ཁོང་གི་ཕྱག་ལས་གནང་སའི་ཧྥ་རན་སིའི་མཐོ་སློབ་དེར་ཐེངས་ཤས་འགྲོ་མྱོང་། སློབ་ཕྲུག་ཚོ་བོད་ཡིག་དང་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་གནང་མཁན་རེད། ཁོང་ཚོའི་བོད་སྐད་ཡིག་གི་ཆུ་ཚད་ཀྱང་མཐོ་པོ་འདུག སོང་ཙང་ལྗང་བུས་སློབ་ཁྲིད་གནང་སྐབས་བོད་སྐད་ཐོག་གནང་གི་ཡོད་པ་རེད། དེང་སང་ཁོང་ལས་གནས་དེ་ནས་དགོངས་པ་ཞུས་ཚར་བ་རེད། ཚབ་ཏུ་སྰ་རའི་དགེ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་སོང་འདུག་པ་དུས་བབ་གསར་ཤོག་སྟེང་བཀོད་འདུག དེ་ལས་གཞན་ཁོང་གི་རིག་གཞུང་འདུ་འཛོམས་སམ་ཚོགས་འདུའི་གཏམ་བཤད་གནང་སྐབས་སྐད་བསྒྱུར་འདུག དེ་སྔོན་ཨ་རི་དང་དབྱིན་ཡུལ་དུ་ཡོང་ནས་བགྲོ་གླེང་གཏམ་བཤད་སྤེལ་སྐབས་སྐད་བསྒྱུར་འདུག་ལ། ཨ་རི་ཕེབས་སྐབས་དགེ་འདུན་རབ་གསལ་ལགས་ཀྱིས་ཐེངས་ཤིག་སྐད་བསྒྱུར་གནང་སོང་།
    གོང་གི་འདིས་ཨ་ཁུ་ཁྱེད་ཀྱི་ཐུགས་ཕན་གསོ་བའི་རེ་བ་ཡོད། གསལ་བཤད་ཅིག་བྱེད་འདོད་པ་ནི་རྗེས་ཕྱོགས་མི་སྒེར་གྱི་འཚོ་བ་དང་འབྲེལ་བའི་་དྲི་བ་དྲ་རྒྱ་སོགས་མི་ཚོགས་འདུ་མཛོམས་ཆེ་ས་ནས་དྲིས་ན་ཡག་པོ་མི་འདུག་འདོད། དེ་ཙམ་ཡིན།

  6. མདའ་ཚན་པ། says:
    2009-11-01 at 12:16 pm

    ཁྱེད་རང་གི་དྲི་བའི་ལན་གསར་བརྗེ་སྐྱབས་ནས་རྒྱབ་འདུག་པས་དེའི་ལྷག་ཅང་བཤད་རྒྱུ་མེད།
    ༡ ད་ལྟ་ཧྥ་རན་སི་ལ་་ཨེ་ལི་སི་ཟེར་བ་ཞིག་དང་མཉམ་པོ་བསྡད་ཡོད་པ་རེད། ཆང་ས་རྒྱབ་མི་འདུག རྒྱག་འཆར་ཡང་མེད་པ་འདྲ། ཁོ་གཉིས་ལ་བུ་མོ་ཏྰ་རེ་སྐྱིད་ཟེར་བའི་བུ་མོ་སྙིང་རྗེ་བོ་སྤྱང་གྲུང་དང་ལྡན་པ་ཞིག་འདུག འདིར་ཡོང་སྐབས་མ་བུ་གཉིས་ཆ་ཁོ་དང་མཉམ་དུ་འདུག
    ༢ གསར་བརྗེ་སྐྱབས་ཀྱིས་བཤད་པ་ལས་ལྷག་གང་ཡང་བཤད་རྒྱུ་མེད།
    ༣ བོད་ཀྱི་སྐད་ཁྱིམ་སྐོར་དེབ་ཅིག་འབྲི་རྩིས་ཡོད་ཟེར། སྐད་དང་བྱ་ཚིག རྒྱན་ཚིག་གྲུབ་ཚུལ་སྐོར་མང་པོ་བཤད་རྒྱུ་འདུག
    ༤ དེའི་སྐོར་དྲི་བ་དྲིས་མེད།
    ༥ ད་ལྟ་རྩོམ་རིག་སློབ་ཁྲིད་བྱེད་གི་མེད་པ་འདྲ། ཟླ་མོ་དང་ཁོང་གཉིས་ཀྱིས་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཧྥ་སྐད་མ་གཏོགས་ཡོད་མ་རེད།

  7. བེ་རི་འཇིགས་མེད། says:
    2009-11-01 at 12:19 pm

    ཨ་ལགསཀླུ་སྨྱོན་ལགས། ཡང་བསྐྱར་དྲ་ཐོག་མཇལ་བ་ཤིན་ཏུ་སྤྲོ། ཁྱོད་ཀྱི་དྲི་བ་གཉིས་པ་དེར་ངས་ལན་ཞིག་འབུལ་ཆོག་པར་ཞུ། ། ལྗང་བུ་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་སྟེང་ཡར་མར་འགྲོ་གིན་ཡོད་དམ་ཧྥ་གཞུང་གི་མི་སེར་ལག་ཁྱེར་ཡོད་གསུངས་པའི་ཐད། 2003ལོར་ཁོང་གི་ལམ་ཁྱེར་རྒྱ་ནག་གི་རེད་འདུག ངས་གསལ་པོ་དྲན་གྱི་འདུག གང་ཡིན་ཟེར་ན། ལོ་དེའི་སྤྱི་ཟླ་ 3་པའི་ནང་ཡིན་པ་ཡོད། ཕྲན་ཨ་རི་ཨིན་ཌི་ཨ་ནའི་མཐོ་སློབ་དགེ་རྒན་ཡོད་སྐབས་པདྨ་མ་འབུམ་གྱིས་ནུའུ་ཡོག་ལ་རྩེ་དཔེ་མཛོད་སྒོ་འབྱེད་དུ་ཁོང་དང༌། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་འགན་འཛིན་དོན་གྲུབ་རྡོ་རྗེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དགའ་འཛིན་དབང་ཕྱུག་ཚེ་རིང༌། རྡ་ས་རི་མོ་བ་བསོད་ནམསདོན་འགྲུབ་བཅས། མཛད་སྒོ་ཚར་རྗེས་ཨ་རི་ཨིན་ཌི་ཨ་ན་གཙུག་ལག་སློབ་གཉེར་ཁང་གི་ཕོ་ཧྥི་ས་སྤེ་ལི་ལགས་ཀྱིས་ཨིན་ཌི་ཨ་ནར་གདན་འདྲེན་ཞུས་སོང༌། དེ་དུས་ཁོང་གི་མཐོང་ཆེན་ལག་ཁྱེར་དེ་པར་སློག་རྒྱག་ནས་ལས་ཁུངས་ལ་བཞག་དགོས་ཀྱི་འདུག་པས། སྐབས་དེར་ང་རང་གི་མཐོང་ཆེན་ལག་དེབ་སེར་པོ་དེ་མདོག་སྐྱོ་བ་དང༌། ཁོང་རྣམ་པའི་ལག་དེབ་དེ་ཚོ་སྨུག་ཞགས་དོད་པོ་འདྲ་ཞིག་མཐོང་བྱུང་བ་ད་དུང་ཡང་བརྗེད་ཀྱི་མི་འདུག དེ་རྗེས་སྤེ་ལི་ལགས་ལས་བྲེལ་ལ་བརྟེན་ཁོང་རྣམ་པ་ངས་སྣེ་ལེན་ཞུས་ནས་ཟ་ཁང་དུ་འཁྲིད་པ་ཡིན། དེའི་སྔ་ཉིན་ནས་ངའི་གྲོགས་པོ་རབ་གསལ་ལགས་ཀྱིས་ང་ལ་སང་ཉིན་སྙན་ངག་པ་ལྗང་བུ་ཡོང་གི་རེད་ཟེར། ངས་འོ་ན་ངས་ཁོང་གི་སྙན་ངག་འགའ་ཞིག་གི་དོན་དག་རྩ་ནས་གོ་གི་མི་འདུག དེའི་སྐོར་ཁོང་ལ་གཅིག་འདྲི་ན་ག་འདྲ་འདུག་ཅེས་བཤད་པ་ཡིན། རབ་གསལ་ལགས་ཀྱིས། ཨ་འོ་དེ་འདྲ་བྱས་ན་ཁོང་གི་བསམཔར་ཀྱག་ཀྱག་འདྲ་ཞིག་དྲན་མི་སྲིད་པ་མིན་པས་མ་འདྲི་ན་ཟེར། དེར་བརྟེན་ངས་དྲི་བ་དེ་རིགས་གཏོང་མེད། ལམ་ཞོར་ཁོང་ལ་ངས་ཁྱོད་ཆོས་ལ་དད་པ་ཡོད་དམ། ཅེས་དྲིས་པས། ཁོང་གིས་ཡོད་དང་ཡོད། ངའི་སྤུན་མཆེད་གཅིག་ད་དུང་སྔགས་པ་རེད། ཡིན་ནའང་དད་པ་ཤུགས་དྲགས་དེ་འདྲ་མེད་ཟེར། ཞལ་ལག་གྲུབ་རྗེས་ངའི་ཁང་པའི་ནང་དུ་གདན་འདྲེན་ཞུས་ཏེ། གཏམ་གླེངམང་པོ་བྱས། ང་ཚོ་མཉམ་དུ་འདྲ་དཔར་ཡང་ཁ་ཤས་སྐྱོན་པ་ཡིན།

  8. ཀླུ་སྨྱོན། says:
    2009-11-01 at 12:32 pm

    དྲ་གྲོགས་ཚོས་ལྗགས་ལན་ཁ་གསལ་གནང་བར་ཐུགས་རྗེ་ཆེ་ཞུ། མདའ་ཚན་པར་འདྲི་རྒྱུ་ཞུ་ཞིག་ལ། ལྗང་བུས་གློག་བརྙན་བཟོ་སྐྲུན་བྱེད་བཞིན་པ་དེར་བཀྲ་ཤིས་ཟླ་བའི་ཤུགས་རྐྱེན་ཐེབས་ཡོད་མེད་ཤེས་སོང་ངམ།

  9. མདའ་ཚན་པ། says:
    2009-11-01 at 4:04 pm

    ཁོའི་གློག་བརྙན་ངས་མ་མྱོང་།

  10. བཀྲིས། says:
    2009-11-02 at 2:14 pm

    གྲོགས་པོ་ཚོ།

    འདིར་སྒེར་གྱི་ལག་ཁྱེར་པ་སེ་སོགས་ཀྱི་སྐོར་མ་གླེང་ན་ལེགས། རྒྱ་ནག་ནང་སྡུག་རྩུབ་ཆེ་བ་དང་བདེན་པ་ཤོད་ས་མེད་སྟབས། གཞུང་གི་ལས་བྱེད་པ་ཞིག་གིས་རྒྱལ་ཁོངས་གཞན་གྱི་ལག་ཁྱེར་སོགས་ལེན་ཡོད་ན། ཁྲིམས་འགལ་རེད། 

    ལྗང་བུ་ད་དུང་བོད་ལྗོངས་རྩོམ་རིག་མཐུན་ཚོགས་སམ། 西藏自治区文联ཟེར་བའི་ལས་བྱེད་ཡིན་མུས་ལ་བརྟེན། ཁོང་ལ་གནོད་ཤས་ཆེ། 

  11. གངས་བུ། says:
    2009-11-06 at 12:04 am

    བེར་འཇིགས་ནས་ཁོ་རང་སོང་རབས་བསྡད་རབས། ལྗང་བུ་དང་སྐད་ཆ་བཤད་རབས། ལྗང་བུའི་ཕྱི་བསྐྱོད་ལག་འཁྱེར་པར་གློག་བརྒྱབ་རབས་སོགས་ལས་ལག་འཁྱེར་དེ་རྒྱལ་ཁབ་གང་ཞིག་གི་ཡིན་པ་གསལ་བཤད་ཅི་ཡང་བྱས་མི་འདུག དྲན་པ་དེ།

  12. གངས་བུ། says:
    2009-11-08 at 10:51 am

    དགོངས་དག ངས་བེར་འཇིགས་ཀྱི་མཆན་རག་རིམ་ཙམ་ལས་མ་ཀློག་སྟབས། ལྗང་བུའི་ཕྱི་བསྐྱོད་ལག་འཁྱེར་རྒྱ་ནག་གི་རེད་ཟེར་བ་རྗེས་སུ་མ་གཏོགས་མ་མཐོང་བས་དགོངས་འགལ་མེད་པ་ཞུ།

  13. ལྗང་བུ། says:
    2009-11-09 at 3:02 pm

    དྲ་བདག་སྐུ་ངོ་ལགས། བདེ་མོ།
    ང་། ལྗང་བུ།
    ༢༠༠༦ལོར་བོད་གྱི་རྩོམ་རིག་སྒྱུ་རྩལ་ནས་ཕྱིར་འབུད་བཏང་།
    ༢༠༠༨ལོ་ནས་སློབ་ཆེན་གྱི་ལས་ཀ་ཤོར་།
    ད་ལྟ་ལས་མེད། ལས་མེད་ཀྱི་ལས་ཀ་ཟེར་ན་རྩོམ་འབྲི་བའམ་སྒོམ་རྒྱག་པ་ལས་གཞན་ཨེ་ཡོད།
    ལག་ཁྱེར་རྒྱ་ནག་གི ། ཧྥ་རན་སིའི་ལག་ཁྱེར་ཞུས་མྱོང་མེད། གལ་སྲིད་ཞུས་ན་ཐོབ་ཐང་
    ལས་ཡོད་སྙམ། ཧ་མ་གོ། ལོ་ལྟར་ཧྥ་བོད་བར་ཕར་འགྲོ་ཚུར་འགྲོ་ཡིན།
    འཚོ་བར་ད་བར་དུ་དཀའ་ངལ་མེད། མ་འོངས་པ་མི་རིག་གི། ཡོད་ན་ཁྱེད་ཅག་གིས་རོགས་རམ་གནང་རོགས།
    བཟའ་ཚང་གི་སྐོར་འདིར་ཞུས་མེད། ཁྱེད་ལ་ཇུས་གཏོགས་ག་རེ་ཡོད་པ་ཧ་གོ་མ་སོང་།
    འཆར་གཞི་བརྒྱ་ཐམ་པ་ཡོད། བཅུ་འགྲུབ་ན་རབ་རེད།
    ཆང་འཐུང་རྒྱུ་དང་རྐང་བཙུགས་ནས་ལབ་རྒྱག་རྒྱུ། གཤོབ་བཤད་རྒྱུ་དམདུང་མཚམས་བཞག་མེད།

  14. ལྗང་བུ། says:
    2009-11-09 at 3:05 pm

    ཧྥ་སྐད་ནི་ཟ་སྐད་འཐུང་སྐད་བྱིས་པ་ལོ་གསུམ་ཅན་དང་འདྲ་ཙམ་ཤེས།

  15. དགེ་འདུན་རབ་གསལ says:
    2009-11-09 at 5:05 pm

    ཁ་བརྡ་དྲ་དེབ་འདི་སྒོ་ཕྱེས་ནས་ཡུན་རིང་པོ་འགོར་སོང་། ཐོག་མའི་སྐབས་ལ་ང་ཚོས་ཕོག་ཐུག་སོང་བའི་དོ་བདག་ཚོ་ལ་ དགོངས་དག་དང་དགོངས་དག་ཞུས་ནས་ཡོང་བ་རེད། ད་དགོངས་དག་ཞུ་རྒྱུ་ལ་ཡང་འཚེར་སྣང་འདུག མཚམས་རེར་མཆན་ངན་པ་ཞིག་བཏབ་དུས་གཞན་ཞིག་གིས་མཆན་ཡག་པོ་ཞིག་བཏབ་ནས་ཆ་སྙོམ་པོ་ཞིག་ཡོང་བ་འདུག ད་ཅི་བྱེད། ང་ཚོ་ཁ་བརྡ་འདི་གཉེར་མཁན་འགའ་རེ་ཡོད་པ་རྣམས་ཀྱིས་གྲོས་ཤིག་བྱེད་ངེས་ཡིན། ད་ཅི་བྱེད། སྒོ་རྒྱག་གམ་མུ་མཐུད་ནས་སྒོ་ཕྱེ། ད་འདི་དྲི་བ་ཞིག་མིན་འགྲོ་ཨ།

  16. Dhondup Tashi Rekjong says:
    2009-11-09 at 5:57 pm

    བར་མཚམས་འདི་ནས་དྲ་དཔོན་ལགས་ཀྱི་མདུན་ལ་རྨོངས་འཆར་འགའ་འཇོག་གི་ཡིན།
    ཁ་བརྡ་དྲ་དེབ་འདི་སྒོ་རྒྱག་དང་སྒོ་ཕྱེས་ཀྱི་ཐད་ལ་གྲོས་བསྡུར་འདྲ་བྱེད་དགོས་ཨེ་ཡོང་བསམ། རྒྱུ་མཚན།
    དང་པོ། དྲ་ངོས་སུ་གསལ་བ་བཞིན། དྲ་རྒྱ་འདི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་རེད།
    གཉིས་པ། དྲ་རྒྱ་འདི་བཙན་འོག་ན་མེད་པའི་དྲ་རྒྱ་་ཞིག་རེད། འདི་ལ་གཞུང་གི་བཀའ་དང་བཙན་གནོན་མེད།
    གསུམ། དྲ་རྒྱ་འདི་ཕྱི་ནང་གི་བོད་རིགས་རྩོམ་འབྲི་བ་ཚོ་འཛོམས་ས་ཞིག་རེད། ལྷག་པར་དུ་ཕྱི་ལོགས་ན་ཡོད་པའི་བོད་རིགས་རྩོམ་འབྲི་བ་རྒན་པ་ཚོ་ཡོང་ས་ཞིག་རེད།
    དེ་ནས། མི་སྒེར་རེ་ཟུང་ལ་ཕོག་ཐུག་ཡོང་གཞིར་དོགས་ནས་དྲ་རྒྱ་ཞིག་སྒོ་རྒྱག་དགོས་ན།
    དྲ་བ་ཚང་མ་སྒོ་རྒྱག་དགོས་ཀྱི་རེད། བརྙན་འཕྲིན་ཚང་མའི་ཁ་གཅོད་དགོས་ཀྱི་རེད། གསར་འགྱུར་ཚང་མ་འགོག་དགོས་ཀྱི་རེད། ཚགས་པར་ཚང་མ་འདོན་མཚམས་འཇོག་དགོས་རྒྱུ་རེད།་ མ་རེད་དམ། འོན་ཀྱང་། མཚམས་ལེན་རེར། མི་སྒེར་ལ་དོན་མེད་དུ་ཕོག་ཐུག་གཏོང་བ་་དང་ཉེས་མེད་ཉེས་འདོགས་ཀྱི་རིགས་བྱུང་ན་དེ་ཚོརསྟངས་འཛིན་བྱེད་ཐུབ་ན་ཡག་པོ་འདུག
    ཡིན་ན་ཡང་། སྐྱོན་བརྗོད་རྩོམ་ཡིག་ཟེར་བའི་འབྲི་སྟངས་ཤིག་ཀྱང་འདུག་ག དེ་ཡང་དྲ་གྲོགས་ཚོས་མཁྱེན་དགོས་ཀྱི་འདུག ཞིབ་འཇུག་དང་འགན་འཁྲིའི་རྨང་གཞིའི་ཐོག་སྤྱི་ཚོགས་གང་དང་དེའི་སྐྱོན་རྣམས་དྲུང་ནས་འབྱིན་བའི་ཉེར་ལེན་ལ་བརྟེན་ནས་དྲ་རྒྱ་སྒོ་རྒྱག་དགོས་བའི་ཚད་ལ་སླེབས་ན། དེ་ནི་དྲ་རྒྱའི་ངོས་ཀྱི་ཞབས་འདེགས་ཆེ་ཤོས་དེ་རེད། འོན་ཀྱང་། ཚད་དེ་འདྲར་སླེབས་རྒྱུ་ནི་ད་དུང་ཧ་ཅང་ཁ་ཐག་རིང་གི
    ཁ་བརྡ་དྲ་བ་འདི་ཐོག་མའི་ཆ་ལ་རྐ་ཆུ་ཆུང་ཆུང་ཞིག་རེད། དེ་ནས་ཆུ་མིག་ཆུང་ཆུང་ཞིག་གི་ངོ་བོར་འགྱུར་སོང་། ད་ནི་དྲག་ཏུ་བཞུར་བཞིན་པའི་གཙང་པོ་ཞིག་ཆགས་འདུག
    འོན་ཀྱང་། གཙང་པོ་འདི་ཆུ་སྣ་མང་པོ་འདུས་བའི་གཙང་པོ་ཞིག་མ་རེད།
    ངེད་ཀྱི་བསམ་པར། དྲ་བ་འདི་སྒོ་རྒྱག་མི་རྒྱག་ལ་ྐླད་པ་དཀྲུགས་པ་ལས། དྲ་རྒྱ་འདིའི་ཐོག་གི་རྩོམ་འབྲི་བ་ཚོའི་རྩོམ་ཡིག་གི་ཁ་ཕྱོགས་དང་སྤུས་ཀ། ཚད་གཞི།
    བརྗོད་བྱའི་ཁྱབ་རྒྱ་སོགས་ཀྱི་ཐད་ལ་དྲ་གྲོགས་ཚོས་མཉམ་དུ་བགྲོ་གླེང་ལྷུག་པོ་ཞིག་བྱེད་ཐུབ་ན་ཡག་གི་ གནས་སྐབས་ལ་དེ་ཙམ་ཡིན།

  17. Dhondup Tashi Rekjong says:
    2009-11-09 at 6:14 pm

    མཆན་བུ་སྔ་མ་དེ་ཚོ་བྐླགས་རྗེས། ངེད་ཀྱིས་དྲ་གྲོགས་ཚོར་ཚིག་འགའ་ཞུ་གི་ཡིན།
    དྲ་ངོས་འདིའི་རྩོམ་ཡིག་རེ་ལ་མཆན་བུ་འདེབས་མཁན་མ་འདྲ་བ་རེ་ཡོང་གི་ཡོད་པ་དང་མཆན་བུ་འདེབས་མཁན་རེ་ལ་བསམ་ཚུལ་ཡང་མ་འདྲ་བ་རེ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
    མཆན་བུ་འགའ་རེ་ནི་རྐང་བཙུགས་ནས་དཀྲུགས་ཤིང་སློང་བ་ལྟ་བུ་ཡང་འདུག གང་ལྟར། མཆན་བུ་མང་ཆེ་བ་བརྗོད་བྱའི་སྒང་ལ་འབབ་གི་འདུག་
    ང་རང་སྒེར་གྱི་ངོས་ནས་། བརྗོད་བྱའི་སྒང་ལ་མཆན་བུ་རྒྱག་མཁན་ཚོར་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་། མི་སྒེར་དང་འབྲེལ་ནས་མཆན་བུ་བཏབ་པ་དེ་ཚོས་ངུ་སྐད་རྒྱག་ས་དེ་དྲ་དཔོན་བྱེད་ཀྱི་འདུག འདི་ཅུང་ཙམ་ནོར་བ་རེད་བསམ། དྲ་དཔོན་རབ་གསལ་སོགས་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་དྲ་བ་འདི་འདྲ་ཞིག་སྒོ་ཕྱེས་བ་དེར། རྩོམ་འབྲི་བ་ཚང་མས་གཅེས་སྦྲས་བྱེད་དགོས་ཀྱི་འདུག་མ་གཏོགས་། ཅུང་ཙམ་འགྲིག་མིན་བྱུང་ན་དྲ་དཔོན་གྱི་སྒང་ལ་མཆོངས་འགྲོ་བ་འདི་དངོས་གནས་དྲང་གནས་ཡག་པོ་མི་འདུག ཁོང་ང་ཚོའི་ཕ་རེད་དམ་མ་རེད།
    སྐུ་མཁྱེན། འདི་ལ་ཡང་མཚམས་ལན་རེར་ང་ཚོས་བསམ་བློ་ཅུང་ཙམ་གཏོང་དགོས་ཀྱི་འདུག དེ་ཙམ་ཞུ།

  18. ལྗང་བུ། says:
    2009-11-10 at 5:21 pm

    སྒོ་བརྒྱབ་ནས་ཅི་བྱེད། ཁ་བརྡ་འདི་ལ་དོ་སྣང་ཡེད་མཁན་མང་དུ་འགྲོ་གི་འདུག
    བེད་སྤྱོད་སྟངས་སྟབས་བདེ་ཡང་རེད་ཟེར་གླེང་པ་ཐོས། སྔོིན་མ་བྲེལ་བས་ལྟ་ཁོམ་མ་ཡོད།
    གྲོགས་པོ་འགས་ཡང་ཡང་ངོ་སྦྱོར་བྱས་པ་བརྒྱུད་ཁོམ་དུས་ལྟ་གི་ཡོད། ཁ་པར་སོགས་ནས་བརྡ་རེ་འབྱོར་དུས་ལྟ་གི་ཡོད།
    མུ་མཐུད། མུ་མཐུད་ནས་ཤི་རུས་གྱིས།།།།།།།

  19. ཀླུ་སྨྱོན། says:
    2009-11-10 at 6:30 pm

    ཁྱོད་ལྗང་བུ་ཡིན་ནམ། བདེ་མོ། དྲི་བ་བཞི་ཡོད།
    དང་པོ། ཁྱེད་ལ་དོན་གྲུབ་རྒྱལ་དང་འགྲོགས་འདྲིས་ཁྲོད་བག་ཆགས་ག་འདྲ་ཞིག་བཞག་སོང་།
    གཉིས་པ། བོད་ལྗོངས་སློབ་ཆེན་ནས་ཁྱེད་ཀྱི་ལས་ཀ་ཤོར་དོན་ག་རེ་ཡིན་ནམ།
    གསུམ་པ། ཉི་ཟླས་དེང་སང་སྙན་རྩོམ་མི་འབྲི་བ་རེད་དམ་སྤེལ་གི་མེད་པ་རེད། རྒྱུ་མཚན་ཅི།
    བཞི་པ། ཉི་ཟླས་དབྱིན་སྐད་དུ་གསོ་རིག་སྐོར་གཏམ་བཤད་བྱས་པ་ཞིག་ཡུའུ་ཁྲུ་དྲ་རྒྱ་ནང་དུ་ཡོད་ཀི་ཟེར་བས་དེའི་ཁ་བྱང་ཞིག་བཤད་ཐུབ་བམ།

  20. ལྗང་བུ། says:
    2009-11-11 at 8:54 am

    ཀླུ་སྨྱོན་ཟེར་པ་ཞིག་གིས་དྲི་བ་བཞི་མཛད་གནང་ལ་ལན་ཞུས་པ།
    དང་པོ། དོན་དང་འགྲོགས་འདྲིས་བྱུང་སྐོར་༢༠༠༢ལོར་གུས་པས་རྩོམ་ཡིག་ཅིག་བྲིས་ཚར་མོད། ལེ་ལོའི་དབང་གིས་ད་དུང་པར་སྐྲུན་བྱས་མེད། དེ་རིང་བཙལ་ཁོམ་མེད་གི
    གཉིས་པ། ངས་ལས་ཀ་ཤོར་པ་ཟེར་པ་དེ་བོད་སློབ་མ་རེད། ཧྥ་རན་སི་ལ་རེད། རྒྱུ་མཚན་ནི་རང་ཉིད་མ་འཇོན་པས་རེད།
    གསུམ་པ། ལོ་ཁ་ཤས་སྔོན་ལ་ཉི་ཟླས་དབྱིན་ཇིའི་ནང་ལ་བྲིས་པའི་སྙན་ངག་ཁ་ཤས་མཐོང་མྱོང་། དབྱི་ཊ་ལི་ལ་པར་སྐྲུན་བྱས་པའི་སྙན་དེབ་ཅིག་ཀྱང་མཐོང་མྱོང་། ད་ལྟ་ནུས་ཤུགས་ཐམས་ཅད་བོད་སྨན་འཆད་ཁྲིད་། སློབ་དེབ་དང་དེའི་སྐོར་ཀྱི་དེབ་འཔྲི་བ་སོགས་ལ་གཏོང་གི་ཡོད་པ་འདྲ། སློབ་དེབ་ཉི་ཤུ་ལྷག་བྲིས་ཤིང་ཁ་ཤས་པར་སྐྲུན་བྱས་ཡོད་ཟེར་། དེ་མིན་དབྱི་ཊ་ལི་ལ་ཡོད་པའི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཉམས་ཞིབ་གླིང་དང་ཧྥ་ར྄སི་བཙུགས་མ་ཐག་གི་སྨན་བླ་གླིང་སོགས་ཀྱི་འགན་འཛིན་ཡང་བྱེད་གིན་འདུག གལ་སྲིད་སྙན་ངག་འབྲི་གི་མེད་ན། རྒྱུ་མཚན་ཞིག་ཡོད་རྒྱུ་རེད། ཐེངས་ཤིག་ཁོང་གིས་ང་ལ་ཀུ་རེ་བརྩིས་ཏེ། གལ་སྲིད་ངས་འཆར་གཞི་ཚང་མ་འགྲུབ་པ་བྱེད་དགོས་ན་། ལོ་གཅིག་ལ་ཉི་མ་སུམ་སྟོང་དྲུག་ཅུ་དགོས་གི་་ཞེས་བཤད་མྱོང་། དེ་རྒྱུ་མཚན་ཨེ་ཡིན་། ཧ་མ་གོ།
    བཞི་བ།
    ཁྱེད་རང་གིས་ youtub ལ Nida CHENAGTSANG ཞེས་བརྒྱབ་ན་ཡོང་གི་མེད་འགྲོ།

  21. ཀླུ་སྨྱོན། says:
    2009-11-11 at 6:11 pm

    ལྗང་བུ་ལགས། ལྗགས་ལན་བསྐྱོན་པར་ཐུགས་རྗེ་ཆེ་ཞུ། ཉི་ཟླ་ལགས་ཀྱིས་དབྱིན་ཇི་ཡག་ཐག་ཆོད་སྐྱོན་གྱིན་འདུག སྔགས་མང་ཞིབ་འཇུག་ཁང་གི་དར་ཆ་ཞིག་གི་འཁྲིས་སུ་ཞི་མོ་ཞིག་གིས་དབྱིན་སྐད་དུ་བོད་པའི་བསྐུ་མཉེ་ངོ་སྤྲོད་དང་སྒྲོལ་མའི་གཟུགས་སྔགས་སྐྱོར་མཁན་བཞིན་འདུག་པ་དེ་བོད་མོ་ཞིག་རེད་དམ་ཕྱི་མོ་ཞིག་རེད། ཕྱི་མོ་ཞིག་ཡིན་ན་སྔགས་མང་ཞིབ་འཇུག་ཁང་དུ་ལས་ཀ་བྱེད་མཁན་ཕྱི་རྒྱལ་བ་ཡང་རེ་ཟུང་ཡོད་དམ། འདྲི་རྒྱུ་མང་སོང་། དགོངས་པ་མ་ཚོམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme