Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།

Posted on 2013-06-21 By ཁ་བརྡ་ 11 Comments on འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།

གྲིབ་གཟུགས།

ཟོས་ཀྱང་ཆོག་ལ་གཡུག་ཀྱང་ཆོག་པའི།།
བླངས་ཀྱང་འགྲིག་ལ་བོར་ནའང་རུང་བའི།།
གོང་ཆེན་མིན་པའི་ཁ་ཟས་དཀྱུས་མ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

སྦ་ཁུག་མཐུག་དུས་སྣང་མེད་བྱེད་ས།།
སྦ་ཁུག་སྲབ་དུས་སྐྱབས་ཀྱི་དམ་པ།།
གྲྭ་རྐྱང་ང་ཡི་རྒྱུན་གྱི་འཚོ་བ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

སུ་ཡི་ངོ་ལའང་ལྟ་དགོས་མེད་ཅིང་།།
གཡས་དང་གཡོན་ལ་འཚེར་དགོས་མེད་པར།།
བྲོད་ཁོག་ལྟོགས་དུས་ཐད་ཀར་འབྱོར་བའི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

དཀོར་ནག་འབུ་ཡི་རུལ་དྲི་ཉུང་ཞིང་།།
བགས་མེད་ལོངས་སྤྱོད་གཡའ་ཙམ་མེད་པ།།
ག་དུས་ཟས་ཀྱང་སེམས་པ་སྐྱིད་པའི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

དགོན་པའི་འཚོ་བའི་རྒྱུད་རིམ་བསམས་ན།།
ལུས་ཟུངས་འདི་ཡི་འཕེལ་རྒྱས་བསམས་ན།།
མགོ་བོ་སྔས་ས་འབྲས་དང་ལྡ་ལི།།
སེམས་པ་བསྙེས་ས་འབྲས་དང་ལྡ་ལི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

ཉེར་གཅིག་དུས་ཀྱི་ཡུལ་གྲུ་གང་ནའང་།།
རིན་མེད་ཟས་ཤིག་འབྱོར་རྒྱུ་ཁག་ནའང་།།
མི་ཚེ་གང་པོར་ཟོས་ཀྱང་ཆོག་པའི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

སློབ་སྦྱོང་མེད་ལ་འཇོན་ཐང་མེད་ཅིང་།།
སྒོར་མོའི་མུ་གེས་རྒྱུན་དུ་མནར་བའི།།
གྲྭ་རྐྱང་ང་ཡི་མི་ཚེའི་ལམ་རྒྱགས།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

འབྲས་དང་ལྡ་ལིར་སུན་སྣང་མེད་ན།།
མི་ཚེར་སེམས་འཁྲལ་བྱེད་དགོས་མི་འདུག།
འབྲས་དང་ལྡ་ལིའི་བྲོ་བ་མྱངས་ན།།
ཕྱི་རོལ་ཟས་ཀྱི་ཡི་ག་འགགས་འགྲོ།།

ག་ཚོད་ཟས་ནའང་ཟ་ཉན་བྲོ་ཞིང་།།
རྒྱགས་པ་ཆགས་པར་སེམས་འཁྲལ་མེད་པ།།
འབྲས་དང་ལྡ་ལི་ཚ་པོ་ཚ་པོ།།
ང་ཡི་རྒྱུན་གྱི་ཁ་ཟས་དྭངས་མ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

ཉམ་ཆུང་ཕ་མའི་རྔུལ་ཆུ་མ་འདྲེས།།
ཕུ་ནུ་ན་ཟླའི་རྣག་ཁྲག་མ་འདྲེས།།
ལས་མེད་བདག་ལ་རན་པའི་ཁ་ཟས།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

ཟིམ་ཆར་མོད་པའི་དུས་ཚིགས་འདི་འདྲར།།
སྐྱིད་ཉལ་རྒྱག་པའི་གོ་སྐབས་བཟང་ཤོས།།
རྨི་ལམ་ནང་ནའང་ཡང་ཡང་དྲན་པའི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

སློབ་སྦྱོང་ཡོད་མེད་རྒྱུ་ནོར་ཡོད་མེད།།
གཟུགས་པོ་རིང་ཐུང་སྟོབས་ཤུགས་ཆེ་ཆུང་།།
ཡོད་ཚད་ཁྱོད་ཀྱི་མདུན་དུ་འདྲ་མཉམ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

ཏིང་ཏིང་བརྡུངས་པའི་སྒྲ་ཙམ་ཐོས་དུས།།
ཕོར་པ་སྟོང་པ་ཁྱོད་ལ་ཟད་ཆོག།
དུས་ཚོད་སྒོར་མོ་ཡོད་ཚད་གཉར་ནས།།
གྲྭ་རྐྱང་ང་ཡི་ལྟོགས་སྐོམ་སེལ་ཆོག།

མེད་མུག་སྟོང་སྐད་རྒྱག་དགོས་མེད་པར།།
ཁྱོར་བ་གཞན་ལ་ཟད་དགོས་མེད་པར།།
དགོས་འདོད་སྐོང་བའི་ཡིད་བཞིན་ནོར་བུ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

ལོ་ནས་ལོ་ལ་འཛེམས་བག་མེད་པར།།
བདག་གིར་བྱས་ཏེ་ལོངས་སུ་སྤྱད་པ།།
ད་དུང་ལོངས་སུ་སྤྱོད་རྒྱུ་ཡོད་པ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།།

འཁྲུགས་ཆ་དོད་པའི་དུས་ཀྱི་མཚམས་འདིར།།
སེམས་པ་ལྕགས་རིའི་ཕྱི་ལ་ཤོར་ནའང་།།
གོམ་ཟུང་ལྕགས་རིའི་ནང་ནས་བོར་བ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ལོས་ཡིན།།

འབྲས་དང་ལྡ་ལིའི་བཀའ་དྲིན་བསམས་པའི།།
ཉོག་ཚིག་གང་མང་བྲིས་པའི་དགེ་བས།།
ལྷ་ཡི་ཡུལ་གྱི་འབྲས་དང་ལྡ་ལིའི།།
བྲོ་བ་མྱུར་དུ་མྱོང་བར་ཤོག་ཅིག།
༢༡་༦་༣༠༡༣

སྙན་ངག

Post navigation

Previous Post: རྒྱུ་མཚན་ངོ་མ་གང་རེད།
Next Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་བ།

Comments (11) on “འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 8:59 am

    ཟས་བཅུད་ལྡན་ལ་རིན་ཆུང་ཟ་མ། །
    འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་། །
    ད་ལྟའི་དལ་འབྱོར་སྟོབས་ལྡན་ཆགས་པར། །
    འབྲས་དང་ལྡ་ལིའི་བཀའ་དྲིན་ལོས་ཡིན། །

  2. ས་སྒོ་ཚང་བསམ་གཏན་སྒྲོལ་མ། says:
    2013-06-21 at 9:00 am

    བཟོ་ཤེས་རྡ་ལི་རྒྱ་གར་རྒྱལ་བོས་འཐུང་།།
    མ་ཤེས་རྡ་ལི་སྒོ་ཁའི་ཁྱི་ལ་མིན།།
    ཞིམ་དང་མི་ཞིམ་རང་གི་ལག་རྩལ་ལ།།
    རག་ལས་ཡོད་ཕྱིར་ལག་རྩལ་ཞིབ་དུ་སྦྱོངས།།

  3. སྣྲོན་ངག་ཁྲི། says:
    2013-06-21 at 11:08 am

    སྐུ་ཞབས་གྲིབ་གཟུགས་ལགས་ཀྱི་སྙན་རྩོམ་འདིའི་ནང་དུ། །

    གོ་རྒྱུ་ཆེ་ལ་འདས་པར་དྲན་གསོ་སློང་ནུས་ཀྱང་། །

    ཉེ་རིང་ཀུན་གྱི་ཁྲག་དང་རྔུལ་ཆུ་མ་འདྲེས་པའི། །

    ཡ་མཚན་ཅན་གྱི་ལྡ་ལི་དེ་དག་གང་ལས་བྱུང་། །

  4. རྒྱ་མཚོ་ཆེན་པོ་ says:
    2013-06-21 at 11:52 am

    རང་རློམ་འགའ་ཡིས་ཤ་ཁྲག་སྤྱོད་ཅིང་། ཤ་མེད་སྤྱོད་པའི་མི་བུ་བཟང་ལ། བརྙས་བཅོས་ཚིག་གིས་རྩྭ་དུམ་ཟ་མཁན། མི་ངན་འདི་འདྲ་མཐོང་ན་སྐྱུག་བྲོ། གཟུ་ལུམ་དག་གིས་ཤ་སོགས་སྤྱོད་ཀྱང་། མི་བུ་ང་ནི་འབྲས་དང་ལྡ་ལི། དེ་ལས་ཞིམ་ཅིག་ཅི་ཡང་མིན་འདུག མི་ཚེ་གང་པོར་ཟས་ལ་སྤྱོད་ཤོག

  5. མ་ཧཱ་སིདྡྷི། says:
    2013-06-21 at 11:57 am

    རྔ་མོང་ཁ་ནས་སྐྱུགས་པའི་བཙོ་ཆུ་འདྲ།།
    འཐུང་ན་ཕོ་ནད་སློང་ཞིང་ཟས་བཅུད་མེད།།
    ཁྱི་ཡི་ཁ་ཟས་མི་ཡིས་ཟ་བ་དེ།།
    རྒྱ་གར་ཨ་ར་ཅན་གྱི་ལུགས་སྲོལ་རེད།།

  6. གྲིབ་གཟུགས། says:
    2013-06-21 at 12:19 pm

    ཁ་སང་དེ་རིང་ཉིན་གཉིས་ཀའི་ཁ་ལག་ལ་འབྲས་ལྡ་ལི་ཟོས་པ་ཡིན། ད་རིང་གནམ་གཤིས་ཅུང་གྲང་མོ་འདུག་ཀྱང་འབྲས་ལྡ་ལི་ཚ་པོ་ཚ་པོ་དེ་ཞིམ་པོ་ཞེ་དྲགས་འདུག སང་ཉིན་ཡང་འབྲས་ལྡ་ལི་ཟས་ནས་པོ་ལོ་རྒྱག་རྒྱུ་ཡིན། ཁྱོད་ཚོར་ང་ལྟ་བུའི་རྒྱུན་དུ་འབྲས་ལྡ་ལི་ཟ་རྒྱུའི་བློ་ཁོག་ཡོད་དམ། ཧེ་ཧེ་་་་་་ངས་བལྟས་ན་ཁག་པོ་ཡིན་རྒྱུ་རེད་དོ།།

  7. གྲིབ་གཟུགས། says:
    2013-06-21 at 12:46 pm

    མ་ཧཱ་སིདྡྷི་ཉོན་ཅིག
    གང་ཞིག་བཏུང་ན་མཁྲིས་པའི་སྣ་འདྲེན་ཅིང་།།
    གང་ཞིག་ཟས་པས་གཅེས་པའི་ཚེ་སྲོག་སྟོང་།།
    དུ་ཁའི་གནས་སུ་སྐྱེལ་བའི་ཟས་ཀྱི་ཐ།།
    མར་ཁུ་དམར་ཟས་སྤྱོད་པ་གདོང་དམར་ལུགས།།

  8. དབྱངས་ཅན་འབངས། says:
    2013-06-21 at 3:28 pm

    ཟོས་ནས་རྒྱགས་པ་ཆགས་དགོས་གནའ་བོའི་ལུགས།།
    ཟོས་ཀྱང་རྒྱགས་ལོས་རན་པ་དེང་གི་ལུགས།།
    གནའ་སྲོལ་ཡིན་ཕྱིར་ཞེས་པའི་རིགས་ལོག་དེས།།
    འཕྲོད་བསྟེན་འབུར་འཇོམས་བྱས་པ་གད་མོའི་གནས།།

  9. རྒྱ་མཚོ་ཆེན་པོ་ says:
    2013-06-22 at 2:32 am

    ཟ་བཞིན་ཟ་བཞིན་འབྲས་དང་ལྡ་ལི། དེ་ལས་ཞིམ་པ་ཟས་ཞིག་མ་མཐོང་། དེ་ལས་ཟ་རྒྱུ་མེད་པ་མ་ཡིན། སེར་སྣའང་མ་ཡིན་ཚོད་ཅིག་ལྟོས་དང་། ང་རང་ད་ལྟ་རང་འབྲས་དང་ལྡ་ལི་ཟས་རྗེས་ཡི་གེ་དེ་སྤེལ་བ་ཡིན། གྲོགས་པོ་མི་ཉུང་བ་ཞིག་ལྡ་ལི་ཞལ་གྱི་རོ་ལ་འཕྲད་ཡོད་ཀྱི་མ་རེད། ཚོད་ཅིག་མཛོད་དང་།

  10. མེ་ཏོག་དཀར་པོ says:
    2013-06-22 at 5:22 am

    སྐབས་རེ་ཅིཀ་ཀན་མཐོང་ཡང་ཞེན་པ་ལོག །
    སྐབས་རེ་འབྲས་དང་ལྡ་ལིར་ཁ་ཆུ་ཤོར།།
    འདི་ཡིན་འཕྲོ་ལ་འདི་མིན་གཞན་ཞིག་འབྱུང་།།
    སེམས་ཀྱིས་བསླུས་པ་བགྲང་ནས་ག་ལ་ཟད།།

  11. འདྲེ་རྐང་ཐོ། says:
    2013-06-22 at 11:48 am

    རྒྱ་གར་བ་ལ་ལྡ་ལི་རྩིས་འདང་ཆེ།།
    གངས་ཅན་བོད་མིས་རྩམ་པ་མཆོག་ཏུ་འཛིན།།
    ཡུལ་ལུང་སོ་སོའི་མི་ཡི་གོམས་སྲོལ་ལས།།
    དེ་བཟང་དེ་ངན་སྨྲ་བ་བླུན་པོའི་ལུགས།།

    བཅོམ་ལྡན་འཁོར་བཅས་ལྡ་ལི་མཆོད་མྱོང་ཞིང་།།
    མ་ཧ་གན་དྷི་ལ་སོགས་རྒྱ་གར་བའི། །
    སྐྱེས་ཆེན་དམ་པ་དུ་མས་མཆོད་མྱོང་བའི།།
    ཟས་བཅུད་ཕུན་གསུམ་ཚོགས་པའི་ལྡ་ལི་དྲན།།

    ཟས་ན་ལུས་ལ་འཕྲོད་པའི་དགེ་མཚན་ལྡན།།
    མཐོང་ན་སྐྱུག་ལེ་མི་ལངས་ཡིད་དུ་འོང་།།
    འབྲུ་རིགས་དྭངས་མ་ལྡ་ལིའི་ཕན་ཡོན་དེ།།
    མ་ལུས་སུ་དང་གང་གིས་བརྗོད་པ་ནུས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme