Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏུན་ཧོང་སྨོན་ལམ་ཡིག་རྙིང་མཆན་འགྲེལ་གྱི་དེབ་ཐེར་ཞིག

Posted on 2009-10-302009-10-30 By དབང་ཕྱུག་ 7 Comments on ཏུན་ཧོང་སྨོན་ལམ་ཡིག་རྙིང་མཆན་འགྲེལ་གྱི་དེབ་ཐེར་ཞིག

aaa1
བདེ་ཆེན་སྒྲོལ་མ།

དེ་རིང་ངེད་ཀྱིས་དྲ་གྲོགས་ཚོར་ཏུན་ཧོང་སྨོན་ལམ་ཡིག་རྙིང་མཆན་འགྲེལ་སྐོར་གྱི་དེབ་ཐེར་རྩ་ཆེན་ཞིག་ངོ་སྤྲོད་བྱེད།

དེབ་ཐེར་འདི་བརྒྱུད་ནས་ང་ཚོས་བོད་བཙན་པོའི་སྐབས་ཀྱི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གནས་ཚུལ་དངོས་དང༌། སྐབས་དེའི་བོད་དང་རྒྱ། བོད་དང་དྲུ་གུ བོད་དང་འཇང་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་བའི་སྐོར་ལ་ཡང་ངེས་ཤེས་གསར་བ་རེ་འདྲོངས་ཐུབ་པར་བདག་འདོད་དོ།།

དེབ་ཐེར་འདི་ཉིད་ཀྱི་རྩོམ་པ་པོ་ནི་ན་གཞོན་བོད་རིག་པ་ཞིབ་འཇུག་མཁས་པ་དགེ་འདུན་རབ་གསལ་ལགས་རེད་ལ། དེབ་ཐེར་འདི་ཉིད་ཀྱི་མིང་ཆ་ཚང་ལ་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྨོན་ལམ་དང་དེའི་མཆན་འགྲེལ་ཟེར། དེབ་ཐེར་འདི་ནི་རྩོམ་པ་པོས་ཕྱི་ལོ༡༩༩༥ལོར་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་ཁོངས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཉམས་ཞིབ་བྱེད་སྐབས་ལས་ཞོར་དུ་བརྩམས་གྲུབ་པ་ཞིག་དང༌། ལོ་དེའི་ཟླ་༧པའི་ནང་ལྡི་ལི་བོད་ཁང་ནས་དཔར་སྐྲུན་གྱིས་འགྲེམས་སྤེལ་གནང་འདུག

ད་ཡོད་བོད་ཀྱི་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་གི་གྲུབ་འབྲས་ལ་ཕྱི་མིག་ཐེངས་གཅིག་བལྟས་ན། ཞིབ་འཇུག་གི་རྣམ་གྲངས་མང་ཤོས་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་ཡིན་པ་ལས། ཏུན་ཧོང་ཡིག་རྙིང་ནང་གི་ཆོས་ལུགས་ཀྱི་གནས་བབ་སྐོར་ལ་དམིགས་སུ་བཀར་ནས་ཞིབ་འཇུག་གནང་འདུག་པ་ནི་མཁས་དབང་རབ་གསལ་ལགས་ཐོག་མར་སྣང༌། འདི་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཁ་སྐོང་གི་ནུས་པ་ཐོན་པའི་དེབ་ཐེར་རྩ་ཆེན་ཞིག་ཀྱང་རེད། ངེད་ཀྱིས་དེབ་ཐེར་འདི་ཉིད་དྲ་གྲོགས་ཚོར་ངོ་སྤྲོད་བྱེད་འདོད་པའི་རྒྱུ་མཚན་ཡང་འདི་རང་ཡིན།

དེབ་ཐེར་འདི་ཉིད་ཀྱི་ནང་དུ་བསྡོམས་སྨོན་ལམ་མཆན་འགྲེལ་ཁག་དགུ་བཀོད་ཡོད་ལ། ཞིབ་འཇུག་དང་མཆན་འགྲེལ་འདེབས་སྟངས་ཀྱི་ཐད་ནས་ཀྱང༌། དང་པོ་མ་ཡིག་བཀོད་པ་དང༌། དེ་ནས་མིང་ཚིག་གོ་དཀའ་རིགས་ལ་མཆན་འགྲེལ་བཀོད། དེ་ནས་མ་ཡིག་གོ་བདེར་བྱས། དེ་ནས་མ་ཡིག་གི་ནང་དོན་གལ་ཆེའི་སྐོར་ལ་བསྐྱར་དུ་དཔྱད་པ་གནང་འདུག་པས་ཞིབ་འཇུག་ཞིབ་ཚགས་དང་གཏིང་ཟབ་ཀྱི་ཁྱད་ཆོས་ཐོན་འདུག་པ་བཅས་ངོ་སྤྲོད་ཙམ་དུ།

གསལ་བཤད། ངོ་སྤྲོད་བསྡུས་པ་འདི་ཉིད་ཀྱི་ནང་དུ་རྩོམ་པ་པོའི་བསམ་བློ་དང་མི་མཐུན་པའི་ཉེས་བཤད་འདྲ་ཤོར་ཡོད་ཚེ་དགོངས་དག་ཐུགས་བདེ་ཞུས་ཆོག་ལ། ནང་དོན་གྱི་ཆ་ལ་ཆད་ལྷག་རིགས་ཡོད་ཚེ་ཁ་གསབ་ཀྱང་གནང་ཆོག ཐུགས་རྗེ་ཆེ།

སྣ་ཚོགས།

Post navigation

Previous Post: ཀླུ་སྨྱོན་སྤུན་གསུམ་གྱི་མནོ་བསམ་ཕྱོགས་བསྒྲིགས་པར་སྐྲུན་བྱས་ཡོད།
Next Post: སང་ཕྱིན་ཆད་ངས་རྩམ་པ་མི་ཟ།

Comments (7) on “ཏུན་ཧོང་སྨོན་ལམ་ཡིག་རྙིང་མཆན་འགྲེལ་གྱི་དེབ་ཐེར་ཞིག”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-10-30 at 5:58 am

    http://www.youtube.com/watch?v=8cKLwtEZzlA&feature=related
    འབྲེལ་ཐག་འདི་ལ་ཚང་མས་གཟིགས་རོགས་ཞུ།

  2. གསེར་ཆོས། says:
    2009-10-30 at 12:26 pm

    ཁྱེ་རྣམ་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  3. ཟླ་བ། says:
    2009-10-31 at 1:08 am

    ངོ་ནས་ཡག་པོ་རེད།

  4. གཅན་བཟོད་རྒྱམ། says:
    2009-10-31 at 4:21 am

    གོ་ལྔ་ལོའི་རྙིང་འགྲེལ་འདི།།
    ད་བར་དུ་བཀླགས་མ་ཐུབ།།
    བདེ་ཆེན་གྱི་ངོ་སྤྲོད་བརྒྱུད།།
    ཐེངས་གཅིག་ལ་ངེས་པར་བལྟ།།

  5. གཞོན་ནུ་ཟླ་མེད says:
    2009-10-31 at 6:18 am

    དེང་སང་ཟིག་ག་ཚང་མས་ལོ་ལོན་ཚང་མ་ལ་ཡང་ན་གཞོན་ཡིན་ན་ཅིག་ཟེར་གི་བསྡད་ཡོད་ཀི དགེ་ཆོས་ཀྱི་འདོད་བསྟན་ལྟར་ན་ལོ་ལྔ་བཅུའི་ནང་ན་གཞོན་གྱི་མིང་མི་ཐོབ་པ་འདྲ་བོ་ཅིག་དྲན། ད་དེང་སང་གི་ན་གཞོན་གྱི་ཚད་དེ་ཡང་གང་ཟིག་ན་འགྲོ་གི་ཡོད་མེད་མི་ཤེས་ཀི་ཡ།
    དེ་མིན་ད་དཔེ་དེབ་དེར་གཅིག་བལྟ་ན་འདོད་ཀི་ལ། གང་ནས་རེག་རྒྱུ་རེད། ཤེས་མཁན་ཡོད་ན་གསལ་བྱེད་རེ་གནང་རོགས།

  6. Gedun says:
    2009-10-31 at 8:00 pm

    བདེ་ཆེན་སྒྲོལ་མ་ལགས།
    ཁྱེད་ཀྱིས་དེབ་འདི་ངོ་སྤྲོད་བྱས་པར་ཐུགས་རྗེ་ཆེ། དེ་ནས་ཚིག་འགའ་ཞུ་ཆོག་པ་ཞུ།
    ཐོག་མར་ ༡༩༩༥ གཡས་གཡོན་འདིར་ངེད་ཀྱིས་རྩོམ་རིག་གི་ལོ་རྒྱུས་ཀྱི་རྒྱུ་ཆའི་ཆེད་བསྒྲིགས་པའི་དེབ་འགའ་ཝར་ཎ་མཐོ་སློབ་དང་ལྡི་ལི་བོད་ཁང་གཉིས་ནས་པར་བསྐྲུན་མཐུན་འགྱུར་གནང་སོང་། ཏུན་ཧོང་གི་སྐོར་དེ་ལྡི་ལི་བོད་ཁང་གིས་དཔར་བཏབ་པ་རེད་ལ། ཧ་ལམ་དེ་ན་བཙོང་རྒྱུའང་ཡོད་ཚོད། ང་ལ་དེ་དུས་ཕོ་གསར་གྱི་རྣམ་པ་ཡོད་སྟབས། ཧམ་པ་ཆེ་བ་དང་། གཟབ་ནན་མེད་པའི་རྣམ་པ་ཏན་ཏན་ཡོད་པ་རེད། ད་ནི་ལོ་གཞོན་མ་རེད་ལ། མཁས་དབང་ཞེས་བཏགས་ན་ཧ་ཅང་མི་འཚམས་པ་ཞིག་ཏུ་མཐོང་ནས་ངོ་ཚ་བཞིན་ཡོད། དེ་ཚོ་གསུབ་རོགས་གནང་། ང་ལ་གནས་ལུགས་ཤིག་ཤོད་རྒྱུ་ཡོད། སྔོན་མ་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་སྦྱོང་བྱས་པ་ཡིན་སྙམ་པའི་སྤོབས་པ་དེ་ཚོ་ད་ཆ་ཉམས་ནས་ཆེད་ལས་ཀྱི་སློབ་སྦྱོང་མེད་པའི་སྐྱོ་སྣང་གིས་གདུང་བཞིན་ཡོད། ང་དང་ངའི་མི་ཐོག་འདིའི་སློབ་སྦྱོང་དེ་ཧ་ལམ་དེ་འདྲ་ཞིག་རེད། སྲོལ་རྒྱུན་གྱི་ཤེས་བྱའི་ཐད་ནས་ལོ་རྒྱུས་དང་ཆོས་ བརྡ་སྤྲོད་སོགས་བརྗོད་གཞི་ཚང་མའི་ཐད་ནས་རོབ་ཙམ་རེ་ཚང་མས་ཤེས་ཤིང་། ཞིབ་ཚགས་རེ་ཤེས་མཁན་ཧ་ཅང་དཀོན་པ་དེ་ང་ཚོའི་མི་ཐོག་འདི་ལ་ཐོབ་པའི་སློབ་སྦྱོང་གི་ལམ་ལུགས་དེ་རེད། དེང་རབས་ཀྱི་ཤེས་བྱའི་ཐད་ནས། ང་ཚོ་ལ་སློབ་སྦྱོང་སྤྲད་པ་ཧ་ཅང་ཉུང་ཉུང་རེད། གཡག་ཞར་གྱིས་རྩ་ཟས་པའི་དཔེ་རང་རེད། འདི་དག་ནི་ང་ཚོའི་མི་ཐོག་གི་སློབ་སྦྱོང་ལམ་སྲོལ་དེའི་འབྲས་བུ་དེ་རེད། དེ་ལས་ སྣ་གཅིག་ལ་མཁས་པ་ཞེས་པ་ཧ་ཅང་དཀའ་མོ་རེད། ང་ལ་མཚོན་ན་ཧ་ཅང་དཀའ་མོ་རེད། དེ་གཅིག་ཡིན།

    དེ་ནས་ད་བར་དུ་ངེད་ཀྱི་དེབ་ཆུང་བཏོན་པ་དེ་ཚོ། ངས་བྲིས། ངས་སྒོར་མོ་བཏང་། ངས་པར་བཏབ། ངས་བཙོང་བ་སོགས་ཀྱི་ལུགས་སྲོལ་ནང་བྱུང་བ་ཞིག་མ་རེད། ཚང་མ་ཚོགས་སྡེ་ཞིག་གིས་བརྟག་ཅིང་དཔྱད་ནས་པར་བཏབ་པ་རེད། འདི་ལ་ཡང་སྒྲུང་མང་པོ་ཡོད། འོན་ཀྱང་། རང་མ་ཡིན་པའི་མི་གཞན་ཞིག་གིས་འགྲོ་སོང་བཏང་། བརྟག་དཔྱད་བྱས་ནས་དཔར་དུ་བཏབ་པ་དེ་ལ་ངས་སྤོབས་པ་བྱེད་བཞིན་ཡོད། འོན་ཀྱང་འདི་ང་ཚོ་ལ་འཕྲོད་པ་ཞིག་གམ་ཡང་ན་མི་འཕྲོད་པ་ཞིག་ཡིན་ངས་མི་ཤེས། དགའ་མཁན་ཡོང་སྲིད་ལ་མི་དགའ་མཁན་ཡང་ཡོང་སྲིད། དེ་ནི་མཐོང་ཆོས་རེད། འོན་ཀྱང་རང་གིས་བྲིས་པ་ལ་གཞན་གྱིས་འགྲོ་སོང་བཏང་ནས་དཔར་བཏབ་ན་ང་ནི་དགའ་བ་ཞིག་རེད། དེབ་ཆུང་འདི་ཚོའི་གྲས་སུ། ཏུན་ཧོང་སྨོན་ལམ་གྱི་སྐོར་དེ་གཅིག དེ་ནས་ ཕོ་བྲང་ལྷན་དཀར་གྱི་དཀར་ཆག་བསྐྱར་སྒྲིག་བྱས་པ་གཅིག རྟག་ཏུ་ངུའི་རྟོགས་བརྗོད་སྐོར་གྱི་དེབ་ཆུང་གཅིག དེ་ནས་བོད་ཀྱི་སྐད་ཡིག་སྐོར་ལ་རྩོམ་ཞིག་བྲིས་པ་ནོར་མཛོད་དུས་དེབ་ཏུ་འཁོད་པ་གཅིག་བཅས་ཡོད། དེ་ཚོ་ཡང་ཞོར་དུ་ངོ་སྤྲོད་ཙམ་བྱས་པ་ཡིན།
    དོན་ཚན་མཐའ་མ་དེ། སླར་ཡང་གོང་དུ་རོབ་ཙམ་ཞུས་པ་བཞིན། ང་ཚོའི་མི་ཐོག་གི་ཤེས་ཡོན་སྐོར་དེ་ཡིན། སྲོང་བཙན་སྔོན་ལ་ཡི་གེ་ཡོད་མེད་དང་། སྲོང་བཙན་དགུང་ལོ་དུ་བཞུགས། སུམ་ཅུ་པ་སུས་བརྩམས་མིན། འདི་ཚོ་རྩོད་དགོས་བྱུང་ན། ང་ཚོ་ལ་བཤད་རྒྱུ་ཡོད་ལ་ལུང་འདྲེན་རྒྱུའང་ཡོད། ང་ཚོས་འདི་དག་ནི་ང་ཚོའི་ཕ་ས་ཕ་ཡུལ་ཟེར། འོན་ཀྱང་ང་ཚོ་ལ་བལ་ཡུལ་གྱི་ལོ་རྒྱུས་ཤོད། ཧིན་དིའི་སྐད་ཀྱི་འགྱུར་རིམ་ཤོད། འཛམ་གླིང་གི་དཔལ་འབྱོར་འགྲོ་ལུགས་ཤོད། འདི་ལྟར་དྲིས་ཚེ། ང་ཚོ་ནི་ཁྭ་ཏ་མདའ་ཡིན། ད་འདི་རེད། འདི་ནི་ང་ཚོ་སུ་ཡིན་པ་དེ་རེད། ལོ་གཅིག་གོང་ཙམ་ལ། ༧གོང་ས་མཆོག་གིས་ཀྱང་། རྒྱ་མི་ ༡༩༨༠ རྗེས་ལ་ཕྱི་ལོགས་ལ་ཐོན་པ་དེ་ཚོའི་དབྱིན་སྐད་ཀྱི་སྒྲ་ལེགས་པོ་མི་ཤོད་ཀྱང་ནུབ་ཕྱོགས་པའི་སློབ་གྲྭ་ཆེན་མོ་དག་ན་སྤྱི་ཚོགས་ཚན་རིག་གི་དགེ་རྒན་ཡིན། མིའི་རིག་པའི་དགེ་རྒན་ཡིན། སྐྱེས་ཁམས་རིག་པའི་དགེ་རྒན་ཡིན་ཞེས་ཐོན་གི་འདུག ང་ཚོ་བོད་ལ་དེ་འདྲ་མེད་པ་གང་ཡིན་ནམ་ཞེས་བཀའ་གནང་མྱོང་བ་དྲན་གྱི་འདུག ད་འདི་རེད། དེ་བས། རྩོམ་འཆལ་འདི་ཚོ་ངོམ་འདོད་དང་སྒྲོག་འདོད་མི་འདུག་ལ། དེ་ལ་གཞི་བཅས་ནས་མཁས་པའི་མིང་བཏགས་ན་ཁྱི་ལ་སེང་གེའི་དཔེ་རང་རེད། དེ་ཙམ་ཡིན། ཐུགས་རྗེ་ཆེ།
    ༼གོང་གསལ་གྱི་མཆན་འདི་བདེ་ཆེན་སྒྲོལ་མའི་ཟིན་བྲིས་སུ་བཏབ་པ་ཡིན་ལ། ཡང་བསྐྱར་ཚིག་འགའ་བཅོས་ནས་འདིར་བཀོད་པ་ཡིན། དེ་ཡང་གསལ་བཤད་ཀྱི་ཆེད་ཁོ་ན་ལ་དམིགས་པ་ཡིན།༽

  7. མདའ་ཚན་པ། says:
    2009-10-31 at 10:24 pm

    དགེ་འདུན་རབ་གསལ་ལགས། བཀྲ་ཤིས་བདེལེགས། ཁྱེད་ཀྱི་དེབ་དེའི་སྐོར་ང་ལ་བཤད་རྒྱུ་ཅང་མེད། ག་རེ་རེད་ཟེར་ན་ངའི་སེམས་ན་དགེ་མི་དགེའི་དོན་དག་གང་ཡང་མི་འདུག ཁྱེད་ཀྱི་དེབ་དེ་དྷ་ས་རུ་ཁྱེར་ཡོང་ནས་ང་ལ་ཅིག་བསྟན་པ་ཙམ་དྲན། ངས་དེ་ཀློག་པའང་དྲན། གཞན་དམིགས་བསལ་སེམས་ནང་ན་ཅང་མི་འདུག
    ངའི་སེམས་ན་ཆོས་ཀྱི་སྐོར་གྱི་ཡིག་རྙིང་དེ་ཚོ་ཆོས་དང་འབྲེལ་མེད་གཞན་ཚོ་དང་བསྡུར་ན་ཅུང་གོ་བདེ་བ་ཞིག་ཡིན་པ་དང་། བརྡ་རྙིང་ཟེར་ན་ཡང་ད་ལྟའི་ཆོས་གཞུང་དག་ལས་རྒྱང་རིང་པོས་ཆོད་པ་དེ་འདྲ་དམིགས་བསལ་མཐོང་མ་སོང་།
    གཞན་ཏུན་ཧོང་གི་ཡིག་རྙིང་གོ་བདེར་ཕབས་པ་ཡིན་ཟེར་ནས་འགྲེལ་ལོག་མིན་འགྲོ་བསམ་པ་དེ་འདྲའང་མཐོང་རྒྱུ་འདུག དཔེ་གཅིག་བཞག་ན། གནམ་ལྷབ་ཟེར་བ་འདིར་སུ་ཞིག་ནས་འགྲེལ་བ་གཞན་ཞིག་རྒྱབ་ཡོད་བསམས།
    ངའི་ལྟ་ཚུལ་ཡིན་ན་ལྷབ་ཟེར་བ་འདི་ནི། ས་མཁྲེགས་ཀྱི་དངོས་པོ་ས་དང་རྡོ་ཅོག་་ཙེ་ལྟ་བུར་མཚོན་ན་ལེབ་ལེབ་དང་། ང་ཚོ་ལ་དགུང་ཨ་སྔོན་གོས་སྔོན་རང་སྔོན་ཟེར་བ་ཞིག་ཡོད་པ་དང་། རས་ལྟ་བུ་ལ་ལྷབ་ལྷུབ་དང་ལྷབ་བེ་ལྷེབ་བེ་ཟེར་བ་ལྟར་གནམ་ལྷབ་ཀྱང་གནམ་ལྷབ་ལྷབ་འདིའི་ཡ་སྟེང་ངམ་མ་འོག་ན་ལྟ་བུ་ལས་གོ་ས་གཞན་མེད་པ་འདྲ་ཞིག་འདུག་སྟེ་ཅི་གོ ཁྱེད་རང་གི་འགྲེལ་དེ་ཀློག་སྐབས་འདི་ལ་འགྲེལ་ཞིག་དགོས་པ་ཨེ་ཡོད་བསམ་པ་ལས་གཞན་ད་ལྟ་དྲན་ངོ་ན་མི་འདུག དངོས་གནས་བྱས་ན་གཞན་དང་གཞན་ལ་འགྲེལ་ཞིག་ངེས་པར་དགོས་ཀྱང་སྲིད། ག་རེ་ཡིན་ནའང་འགྲེལ་ལོག་རྒྱབ་ན་ཕན་ལས་གནོད་ཆེ་བ་དང་། འགྲེལ་ཡང་དག་ཅིག་རྒྱབ་ན་ཕན་པ་མེད་ནའང་གནོད་པ་ཅི་ལ་ཡོད།
    གཞན་ཞིག་ནི་ཁྱེད་ཀྱིས་གསུངས་པ་རང་རེད། ང་ཚོ་རིགས་གཅིག་རྐང་འཛིན་པ་མིན་པ་རྐྱང་རྐྱང་གིས་རིགས་གཅིག་རྐང་འཛིན་པ་མང་པོ་ཞིག་གི་ཚབ་བྱས་ནས་མང་པོ་ཞིག་ཤོད་ཀྱིན་པ་འདིའང་ངོ་ཚ་ལས་མི་འདུག་ཀྱང་བྱ་དེ་མེད་སར་བོང་བུས་ནམ་ཚོད་འཛིན་དགོས་ཐུག་གི་མི་འདུག་གམ།
    འདིའི་སྐོར་རིམ་པས་གླེང་ན་འདོད། སང་ཉིན་མཇལ་ཡོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme