Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་ཡག་པོ།

Posted on 2013-06-182013-06-18 By ཁ་བརྡ་ 35 Comments on གསར་འགྱུར་ཡག་པོ།

གནས་ཚུལ་མཁོ་གཏོང་བ། ཀླུ་སྨྱོན།

ཁ་སང་སྟེ་ཕྱི་ཟླ་༦ ཚེས་༡༤ ཉིན་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞིང་ཆེན་རིམ་པའི་འགོ་ཁྲིད་འགས་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཆབ་སྲིད་དགེ་རྒན་ཚེ་དཔའ་སྟོབས་ལྡན་ལགས་ཀྱིས། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གསར་བ་ལོ་ཧེ་ཉིན་གཙོ་བྱས། ལས་ཁུངས་སོ་སོའི་འགོ་ཁྲིད་མཉམ་རུབ་ཀྱིས་བོད་ཁུལ་གྱི་འཕེལ་རྒྱས་དང་། བདེ་འཇགས་ལ་དམིགས་ཏེ་གཏན་ཁེལ་བྱས་པའི་སྲིད་ཇུས་གསར་བའི་ཡིག་ཆ་ཟེར་བ་ཞིག་ཚོད་ལྟའི་ཚུལ་དུ་འཆད་ཁྲིད་བྱས་བྱུང་།

འཆད་ཁྲིད་ཀྱི་ཡིག་ཆའི་ནང་དོན་གཙོ་བོ་ནི། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་དར་སྤེལ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས། སྤྱི་ཚོགས་ལ་ཞབས་འདེགས། བོད་ཁུལ་བདེ་འཇགས་སོགས་ཡིན་ཟེར་ཡང་། དུས་ཚོད་གཅིག་རིང་གི་འཆད་ཁྲིད་ཀྱི་བརྗོད་སྙིང་ནི། ནང་བསྟན་ཆོས་ལུགས་འཛམ་གླིང་སྒང་དུ་དར་ཚུལ་དང་། བོད་གངས་ཅན་གྱི་ཡུལ་དུ་དར་ཚུལ། བོད་དུ་དར་ཚུལ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་བཞི་སྟེ། བོད་བཙན་པོའི་རྒྱལ་རབས་སྐབས་དང་། སོག་པོའི་ཡོན་རྒྱལ་རབས་སྐབས། རྒྱ་ནག་མིང་རྒྱལ་རབས་སྐབས། མན་ཇིའི་ཆིན་རྒྱལ་རབས་སྐབས་སོགས་དང་། རྒྱལ་རབས་དེ་དག་གི་སྤྱི་ཚོགས་ཀྱི་ནང་དུ་བོད་ཀྱི་ནང་བསྟན་དར་རྒུད་ནི་རྒྱལ་རབས་དེ་དག་དང་། རྒྱལ་རབས་དེ་དག་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་རག་ལས་པ་དང་། རྒྱལ་རབས་དེ་དག་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་གྱིས་བོད་དུ་ནང་བསྟན་འཕེལ་རྒྱས་སུ་སོང་ནས་གཞི་རྐང་བརྟན་པོ་ཞིག་ཚུགས་ཚུལ་དང་། འཇིག་རྟེན་འདིར་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་བྲལ་བའི་ཆོས་ལུགས་ཤིག་ཡུན་རིང་འཕེལ་རྒྱས་སུ་འགྲོ་མི་སྲིད་པས། མ་འོངས་པའི་ནང་བསྟན་དར་རྒུད་ཡང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས་པས། བོད་ཀྱི་རྒྱ་ཆེའི་དད་ལྡན་མི་མང་དང་གྲྭ་བཙུན་དག་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་དང་སྲུང་སྐྱོབ། བཅའ་ཁྲིམས་ཀྱི་གཏན་ཁེལ་དང་ཁེ་དབང་འོག་ནས་ནང་བསྟན་དར་སྤེལ་དང་རྒྱུད་འཛིན་བྱེད་དགོས་ཚུལ། བདེ་འཇགས་མིན་པའི་དགོན་སྡེ་དག་ལ་གོང་རིམ་གྱིས་ལས་བྱེད་མི་སྣ་མངགས་གཏོང་བྱས་ཏེ། ནང་ཁུལ་བདེ་འཇགས་ལ་བཙན་གྱིས་བཀའ་བཀོད་མི་གཏོང་བར་བདེ་འཇགས་ཡོང་བར་ཞབས་ཞུའི་ལས་དོན་དང་བྱ་བ་བསྒྲུབ་རོགས་བྱེད་རྒྱུ་དང་། བདེ་འཇགས་སུ་གྱུར་རྗེས་ལས་བྱེད་མི་སྣ་དགོན་པའི་ནང་དུ་གཏན་སྡོད་མི་བྱེད་པར་ཕྱིར་འཐེན་དང་། བདེ་འཇགས་ཀྱི་དགོན་པར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་པ་སོགས་ཟེར།

ཉིས་སྟོང་བརྒྱད་ནས་ད་ལོའི་བར་གྱི་ལོ་ངོ་བཞིའི་རིང་། ཏང་གི་ཆོས་ལུགས་སྲིད་ཇུས་བྱེད་ཕྱོགས་གཡོན་ལྷུང་བྱུང་སྟེ། བླ་མ་དགེ་བའི་བཤེས་གཉེན་དང་གྲྭ་བཙུན་དག་གིས༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱལ་མཚོ་མཆོག་ལ་ཆོས་གོས་གྱོན་པའི་སྤྱང་ཀི་ལ་སོགས་ཚད་ལས་བརྒལ་བའི་སྡུག་དམོད་དང་། ཁ་མིང་མཚན་མིང་བཏགས་ཏེ་དགག་པ་གཏོང་དགོས་པའི་སྲིད་ཇུས་བྱུང་མྱོང་། དུས་ད་ནས་བཟུང་ཆོས་ལུགས་པ་ཞིག་ཡིན་ན། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་སྡུག་དམོད་གཏོང་མི་དགོས་ལ། སྡུག་དམོད་དང་དགག་པ་གཏོང་དགོས་བའི་བཀའ་དང་བཙན་ཡང་གོང་རིམ་ནས་མེད། ཆོས་ལུགས་ཀྱི་ཐད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་དད་པ་དང་གུས་བཀུར་བྱེད་ཆོག་ལ་རྗེས་སུ་ཡང་འབྲང་ཆོག འོན་ཀྱང་ཆབ་སྲིད་ཀྱི་ཐད་ནས་ཁོང་གི་རྗེས་སུ་འབྲང་མི་ཆོག ཆོས་ལུགས་དང་ཆབ་སྲིད་གཉིས་སོ་སོར་དབྱེ་ནས་འགྲོ་དགོས་ཚུལ་སོགས་ཟེར།

ད་དུང་དགོན་པའི་དོ་དམ་བྱེད་ཕྱོགས་དང་རང་ཐག་རང་གཅོད་ཀྱི་ཐད་དང་། གོང་རིམ་གྱི་ལས་བྱེད་མི་སྣས་དགོན་པར་ཞབས་ཞུ་སྒྲུབ་ཚུལ་སོགས་ཀྱི་ཐད་ནས་ཀྱང་མང་དུ་ལབ་བྱུང་། ཡིག་ཆ་དེ་ད་ལོའི་ཕྱི་ཟླ་བརྒྱད་པ་དང་དགུ་བ་ནས་བོད་ཀྱི་སློབ་གྲྭ་ཆེ་འབྲིང་དང་དགོན་སྡེ། ཞིང་འབྲོག་ཀུན་ཏུ་འགྲེམ་སྤེལ་དང་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

གསར་འགྱུར།

Post navigation

Previous Post: ང་དང་འདྲ་བ།
Next Post: ཁྱེད། ཡང་ཡང་དྲན།

Comments (35) on “གསར་འགྱུར་ཡག་པོ།”

  1. བསམ་ཤེས། says:
    2013-06-18 at 11:45 pm

    འགྱུར་བ་བཟང་ཕྱོགས་ཤིག་རེད་སྙམ། རེ་བར་རིམ་གྱིས་བོད་ནང་གི་གནས་སྟངས་ཡར་རྒྱས་ཕྱིན་ནས་རྒྱ་ཆའི་སེར་སྐྱ་མི་དམངས་རྣམས་ལ་བདེ་སྐྱིད་དང་རང་དབང་འཐོབ་པ་ཤོག

    བོད་མི་དམངས་རྣམས་སྡུག་མྱང་དགོས་རྒྱུ་རིང་སོང་། ད་ཕུགས་ཀྱི་བདེ་བ་ལག་ཏུ་མི་ཡོང་རུང་། འཕྲལ་སེལ་གྱི་ངལ་གསོ་ཞིག་ཐོབ་པ་ཤོག 

  2. དགའ་སྐུ་ says:
    2013-06-19 at 12:15 am

    ངོ་མ་བཤད་པ་ལྟར་ཡིན་ན་ཡག་གི་་་སྲིད་དང་ཆོས་གཉིས་སོ་སོ་ཡིན་པའི་སོ་སོར་བཞག་ན་དགའ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-06-19 at 1:27 am

    ་་་་་་་་ ཆོས་ལུགས་ཀྱི་ཐད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་དད་པ་དང་གུས་བཀུར་བྱེད་ཆོག་ལ་རྗེས་སུ་ཡང་འབྲང་ཆོག འོན་ཀྱང་ཆབ་སྲིད་ཀྱི་ཐད་ནས་ཁོང་གི་རྗེས་སུ་འབྲང་མི་ཆོག ཆོས་ལུགས་དང་ཆབ་སྲིད་གཉིས་སོ་སོར་དབྱེ་ནས་འགྲོ་དགོས་ཚུལ་སོགས་ཟེར། ་་་་་་་ཟེར།

  4. ས་སྒོ་ཚང་བསམ་གཏན་སྒྲོལ་མ། says:
    2013-06-19 at 2:09 am

    འོ།
    གསལ་འགྱུར་དེ་དངོས་གནས་ཡག་པོ་འདུག
    དགའ་བསུ་ཞུ།
    དེ་གོ་ནས་དགའ་བོ་བྱུང་།
    ག་རེ་ཡིན་ན་མིན་ན་འགྱུར་བ་ཞིག་འགྲོ་བྱ་བསམ་སོང་།
    དེ་ཡང་བཟང་ཕྱོགས་ཀྱི་རྣམ་པ་རེད་བསམ།
    ཐུགས་རྗེ་ཆེ།

  5. ཇུས་མེད་ཇུས་གཏོགས། says:
    2013-06-19 at 2:28 am

    གསར་འགྱུར་དེ་ངོ་མ་ཡིན་ན་དེ་ཡང་བཟང་ཕྱོགས་ཀྱི་རྣམ་པ་རེད་བསམ།དགའ་བསུ་ཞུ་དགའ་བསུ་ཞུ།

  6. བན་དེ་བ། says:
    2013-06-19 at 2:38 am

    གསར་འགྲུར་དེ་དངོས་གནས་ཡིན་ན་དགའ་བ་སྐྱེ་འོས་པ་ཞིག་རེད་འདུག བཅོས་སྒྲུང་ཡིན་ན་གནས་ཚུལ་ཁ་ཁ་རེད། འོན་ཀྱང་གསར་འགྱུར་བཤད་དུས་གནས་ཚུལ་ཡོང་ཁུངས་ག་ནས་ཡིན། གནས་ཚུལ་བདེན་པའིདཔང་རྟགས་གསལ་པོ་ཞིག་དགོས་པ་ལས། དེ་མིན་བོད་འདིར་སྔར་ནས་ད་བར། གནམ་ཡིག་བབ་ཚུལ་དང་ལུང་དུ་བསྟན་ཚུལ་སོགས་ཀྱིས་མི་མགོ་བསྐོར་བ་གྲངས་ལས་འདས།
    དེ་ཡིན་དུས་དངོས་གནས་ཡིན་པར་ཤོག ༧གོང་ས་མཆོག་ནས་ཀྱང་ཆབ་སྲིད་ལས་དགོངས་པ་ཞུས་ཏེ་ཆོས་ཀྱི་བླ་ན་མེད་པའི་སྐྱབས་མགོན་ཚུལ་དུ་བཞུགས་པ་དེར་རྒྱ་ནག་གི་གོ་བ་བླངས་ཐུབ་པ་ཡིན་ན་གཞི་ནས་མཐུན་པའི་གཞི་ཞིག་ཡོང།

  7. བསྟན་འཛིན་རྒྱལ་པོ། says:
    2013-06-19 at 4:21 am

    གོང་དུ་བན་དེ་བས་གསུངས་པ་ལྟར་གསར་འགྱུར་ཚད་ལྡན་ཞིག་ཡིན་ན་ཡོང་ཁུང་སོགས་བརྟན་པོ་ཡོད་དགོས། མ་གཞི་འདི་བདེན་པ་ཡིན་པའི་དབང་གཏང་ཡང་མགོ་མཇུག་གཉིས་གབ་མི་འཐུག་མཁན་གྱི་སྐད་ཆ་ཞིག་རེད།

    “འཇིག་རྟེན་འདིར་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་བྲལ་བའི་ཆོས་ལུགས་ཤིག་ཡུན་རིང་འཕེལ་རྒྱས་སུ་འགྲོ་མི་སྲིད་པས། མ་འོངས་པའི་ནང་བསྟན་དར་རྒུད་ཡང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས།”

    ཡང་འོག་ནས་ང་ཚོའི་ངོས་ཀྱི་ཆབ་སྲིད་དེ་ཆོས་ལུགས་ལ་མི་མཁོ་ཟེར།

    “ཆོས་ལུགས་ཀྱི་ཐད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་དད་པ་དང་གུས་བཀུར་བྱེད་ཆོག་ལ་རྗེས་སུ་ཡང་འབྲང་ཆོག འོན་ཀྱང་ཆབ་སྲིད་ཀྱི་ཐད་ནས་ཁོང་གི་རྗེས་སུ་འབྲང་མི་ཆོག ཆོས་ལུགས་དང་ཆབ་སྲིད་གཉིས་སོ་སོར་དབྱེ་ནས་འགྲོ་དགོས་ཚུལ་སོགས་ཟེར།”

    ད་གང་ཤེས་འུག་པའི་རྫུན་དྲུག་བཤད་པ་འདྲ་ཞིག་རེད།

  8. ལུང་རྟོགས། says:
    2013-06-19 at 4:55 am

    དགའ་བསུ་ཞུ་མ་སྔ། བདེན་མིན་གཞི་ནས་ལྟ་རྒྱུ་རེད། ཁ་བཤད་ལག་ལྟར་བྱས་སོང་ན་དེ་དུས་དགའ་བསུ་ཞུས་ཀྱང་འཕྱི་མི་དྲག རྒྱ་གཞུང་གི་སྐད་ཆ་ལ་ཆ་འཇོག་དཀའ།

  9. སྙིང་མེད། says:
    2013-06-19 at 5:46 am

    གནས་ཚུལ་དེའི་ངོ་མདོག་ལ་བལྟས་ན་ངོ་མ་དགའ་འོས་པ་ཞིག་རེད་འདུག འོན་ཀྱང་དེའི་རྒྱབ་ལྗོངས་ལ་དམིགས་ཡུལ་ངན་པ་ཞིག་ཡོད་མི་སྲིད་པ་མ་རེད། དེར་རྟེན་ང་ཚོས་གཟབ་དགོས།

  10. རྣམ་དཀར། says:
    2013-06-19 at 6:02 am

    དེ་དངོས་གནས་ཡིན་ན་གསར་འགྱུར་དཔེ་ཡག་པོ་རེད་ཧ་ཅང་དགའ་པོ་འདུག

  11. ཏི་སེ་བ། says:
    2013-06-19 at 6:28 am

    འོ་རེད། བོད་གྱི་ནང་བསྟན་རྒྱལ་ཁབ་ཆབ་ཀྱི་ཆབ་སྲིད་ལ་རྒྱབ་སྐྱོར་ལ་བརྟེན་དགོས། མ་བརྟེན་ན་མ་འོངས་ནང་བསྟན་ཡུན་རིང་འཕེལ་རྒྱས་སུ་འགྲོ་མི་སྲིད་ཟེར་ནས་བཤད་འདུག་པས། རྒྱལ་ཁབ་ཀྱི་སྲིད་བཅོས་ནི་བཟང་ངན་ཇི་འདྲ་ཡིན་མེད་མི་ཤེས་དོ། ཆབ་སྲིད་ཟེར་བ་དེ་སྤྱང་གིས་ལུག་ལྤགས་གོན་པ་འདྲ་བོ་རེད། ང་ནི་དེ་ཚོར་ཡིད་ཆེས་མེད། མ་འོངས་པར་བལྟ་འོང་།

  12. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2013-06-19 at 7:34 am

    ངོ་མ་གཏམ་བཟང་རེད། གཏམ་བཟང་ངོ་མ་ཡིན་པར་ཤོག། ནམ་ལང་ཁའི་སྐྱ་རེངས་རེད།

  13. སྒྲོལ་མ་འཇིགས་བྲལ says:
    2013-06-19 at 8:34 am

    དངོས་གནས་ཨེ་ཡིན་ན་དེ་བསྐོར་ཕྱི་བསྡོད་བོད་སྐད་་གསར་འགྱུར་ནང་གང་ཡང་ལབ་ཀྱི་མི་འདུག

  14. རྒྱ་ཞིང་མྱི་དཀར says:
    2013-06-19 at 8:37 am

    དྲ་ཐོག་གི་གསར་འགྱུར་ལ་ཡིད་ཆེས་མེད་འོན་ཀྱང་བདེན་པ་མིན་རུང་བདེན་བའི་ཚུལ་བཟུང་ནས་དགའ་བོ་བྱུང་དོན་ངོ་མ་དེ་འདྲ་ཞིག་དུ་འགྱུར་མི་སྲིད་པ་མ་རེད།

  15. སྣྲོན་ངག་ཁྲི། says:
    2013-06-19 at 9:31 am

    བཤད་པ་ཙམ་ལ་དགའ་རིན་སྡུག་རིན་མེད།།
    བསྒྲགས་པ་ཙམ་གྱིས་དགའ་རིན་ཡོད་བདེན་ན།།
    མི་རིགས་སྲིད་ཇུས་བཟང་པོ་གང་དུ་ཡོད།།
    ངག་ཐོག་གཏམ་དང་ཤོག་སྟེང་གཏན་འབེབ་ལ།
    སྔར་ནས་བྲོ་བ་མྱངསྟེ་ད་བར་འདས།།
    ད་དུང་རྣ་བའི་བུ་རམ་གཅུད་ལ་ཞེན།།
    རྒྱ་གཞུང་སྲིད་ཇུས་ནམ་དེ་སྔར་ནས་ལངས།།
    དུས་རབས་ཉེར་གཅིག་ཚེས་ཀྱང་ཉི་འོད་དབེན།།
    དེ་འདྲ་དེ་ལ་ཡིད་རྟོན་བྱེད་དཀའ་བས།།
    དགའ་རྒྱུར་མ་བྲེལ་སྡུག་གི་སྔོན་འགོག་མཛོད།།
    དམངས་གཙོ་ཡིན་ཞེས་རྒྱུད་ལམ་ཁག་ནས་བསྒྲགས།།
    དམངས་གཙོའི་བྲོ་བ་གཅིག་སྡུད་གཞུང་དེས་བཅོམ།།
    དེ་ཕྱིར་དམར་པོའི་གཞུང་གིས་གང་བསྒྲགས་ཀྱང་།།
    རྣ་བའི་བུ་རམ་ཙམ་ལས་དོན་སྙིང་མེད།།
    དགའ་རྒྱུར་མ་སྔ་སླད་གདུང་བས་མནར།།
    ཨ་གསར་མ་བྱེད་སྐྱུར་དྲི་རྗེས་སུ་ཡོད།།

  16. ཅོ་རི་ཉི་མ། says:
    2013-06-19 at 9:42 am

    འདིའི་གསར་འགྱུར་འདི་ཡག་པོ་ཡིན་པའི་རྒྱུ་མཚན་འགྲེལ་བཤད་རྒྱག་མཁན་ཡོད་ན་ཉན་འདོད་ཆེན་པོ་ཡོད། ངས་ངོས་ནས་གུན་ཁྲན་ཏང་གིས་ཅི་ཙམ་དམའ་འབོད་དང་མཐོང་ཆུང་བྱས་ན་དེ་ཙམ་གྱི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡག་བ་དང་ཕན་ཐོགས་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱས་ཀྱི་ཡོད། ལྡོག་ཕྱོགས་ནས་གོ་བ་ལེན་གྱི་ཡོད། གཏམ་བཟང་ཡིན་སྟངས་ཤིག་གསུང་རོགས་བྱོས།

    ༼ནང་བསྟན་ཆོས་ལུགས་འཛམ་གླིང་སྒང་དུ་དར་ཚུལ་དང་། བོད་གངས་ཅན་གྱི་ཡུལ་དུ་དར་ཚུལ། བོད་དུ་དར་ཚུལ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་བཞི་སྟེ། བོད་བཙན་པོའི་རྒྱལ་རབས་སྐབས་དང་། སོག་པོའི་ཡོན་རྒྱལ་རབས་སྐབས། རྒྱ་ནག་མིང་རྒྱལ་རབས་སྐབས། མན་ཇིའི་ཆིན་རྒྱལ་རབས་སྐབས་སོགས་དང་། རྒྱལ་རབས་དེ་དག་གི་སྤྱི་ཚོགས་ཀྱི་ནང་དུ་བོད་ཀྱི་ནང་བསྟན་དར་རྒུད་ནི་རྒྱལ་རབས་དེ་དག་དང་། རྒྱལ་རབས་དེ་དག་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་རག་ལས་པ་དང་།༽ཞེས་བཀོད་འདུག་ག ་བོད་ཀྱི་ནང་བསྟན་དར་རྒྱས་བྱུང་མིན་རྒྱལ་རབས་འདི་དག་གི་ཆབ་སྲིད་རྒྱབ་སྐྱོར་ལ་རག་ཡོད་ན་ཡོད་ལུགས་རེ་འགྲེལ་གནང་རོགས་བྱོས།
    ངས་བལྟས་ན་་་ཚིག་ཨ་དེ་བཟང་ཀྱང་ཨུ་དེ་ངན། བྱ་ངང་པ་དཀར་ཡང་མཇུག་མ་ནག་ཅེས་ལྟར་་ཡག་རྟགས་ཤིག་ཅང་མི་འདུག་བསམས་ཀྱི་འདུག

  17. ཅོ་རི་ཉི་མ། says:
    2013-06-19 at 9:47 am

    ད་དུང་བོད་རྒྱུད་ནང་བསྟན་འདི་བོད་དུ་དར་རྒྱས་བྱུང་བ་གུན་ཁྲན་ཏང་གིས་ཆབ་སྲིད་ཀྱིས་རྒྱབ་སྐྱོར་ལ་རག་ལུས་བསྡད་ཡོད་པ་རེད་ཅེས་པ་འདི་བྲིས་མི་འདུག་ག་་་་ཧཧཧ

  18. ཅོ་རི་ཉི་མ། says:
    2013-06-19 at 10:09 am

    དམ་པ་དགེ་ཆོས་མཆོག་གིས།
    གཞན་ཕན་སྙིང་རྗེའི་སྣམ་དང་བྲལ་ན་ཡང་།
    རིག་རྩལ་ཐབས་མཁས་ཀློག་གི་རྫུ་འཕྲུལ་གྱིས།
    དྲང་པོ་མི་ལ་འཁྱོག་པའི་ལམ་སྟོན་པ།
    སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད།་ཅེས་གསུངས་པ་རེད།

    གཞན་ཕན་སྙིང་རྗེའི་སྣམ་དང་བྲལ་ནའང།
    སྒོར་དང་ཐབས་མཁས་གཡོ་སྒྱུའི་རྫུ་འཕྲུལ་གྱིས།
    དྲང་པོའི་བོད་ཀྱི་ལོ་རྒྱུས་འཁྱོག་སྟོན་པ།
    ཇག་པ་གུན་ཁྲན་ཏང་ལ་དོགས་ཟོན་མཛོད།

  19. ནམ་མཁའ says:
    2013-06-19 at 10:31 am

    གསར་འགྱུར་འདི་དངོས་ཡིན་མིན་དང་ཁུངས་ལུང་ཡོད་མེད་ད་རུང་མི་ཤེས་མོད།འོན་ཀྱང་རྒྱ་གཞུང་གིས་བོད་མི་དམངས་ལ་ཡང་བསྐྱར་ཡིག་རྩལ་ཞིག་གཏོང་འདོད་ཡོད་པ་གསལ་བོ་རེད། གསར་འགྱུར་འདི་དངོས་གནས་ཡིན་པའི་ཆ་བཞག་སྟེ་བཤད་ན། ཚོད་ལྟའི་ཚུལ་དུ་ཟེར་བ་འདིའི་ནང་བོད་མི་ཚོར་ཡིག་རྩལ་གཏོང་འདོད་པ་དེ་རེད་སྙམ། ད་རུང་དགའ་བསུ་མི་ཞུ། ལོ་རྗེས་མའི་ཕྱི་ཟླ་༣བར་ཤེས་དཀའ་།

  20. ཀླུ says:
    2013-06-19 at 10:41 am

    གནས་ཚུལ་འདི་བོད་ནང་གི་དྲ་ལམ་གསར་ལམ་ན་མཐོང་རྒྱུ་མི་འདུག སྐད་འཕྲིན་དང་ངོ་དེབ་སོགས་ན་དཀྲམ་མཁན་མང་པོ་འདུག དཀྲམ་མཁན་ལ་སྐད་ཆ་དྲིས་དུས་གསལ་བོ་བཤད་རྒྱུ་གང་ཡང་མི་འདུག ཚང་མས་དང་པོ་གནས་ཚུལ་འདི་ཁུངས་དག་མིན་རྩད་གཅོད་བྱས་རྗེས་གཞི་ནས་དཔྱད་བརྗོད་སྤེལ་ན་ཡག་བསམ།

  21. ལེགས་བཤད། says:
    2013-06-19 at 10:43 am

    གཏམ་བཟང་རེད། གནས་ཚུལ་ངོ་མ་ཡིན་མིན་ཐེ་ཚོམ་མི་དགོས།

  22. རྒྱ་ཞིང་མྱི་དཀར says:
    2013-06-19 at 10:53 am

    གནས་ཚུལ་མཁོ་གཏོང་བ་ཀླུ་སྨྱོན་ལགས་ལ་ཞུ་རྒྱུ་དོན་དངོས་སུ་གནས་ཚུལ་འདི་བདེན་དང་མི་བདེན་ཁྱོད་གི་ལག་དུ་གང་ནས་རག་མིན་སོགས་གསལ་བཤད་རོགས་གལ་སྲིད་སྟབས་མི་བདེ་བ་ཡོད་ན་གསལ་བཤད་མ་བྱས་ན་ཡང་འགྲིག་གི་ཡིན་ན་ཡང་བདེན་རྫུན་གྱི་ཤན་འབྱེད་ཞིག་གནང་རོགས།

  23. རྒྱ་ཞིང་མྱི་དཀར says:
    2013-06-19 at 11:04 am

    ཅོ་རི་ཉི་མ་་་་གནས་ཚུལ་འདི་བདེན་པ་ཡིན་མིན་གྱི་ཕྱོགས་ལ་གསལ་བཤད་གནང་དགོས་བ་དངོས་ཡོད་རེད་་་འོན་ཀྱང་གནས་ཚུལ་འདི་བདེན་བའི་དབང་དུ་གཏང་ན་ཧ་ཅང་གི་གནས་ཚུལ་ཡག་ཤོས་ད་སྔ་བྱུང་མ་མྱོང་བའི་གཏམ་བཟང་ཞིག་རེད་དེའི་ཕྱོགས་ལ་གསལ་བཤད་ཞིག་དགོས་དོན་རྩ་བ་ནས་མཐོང་མ་སོང་བོད་ཡིག་ཀློག་ཤེས་མཁན་གྱི་མི་བུ་ཞིག་ཡིན་ན་ཡིག་ཐོག་རང་ནས་གསལ་བོ་གསལ་བོ་རྐྱང་ཡིན་བས་ཡང་སྐྱར་ཡག་པོ་ཞིག་གཟིགས་རོགས་གནང་།

  24. རྒྱ་ཞིང་མྱི་དཀར says:
    2013-06-19 at 11:04 am

    ཅོ་རི་ཉི་མ་་་་གནས་ཚུལ་འདི་བདེན་པ་ཡིན་མིན་གྱི་ཕྱོགས་ལ་གསལ་བཤད་གནང་དགོས་བ་དངོས་ཡོད་རེད་་་འོན་ཀྱང་གནས་ཚུལ་འདི་བདེན་བའི་དབང་དུ་གཏང་ན་ཧ་ཅང་གི་གནས་ཚུལ་ཡག་ཤོས་ད་སྔ་བྱུང་མ་མྱོང་བའི་གཏམ་བཟང་ཞིག་རེད་དེའི་ཕྱོགས་ལ་གསལ་བཤད་ཞིག་དགོས་དོན་རྩ་བ་ནས་མཐོང་མ་སོང་བོད་ཡིག་ཀློག་ཤེས་མཁན་གྱི་མི་བུ་ཞིག་ཡིན་ན་ཡིག་ཐོག་རང་ནས་གསལ་བོ་གསལ་བོ་རྐྱང་ཡིན་བས་ཡང་སྐྱར་ཡག་པོ་ཞིག་གཟིགས་རོགས་གནང་།

  25. ཡེ་ཤེས་དཔལ། says:
    2013-06-19 at 11:13 am

    ད་རུང་མི་ཤེས། ད་རུང་དགའ་བསུ་མི་ཞུ།
    གནས་ཚུལ་འདི་ཁུངས་དག་མིན་རྩད་གཅོད་བྱས་རྗེས་གཞི་ནས་དཔྱད་བརྗོད་སྤེལ་ཆོག

  26. བོད་ཀྱི་རྒྱལ་མཚན། says:
    2013-06-19 at 11:28 am

    དྲ་བུ་ཚོ།། སྐད་ཆ་མཐོ་དམའ་ཅུང་ཙམ་གོ་བ་ལ་དགའ་ཆོག་ཆོག་དང་སྡུག་ཆོག་ཆོག་དེ་འདྲ་ནི་ཀླད་ཆུང་གི་གཤིས་རེད། རྒྱ་དམར་གྱིས་ཅི་བཤད་ཁ་ལ་མ་ལྟ་ཅི་བྱས་ལས་ལ་དཔྱད་དགོས།།

  27. བཀྲ་ཤིས་རྡོ་རྗེ། says:
    2013-06-19 at 11:28 am

    བཙན་བྱོལ་བོད་གཞུང་དང་རང་དབང་ཅན་གྱི་གསར་འགོད་པ་ཚོས་གནས་ཚུལ་དེ་མ་ཤེས་པར། ཀླུ་སྨྱོན་གྱིས་ཅི་ཡིས་ཤེས། མ་གཞི་ཁོ་བ་དངོས་ཡོད་ལས་ཚོར་བ་དགའ་མཁན་ཞིག་དང་རང་སྒྲོག་ཆེ་བ་ཞིག་ཡིན་པས། གསར་འགྱུར་འདིའི་རང་བཞིན་ཡང་དེ་ལས་མ་འདས། གནས་ཚུལ་དངོས་རྗེས་ནས་ཤེས་ཐུབ།

  28. འདྲེ་རྐང་ཐོ། says:
    2013-06-19 at 11:29 am

    གསར་འགྱུར་འདི་བདེན་པའི་ཟོལ་འདྲ་འདུག ཉེར་ཆར་རེབ་གོང་ཁུལ་དུའང་ཆོས་ལུགས་དད་པ་རང་མོས་ཐོག་ནས་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་ཚུལ་སོགས་བསྒྲགས་འདུག

  29. བློ་ཚེ། says:
    2013-06-19 at 12:07 pm

    ང་ཚོའི་གསར་འགྱུར་ཚང་མ་ནང་ལས་བོད་ནང་དང་རྒྱ་ནག་ནང་གིས་གསར་འགྱུར་སྡུག་པོ་རེད་མ་གཏོག་ཡག་པོ་ཚང་མ་སྦས་གསང་ངང་གནས་ཡོད་རེད། བོད་ནང་དང་རྒྱ་ནག་ནང་ནས་རྒྱ་གུང་ཁྲན་གིས་ང་ཚོའི་གསར་འགྱུར་སྡུ་པོ་རེད་མ་གཏོག་ཡག་པོ་ཚང་མ་སྦས་གསང་ངང་ལ་ཡོད་རེ། ངའི་རེ་བ་ལ་བོད་ནང་ནས་བོད་མི་ཚོས་ཕྱི་གསར་ནང་གསལ་ཧ་གོ་བ་དང་བཙན་གྱོལ་ནང་ནས་ཚོང་མས་ཡག་སྡུག་ཚང་མ་ཤེས་པའི་རེ་བ་ཡོད།

  30. སྣྲོན་ངག་ཁྲི། says:
    2013-06-19 at 12:19 pm

    དོན་ཚན་བཅུ་བདུན་སྨྲ་བརྗོད་རང་དབང་དང་།།
    རང་སྐྱོང་སྲིད་ཇུས་མི་རིགས་འདྲ་མཉམ་གནད།།
    ཁྲིམས་ལུགས་མདུན་དུ་དཔོན་འབངས་ཀུན་མཚུངས་སོགས།།
    ཞིབ་ཏུ་བརྟག་ན་ཚིག་གི་ཕུང་པོ་ཙམ།།

  31. ལོག་སྨྲ་ཚར་གཅོད། says:
    2013-06-19 at 3:42 pm

    ངས་ཀྱང་༼གཏམ་བཟང་ཞིག༽གོ་བྱུང་།

    ཕྱི་ཟླ་ ༦ ཚེས་ ༡༧ ཉིན།
    བོད་ནང་ཁུལ་ནས་༧སྐྱབས་མགོན་རྒྱལ་བའི་དབང་བོའི་འདྲ་པར་གང་འདོད་དུ་བཤམ་ཆོག་པའི་རང་དབང་ཡོད་པ་དང་གཅིག
    ཁོང་ལ་ངན་སྨོད་ཀྱི་སྐུལ་སློང་མེད་པ་དང་གཉིས།
    དམིགས་གསར་རེ་འགའ་མ་རྟོགས་པའི་དགོན་པ་རྣམས་ཐེ་ཏོག་མི་བྱེད་པ་དང་གསུམ།
    འདི་ནི་མཚོ་ལྷོའི་མང་རའི་རང་གི་རྫོང་ཁོངས་གཏོགས་ཀྱི་དགོན་སྡེའི་ཆོས་ལུགས་མི་སྣ་དག་ཚོགས་འདུ་བསྡུས་ཏེ་ཁྱབ་བསྒྲཊ་བྱས་འདུག

  32. ཇ་མ་ says:
    2013-06-20 at 3:19 am

    གང་ལྟར་རྒྱ་ཁྱི་མོ་གཉིས་ལ་བློ་གཏད་མེད་ཟེར་བ་ལྟར་བོད་མིའི་ཁྲག་རྩ་ལ་རྟགས་དཔྱད་བྱས་པ་འེ་ཡིན་སྙམ། ངོ་མར་དེ་ལྟར་སྲིད་ཅུས་ཞིག་ཡོང་གི་ཡོད་ན་དགའ་ནི་ཡིན།

  33. གངས་རྒན་མ། says:
    2013-06-20 at 7:06 am

    འདི་བདེན་པ་མ་རེད་སྙམ། ༡༽འདི་རིགས་ཆབ་སྲིད་གནད་དོན་ཆེན་པོ་ཞིག་ཡིན་པ་ལ་དགེ་རྒན་ཞིག་གིས་དྲིལ་བསྒྲགས་བྱས་པ། ༢༽དཔོན་རིགས་གོང་མས་གཡོན་ཐལ་ཅན་གྱི་སྲིད་ཅེས་སྐྱོན་བརྗོད་དང་འབྲེལ་དཔོན་རིགས་གསར་བས་ཐག་ཆོད་ཡིན་ན་ས་ཁུལ་གང་སར་དྲིལ་བསྒྲགས་བྱེད་ངེས་རེད་ཀྱང་མཐོང་ཐོས་མེད་པ། ༣༽བརྙན་འཕྲིན་དང་ཚགས་པར་སྒང་ལ་སླེ བས་མི་འདུག་ཕྱིར་ཨེ་བདེན་ན་བསམ་ཡོད གང་ལྟར་ཀླུ་བསྙོན་ནས་གསལ་བཤད་མེད་པར་ཅོལ་གཏམ་སྤེལ་ན་དགེ་མཚན་མི་འདུག་བསམ

  34. ཀརྡོ་གཉེར་ཕྱག་པ་ says:
    2013-06-22 at 9:39 pm

    དུས་བབ་དྲ་བ་ལས།
    ་་་་་་་་་་་་་་་་་་་་་་་་་་
    ༸གོང་ས་མཆོག་གི་སྐུ་པར་བཤམ་ཆོག
    འདོན་སྤེལ། ༢༠༡༣/༠༦/༢༢
    ཉེ་ཆར་བོད་མདོ་སྨད་མཚོ་ལྷོ་ཁུལ་དུ་ཚོགས་འདུ་ཚོགས་ཏེ། དེང་ཕྱིན་དགོན་སྡེ་ཁག་ཏུ་༸གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པ་དང་༧གོང་ས་མཆོག་ལ་མཚན་སྨད་མི་བྱེད་པ་སོགས་བསྒྲགས་འདུག
    རྒྱ་ནག་གཞུང་གིས་དེ་སྔོན་བོད་ནང་དགོན་སྡེ་དང་ཁྱིམ་ཚང་བཅས་སུ་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམས་བྱས་པར་བཀག་འགོག་དང་། གནས་ཚུལ་དེ་དག་ལ་རྐྱེན་བྱས་ཏེ་བོད་ནང་གི་བོད་མི་མང་པོ་འཛིན་བཟུང་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་མཚོ་ཁུལ་མང་རྫོང་གི་དགོན་སྡེ་ཁག་དང་། ཕྱི་ཚེས་ ༡༩ ཉིན་འབའ་རྫོང་དུ་ཚོགས་འདུ་ཚོགས་ཡོད་ཅིང་། ཉིན་དེར་བྲག་དཀར་རྡོང་མི་དམངས་ཞིབ་དཔྱོད་ཁང་དུ་བླ་མ་གྲྭ་བ་སོགས་ལ་ཚོགས་འདུ་ཚོགས་ཏེ། ས་གནས་ཀྱི་བླ་མ་རྒྱ་བཟའ་ཚང་དང་བླ་མ་ཁོ་ནག་གཉིས་ཀྱིས་གཏམ་བཤད་སྤེལ་ཡོད་འདུག ཚོགས་འདུའི་ཐོག་དོན་ཚན་ ༧ ཅན་གྱི་ཡིག་ཆ་ཞིག་བསྒྲགས་ཡོད་པའི་ནང་དོན་གཙོ་བོ་ད་ནས་བཟུང་༸གོང་ས་རྒྱལ་བ་རིན་པོ་ཆེས་སྐུ་པར་སྒྲིག་གཤོམ་བྱེད་ཆོག་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སྡིགས་དམོད་སོགས་བྱེད་མི་ཆོག་པའི་སྐོར་བསྒྲགས་ཡོད་འདུག ཕྱི་ཚེས་ ༢༠ ཉིན་གསེར་ཐང་རྫོང་བཅས་ས་གནས་ཁག་རིམ་པའི་ནང་ཚོགས་འཆར་ཡོད་འདུག

    གནས་ཚུལ་གྱི་འབྱུང་ཁུངས་གཞན་ལྟར་ན། ཉེ་ལམ་ཞིག་གིས་མཚོ་སྔོན་གྱི་ས་གནས་ཁག་ཅིག་ཏུ་གཞུང་གིས་ཡིག་ཆ་ཞིག་བཀྲམས་ཏེ། ༢༠༠༨ ལོ་ཙམ་ནས་༧གོང་ས་མཆོག་གི་པར་བཀག་པ་དང་མཚན་སྨད་ཞུས་པ་སོགས་ནི་ནོར་ཁྲལ་ཡིན་པ་དང་། ད་ནས་བཟུང་དགོན་སྡེ་ཁག་དང་མང་ཚོགས་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་པ་མ་ཟད་ཁོང་ལ་སྡིགས་དམོད་ཀྱང་བྱེད་མི་ཆོག་ཚུལ། ཆོས་ལུགས་མི་སྣ་མ་ཡིན་པའི་གཞུང་གི་ལས་བྱེད་ཚོས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པར་ཆོས་སྲིད་མཉམ་བསྲེས་བྱེད་མི་ཆོག་ཚུལ་སོགས་བསྒྲགས་ཡོད་འདུག

    འདིའི་ཐད་སུད་སི་གནས་སྡོད་ཨ་ལགས་འཕྲིན་ལས་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ གནས་ཚུལ་དེ་དངོས་ཡོད་གནས་ཚུལ་ཡིན་པ་གསལ་བོ་གསལ་རྐྱང་རེད། ཐེངས་འདིར་ཁོང་ཚོའི་ནང་དོན་གསུམ་གྱི་ཐོག་གསལ་བསྒྲགས་བྱས་འདུག དང་པོ། ༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་ཆོག་པ། གཉིས་པ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་པ། གསུམ་པ། དགོན་པའི་ནང་དོན་རྐྱེན་དེ་འདྲ་བྱུང་བ་ཡིན་ནའང་། ཐོག་མར་དགོན་པའི་འབྲེལ་ཡོད་ལས་བྱེད་བརྒྱུད་ནས་མ་གཏོགས་དམག་མི་ལ་སོགས་དགོན་པའི་ནང་ཐད་ཀར་འཛུལ་མི་ཆོག་པ་སོགས་བསྒྲགས་འདུག དེ་ཡང་མཚོ་ལྷོ་ཁུལ་གྱི་ས་གནས་གཅིག་གཉིས་ཤིག་མིན་པར། ཞང་དང་རྫོང་རིམ་པའི་ས་གནས་ཁག་མང་པོའི་ནང་བསྒྲགས་འདུག ” ཅེས་བརྗོད་བྱུང་།

  35. བྱམས་པ་ལྷུན་གྲུབ། says:
    2013-06-24 at 7:24 am

    གནས་ཚུལ་འདི་དག་གསར་ཤོག་ཁག་ཅིག་ཏུ་ཐོན་འདུག་པ་མཐོང་བྱུང་། དངོས་ཡོད་ཀྱི་འགྱུར་བ་ཞིག་ཡིན་མིན་ད་དུང་ཡིད་ཆེས་རྙེད་པའི་ཁུངས་ལུང་དཔང་རྟགས་ཤིག་ཁ་བོ་ལ་ནི་རག་མ་བྱུང་། གང་ལྟར་དངོས་ཡོད་ཡིན་པའི་དབང་དུ་བཏང་ན་ཡང་དེའི་རྒྱབ་ལྗོངས་ལ་རྒྱུ་མཚན་གང་ཡོད་མེད་བཙལ་རྒྱུ་དེ་གལ་ཆེ་མཐོང་གི་འདུག དུས་བབ་དང་ཁ་བརྡ་ནང་དུ་གནས་ཚུལ་འདི་སྤེལ་མཁན་རྣམས་ཀྱིས་གནས་ཚུལ་དངོས་བདེན་ཡིན་ན་ཇི་ལྟར་ཡིན་ལུགས་སོགས་ཡག་པོ་ཞིག་ར་སྤྲོད་ཐུབ་ན་ཡག་པོ་འདུག་སྙམ། དེ་མིན་རི་བོང་ཅལ་འདྲོགས་ལྟ་བུའི་གནས་ཚུལ་ཕྱོགས་རེ་བ་དང་རྒྱུ་མཚམ་གསལ་ལ་མི་གསལ་ལ་དེ་འདྲ་ཁག་ཅིག་བྲིས་ན་ཁུངས་ལྡན་ཆགས་དཀའ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme