དེ་རིང་ཕྱི་ཟླ་ ༦ ཚེས ༢༥ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་རེབ་གོང་ལ་དྲག་ཆར་བབ་ནས་ས་ཞིང་བཅོམ་བརླག་དང་། ཁང་པའི་ཤེལ་སྒོ་དང་རླངས་འཁོར་སོགས་ཀྱི་ཤེལ་སྒོ་བཅག་པ་ཚབས་ཆེ་ནའང་མི་ལ་གནོད་འཚེ་ཕོགས་པའི་གནས་ཚུལ་ཐོན་མི་འདུག འབྲེལ་ཡོད་བརྒྱུད་གོ་ཐོས་ལྟར་ན། རེབ་གོང་ཁུལ་གྱི་ཁ་འདབས་ལས་འབྲོག་ཕྱོགས་ལ་བབ་མེད་པ་དང་། འབབ་ཡུན་ཡང་སྐར་མ་བཅོ་ལྔ་ཙམ་རེད་ཟེར།
རྩོམ་པ་པོ་སྒོ་རབ་རྒྱས་ཀྱིས་ཆར་རྡེའུ་སྒོ་ང་ལྟ་བུ་དག་སྡེར་མའི་ནང་བཏུས་ནས་ཧང་སངས་པའི་ཚུལ།
ཆག་རལ་དུ་གྱུར་བའི་ཁང་པའི་དྲ་མ། ད་དུང་རླངས་འཁོར་ཤེལ་སྒོ།
གོ་ཐོས་ལ་ཆར་རྡེའུ་ཆེ་བ་དག་མི་རྒན་པའི་ལག་པའི་ནང་དུའང་གཉིས་རེ་ལས་ཤོང་གི་མི་འདུག་ཟེར།





དེ་ནི་སེར་བ་རེད་པ། ག་རེའི་ཆར་པ།
དེ་ནི་སེར་བ་རེད་པ། ག་རེའི་ཆར་པ།
སེར་པ་དང་ཆར་པ་ལ་དབྱེ་བ་མེད་ན། ཆུ་དང་འཁྱག་རོམ་ལ་ཡང་ཁྱད་པར་ཡོད་རྒྱུ་མ་ར།
དེང་སང་གི་བོད་སྐད་འདི་འདྲ་རེད་པས། བོད་པས་བོད་སྐད་བཅོམ་ན་གུང་ཁྲན་ལ་ཁག་ཅི་ཡོད།
ཕ་ཡུལ་རེབ་གོང་གི་སྤུན་ཟླ་ཚོའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་མེད་པར་སྨོན། སེར་བ་འདི་འདྲ་པེ་ཅིན་ལ་བརྒྱབ་ན་དགའ་ཡ།
ཁ་བརྡ་རྩོམ་སྒྲིག་ལྷན་རྒྱས་ལགས། ངོ་མ་རེབ་གོང་ལ་སེར་པས་གནོད་སྐྱོན་ཕོགས་པ་བློ་ཕམ་ཡོད་ལ་དེ་ལས་ཀྱང་བློ་ཕམ་སྐྱེ་དགོས་པ་གོང་གི་གསར་འགྱུར་ཐུང་ཐུང་དེའི་ནང་དུ་ཡིག་སྐྱོན་དང་ཚིག་སྐྱོན་མང་པས་སོ། སྤྱིར་གསར་འགོད་པ་ཞིག་ཡིན་ན་མ་མཐའ་ཟླ་ཚེས་གསར་བོ་བཀོད་དགོས་ལ་དེ་ལས་གལ་ཆེ་བ་ཚིག་སྐྱོན་དང་བརྡ་སྦྱོར་ལ་ཧ་ཅང་གཟབ་དགོས། གོང་དུ་སེར་བ་དང་ཆར་བའི་ངོ་བོ་མི་ཤེས་མཁན་གྱི་ཁ་བརྡའི་གསར་འགོད་པ་དེ་ཚོས་རྗེས་ཕྱོགས་ནས་དགོངས་པ་ཞུས་པ་དང་ཡང་ན་གསར་འགྱུར་དེ་དག་གི་རིགས་མི་བཀོད་རོགས་ཞུ། ད་དུང་འོག་གི་པར་དེ་དག་ལ་འབྲེལ་བརྗོད་བྱས་པ་དེ་དག་མཐོང་ཡོང་དུས་སང་ཉིན་ནས་ཁ་བརྡ་དྲ་བར་ལྟ་བུས་བོད་ཡིག་ལ་བསྐུལ་འདེད་ཕར་ཞོག་གསར་སློབ་པ་དང་བོད་ཡིག་ལ་དུངས་བ་ཡོད་པ་དག་གིས་སེམས་ཤུགས་གཅོག་ངེས།
ཆར་རྡེའུ་ཟེར་བ་འདི་འདྲ་ཡུལ་སྐད་འདྲ་མིན་ནམ། གང་ལྟར་སེར་བ་ཡིན་ནའང་འདྲ། ཆར་མདེའུ་ཡིན་ནའང་འདྲ། ཆར་རྡེའུ་ཡིན་ནའང་འདྲ། དེ་ཚོ་པེ་ཅིང་ལ་བརྒྱབས་ནས་ཞི་ཅིང་ཕིང་སོགས་ཀྱི་མགོ་ལ་ཕོག་ན་སྙིང་སངས་སངས་ཡོང་ས་རེད། གཉིད་ཀྱང་ཏོག་ཙམ་སྐྱིད་པ་ཁུག་ས་རེད། བོད་རྩམ་གཟན་རླུང་རྟ་ཆགས་ནས་རྒྱ་མིའི་བརྙས་བཅོས་སྒང་ལ། སེར་བ་ཟེར་དུས་བྱ་སྒོང་འདྲ་པོ་དེ་འདྲ་གཟེད་དགོས་པ་ལས་ངན་ག་རེ་བསགས་པ་ཡིན་ནམ།
ཕྱི་ཟླ་དྲུག་པའི་ཚེས་ ༢༥ ཟིན་རྒྱུ་རེད།
སྦྲ་དཔལ་ལྡན་གྱི་མཆན་ཐུང་དེའི་ནང་དུ་ཡིག་ནོར་སོགས་མཐོང་ནས་གད་མོ་ཞིག་ཤོར་སོང་། གང་ཡིན་ཞེ་ན་ཁོང་གིས་ཁ་བརྡའི་ཡིག་ནོར་ལ་སྐྱོན་བརྗོད་བྱེད་བཞིན་དུ་རང་གི་ཡིག་ནོར་མ་མཐོང་བ་དེ་གད་མོ་ཤོར་བའི་གནས་སུ་གྱུར། ཧ་ཧ་ཧ ཀུ་རེ་ཡིན་ད།།
སྦྲ་དཔལ་ལྡན་ལ་ཞུས་དག་བཏང་ཡོད།
ཁ་བརྡ་གསར་འགོད་པས་དགོངས་པ་ཞུ་དགོས་ན། སྦྲ་དཔལ་ལྡན་གྱིས་མཆན་འདེབས་པའི་ཁོངས་ནས་དགོངས་པ་ཞུས་ན་ཡག་ས་རེད། ཧཧཧཧ
༼ཁ་བརྡ་རྩོམ་སྒྲིག་ལྷན་རྒྱས་ལགས། ངོ་མ་རེབ་གོང་ལ་(སེར་པས)་གནོད་སྐྱོན་(ཕོགས)་པ་བློ་ཕམ་ཡོད་ལ་དེ་ལས་ཀྱང་བློ་ཕམ་སྐྱེ་དགོས་པ་གོང་གི་གསར་འགྱུར་ཐུང་ཐུང་དེའི་ནང་དུ་ཡིག་སྐྱོན་དང་ཚིག་སྐྱོན་མང་(པས)སོ། སྤྱིར་གསར་འགོད་པ་ཞིག་ཡིན་ན་མ་མཐའ་ཟླ་ཚེས་(གསར་བོ་)བཀོད་དགོས་ལ་དེ་ལས་གལ་ཆེ་བ་ཚིག་སྐྱོན་དང་བརྡ་སྦྱོར་ལ་ཧ་ཅང་གཟབ་དགོས། གོང་དུ་སེར་བ་དང་ཆར་བའི་ངོ་བོ་མི་ཤེས་མཁན་གྱི་ཁ་བརྡའི་གསར་འགོད་པ་དེ་ཚོས་རྗེས་ཕྱོགས་ནས་དགོངས་པ་(ཞུས་པ)་དང་ཡང་ན་གསར་འགྱུར་དེ་དག་གི་རིགས་(མི་བཀོད)་རོགས་ཞུ། ད་དུང་འོག་གི་པར་དེ་དག་ལ་(འབྲེལ)་བརྗོད་བྱས་པ་དེ་དག་མཐོང་ཡོང་དུས་སང་ཉིན་ནས་ཁ་བརྡ་(དྲ་བར་)ལྟ་བུས་བོད་ཡིག་ལ་(བསྐུལ)འདེད་ཕར་ཞོག་གསར་སློབ་པ་དང་བོད་ཡིག་ལ་(དུངས་བ)་ཡོད་པ་(དག་གིས)་སེམས་ཤུགས་གཅོག་ངེས།༽
འདི་འབྱུང་བ་འཁྲུགས་པ་ཙམ་མིན་པར། ཡུལ་ལྷ་འཁྲུགས་པ་ཡང་མིན་ནམ་སྙམ་ལགས། ཀུན་གྱི་གཟབ་དགོས་པ་མང་ངོ་།།
ཨ་རིིའི་ལ་རླུང་ནག་འཚུབ་མ་འཇིགས་སུ་རུང་བ་ཞིག་བདུན་ཕྲག་ཁ་ཤས་སྔོན་ལ་ཡོང་འདུག་པས། ཁང་བ་དང་རླང་འཁོར་སོགས་ཤོག་གུ་ནང་བཞིན་བར་སྣང་ལ་སྟོར་འདུག མི་ཡང་མང་བོ་ཞིག་ཤི་ཡོད་འདུག འདི་ནི་ཡུལ་ལྷ་འཁྲུགས་པ་ཡིན་ནམ། འབྱུང་བ་འཁྲུགས་པ་ཡིན། གང་ལྟར་ཀྱང་ཞེ་སྣང་སྐྱེ་དགོས་པ་ཞིག་རེད་འདུག སྔགས་ནུས་པ་ཅན་ཞིག་གིས་རླུང་འཚུབས་འདི་འགོག་ཐུབ་བམ། དེ་ཐུབ་ན་ཧ་ཅང་ལེགས་པོ་འདུག།
ལྷན་རྒྱས་ཚོར་ཞུ་རྒྱུར། སྐད་ཆ་ག་རེ་བཤད་ཀྱང་རུང་མ་བཤད་རུང་གང་ལྟར་བསོད་ནམས་ཟད་འགྲོ་བའི་སྔོན་རྟགས་ཤིག་བསྟན་ཡོང་གི་འདུག ཉེ་སྔོན་ཨ་མདོ་རེབ་གོང་དུ་བོད་མི་ནང་ཁུལ་བསད་རེ་བཏང་བར་རྟེན་ནས་འཇུག་འབྲས་ངན་པ་དེ་འཕྲལ་མ་ཉིད་དུ་འཁོར་བ་རེད། དེར་བྱ་ཐབས་གང་ཡང་ཡོད་པ་མ་རེད། སྔར་བྱས་ལ་འགྱོད་སེམས་དང་ཕྱི་འབྱུང་བསྡོམས་སེམས་ཀྱི་གོམ་གང་འདུན་སྤོད་ཀྱི་ལས་འཇུག་རྒྱུ་དེ་གལ་ཆེན་ཡིན་པ་སེམས་བཞག་བྱེད་དགོས་རེད་མ་གཏོགས་དེ་ལས་ཀྱང་སྡུག་པའི་བྱ་ངན་ཡོང་རྒྱུར་གདོན་མི་ཟ་བ་ཞིག་ཏུ་མཐོང་ངོ་།
རང་གི་སེམས་ནང་གང་དྲན་ཚོད་དེེ་བྲིས་པ་ལས་ཟུར་ཟ་འདྲོ་བོ་དེ་འདྲ་གང་ཡང་མེད་དེར་རྟེན་ཚང་མས་ཡིད་འཇོགས་་གནང་རོགས་ཞུ་རྒྱུ་ཡིན་ནོ།
རླུང་འཚུབ་དང་དྲག་ཆར་སེར་བ་བྱ་གོང་ཙམ་དེ་ཚོ་འགོག་པའི་ནུས་པ་ཏན་ཏན་ཡོད་རྒྱུ་རེད། སྔགས་འཆང་ཡིན་ཟེར་མཁན་་་བསྒྲལ་བའི་ཞིང་བཅུ་བསྒྲལ་ཡིན་ཟེར་མཁན་་་་་བོད་ཀྱི་ཡུལ་ལྷ་ཀླུ་གཞི་བདག་ཐམས་ཅད་དམ་ལ་བཏགས་ཡིན་ཟེར་མཁན་དེ་ཚོར་སྐད་ཆ་ཅིག་བྲིས་ན་གཅིག་བྱེད་སྲིད།
བྲག་ཐོ་ཐོ་ཞིག་ཡོད་ཚད། རྡོ་རིལ་རིལ་ཞིག་ཡོད་ཚད། ཤིང་ཡར་སྐྱེས་ཐམས་ཅད། ཆུ་མར་བབ་ཐམས་ཅད་ལྷ་ཀླུ་གཞི་བདག་ག་གེ་མོ་རེད་ཟེར་མཁན་དེ་ཚོས་ར་ལུག་གི་དམར་མཆོད་ཅིག་ཕུལ་དང་ཕན་ངེས་རེད།
འོ་ད་ནུས་པ་དེ་སྔོན་མ་ཡོད་རབས་བཤད་པ་ལས་ད་ལྟ་མེད་པ་འདྲ། ཁག་མེད་ལོ་རྒྱུས་ཐམས་ཅད་ལྷ་སྒྲུང་འདྲེ་སྒྲུང་ལས་མཆེད་པ་ཏན་ཏན་རེད།
ད་གནམ་གྱི་ཐག་པ་དེ་ནས་ལྷ་ཞིག་གདན་འདྲེན་ཞུ་ན་ག་འདྲ་འདུག
རེབ་གོང་ལ་བན་སྔགས་དང་བོན་སྔགས་གྲགས་ཆེན་མཐུ་ཆེན་ཡོད་རབས་ཡོད། ད་ལན་ད་དེ་ཚང་མ་གཉིད་ལ་ཡུར་སོང་ནི་ཡིན་རྒྱུ་རེད། ད་རུང་བཤད་ཚུལ་དབྱར་ཁའི་སེར་བ་དང་ཤ་འོད་འགོད་དགོས་ན་ཡ་མཚན་ཡོད་རབས་ཟེར། ད་ལན་ད་རེབ་གོང་སྔགས་པ་ཚོ་་་་་་་་་་་་་་་་་་་ཧ་ཧ་་་་་་་་་་་་་་་་་་ཧེ་ཧེ་་་་་་་་་་་་་་
ནང་ཁུལ་ལ་མཐུ་རྒྱབ་ན་ས་ཐོབ་བཅུ་གསུམ་བསྒྲལ་རེད་ཟེར། ཧཧཧཧ
དེང་སང་ཡོད་དམ་ཟེར་ན་མེད་་་་་ཁ་སང་ཅོ་རི་ལ་མཐུ་རྒྱབ་ཀྱི་ཡིན་ཟེར་ནས་བཤད་སོང། ནང་ཁུལ་ལ་ངན་སེ་ཡོད་དྭ།
དེ་ལས་རྒྱ་གར་ནས་ངན་སྔགསའཇའ་དྷུ་རྒྱབ་མཁན་ཨ་ཙ་ར་ཁ་ཤས་རེབ་གོང་དུ་གདན་འདྲེན་ཞུས་ན་གང་འདྲ་ཡོད་ན།