Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོན་འཁོར་ཚིག་བཞིའི་ནང་ཚན་གཞི་སྙིང་རྗེ་ཆེན་པོའི་རྣམ་བཤད་བློ་གྲོས་འཇུག་པ་ཞིབ་མོའི་གཏམ་ཐུང༌།

Posted on 2013-06-152013-06-15 By ཁ་བརྡ་ 56 Comments on བོན་འཁོར་ཚིག་བཞིའི་ནང་ཚན་གཞི་སྙིང་རྗེ་ཆེན་པོའི་རྣམ་བཤད་བློ་གྲོས་འཇུག་པ་ཞིབ་མོའི་གཏམ་ཐུང༌།

གངས་སེང་།

༧ སྤྲོས་བྲལ་ཡེ་ཤེས་མཁའ་ལ་རྣམ་རོལ་ཞིང༌། བརྩེ་བའི་ཐུགས་རྗེ་ཉི་ཟླའི་དཀྱིལ་འཁོར་རྒྱས། འགྲོ་ཀུན་བློ་མུན་བསལ་བའི་གཉེན་གཅིག་པུ། སྲིད་ཞིའི་གཙུག་བརྒྱན་དམུ་རྒྱལ་སྲས་པོར་འདུད། ༧ སྙིང་རྗེའི་རང་གཟུགས་མཚན་དཔེས་བརྒྱན། ཡིད་འོང་ལེགས་པའི་དཔལ་འབར་བ། བྱམས་མ་ཆེན་མོ་ཁྱོད་ཉིད་ཀྱིས། འགྲོ་ལ་བྱམས་བརྩེའི་དངོས་གྲུབ་སྩོལ། ༧ བྱམས་བརྩེའི་བློ་གྲོས་མི་ཟད་གཏེར། ས་གསུམ་ན་ཡང་འགྲན་ཟླ་བྲལ། ལུས་ཅན་སྡུག་བསྔལ་སྒྲོལ་མཛད་པ། འགྲོ་མགོན་མར་སྟོན་རྒྱལ་གྱུར་ཅིག ༧ ཀུན་བཟང་དགོངས་པ་དཔྱིས་ཕྱིན་པའི། ཡེ་གྲོལ་རྫོགས་ཆེན་ཐུགས་སུ་ཆུད། ལེགས་བཤད་དཔལ་ཡོན་འགྲོ་ལ་སྦྱིན། དྲིན་ཅན་བླ་མ་སྙིང་དབུས་རོལ། ༧ འདི་ན་ཚིག་སྦྱོར་སྙན་འཇེབས་དབེན། སྔར་མེད་ལེགས་བཤད་གསར་པའང་དཀོན། ཐེག་ཆེན་རིགས་ཅན་ཡོད་སྲིད་ན། རིག་པ་སད་པའི་རྐྱེན་འགྱུར་སྙམ།

༧ དེ་ཡང་སྲིད་པ་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་བརྒྱ་པའི་མགོན་པོ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་མཛད་མདོ་འབྲིང་པོ་གཟེར་མིག་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང། ལྟ་བ་ཡས་ཕུབ་ཅིག སྤྱོད་པ་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག དོན་དེ་བཞི་དང་ལྡན་པའི་གང་ཟག་རྣམས་ནི་གཤེན་རབས་ལགས་ཏེ། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པར་འགྱུར་རོ། ཞེས་གསུངས་པས་འཇིག་རྟེན་གྱི་ཁམས་འདིར་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་རྣམ་མཁྱེན་སྟོན་པ་རྒྱལ་བ་གཤེན་རབ་མི་བོས་ནང་དོན་སྙིང་པོ་ཐུན་མོང་མ་ཡིན་པའི་བརྡ་ཆད་བོན་འཁོར་ཚིག་བཞི་སྟེ་ལྟ་བ་ཡས་ཕུབ་དང༌། སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ། ཐབས་ཕ་རོལ་ཕྱིན་པ་ཏེ་ཐེག་པ་ཆེན་པོ་ཕྱི་མདོ་ཡི་བོན་དང༌། ཏིང་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་སྟེ་ཡི་དམ་གྱི་སྐུ་སྒྲུབ་བྱེད་རིམ་གཉིས་ཀྱིས་བསྡུས་པའི་ནང་གསང་སྔགས་ཀྱི་བོན་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བློ་འདས་ཡེ་གྲོལ་རྫོགས་པ་ཆེན་པོ་འོད་གསལ་ལྷུན་གྱིས་གྲུབ་པའྀ་ལྟ་བས་ཆིངས་བཅིངས་ཏེ་ཚེ་གཅིག་ལུས་གཅིག་ལ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་དངོས་སུ་སྒྲུབ་བྱེད་གསང་བ་ཡང་རྩེ་བླ་ན་མེད་པའི་བོན་ཏེ་མདོ་སྔགས་རྫོགས་གསུམ་གྱི་ཉམས་ལེན་ཡོངས་སུ་རྫོགས་པ་བསྟན་ཡོད་པ་དང༌། འཛམ་གླིང་ས་མཐོའི་སྒང་བོད་གངས་ཅན་ལྗོངས་སུ་རྒྱལ་པོ་གཉའ་ཁྲི་ཡབ་སྲས་ནས་བཟུང་སྙིང་རྗེ་ཚད་མེད་ཀྱི་གཞི་བཟུང་སྟེ་རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ལ་ཕན་སེམས་བསྐྱེད་པ་དང༌། དད་མོས་གུས་པས་གཞི་བཟུང་སྟེ་དཀོན་མཆོག་གསུམ་མམ་ཡུལ་མཆོག་རྣམ་བཞི་ལ་སྐྱབས་སུ་འགྲོ་བ་སོགས་ནི་གངས་ཅན་པ་རྣམས་ཀྱིས་ཉམས་ལེན་གྱི་མཐིལ་བཟུང་སྟེ་ད་ལྟའི་བར་དུ་གནས་ཡོད་པ་ནི་ཀྱག་ཀྱོག་དང་གྱ་གྱུའི་ལམ་ནས་ཕྱིན་པ་མ་ཡིན་པར་བློ་གྲོས་ཀྱི་སྤྱན་ལྡན་རྣམས་ཀྱིས་རྒྱལ་རབས་དང་ལོ་རྒྱུས་ཁུངས་མ་རྣམས་ལ་བལྟས་པ་ཙམ་གྱིས་མཁྱེན་ཐུབ་པ་འདུག

ད་ལམ་འདིར་བོན་འཁོར་ཚིག་བཞིའི་ནང་ཚན་གཞི་སྙིང་རྗེ་ཆེན་པོའི་དོན་རགས་ཙམ་ཞིག་འཆད་པར་སྤྲོ་བས། དེ་ཡང་ཐོག་མར་འགྲོ་བ་གང་ཞིག་ཡིན་རུང་དེའི་རྒྱུད་ལ་སྡུག་བསྔལ་གྱིས་མནར་ཚུལ་ལེགས་པར་ཤེས་དགོས། དེ་ཤེས་ནས་རང་རྒྱུད་ལ་མྱོང་བའི་སྡུག་བསྔལ་ལ་དཔག་ཏེ་གཞན་རྒྱུད་ཀྱི་སྡུག་བསྔལ་ལ་མི་བཟོད་པའི་ཚོར་སྣང་དྲག་པོ་ཞིག་འབྱུང་དགོས། དེ་དག་འགྲོ་བ་རེ་འགའ་ཙམ་མ་ཡིན་པ་ཕྱོགས་དང་རིས་སུ་མ་ཆད་པའི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་དེ་འཕྲལ་དུ་འབྲལ་འདོད་ཀྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ་པ་ཞིག་དགོས། དེས་ན་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་དམིགས་ཏེ་སྡུག་བསྔལ་གྱི་གཡང་ས་ལས་་སྒྲོལ་འདོད་ཀྱི་བློ་བཅོས་མིན་གྱི་མྱོང་བ་ཐོན་པ་ཞིག་ལ་གཞི་སྙིང་རྗེ་ཆེན་པོ་ཞེས་བརྗོད། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱང་ཆུབ་སེམས་ཀྱི་འབྱུང་ཁུངས་ཏེ་དཔེར་ན་མྱུ་གུ་ལ་ལྟོས་ཏེ་ས་བོན་ལྟ་བུ་ཞིག་ཡིན། འགྲོ་བ་གཞན་ལ་བྱམས་དང་སྙིང་རྗེས་ཀུན་ནས་བླངས་པའི་ཕན་སེམས་ནི་རང་གཞན་ཀུན་ལ་བདེ་བ་དང་ལེགས་པའི་ཕུན་ཚོགས་ཐམས་ཅད་འབྱུང་བའི་རྩ་བ་ཞིག་ཀྱང་ཡིན། བླང་དོར་གྱི་གནད་ལ་མཁས་ཤིང་ལེགས་ཉེས་ཀྱི་བྱ་བ་ལ་མ་རྨོངས་པའི་བློ་གྲོས་ཅན་རྣམས་ནི་ཅི་སྨོས། ཐ་ན་དུད་འགྲོ་ཚུད་ཆད་བདེ་བར་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པ་རང་ཉམས་ལ་དཔག་ན་ཆེས་གསལ་པོར་མཐོང་མོད། དེ་ཡང་འཁོར་མཚོར་འཁྱམ་པའི་འགྲོ་བ་ཀུན་ལ་བདེ་བས་ཤིན་ཏུ་དབུལ་ཞིང་བདེ་བ་འབྱུང་བའི་རྒྱུ་དགེ་བ་ཚུལ་བཞིན་སྒྲུབ་པ་ཤིན་ཏུ་དཀོན།
བྱམས་སྙིང་རྗེས་ཟིན་པའི་དགེ་བ་བསྒྲུབ་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་ལ་དེ་མིན་གྱི་དགེ་བས་གནས་སྐབས་མངོན་མཐོའི་ལེགས་ཚོགས་ཙམ་ཞིག་འབྱིན་ནུས་མོད་ཀྱང༌། མཐའ་ཡས་པའི་འགྲོ་བ་ཀུན་ལ་ཕན་པ་ཆེན་པོ་བྱ་མི་ནུས། མ་གྱུར་འགྲོ་བ་ཀུན་ལ་ཕན་གདགས་ཆེན་པོ་ཞིག་དགོས་ན་བློ་ཡི་གཏད་སོ་བྱམས་སྙིང་རྗེའི་ཉམས་ལེན་ཞིག་འཁྱེར་བ་ངེས་པར་དུ་དགོས། མ་ཟད་འཇིག་རྟེན་པའི་ནང་དུ་ཡང་བྱམས་སྙིང་རྗེ་དང་ཕན་སེམས་ཆེ་བའི་མི་ཞིག་ཡོད་ན་དེ་ནི་མི་དམངས་ཀུན་གྱིས་བསྐུར་བར་འོས་པ་དང༌། ཀུན་གྱི་དཔོན་དུ་འགྱུར་བ། ཐམས་ཅད་ལ་ཕན་གདགས་ནུས་པ་དང༌། དེ་འདྲའི་ཕན་སེམས་མེད་པའི་ཞེ་སྡང་དང་ཁོང་ཁྲོས་རྒྱུད་དཀྲུགས་པའི་མི་ནི་ཐམས་ཅད་ལ་ཕན་ཐོག་ཡོད་པ་ཕར་བཞག རང་གི་ནང་མི་ཕན་ཚུན་དབར་ལ་རྙོགས་འཛིང་བཟོས་ཏེ་འདུག་མི་བདེ་བ་འཐོར་ཞིག་གཏོང་བའི་ཉེས་ཁ་ཡོད། འགྲོ་བ་ཀུན་གྱི་མགོན་སྐྱབས་ཏུ་གྱུར་པ་དང༌། ལུས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ནུས་པ་ནི་ཡང་དག་པ་རྫོགས་པའི་སངས་རྒྱས་ལས་གཞན་སུའང་མེད་ལ་རྫོགས་པའི་སངས་རྒྱས་ནི་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ལས་བྱུང་བ་སྟེ། སྡུད་པ་ཚིགས་སུ་བཅད་པ་ལས། བསམ་པ་བཟང་པོ་གསེར་འདྲ་འཆང་བ་དེས། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། ཞེས་གསུངས་སོ། བྱམས་དང་སྙིང་རྗེ་ནི་བདེ་བ་དང་ལེགས་པའི་རྩ་བ་ཡིན་པ་མ་ཟད་ཐེག་པ་ཆེན་པོ་ཞེས་པའི་མཚན་གདགས་གཞི་ཡང་འདི་ཉིད་ཡིན་ལ་དགྲ་གཉེན་རྒྱུ་མཚན་དུ་བྱས་ཏེ་ཆགས་སྡང་གིས་རིས་སུ་བཅད་པ་མ་ཡིན་པ་མ་གྱུར་འགྲོ་བ་ཀུན་ལ་བྱམས་སྙིང་རྗེའི་ཁུར་འཁྱེར་ཐུབ་ན་ཐེག་པ་ཆེན་པོའི་ཁོངས་སུ་ཚུད་པ་ཡིན། ཆགས་སྡང་གི་རིས་སུ་བཅད་པའི་བྱམས་པ་དང་སྙིང་རྗེ་ཙམ་སྤྱིར་བཏང་གི་སྐྱེ་བོ་ཚང་མ་ལའང་ཡོད་ལ། གཞན་དོན་ཁུར་དུ་ལེན་མི་ནུས་པའི་སྙིང་རྗེ་ཐེག་དམན་ལའང་ཡོད་པར་བཤད་དོ།
འགྲོ་བ་གཞན་གྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་རང་དོན་ཡལ་བར་དོར་ཐུབ་པའི་སྙིང་རྗེའམ་གཞན་གྱི་དོན་དུ་སྡུག་བསྔལ་དང་དུ་ལེན་ནུས་པའི་སྙིང་རྗེ་ནི་ཐེག་ཆེན་ཁོ་ནའི་སྤྱོད་ཡུལ་ལས་གཞན་དུ་མི་སྲིད་དོ། གལ་ཏེ་དེ་འདྲའི་སྙིང་རྗེ་དང་མི་ལྡན་པར་ང་ཐེག་ཆེན་པ་ཡིན་ཞེས་ཁས་འཆེ་བ་ཙམ་གྱིས་ཐེག་པ་ཆེན་པོའི་ཁོངས་སུ་མི་ཚུད་དེ། རྫོགས་ཆེན་ལུང་དྲུག་ལས། ཐེག་ཆེན་མིན་པར་ཐེག་ཆེན་ཁས་ལེན་བྱེད། བོང་བུས་རྒྱལ་ས་བཟུང་ཡང་ཟིན་པར་མི་འགྱུར་རོ། སེང་གེའི་ལྤགས་པས་བོང་བུ་བཏུམ་པ་འདྲ། ཞེས་གསུངས།

དེས་ན་མདོ་སྔགས་སེམས་གསུམ་གྱི་བོན་སྒོ་གང་ལ་ཞུགས་ཀྱང་ཤིན་ཏུ་དགོས་གལ་ཆེ་བ་ནི་བྱམས་སྙིང་རྗེ་ཡིན་ཏེ། དེ་མེད་ན་གཞན་ལ་ཕན་ཐོག་གང་ཡང་བྱ་མི་ཐུབ་ལ་རང་གི་འབད་པ་དུ་མས་སྒོ་གསུམ་རྡུལ་དུ་བརླག་སྟེ་དགེ་བའི་ཕྱོགས་ལ་ཞུགས་ཀྱང་འབྲས་བུ་མཐོ་ན་ཉན་རང་དགྲ་བཅོམ་ཙམ་ལས་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཏན་ནས་མི་སྲིད། དེ་ལ་དགོངས་ནས་བླ་ཆེན་དྲན་པས། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་དོན་ཞི་བདེ་ཐོབ་འདོད་ལས་བློ་ལྡོག་དགོས། ཞེས་དང༌། བྱམས་མ་འབུམ་ལྔ་ལས། སྙིང་རྗེས་རང་དོན་ཞི་བདེ་སྤངས། ཞེས་གསུངས། གཞན་ལ་ཕན་པ་བསྒྲུབ་མ་ཐུབ་ནའང་རང་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་ན་དེས་ཆོག་ཡིན་བསམ་མཁན་ཡོད་སྲིད་ཀྱང༌། དེ་ནི་དཔེར་ན་ཁྱོད་རང་གི་ཕ་མ་དང་བུ་ཚ་སོགས་ཉེ་འཁོར་ཐམས་ཅད་ཤིན་ཏུ་ཉམས་ཐག་པའི་སྡུག་བསྔལ་གྱིས་མནར༌། ན་ཚ་དྲག་པོས་གདུངས་ཏེ་ཉ་མོ་བྱེ་ཚན་དུ་བཞག་པ་ལྟར་གྱུར། ཁྱོད་རང་སྣང་བ་སྐྱིད་པོའི་སྒོ་ནས་གང་འགར་འཁྱམ་བསྡད་པ་ལྟ་བུ་ཡིན་པས་བློ་བདེ་བག་ཕེབས་ཤིག་ཡོང་ངམ་མི་ཡོང་བསམ་བློ་ལེགས་པར་གཏོང་དགོས། དུས་རྒྱུན་སྤྱི་ཚོགས་ཀྱི་ནང་དུ་མི་དེར་གཞན་ལ་ཕན་སེམས་ཡོད་ན་མི་བཟང་པོའི་གྲལ་དང་དེ་མེད་ན་ངན་པར་བརྩི་བ་མཐོང་ཆོས་ལྟར་ཤེས་དགོས། མེ་སྟོན་ཆེན་པོའི་ཞལ་ནས། བྱམས་དང་སྙིང་རྗེ་ཆེན་པོ་ནི། ཀུན་གྱི་གཞི་གྱུར་བསྒོམ་པར་བྱ། ཞེས་གསུངས་པས་ཐར་པ་དང་བདེ་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་རྒྱུའི་བོན་ཐེག་ཆེན་གྱི་གཞུང་ཡིན་པ་དང་སྙིང་རྗེ་སོགས་ཀྱི་གོ་དོན་ཤེས་ཙམ་གྱིས་ཆོག་ཤེས་མི་བྱེད་པར་བྱམས་སྙིང་རྗེ་སེམས་རྒྱུད་ལ་གོམས་པ་གལ་ཆེ་བས་ཐོག་མར་འབད་པ་དང་ནུས་པ་ཡོངས་སུ་རྫོགས་པ་དེའི་ཐོག་ལ་སྒྲིལ་ཏེ་བསྒོམ་དགོས་པས། དེ་ཡང་སྙིང་རྗེ་ལ་བློ་སྦྱོང་བའི་ཚུལ་ནི། སུམ་བརྒྱ་པ་ལས། སྙིང་རྗེ་འགྲོ་རྣམས་མཐུན་ཕྱོགས་ཤེས་ལས་འབྱུང༌། ཞེས་གསུངས་པས་རང་རེ་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བའི་གནས་སུ་ཟོ་ཆུ་བཞིན་དུ་བརྒྱུད་མར་འཁོར་བ་དང༌། སྲིད་པའི་རྩེ་མོ་མན་ཆད་ནས་ན་རག་དམྱལ་ཁམས་ཡན་ཆད་ལ་སྐྱེ་བ་གྲངས་མེད་པ་ཞིག་ལེན་མྱོང༌།

དེ་ཡང་རེ་འགའ་ཙམ་མ་གཏོགས་སྐྱེ་བ་ནམ་བླངས་པའི་ཚེ་ན་ངེས་པར་ཕ་མ་ལ་བརྟེན་ནས་སྐྱེས་པ་དང༌། ཕ་མ་གཅིག་ཁོ་ནས་མ་ངེས་པར་སེམས་ཅན་ཐམས་ཅད་ཕ་མ་རེས་མོས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ཕ་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་པར་ཤེས་དགོས། དྲང་དོན་མུན་སེལ་སྒྲོན་མ་ལས། བདག་ནི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། ཞེས་གསུངས། སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས་པའི་རྒྱུ་མཚན་ནི་ཡིད་འོང་སྒྲུབ་བྱེད་ཡིན་པས་རང་རེས་ད་ལྟ་སེམས་ཅན་འགའ་ཞིག་ལ་དམིགས་ནས་འདོད་ཆགས་སྐྱེ། འགའ་ཞིག་ལ་ཞེ་སྡང་ལང༌། འགའ་ཞིག་བཏང་སྙོམས་སུ་འདོར་བ་ནི་་ཡིད་དུ་འོང་བ་དང༌། མི་འོང་བ། བར་མའི་རྐྱེན་གྱིས་ཡིན་ལ། དེ་ཡང་གཉེན་རྣམས་བྱམས་སེམས་ཡང་ཡང་སྐྱེ་བ་དེ་ཡིད་དུ་འོང་བ་མཐོང་ནས་ཡིན་ལ་ཡུལ་དེ་ཆེས་ཡིད་དུ་འོང་བ་དེ་ཙམ་གྱིས་བྱམས་སེམས་ཀྱང་ཆེ་བར་འབྱུང་ལ། དགྲ་ལ་ཞེ་སྡང་ཡང་ཡང་སྐྱེ་བ་དེ་ཡིད་དུ་མི་འོང་པས་ལེན་པ་ཡིན། གཉེན་གྱི་མཆོག་ནི་མ་ཡིན་པས་ཐོག་མར་རྒྱུ་མཚན་དུ་མ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཡིད་དུ་འོང་བ་མ་ལྟ་བུ་ཞིག་བསྒྲུབ་དགོས། དེ་ལྟར་སེམས་ཅན་ཐམས་ཅད་མར་མ་གྱུར་པ་གཅིག་ཀྱང་མེད་པར་ཤེས་པ་ཙམ་གྱིས་མི་ཆོག་པ་མ་ཡི་དྲིན་དྲན་ཏེ་ཡིད་འོང་གི་བྱམས་པ་འདྲེན་ཐུབ་པ་ཞིག་འབྱུང་དགོས།
དེ་ཡང་འདི་ལྟར་ད་ལྟའི་མ་ལ་དཔེར་མཚོན་ན་རང་རེ་བར་དོའི་རྣམ་ཤེས་འཁྱམ་པོ་བ་ཞིག་ཕ་མའི་འདུ་འཕྲོད་དཀར་དམར་གྱི་ཉེ་ལེན་ལ་བརྟེན་ནས་ཉིང་མཚམས་སྦྱར་བ་ནས་བཟུང་མ་དེ་ལ་རོ་མཆོག་ཟས་ཀྱི་དང་ཁ་གཏིང་ནས་ལྡོག ལུས་པོའི་སྟོབས་དང་ཤེད་ཐམས་ཅད་བྲི། ཤ་ཤོར་མདོག་ལོག མགོ་ཡི་སྐྲ་བྱི། སྔར་ཡང་ཞིང་གཡོ་བའི་ལུས་དང༌། གསལ་ཞིང་དང་བའི་རིག་པ་ནི་རང་རེ་མ་ལྟོ་ན་འཁྲས་ཙམ་གྱིས་ལུས་ལྕི་བ་ཕ་བོང་གདོས་བཏགས་དང༌། སེམས་འཐིབ་པ་དབྱར་གྱི་ཤེ་མུན་ལྟར་གྱུར་ཏེ་སྡུག་བསྔལ་ཚད་མེད་པས་མནར་ཡང༌། ད་དུང་སྐྱོ་སུན་དང་ངལ་དུབ་ཏིལ་འབྲུ་ཙམ་ཡང་མེད་པར་བུ་སྐྱེ་རྒྱུ་ཡོད་པའི་དགའ་ཚོར་གྱིས་ལུས་ལ་གཏེར་བཞིན་བཅང་ནས་དཀའ་བ་ཆེད་དུ་བསད་སྡུག་བསྔལ་སྣ་ཚོགས་དང་དུ་བླངས་པས་མ་དེ་དྲིན་ཤིན་ཏུ་ཆེ། ཕྱིར་བཙས་པ་ན་ཡིད་དུ་མི་སྡུག་པ་ལྟས་ངན་ཐན་བུ་དང་འདྲ་བ་ལ་མ་དེས་ཁོག་པའི་སྙིང་ལྟར་གཅེས་པ། ཤི་ཡི་དྭོགས་ནས་ནུ་ཞོ་ཁར་བླུགས་ལུས་དྲོད་ལ་བཅར། གཅེས་པའི་ཚད་ཁ་ལུད་ལྕེས་འཇིབ། མི་གཙང་པ་ལག་པས་ཕྱི། དེ་ནས་ཆེར་སོང་བ་ན་གོས་འཇམ་པོ་དང་དྲོད་པོས་གཡོག གདའ་མངར་ཟས་ཀྱིས་གསོས། ཆུང་བ་ཐན་བུ་དང་འདྲ་བ་དེ་ཆེ་བ་གཡག་ཙམ་ཞིག་བསྐྱེད། མ་མོ་རང་ན་བ་དང་ཤི་བ་ལས་ཀྱང་བུ་ན་བ་དང་ཤི་བ་ལ་སྡུག་བསྔལ་ཆེ། དེར་མ་ཟད་བུ་དེ་རྒུད་ཀྱིས་དྭོགས་པའི་དབང་གིས་སྲོག་བཅད་པ་དང་མ་བྱིན་པ་བླངས་པ། གཡོ་སྒྱུ་ཟོར་ཟོག་ཕྲ་མ་རྫུན་སོགས་མི་དགེའི་ལས་ཇི་སྙེད་ཅིག་བསགས་པ་ཐམས་ཅད་བདག་ཉིད་བུ་ལེགས་སུ་འགྲོ་བའི་ཆེད་དུ་བྱས་པས་མ་ངན་སོང་དུ་གཏོང་མཁན་བུ་མ་གཏོགས་གཞན་སུ་དགོས།

མ་དེའི་སེམས་ལ་སྐད་ཅིག་ཙམ་ཞིག་བུ་དེ་ལ་མངན་སེམས་དང་གདུག་སེམས་ལོག་ལྟ་སོགས་བྱེད་མ་མྱོང་བ་མ་ཟད། ཤེས་དགུ་དྲན་བཅུའི་ཐབས་སྣ་ཚོགས་ཀྱིས་བུ་ལེགས་སུ་འགྲོ་བ་ལ་འབད། ཤ་ཁྲག་ས་རྡོ་ལ་བསྐུས་ལུས་སེམས་རྡུལ་དུ་བརླགས་ནས་བསགས་པའི་གཅེས་ཤིང་དམར་བའི་ནོར་རྫས་ཀྱང་མ་མོ་རང་གིས་ལོངས་སུ་སྤྱོད་མི་བྲ་བ་བུའི་ཆེད་དུ་གཏོང༌། དེ་འདྲའི་དྲིན་གྱིས་བསྐྱངས་བ་ད་ལན་ཙམ་མ་ཡིན་པ་མ་བྱས་པ་ལ་གྲངས་ཀྱིས་མི་ལོངས༌། ནམ་མ་བྱས་པའི་དུས་ན་དྲིན་ཆེ་བ་དེ་ལྟར་ཡིན་པ་གདོང་མི་ཟ་བས་མ་ལས་དྲིན་ཆེ་བ་གཞན་སུ་ལའང་མེད། དེ་འདྲའི་ཚུལ་སེམས་ལ་ངེས་ཤེས་མ་རྙེད་བར་བརྩོན་འགྲུས་བསྐྱེད་དེ་སྦྱོང་དགོས། ཁ་ཙམ་ཚིག་ཙམ་མ་ཡིན་པ་མ་དེ་དྲིན་ཆེ་ཚུལ་ལ་ངེས་ཤེས་བརྟན་པོ་རྙེད་ན་དྲིན་ལན་གཟོ་བ་ངང་ངམ་ཤུགས་ཀྱིས་འབྱུང་བས་མ་རྒན་འདིའི་དྲིན་ལན་མི་གསོབ་པ་བདག་བུ་གང་དགར་བྱེད་པ་ནི་དེ་ལས་སྡུག་ཅག་དང་ཁྲེལ་མེད་ངོ་ཚ་མེད་པ་གཞན་སུ་ལའང་མེད་པས་ཅི་ནས་ཀྱང་མ་རྒན་འདིའི་དྲིན་ལན་གསོབ་དགོས་པ་འདུག་སྙམ་པ་ཡང་ཡང་བྱ། དེ་ཡང་བླ་ཆེན་དྲན་པས། ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བདག་གི་མ། མ་ཡི་དྲིན་བཞག་སུས་ཀྱང་མི་འཁོར་ཏེ། ཞེས་གསུངས་པས་དཔེར་ན་མ་ལག་མཐིལ་དུ་བཞག་ནས་རི་རབ་བསྐོར་བ་དང༌། སྤྱི་གཙུག་ཏུ་བཞག་ནས་སུམ་བཅུ་རྩ་གསུམ་འདོད་པ་ཀུན་ཚང་བའི་གནས་སུ་བསྐྱལ་བ་དང༌། འཛམ་གླིང་ནས་ཞིམ་དགུ་བཙལ་ཏེ་གསོས་པ་དང༌། སྟོང་གསུམ་གསེར་གྱིས་བཀང་ནས་མ་ལ་ཕུལ་ཡང་མ་ཡི་དྲིན་ལན་འཁོར་ཐབས་མེད།
འོ་ན་མ་ཡི་དྲིན་ལན་གང་གིས་གཟོ་ནུས་ཞེ་ན། བྲུ་རྒྱལ་བ་རིན་པོ་ཆེའི་ཞལ་ནས། དེས་ན་དེ་དག་གི་དྲིན་གང་གིས་ཀྱང་མི་འཁོར་བ། སེམས་བསྐྱེད་པས་འཁོར་བས། ཞེས་གསུངས་པས་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་མ་ཡི་དྲིན་ལན་འཇལ་ནུས་པ་ཡིན་པས་དང་པོར་ཚེ་འདིའི་མ་ལ་དམིགས་ཏེ་སྙིང་རྗེ་འདི་ལྟར་བསྒོམ་དགོས་ཏེ་མ་དེའི་རྣམ་པ་གསལ་པོར་བློ་ཡུལ་དུ་དྲན་པར་བྱ་ལ། དེ་ལ་བདེ་བས་འཕོང༌། སྡུག་བསྔལ་གྱིས་མནར། སྐྱེ་རྒས་ན་འཆིས་བསྣན། སྐྱབས་དང་དཔུང་གཉེན་གྱིས་དབེན། ཡང་དག་དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་དཀོན། ད་ལྟ་མཐོ་རིས་ཀྱི་བདེ་བ་ཙམ་ཞིག་ཡོད་སྲིད་ནའང༌། ངན་སོང་གི་རྒྱུ་ལ་དངོས་སུ་ཞུགས་པས་མ་འོང་པར་ངན་སོང་གི་སྡུག་བསྔལ་ཚན་པོ་ཆེས་གདུང་ངེས་པས་མ་རྒན་འདི་སྙིང་རེ་རྗེ་སྙམ་པ་མྱོང་བ་མ་ཐོན་བར་དུ་བྱ་བ་གལ་ཆེ། དེ་ནས་ལས་ཀྱི་འབྲེལ་བའི་ཕ་ལས་སོགས་པ་ཁྱིམ་ནང་གི་གཉེན་དང༌། གནས་ཀྱི་འབྲཻལ་བའི་ཡུལ་མི་རྣམས་ལ་དམིགས་ནས་གོང་ལྟར་ཁ་ཙམ་ཚིག་ཙམ་མ་ཡིན་པ་སྙིང་རེ་རྗེ་སྙམ་དུ་བསམ། དེ་ནས་སྡང་བའི་དགྲ་བོ་རྣམས་ལ་དམིགས་ནས་ད་ལྟ་རང་གཞན་ཐམས་ཅད་ལ་མ་རིག་པ་དང་མངལ་གྲིབ་ཀྱིས་སྒྲིབས་ནས་ཧ་མ་གོ་མ་ཤེས་པའི་དབང་གིས་ཕན་ཚུན་གཅིག་གིས་གཅིག་ལ་འཕྲལ་དུ་གནོད་པ་ཅུང་ཟད་བྱས་པ་དེ་རྒྱུ་མཚན་དུ་བཟུང་ནས་དགྲར་བལྟ་ཞིང་གནོད་འཚེའི་རྒྱུན་མཐུད་པ་མ་གཏོགས་འདི་རྣམས་ཚེ་རབས་སྔོན་མར་རང་གི་མ་གྲངས་མེད་པ་བྱས་ཟིན། མ་ནམ་བྱས་པའི་དུས་སུ་ད་ལྟའི་མ་ནང་བཞིན་དྲིན་ཆེན་པོ་ཤ་སྟག་སྟེ་འདི་རྣམས་སྙིང་རྗེའི་ཡུལ་དུ་མི་གཟུང་ཁ་མེད་ཡིན་བསམ་ནས་གནོད་སེམས་དང་གདུག་སེམས་ཞི་བའི་ཐབས་ལ་འབད་དེ་སྙིང་རྗེ་བསྒོམ། དེ་ལྟར་རྒྱ་ཇེ་ཆེར་གཏོང་ལ་གླིང་བཞི་གླིང་ཕྲན་གྱི་མི་རྣམས་དང༌། རིགས་དྲུག་ཁམས་གསུམ་གྱི་སེམས་ཅན་ལ་རིམ་བཞིན་དམིགས་ནས་འདི་རྣམས་ཐམས་ཅད་རང་གི་ཕ་མ་དང་ཉེ་འབྲེལ་མ་བྱས་པ་གཅིག་ཀྱང་མེད་དྲིན་ཆེན་པོ་ཤ་སྟག་ཡིན་འདི་རྣམས་སྡུག་བསྔལ་གྱིས་མནར་བདེ་བས་འཕོངས་པ་ནི་སྙིང་རེ་རྗེ་སྙམ་པ་ཡང་ཡང་བྱ་ལ་སྙིང་ཁུངས་རུས་པའི་སྦུགས་ནས་གཟེར་ཟུག་གི་ཚོར་སྣང་མི་པཟོད་པ་ལྟ་བུ་མ་སྐྱེས་བར་དུ་བསྒོམ་པ་གལ་ཆེ།

དེ་ལྟར་དང་པོ་རྩ་བའི་མ་ལ་སྙིང་རྗེ་བསྒོམ་དེ་ནས་ཁྱིམ་གྱི་མི་ནས་རིམ་བཞིན་རྒྱ་ཇེ་ཆེར་བསྐྱེད་དེ་མཐར་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སྙིང་རྗེ་བསྒོམ་ཚུལ་འདི་ནི་བླ་ཆེན་པོ་དྲན་པ་ནམ་མཁའི་ཕྱག་ལེན་ཡིན་པས་ཤིན་ཏུ་ཟབ་ཅིང་གལ་གནད་ཀྱང་ཆེ་བར་འདུག་སྟེ་བྱམས་སྙིང་རྗེ་གང་བསྒོམ་ཡང་སེམས་ཅན་བྱེ་བྲག་པ་རེ་རེ་ནས་དམིགས་ཏེ་བསྒོམ། མཐར་འགྲོ་བ་ཐམས་ཅད་དམིགས་ཡུལ་དུ་བཟུང་སྟེ་མ་བསྒོམ་པར་དང་པོ་ནས་འགྲོ་བ་སྤྱི་ལ་དམིགས་ཏེ་བསྒོམ་ན་སྙིང་རྗེ་སྐྱེ་བ་ལྟར་ཡང་གཏན་པོར་ཡོང་བ་དཀའ་བར་སྣང༌། མཛད་མདོ་རྒྱས་པ་ལས། འགྲོ་ལ་སྙིང་རྗེ་དཔག་མེད་བསྐྱེད། བྱམས་པ་བུ་གཅིག་མ་ཡི་ཚུལ། ཞེས་དང༌། དྲང་དོན་མུན་སེལ་སྒྲོན་མ་ལས། བདག་ནི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་བསྒོམ། དེ་ལ་བརྟེན་ནས་ལྷག་པའི་བྱང་ཆུབ་སེམས་ཀྱང་སྐྱེ། ཞེས་དང། མདོ་ལེའུ་བརྒྱད་པ་ལས། སྙིང་རྗེ་ཡང་དག་རྒྱུད་ལ་སྐྱེས་གྱུར་ན། བྱམས་དགའ་བཏང་སྙོམས་གཅིག་གིས་གཅིག་བསྐྱེད་འབྱུང༌། ཞེས་གསུངས་པས་དེ་ལྟར་སྙིང་རྗེ་ཆེན་པོའི་དོན་ལ་བློ་ཡང་ཡང་སྦྱོང་པས་མཐར་སྙིང་རྗེའི་རྣལ་འབྱོར་ལ་བཅོས་མིན་གྱི་མྱོང་བ་ཐོན་ནས་སྙིག་རྗེ་ཆེན་པོས་ཡིད་འཕྲོག་པ་ཞིག་བྱུང་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་འདམ་ལས་འདོན་ཞིང་བདེ་བའི་སྐམ་སར་འགོད་པའི་ཆེད་དུ་ངེས་པར་དམ་འཆའ་ཞིང་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་སྒྲོལ་བའི་ཁུར་འཁྱེར་བ་དང༌། སེམས་ཅན་ཐམས་ཅད་ལ་བདེ་བ་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ན་བདག་རེ་སྐྱིད་སྙམ་པའི་དགའ་བ། བདག་གཞན་ཕྱོགས་རིས་བྲལ་བའི་བཏང་སྙོམས་ཆེན་པོ་རྣམས་ངང་ངམ་ཤུགས་ཀྱིས་འབྱུང༌། ཕ་གསོད་ཀྱི་ཤན་པ་དང་འཕྲད་ཀྱང་བྱམས་སྙིང་རྗེའི་འཆི་མ་འཆོར། སྡུག་བསྔལ་ཆེན་པོས་མནར་བའི་འགྲོ་བ་མཐོང་ཚེ་མི་བཟོད་པའི་གཟེར་ཟུག་གིས་སྙིང་རྩ་འདར། ཞེ་སྡང་དང་ཁོང་ཁྲོའི་རྩ་བ་ཆོད། དགྲ་ཐམས་ཅད་རང་བརླག་ཏུ་འགྲོ། འདྲེ་གདུག་པ་ཅན་རྒྱལ་འགོང་ལས་སོགས་པ་རང་བཞིན་གྱིས་འཐུལ། དགེ་བ་ཅི་བྱས་སྟོབས་ཆེ། བྱ་བ་ཅི་མཛད་འགྲོ་བ་ལ་ཕན་ཐོག མ་ནུས་སེམས་ཅན་རྣམས་སྐྱོབ་པར་ནུས། སངས་རྒྱས་དང་སེམས་དཔའི་ཐུགས་དགྱེས། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུས་མགོན། ནག་ཕྱོགས་སྡེ་བརྒྱད་ཀྱིས་གནོད་འཚེ་མི་ནུས། ཕ་རོལ་གདུག་སེམས་ཅན་གྱིས་ངན་སྨྲ་དང་གདོན་མཆུ་སོགས་གང་བྱས་ཀྱང་ངེས་པར་བཟོད་པ་དང་ལྡན་ཞིང་སྙིང་རྗེའི་ཆུ་རྒྱུན་འབེབ་ཅིང་ཕན་ཐོག་གི་བསམ་པ་ཁོ་ནར་ལྷུར་བཞེས་ཏེ། རྣམ་རྒྱལ་གཏོར་མའི་སྨོན་ལམ་ལས། སེམས་ཅན་མི་སུན་གང་ཞིག་གིས། བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། བསམ་ངན་སྦྱོར་བ་མ་ཡིན་པ། སླར་ཡང་དེ་ལ་ཕན་ཐོག་ཤོག ཅེས་གསུངས།

གཞན་ཡང་རང་ལ་རྐྱེན་ངན་དང་བར་ཆོད་ནད་ན་ཚ་ལས་སོགས་མི་འདོད་པའི་སྡུག་བསྔལ་གང་བྱུང་ཡང་དེའི་གཉེན་པོ་བྱམས་སྙིང་རྗེ་བསྒོམ་པ་ལས་ཐབས་ཆེ་བ་མེད་དེ། འགྲོ་མགོན་སྨན་གོང་བའི་ཞལ་ནས། ང་ཐོད་པ་ཕུག་ཏུ་དགོན་པ་ལ་བཞུགས་དུས་ནུའོ་མར་སྟོན་རྟོགས་ཆུང་བྱུང་ནས། ཁྱེད་ཀྱི་ནད་ལ་སང་ཉིན་རིམ་འགྲོ་བྱེད་འབྱོན་དགོས་ཞུས་པས། ང་ནི་མི་འགྲོ་ང་རང་གི་འདི་ལས་ནད་ཡིན་པས་གཞན་གྱིས་མི་ཕན་གསུངས་ནས་མ་བྱོན་ནོ། དེའི་ནུབ་མོ་ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང༌། རྡུལ་ཤུགས་ཀྱི་སྙིང་རྗེ་ཚད་མེད་བཞི་དང་ལྡན་པ་ཐུགས་ལ་ཤར། ཤངས་ཟ་འགུལ་འགུལ་བ་བྱུང༌། ཤངས་ནས་སྡོམ་ནག་པོ་འཐེབ་སྡོག་ཙམ་ཞིག་མདུན་ནས་དངོས་སུ་ས་ལ་ལྷུང༌། སྙིང་རྗེ་དྲག་པོ་སྐྱེས་ནས། ཁྱོད་འདྲ་བའི་ལས་ངན། ང་འདྲ་བའི་ལུས་ངན་ལ། མི་སྡོད་པ་དགོངས་ནས་ཕྱག་གིས་བླངས་ནས་ཤངས་སུ་བཅུག་ཀྱང་ཕྱིར་ལ་མ་ཤོང༌། ཞེས་དང༌། དེ་ནས་ལུང་པ་དེའི་ཕུ་ལ་ཡར་བྱོན་པས། ཤངས་ཟ་འགུལ་བ་བྱུང་སྟེ། སྡོམ་དགུ་ཐོན་ནས་བྱུང་བ་ལ་སྙིང་རྗེ་ཚད་མེད་པ་སྐྱེས། དོགས་སྤྲུག་གི་སྙིང་པོ་བཏབ་ཅིང་དགེ་བསྙེན་གྱི་མིང་ཅོག་མཛད་དོ། བསྙུང་གཞི་ཡང་དེ་གར་དག་སྟེ། མ་རིག་མུན་པ་སངས་ནས་རང་རིག་མངོན་དུ་གྱུར། ཞེས་དང༌། བདག་ལ་གནོད་པའི་གདོན་འདིས། བདག་ལ་ན་ཚ་སྡུག་བསྔལ་ཇི་སྙེད་ཅིག་བཏང༌། དེས་ཅི་ལ་ཚད། སེམས་ཅན་ཐམས་ཅད་སེམས་སྡུག་ཏུ་བཅུག ལུས་ཉོན་མོངས་སུ་བཅུག དེའི་རྣམ་པར་སྨིན་པའི་ངན་སོང་གསུམ་དུ་སྐྱེ། ངན་འགྲོའི་སྡུག་བསྔལ་འདིའི་སྟེང་དུ་འོང་བ་འདི་སྙིང་རེ་རྗེ།
གཞན་ཡང་འཇིག་རྟེན་གྱི་ཁམས་ན་རང་དང་འདྲ་བའི་ན་ཚ་དང་སྡུག་བསྔལ་གྱིས་མནར་བ་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ། ཞེས་དང༌། གདོན་ལས་སོགས་པས་གནོད་པ་ན་ཞེ་སྡང་གིས་དྲག་སྔགས་ཇི་སྙེད་བཟླས་པ་བས་སྙིང་རྗེ་མི་རྟོག་པ་དར་གཅིག་བསྒོམ་པ་དེ་རང་བྱིན་རླབས་ཆེ་བ་འདྲ། ཞེས་གསུངས། དེར་མ་ཟད་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་བྱམས་སྙིང་རྗེའི་སྒོ་ནས་བདུད་དམག་ཐུལ་བའི་ལོ་རྒྱུས་ཡོད། དེ་ལྟར་བྱམས་སྙིང་རྗེའི་ནུས་སྟོབས་དང་ཕན་ཡོན་ལ་བསམ་ནས་རང་རྒྱུད་ལ་གོམས་པ་བརྟན་པོར་མ་བྱུང་བར་དུ་ཡང་ཡང་འབད་དེ་བསྒོམ་ན་དལ་འབྱོར་སྟོང་ལོག་ཏུ་མི་འགྲོ་བའི་དགོས་པ་ཆེན་པོ་ཡོད་པ་མ་ཟད། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་དག་གིས་ཉམས་ལེན་གྱི་གཙོ་བོར་བྱེད་དགོས་པ་ཡིན་ཏེ། ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་སུ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཕ་རོལ་ཕྱིན་བཅུ་སོགས་གཡུང་དྲུང་སེམས་དཔའི་ཉམས་ལེན་ཇི་སྙེད་ཅིག་བསྟན་ཀྱང་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོའི་དམིགས་ཡུལ་འགྲུབ་པའི་ཆེད་ཁོ་ནར་ཡིན་ནོ། རིགས་པའི་གནས་ལ་སློབ་མཁན་རྣམས་ཀྱིས་ཀྱང་བྱམས་སྙིང་རྗེའི་ཁུར་འཁྱེར་ཐུབ་ན་རིག་པ་འཕེལ་བའི་ཐབས་འདི་ལས་ལྷག་པ་ཅིག་གང་ཡང་མེད་དེ། བདེར་གཤེགས་བསྐལ་པ་གྲངས་རྩིས་ཀྱི་མདོ་ལས། སེམས་བསྐྱེད་འདི་ཡི་སྟོབས་ཀྱིས་ནི། འཕྲུལ་ངག་བོན་གྱི་བཀའ་རྒྱུད་ཀྱང༌། ཐོག་ཆགས་མེད་པར་མཁྱེན་པར་འགྱུར། ཞེས་གསུངས་སོ། བདག་ཅག་གི་སྟོན་པ་སྔོན་ཚེ་གཅེན་པོ་དཔལ་ཆེན་པོའི་སྐྱེ་བ་བཞེས་པའི་ཚེ་་སྤྱོད་པ་རླབས་པོ་ཆེ་སྐུ་ལུས་ཀྱི་ཤ་ཁྲག་སྤྱང་ཀུ་བརྒྱ་ལ་སྦྱིན་པ་བཏང་བས་དེ་ཡང་བྱམས་སྙིང་རྗེ་ལ་གོམས་པའི་ནུས་སྟོབས་ཁོ་ན་ལ་བརྟེན་ཏེ་བྱུང་བ་ཡིན།

རང་རེ་རྣམས་ཀྱིས་རྣམ་ཐར་དེ་དག་གྀ་རྗེས་སུ་འཛིན་ཏེ་སྙིང་རྗེའི་ལས་ལ་སློབ་དགོས། དེ་ཡང་འདི་ལྟར་ཟས་གོས་ཀྱིས་དབུལ་བའི་སྤྲང་པོ་རྣམས་ལ་ཟས་གོས་གྱི་སྦྱིན་པ་དང༌། སྨན་གྱིས་དབུལ་བའི་ནད་པ་རྣམས་ལ་སྨན་དང༌། ལྷག་པར་ཕ་མ་རྒན་རྒོན་རྣམས་ལ་བྱམས་སྙིང་རྗེས་སྐྱོང་ཞིང་དེ་དག་གི་ཐུགས་འགུ་བའི་ལས་ཁོ་ན་ལ་འབད་དགོས། དུད་འགྲོ་སོགས་ལ་སྙིང་རྗེའི་དབང་གིས་ཟས་ཁམ་གཅིག་སྤྲད་པ་ན་ཕན་ཡོན་བསམ་མཐའ་ཡས་པ་ཐོབ་ངེས་པ་ཡིན་པས་ཤེས་ལྡན་རྣམས་ཀྱི་ཐུགས་འཇག་འཚལ། དེང་སང་དུས་སུ་གཞོན་ནུ་ཡར་དར་འགའ་ཤས་ཀྱིས་ཕ་མ་རྒན་རྒོན་རྣམས་ལ་དབང་ཆ་མི་སྤྲོད། ཟས་སྐལ་དང་གོས་སྐལ་གཅོད། ཁ་ངན་དང་ཚིག་རྩུབ་སྨྲ། ད་དུང་འཇོན་པོ་ཡོད་པའི་ཚུལ་གཏོང་མཁན་དེ་འདྲ་ཡོད་བཟོ་འདུག་པས། སྤྱི་ཚོགས་ཀྱི་ནང་དུ་ཡང་མ་རབས་ལ་གཞུང་ངོ་ཚ་མེད་པ་ཁྱི་ལས་སྡུག་ཅིང་བླུན་ལ། ཕྱི་མར་ཡང་ངན་སོང་དུ་ལྟུང་བྱེད་ཀྱི་སྡིག་པ་དེ་ལས་ལྷག་པ་གང་གསོག་སོམ་ཤིག
༧ ལྷག་བསམ་རླུང་གིས་འདི་བྱས་ཀྱང༌། འཁྲུལ་རྟོག་ཆར་སྤྲིན་འཐུག་པོའི་ནང༌། རིག་པའི་ཉི་མ་ཆེས་དབེན་པས། རབ་རིབ་མུན་པའི་སྐྱོན་ཚོགས་ཀུན།
༧ གཞན་དོན་ཁུར་འཁྱེར་བློ་གྲོས་ཅན། ཟབ་དོན་གཞུང་ལ་མངའ་བརྙེས་པའི། བཀའ་དྲིན་ཅན་གྱི་དཔོན་གསས་དང༌། རིན་ཆེན་གསུམ་ལ་བཟོད་གསོལ་བཞེས།
༧ ལེགས་ཚོགས་པད་མོའི་བཅུད་མཆིས་ཚེ། འགྲོ་ཀུན་སྦྲང་ཚོགས་གསོས་སུ་བསྔོ། ཡེ་གྲོལ་རྫོགས་ཆེན་དོན་རྟོགས་ནས། ཐམས་ཅད་བདེ་ཆེན་མངོན་གྱུར་ཤོག

༧ ཅེས་པ་འདི་ནི་རང་རྒྱུད་ལ་འདི་འདྲའི་ཉམས་ལེན་ནེམ་ཙམ་དཀའ་བར་སྣང་ཡང་འདི་འདྲ་ཞིག་འབྲི་འདོད་སྔོན་མ་ནས་ཞུགས་ཀྱང་ལེ་ལོའི་དབང་གིས་ནར་འགྱངས་སུ་ཕྱིན། ད་ལམ་ཀླུ་ཕུག་དགོན་གྱི་དཔོན་སློབ་རིན་པོ་ཆེ་ནས་དུས་དེབ་ཀྱི་ཆེད་དུ་རྩོམ་ཐུང་ཞིག་དགོས་ཞེས་ཞལ་པར་བརྒྱུད་ནས་གསུང་བསྐུལ་མི་ལྡོག་ཙམ་སྙོམས་ལས་པ་གངས་སེང་དུ་འབོད་པས་འབྱུང་ལྡན་ཟླ་ཐིག་རྩེ་མོའི་ས་གླང་གི་ལོ་མཇུག་ཏུ་བྲིས་པས་དགེ་ལེགས་འཕེལ།

རྩོམ་རིག

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་དགུ་པ།
Next Post: སེམས་ངོགས་ན་བཞད་པའི་ཕ་ས།

Comments (56) on “བོན་འཁོར་ཚིག་བཞིའི་ནང་ཚན་གཞི་སྙིང་རྗེ་ཆེན་པོའི་རྣམ་བཤད་བློ་གྲོས་འཇུག་པ་ཞིབ་མོའི་གཏམ་ཐུང༌།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-06-15 at 1:14 am

    མཛད་མདོ་འབྲིང་པོ་གཟེར་མིག་ལས།
    སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང། ལྟ་བ་ཡས་ཕུབ་ཅིག སྤྱོད་པ་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག དོན་དེ་བཞི་དང་ལྡན་པའི་གང་ཟག་རྣམས་ནི་གཤེན་རབས་ལགས་ཏེ། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པར་འགྱུར་རོ།།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-06-15 at 1:20 am

    ་་་་་་ རང་རེ་རྣམས་ཀྱིས་རྣམ་ཐར་དེ་དག་གྀ་རྗེས་སུ་འཛིན་ཏེ་སྙིང་རྗེའི་ལས་ལ་སློབ་དགོས། དེ་ཡང་འདི་ལྟར་ཟས་གོས་ཀྱིས་དབུལ་བའི་སྤྲང་པོ་རྣམས་ལ་ཟས་གོས་གྱི་སྦྱིན་པ་དང༌། སྨན་གྱིས་དབུལ་བའི་ནད་པ་རྣམས་ལ་སྨན་དང༌། ལྷག་པར་ཕ་མ་རྒན་རྒོན་རྣམས་ལ་བྱམས་སྙིང་རྗེས་སྐྱོང་ཞིང་དེ་དག་གི་ཐུགས་འགུ་བའི་ལས་ཁོ་ན་ལ་འབད་དགོས། དུད་འགྲོ་སོགས་ལ་སྙིང་རྗེའི་དབང་གིས་ཟས་ཁམ་གཅིག་སྤྲད་པ་ན་ཕན་ཡོན་བསམ་མཐའ་ཡས་པ་ཐོབ་ངེས་པ་ཡིན་པས་ཤེས་ལྡན་རྣམས་ཀྱི་ཐུགས་འཇག་འཚལ། ་་་་་ཟེར།

  3. ཨོ་རྒྱན་ཉི་མ། says:
    2013-06-15 at 3:45 am

    ཁ་ནས་གཞན་ཕན་སྙིང་རྗེ་རེད། ཁོག་ན་རྫུན་བཟོ་རྫུན་སྒྲིག་རེད། ཨ་ཁ། སྙིགས་མའི་སེམས་ཅན་ལས་ངན་པོ། ཧཧཧཧཧཧཧཧཧཧཧ

  4. ཀརྡོ་གཉེར་ཕྱག་པ་ says:
    2013-06-15 at 3:53 am

    དྲང་དོན་མུན་སེལ་སྒྲོན་མ་ལས།
    བདག་ནི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། །
    འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། །
    སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། །
    སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་བསྒོམ།
    དེ་ལ་བརྟེན་ནས་ལྷག་པའི་བྱང་ཆུབ་སེམས་ཀྱང་སྐྱེ། །

  5. ཀརྡོ་གཉེར་ཕྱག་པ་ says:
    2013-06-15 at 3:55 am

    མེ་སྟོན་ཆེན་པོའི་ཞལ་ནས།
    བྱམས་དང་སྙིང་རྗེ་ཆེན་པོ་ནི། །
    ཀུན་གྱི་གཞི་གྱུར་བསྒོམ་པར་བྱ། །

  6. ཀརྡོ་གཉེར་ཕྱག་པ་ says:
    2013-06-15 at 3:56 am

    བདེར་གཤེགས་བསྐལ་པ་གྲངས་རྩིས་ཀྱི་མདོ་ལས།
    སེམས་བསྐྱེད་འདི་ཡི་སྟོབས་ཀྱིས་ནི། །
    འཕྲུལ་ངག་བོན་གྱི་བཀའ་རྒྱུད་ཀྱང༌། །
    ཐོག་ཆགས་མེད་པར་མཁྱེན་པར་འགྱུར། །ཞེས་གསུངས་སོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-06-15 at 3:57 am

    གངས་སེང་ལགས་ཀྱིས།
    ་་་་་་ བདག་ཅག་གི་སྟོན་པ་སྔོན་ཚེ་གཅེན་པོ་དཔལ་ཆེན་པོའི་སྐྱེ་བ་བཞེས་པའི་ཚེ་་སྤྱོད་པ་རླབས་པོ་ཆེ་སྐུ་ལུས་ཀྱི་ཤ་ཁྲག་སྤྱང་ཀུ་བརྒྱ་ལ་སྦྱིན་པ་བཏང་བས་དེ་ཡང་བྱམས་སྙིང་རྗེ་ལ་གོམས་པའི་ནུས་སྟོབས་ཁོ་ན་ལ་བརྟེན་ཏེ་བྱུང་བ་ཡིན། ་་་་་་་་་ཟེར།

  8. སྤོབས་པ་མཐའ་ཡས། says:
    2013-06-15 at 4:14 am

    དེ་རིང་ཡིན་ན་ཅི་བཤད་བསྡད་རུང་བོན་པོ་ཚོས་བཟོད་པ་སྒོམ་ཞོག འདི་སྙིང་རྗེ་བཤད་ས་ཡིན་དུས་ ཧཧཧཧཧ ངས་ལྟད་མོ་བལྟས་བསྡད་ཡོད།

  9. ཨོ་རྒྱན་ཉི་མ། says:
    2013-06-15 at 4:15 am

    རུ་སྦལ་ལུས་ལས་སྤུ་འབྱུང་སྟེ། །མོ་གཤམ་བུའི་གོས་བཟང་དེ། །རི་བོང་མགོ་ཡི་ར་མཆོག་གིས། །རིན་ཐང་ཆུང་ངུའི་འཐོབ་པར་ཤོག །

  10. ཨོ་རྒྱན་ཉི་མ། says:
    2013-06-15 at 4:21 am

    བོན་པོ་ཆོས་ཅན། སྙིང་རྗེ་མེད་དེ། འཚེ་བ་ཆོས་སུ་སྨྲ་བའི་གང་ཟག་ཡིན་པའི་ཕྱིར་ཏེ། གཞན་ཕན་གཏིང་རྫོགས་གཏོང་མཁན་ཡིན་པའི་ཕྱིར་དང་། དོན་ལྡན་ལྟ་གྲུབ་ཀྱིས་སྟོང་པ་ཡིན་པའི་ཕྱིར་རོ། །
    དེང་སང་གི་བོན་པོ་འཁེ་འཆེ་བ་དག་ནི་བོན་པོའི་མིང་ཙམ་ལས་བོན་པོའི་ལྟ་སྤྱོད་ཀྱིས་སྟོང་པའོ། །

  11. གངས་སེང་ says:
    2013-06-15 at 4:29 am

    སེམས་ཅན་མི་སུན་གང་ཞིག་གིས། བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། བསམ་ངན་སྦྱོར་བ་མ་ཡིན་པ། སླར་ཡང་དེ་ལ་ཕན་ཐོག་ཤོག

    སེམས་ཅན་མི་སུན་གང་ཞིག་གིས། བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། བསམ་ངན་སྦྱོར་བ་མ་ཡིན་པ། སླར་ཡང་དེ་ལ་ཕན་ཐོག་ཤོག

    སེམས་ཅན་མི་སུན་གང་ཞིག་གིས། བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། བསམ་ངན་སྦྱོར་བ་མ་ཡིན་པ། སླར་ཡང་དེ་ལ་ཕན་ཐོག་ཤོག

  12. གཡག says:
    2013-06-15 at 5:17 am

    གྲུབ་རྒན་འདིས་ཡང་ཉེས་པ་བསགས་སོང་། གྲུབ་རྒན་འདིའི་ཐ་ན་བོན་པོའི་གཞུང་རྐང་གཅིག་ཀྱང་བཀླགས་མྱོང་མེད་པ་ཐག་གིས་ཆོད། སྟུ་སྐུ་འོ་རྐྱལ་ཉི་མ་རིན་པོ་ཆེ་རང་རེད། བོན་པོ་ལབ་དུས་ཁྱོད་ཀྱི་ཨ་ཕ་གསོད་མཁན་ཞིག་དང་གཅིག་པ་རེད་པས། བོན་གཞུང་ཁག་ལ་ཞིབ་འཇུག་བྱོས་དང་བགྲོ་གླེང་གནང་དང་།

    ཁོ་བོས་སྔོན་མ་ནས་ཐེངས་ཁ་ཤས་ལ་ཞུས་མྱོང་ཡོད། ཁྱོད་ཀྱིས་བོན་གཞུང་ཕར་ཟད་ཐ་ན་རྙིང་མའི་ཆོས་འབྱུང་ཙམ་ཡང་མགོ་འཇུག་ཚང་བ་ཙམ་ཞིག་ཤེས་ཀྱི་མི་འདུག་ལབ་ཡིན་པ། དོན་མེད་ཉེས་པ་མ་བསགས་ན་དགའ་ཡོང་། སྟུ་སྐུ་འོ་རྐྱལ་ཉི་མ་་་་་་་་་་་་་་་་་་་་་་

  13. ཅོ་རི་ཉི་མ། says:
    2013-06-15 at 6:09 am

    བྱམས་དང་རྙིང་རྗེ་ཞེས་པའི་ཚིག་སྐམ་སྙན་མོ་འདི་དང་སེམས་ཅན་ཐམས་ཅད་འདྲ་མཉམ་གྱི་འདུ་ཤེས་ཐོག་ནས་འབུ་གྲོག་མ་ཡན་ཆན་གྱི་ཚེ་སྲོག་ལ་རིན་ཐང་བརྩི་གི་ཡིན་ཞེས་བོད་ཀྱི་ཆོས་ལུགས་པས་བཤད་ཡོང་དུས་འཛམ་གླིང་གི་མཁས་བླུན་དུང་ཕྱུར་མང་པོའི་ཡིད་དབང་ཕྲོགས་འགྲོ་བ་རེད།

    མའོ་ཀྲུང་ཞིའི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་ནས་སྤྲང་ཕྱུག་འདྲ་མཉམ་དང་ཐོབ་ཐང་བྱེད་ཀྱི་ཡིན་ཟེར་དུས་སྤྲང་ཕྲུག་ས་ཡ་མང་པོའི་བློ་སེམས་འགུག་སོང་བ་རེད།
    དོན་དངོས་ཐོག་རིག་གནས་འདི་གཉིས་ལག་ལེན་ཐོག་ཏུ་ཡོང་ཡ་མེད་པ་ཞིག་རེད། དམར་ཕྱོགས་དང་ཆོས་ལུགས་པའི་སེམས་ཁུང་གི་རྨི་ལམ་ཙམ་རེད། དེ་ལས་ལྡོག་ཏེ་རིག་གནས་འདི་གཉིས་སྤྱི་ཚོགས་ནང་དུ་ལག་ལེན་བསྟར་དུས་མི་གསོད་ཁྲག་སྦྱོར་དང་མུ་གེ། དམག་འཐབ་སོགས་ལས་ངན་སྣ་ཚོགས་བསྒྲུབ་མྱངས་བ་རེད།

  14. ཅོ་རི་ཉི་མ། says:
    2013-06-15 at 6:32 am

    བྱམས་དང་རྙིང་རྗེ་ཞེས་པ་འདི་ལག་ལེན་གྱི་ཐོག་ཏུ་ཡོང་ཡ་ཡོད་ཟེར་ན་་་ཨོ་ཉི་ཡི་སྤྱོད་པ་ལྟོས་དང་ཤེས་སླ་མོ་རེད། ང་ཅོ་རི་སྐྱེས་ནས་ད་ལྟའི་བར་དུ་བྱང་ཆུབ་སེམས་དཔའ་འདི་རེད་འདུག་བསམས་པ་ཞིག་མཐོང་མྱོངས་མེད། ང་སྤྲུལ་སྐུ་ཡིན་ཟེར་མཁན་དང་ང་བྱང་ཆུབ་སེམས་དཔའ་ཡིན་ཟེར་མཁན་ཟེར་་མང་པོར་མཐོང་མྱངས་ཡོད། ཡིན་ནའང་དེ་དག་ཚང་མ་རྫུན་མ་རེད་འདུག་་་་མ་བྷན་རེད་འདུག་་་དོན་ལ་གནས་པའི་མྱི་གཅིག་ཀྱང་མི་འདུག

  15. རིགས་ལྡན་རྒྱལ་པོ says:
    2013-06-15 at 6:48 am

    མཁྱེན་ཡངས་གངས་སེང་ལགས།
    ཡག་པོ་བྲིས་གནང་འདུག་ལ་སྤོབས་པ་ཡང་བྱུང་སོང་། གང་ལགས་ན། ང་ཚོའི་གནའ་རབས་གདོད་མ་བ་དག་ལ་རིག་པའི་གནས་རང་སྐྲུན་ནུས་རྩལ་ཡོད་པའི་དཔང་རྟགས་གསལ་བ་དང་། བོད་རང་ཉིད་ལ་རྒྱ་དཀར་ནག་དམར་གསུམ་གང་ལ་ཡང་ལྟོས་མི་དགོས་པའི་སྒེར་ཆོས་རིང་ལུགས་ཟུར་འབུར་ཐོན་པ་ཡོད་པ་ནི། ལོ་རྒྱུས་ཁུངས་ཐེག་དཔང་འཕེར་ཡོད་པའི་དཔྱད་རྩོམ་ཁུངས་ལྡན་སྤུས་མ་དེ་འདྲ་བརྩམས་ན། དངོས་གནས་གངས་ཅན་པ་གནའ་སྔ་མོ་ནས་རྒྱལ་ཁབ་རང་བཙན་ཡིན་པ་དང་། རང་མི་རིགས་རང་ལ་ཡང་སྤྱི་མཚུངས་ནུས་པ་ཡོད་པ་བསྟན་ཐུབ་སྙམ།
    ༡༽ གནའ་ཆོས་བོན་དེ་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་གསུངས་འདུག་པས། མཉམ་མེད་ཤཀྱཱ་སེང་གེ་དང་དུས་མཉམ་པ་ཡིན་ནམ་དེའི་གོང་ནས་ཡིན། ལོ་ཚིགས་གསལ་པོ་ཁུངས་གཏུགས་འདྲ་ཡོད་དམ།
    ༢༽ ལྟ་བ་ཡས་ཕུབ་ཅེས་པ་ལྟ་བ་མཐར་ཐུག་རྟེན་འབྱུང་དང་མཐུན་པ་ཞིག་གམ་མི་མཐུན་པ་ཞིག་ཡིན།
    ༣༽ སྤྱོད་པ་མས་འཛེགས་ཞེས་སྙིང་རྗེ་ཆེན་པོ་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། གང་གི་ཐུགས་བརྩེའི་ཉེར་བཟུང་ནས། ཞེས་པའི་ཐུགས་བརྩེ་བ་ཆེན་པོ་གསུངས་པ་དེ་རང་ཡིན་ནམ།
    ཡེ་ཤུ་དང་ཁ་ཆེ་སོགས་ཆོས་ལུགས་ཁག་ཚང་མས་བྱམས་པ་སྙིང་རྗེ་དང་བཟོད་བསྲན། སྙོམས་ཆུང་རོགས་སྐྱོར་སྐོར་གསུང་གི་ཡོད། དེ་ཙམ་གྱིས་ཟབ་ཁྱད་ཐོན་རྒྱུ་ཁག་པོ་རེད་སྙམ།
    དེ་དང་དུས་མཚུངས་ལྟ་བ་ཡས་ཕུབ་ཀ྄ི་གོ་དོན་གང་ཡིན་ནམ། ལྟ་བ་དེས་སྤྱོད་པ་མས་འཛེགས་ཀྱི་རྒྱབ་རྟེན་ཇི་ལྟར་བྱེད་དམ། ཡང་སྤྱོད་པ་མས་འཛེགས་ཞེས་པ་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་ཨེ་ཡིན་ནམ། ལྟ་བ་རྟེན་འབྱུང་ལྟོས་གྲུབ་ལས་ཟུར་དུ་ཡས་ཕུབ་ཅེས་པ་ཡོད་དམ། དེ་ཡུལ་གྱི་ལྟ་བ་སྟོང་ཉིད་རེད་དམ། དེ་རྟོགས་པའི་ཡུལ་ཅན་གྱི་ལྟ་བ་ཡིན་ནམ། ཡང་ན་གཉུག་མ་ལྷན་གཅིག་སྐྱེས་པའི་འོད་གསལ་ཞེས་པར་གོ་བ་ཡིན་ནམ། འདས་མ་ད་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་སྟོང་ཉིད་སྙིང་རྗེ་ཡིན་ལ། སྙིང་རྗེ་ནི་ཆོས་བརྒྱུད་མང་པོས་གསུང་གི་ཡོད་ལ། ནང་པའི་གཞུང་ནས་གསུངས་པའི་སྙིང་རྗེའི་ཟབ་ཁྱད་ཐོན་ས་ནི། དེའི་རྒྱབ་རྟེན་སྟོང་པ་རྟེན་འབྱུང་རང་བཞིན་གྱིས་མ་གྲུབ་པ་དེ་ལས་ཡིན། བོན་གཞུང་ནང་ཆོས་རྣམས་རང་ངོས་ནས་གྲུབ་པར་འཇོག་གི་ཡོད་དམ་མེད།
    གསང་སྔགས་ཆོས་སྐོར་ནི་མདོ་ཕྱོགས་ཀྱི་ལྟ་སྤྱོད་བརྟན་པོ་ཚགས་ཚུད་མ་བྱུང་ན་ཟབ་ཟབ་མོའི་ཚིག་ཙམ་ལ་འཁྲིལ་ནས་འགྲོ་ས་མེད་པར་ཉམས་མྱོང་ཚད་མཐོ་ཚད་ལྡན་སྒང་ནས་ཕུ་ཐག་གཅོད་དགོས་པར་སྙམ་པ་ལས་རང་མྱོང་བློ་ནུས་ཀྱིས་དེ་དང་དེར་ཁག་ཐེག་ཞུ་སྤོབས་མ་ཆེ།།
    བཀྲིས་བདེ་ལེགས།

  16. མྱི་དཀར says:
    2013-06-15 at 6:58 am

    སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །

  17. ཨོ་རྒྱན་ཉི་མ། says:
    2013-06-15 at 7:24 am

    དུས་རབས་བཅུ་གཅིག་པའི་གོང་གི་ལོ་རྒྱུས་ནང་ལ་གུ་རུ་རིན་པོ་ཆེ་མི་འདུག་པས། ཨོ་རྒྱན་ཆེན་པོ་ཟེར་བ་ཞིག་གཏན་མེད་དུ་འདོད། ཡང་དྲན་པའི་སྲས་རེད་མངལ་སྐྱེས་རེད་ཟེར། བོད་ཀྱི་ཡི་གེ་བོན་གྱིས་བོན་གྱི་རེད་ཐོན་མིས་བཟོས་པ་མ་རེད་ཟེར། དེ་ཟེར་གྱིན་ཟེར་གྱིན་ན་ནིང་སྨར་ཡིག་གསར་པ་བཟོས་ཡིན་ཟེར་ཡིན་ཟེར་ནས་ཆུ་འབུ་གློ་ཉལ་འདྲ་མང་པོ་ཞིག་བཀྲམ་སོང་། དེ་དང་འདྲ་བའི་འུག་པའི་རྫུན་དྲུག་འདྲ་བ་མང་པོ་རེད། ཧཧཧཧཧཧཧཧཧ

  18. ལུང་རྟོགས། says:
    2013-06-15 at 7:26 am

    ཅོ་རི་ཐལ་དྲག་སོང་ད། རྒྱལ་བ་རིན་པོ་ཆེ་ཡང་བྱང་ཆུབ་སེམས་དཔའ་མ་རེད་དམ།

  19. བན་དེ་བ། says:
    2013-06-15 at 7:27 am

    ༡༥༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ གི་ཆུ་ཚོད་ ༦ སྐར་མ་ ༣༢
    བྱམས་དང་རྙིང་རྗེ་ཞེས་པ་འདི་ལག་ལེན་གྱི་ཐོག་ཏུ་ཡོང་ཡ་ཡོད་ཟེར་ན་་་ཨོ་ཉི་ཡི་སྤྱོད་པ་ལྟོས་དང་ཤེས་སླ་མོ་རེད། ང་ཅོ་རི་སྐྱེས་ནས་ད་ལྟའི་བར་དུ་བྱང་ཆུབ་སེམས་དཔའ་འདི་རེད་འདུག་བསམས་པ་ཞིག་མཐོང་མྱོངས་མེད། ང་སྤྲུལ་སྐུ་ཡིན་ཟེར་མཁན་དང་ང་བྱང་ཆུབ་སེམས་དཔའ་ཡིན་ཟེར་མཁན་ཟེར་་མང་པོར་མཐོང་མྱངས་ཡོད། ཡིན་ནའང་དེ་དག་ཚང་མ་རྫུན་མ་རེད་འདུག་་་་མ་བྷན་རེད་འདུག་་་དོན་ལ་གནས་པའི་མྱི་གཅིག་ཀྱང་མི་འདུག

  20. ཅོ་རི་ཉི་མ། says:
    2013-06-15 at 7:43 am

    ཚད་མ་རྣམ་འགྲེལ་ལས། དུ་བ་ལས་ནི་མེ་བསྐྱེད་དང་། ཆུ་བྱ་ལས་ནི་ཆུ་བསྐྱེད་ལྟར། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། རིགས་ནི་མཚོན་མ་དག་ལས་ཤེས།

  21. བཀྲ་ཤིས་ says:
    2013-06-15 at 7:47 am

    བསམ་ངན་སྦྱོར་བ་མ་ཡིན་པ་ཞེས་མང་པོ་བརྗོད་འདུག་ཏེ།
    ནང་དུ་ཞེ་སྡང་འབར་མེད་པའི་guarantee ཅང་ཨ་ཡོད་ན།

  22. ཅོ་རི་ཉི་མ། says:
    2013-06-15 at 7:50 am

    ང་ཅོ་རིའི་རིག་པའི་དགག་བྱ་ལ་མི་ཆེན་དང་མི་ཆུང་གི་ཁྱད་པར་མེད་་་སྤྲུལ་སྐུ་ཨོ་ཉི་བྱང་ཆུབ་སེམས་དཔའ་མ་རེད་ཟེར་དགོས་དུས་རྒྱལ་བ་ཆེན་རིན་པོ་ཡང་གཅིག་པ་གཅིག་ཀྱང་ཡིན།་་་དེ་དང་དེ་བཞིན་བོད་པའི་ཆོས་ལུགས་པ་ཚང་མ་ལ་ལབ་ཀྱི་ཡོད་དོ།།

  23. ཅོ་རི་ཉི་མ། says:
    2013-06-15 at 8:00 am

    ཨོ་རེད་་་་རྩོམ་ཡིག་འདིའི་འོག་ཏུ་མཆན་བུ་བཏབ་བསྡད་མཁན་ནི་ཆོས་ལུགས་པ་དག་མི་མིན་འགྲོ་བསམས་ཀྱི་འདུག དེར་བརྟེན་ཁྱོད་ཚོ་སྐད་ཆ་ཞིག་བཤད་ཀྱི་ཡོད། རྫུ་འཕྲུལ་ཟེར་ན་འདིའི་སྐོར་ལ་ཡིན། ཁྱོད་ཚོ་ཆོས་ལུགས་པ་རྣམས་ལ་རྫུ་འཕྲུལ་ཟེར་བ་ཞིག་སྟོན་གྱི་ཡོད་ན་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་ཚན་རིག་དང་མཐུན་པའི་ཐོག་སྟོན་རོགས་བྱོས་ཅེས་རེ་བ་ཞུས་རྒྱུ་ཡིན། བོད་མི་རིགས་ཀྱི་ཆེད་དུ་ཁ་ཚ་དགོས་གཏུགས་རེད་འདུག་ལ་བོད་ཀྱི་ཆོས་ལུགས་པའི་ཆེད་དུ་དེ་ལས་ཧང་ཅང་གི་ཁ་ཚ་དགོས་གཏུགས་རེད་འདུག དེ་འདྲ་རྫུ་འཕྲུལ་ཟེར་བ་ཅང་སྟོན་གྱི་མེད་ན་བོད་མི་རིགས་སྐོར་གཏོང་ཡ་མཚམས་ཞོག་ཞུ་རྒྱུ་ཡིན།

  24. ཅོ་རི་ཉི་མ། says:
    2013-06-15 at 8:02 am

    ཨོ་རེད་་་་རྩོམ་ཡིག་འདིའི་འོག་ཏུ་མཆན་བུ་བཏབ་བསྡད་མཁན་ནི་ཆོས་ལུགས་པའི་མི་སྣ་དག་མིན་འགྲོ་བསམས་ཀྱི་འདུག་ཅེས་བཅོས་རོགས་བྱོས་་་་་་་ཧཧ

  25. ཨོ་རྒྱན་ཉི་མ། says:
    2013-06-15 at 8:03 am

    ལུང་རྫུན་དྲངས་ལུགས་ལ་བལྟས་ན་ཅོ་རི་བོན་པོའི་རྗེས་སུ་ལྷུང་ཟིན་པ་འདྲ། ལུང་དྲངས་ན་བརྡ་དག་དང་། བསྟན་བཅོས་ཀྱི་མཚན་མ་ནོར་བ་དྲངས་ན་ལེགས་པ་ལ། ཨ་ཁ། ཤ་ཚ། སྙིང་རྗེ། ད་དུང་རིགས་པའི་དོ་ར་རུ་རིག་གར་འགྲན་པའི་ཁུར་བླངས་ཏེ། དུས་སྙིགས། རིག་སྙིགས་རང་རེད། ཧཧཧཧཧཧཧཧཧཧ

  26. ཅོ་རི་ཉི་མ། says:
    2013-06-15 at 8:12 am

    སྙིགས་དུས་འདི་ཁྱོད་ཚོ་བདག་བཀོར་དང་བཀོར་སྤྲུལ་ཚོས་ངོས་བཤད་ན་ཡག་པོ་ཡོད་ཀྱི་མ་རེད། འགྲོ་བ་མིའི་རིགས་སྤྱང་པོ་ཆགས་ནས་མགོ་སྐོར་གཏོང་དཀའ་བའི་དུས་ཚོད་ཤིག་རེད། འཛམ་གླིང་མི་དམངས་ཀྱི་ངོས་ནས་བཤད་ན་སྙིགས་དུས་ནི་དགའ་ཆོག་པའི་དེང་རབས་ཤིག་རེད། མི་དམངས་སྤྱང་པོ་དང་ཤེས་ཡོན་ཡར་རྒྱས་ཕྱིན་པའི་དེང་རབས་རེད།

    བློ་བཟང་གྲགས་པ་ཅི་ཙམ་མཁས་ནའང།
    རྐང་འཁོར་ཙམ་གཏོང་བའི་ཤེས་བྱ་མེད།
    བུ་སྡུག་ཅོ་རི་ཅི་ཙམ་བླུན་ནའང།
    མོ་ཊ་བྷོ་བྷོ་ཤར་གཏོང་ནུབ་གཏོང་ཡིན།་་་་་ཧཧཧཧ་་

  27. ཨོ་རྒྱན་ཉི་མ། says:
    2013-06-15 at 8:19 am

    https://www.facebook.com/chokriny?fref=ts
    ཏྲེ་ཧོར་བའི་ཞབས་འདྲེན།

  28. དམུ་ཐག་གི་བུ་རྒྱུད། says:
    2013-06-15 at 8:24 am

    གྲུབ་རྫུན་ལོག་གཡེམ་མཁན་གྱིས་བཙུན་མོ་བརྐུས།།
    དགེ་སློང་ཆོས་གོས་ཅན་གྱིས་རྒྱལ་པོ་བསད།།
    བླ་མ་གསེར་ཞུ་ཅན་གྱིས་དམག་སྣ་དྲངས།།
    བོད་ཀྱི་སངས་རྒྱས་བསྟན་པ་འདི་ལ་ཟེར།།

    མིང་གི་ཆེད་དུ་རྒྱ་ཡི་ཆོ་ལོ་བླངས།།
    དབང་གི་ཆེད་དུ་སོག་འདྲེ་རྒྱབ་རྩར་བླངས།།
    ས་ཡ་དྲུག་གི་བདེ་སྡུག་རླུང་ལ་བསྐུར།།
    བོད་ཀྱིས་བྱང་ཆུབ་སེམས་དཔའ་འདི་ལ་ཟེར།།

  29. ཅོ་རི་ཉི་མ། says:
    2013-06-15 at 8:41 am

    ཨོ་ཉི་་་་སྐུར་འདེབས་ཟེར་བའི་ཚིག་འདིའི་དོན་དག་ཤེས་ཀྱི་མེད་པེ། ཡོད་པ་ལ་མི་འདུག་ལབ་ན་སྐུར་འདེབས་ཟེར་གྱི་རེད། མེད་པ་ལ་འདུག་ཟེར་ན་སྒྲོ་བཏགས་ཟེར་བ་རེད།་་་་ཤེས་སོང་ངམ་་་ཁྱི་སྐྱག་འདྲ་བའི་མི་ཁྱོད་ཚོ།

    རྗེ་བློ་བཟང་གྲགས་པས་རྐང་འཁོར་གཏོང་ཤེས་ཀྱི་མ་རེད་ཅེས་ལབ་ན་སྐུར་བ་འདེབས་པ་མ་རེད་ད། དོན་དངོས་རེད། དེ་ལས་ཁྱོད་ལྟ་བུ་སློབ་མ་དུར་འགྲོ་འདྲ་བ་ཚོས་ཤེས་བྱ་ཡོད་ཚོད་ངའི་བླ་མས་མཁྱེན་གྱི་རེད་ཟེར་བ་ནི་སྒྲོ་བཏགས་རེད་དོ། གུ་རུ་པདྨ་འབྱུང་གནས་ཀྱིས་ཀྱང་རྐང་འཁོར་གཏོང་མི་ཤེས་པྭ་་་་ཧཧཧཧ་ལྐུག་པ་ཁྱོད་ཚོ

  30. ཅོ་རི་ཉི་མ། says:
    2013-06-15 at 9:05 am

    རང་གི་མི་རིགས་མགོ་སྐོར་གཏོང་མཁན་ཚོ།
    འགྲོ་བ་མིའི་རིགས་ཀྱི་གད་སྙིགས་རེད།
    རང་གི་བླ་མར་སྒྲོ་འདོགས་བྱེད་མཁན་རྣམས།
    མི་ལུས་ལེན་ཀྱང་དུར་འགྲོ་གཟུགས་བརྙན་རེད།།

    མི་ལོ་སྟོང་གི་རིང་གྱི་དུས་ཡུན་ནང་།
    བཙན་པོའི་མི་རིགས་མགོ་སྐོར་བཏང་ནས་བསྡད།
    བྱ་བ་འདི་འདྲ་བྱས་པའི་མཇུག་འབྲས་སུ།
    ཁ་བའི་མི་རིགས་འཛམ་གླིང་གཡོག་པོ་ཆགས།།

    ཀྱེ་མ་སྒེར་གཅོད་པ་ཚོའི་དབང་ཤེད་འོག།
    རང་དབང་བདེ་སྐྱིད་ཉི་མ་ཤར་དུས་མེད།
    བཀོར་བླ་རྫུན་གྱི་རྐྱལ་བའི་མངའ་འོག་ཏུ།
    དྲང་བདེན་རིག་པའི་གཏན་ཚིགས་འགོད་དབང་མེད།།

  31. བན་དེ་བ། says:
    2013-06-15 at 9:23 am

    འབེན་ལ་འཕེན་པའི་མདའ་མོ་མ་ཡིན་ཅིང།
    དགྲ་ལ་གཟིར་བའི་མདུང་མོ་དེ་བས་མིན།
    སྙིང་རྗེ་བྱམས་པའི་ཚིག་བཞི་བོན་འཁོར་གྱིས།
    རྙིང་མའི་སྙིང་གི་དཀྱིལ་ནས་གཤགས་པར་བྱས།

  32. ཨོ་རྒྱན་ཉི་མ། says:
    2013-06-15 at 9:34 am

    མོ་གཤམ་བུས་ཡིས་བོན་འཁོར་བསྐོར་བ་ན།།
    ཟོག་བརྫུ་རི་བོང་མགོ་ལ་རྭ་སྐྱེས་ཤིང་།།
    ཁྲེལ་མེད་རུས་སྦལ་གདོང་ལ་སྤུ་ཡིས་གཡོག།
    བོན་པོ་གཏན་མེད་གྱུར་ཀྱང་ཡོད་པར་འཁྲུལ།།

  33. དྲན་དཀར་དཔལ་ཡོན་ says:
    2013-06-15 at 10:22 am

    བོད་ཀྱི་ཁ་བརྡའི་སྒོ་ནི་ཟད་གྱུར་པས།
    དམངས་ཁྲོད་ཁ་བརྡའི་ཁྱི་མོ་ནང་དུ་འཛུལ།
    ཁྱི་ཕྲུག་ཅོ་རིའི་སྐེ་ཡི་དར་དམར་ནི།
    དྲན་དཀར་དཔལ་གྱིས་བརྟགས་ཤིང་དཔྱད་པས་བྱས།
    གཅིག་བྱོས།

  34. བསམ་ཤེས། says:
    2013-06-15 at 10:54 am

    བོན་གྱི་བསྟན་འཛིན་པ་དག་ལ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ཕ་རོལ་ཕྱིན་པ་བཅུ་དེ་གང་རེད་དམ།

  35. གངས་སེང་ says:
    2013-06-15 at 10:56 am

    དྲི་བ་འདོན་མཁན་རིགས་ལྡན་རྒྱལ་པོ། ལན་བླན་མཁན་གངས་སེང་།

    ༡༦༽ རིགས་ལྡན་རྒྱལ་པོ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ གི་ཆུ་ཚོད་ ༦ སྐར་མ་ ༤༨
    མཁྱེན་ཡངས་གངས་སེང་ལགས།
    ཡག་པོ་བྲིས་གནང་འདུག་ལ་སྤོབས་པ་ཡང་བྱུང་སོང་། གང་ལགས་ན། ང་ཚོའི་གནའ་རབས་གདོད་མ་བ་དག་ལ་རིག་པའི་གནས་རང་སྐྲུན་ནུས་རྩལ་ཡོད་པའི་དཔང་རྟགས་གསལ་བ་དང་། བོད་རང་ཉིད་ལ་རྒྱ་དཀར་ནག་དམར་གསུམ་གང་ལ་ཡང་ལྟོས་མི་དགོས་པའི་སྒེར་ཆོས་རིང་ལུགས་ཟུར་འབུར་ཐོན་པ་ཡོད་པ་ནི། ལོ་རྒྱུས་ཁུངས་ཐེག་དཔང་འཕེར་ཡོད་པའི་དཔྱད་རྩོམ་ཁུངས་ལྡན་སྤུས་མ་དེ་འདྲ་བརྩམས་ན། དངོས་གནས་གངས་ཅན་པ་གནའ་སྔ་མོ་ནས་རྒྱལ་ཁབ་རང་བཙན་ཡིན་པ་དང་། རང་མི་རིགས་རང་ལ་ཡང་སྤྱི་མཚུངས་ནུས་པ་ཡོད་པ་བསྟན་ཐུབ་སྙམ།

    ༡༽ དྲི་བ། གནའ་ཆོས་བོན་དེ་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་གསུངས་འདུག་པས། མཉམ་མེད་ཤཀྱཱ་སེང་གེ་དང་དུས་མཉམ་པ་ཡིན་ནམ་དེའི་གོང་ནས་ཡིན། ལོ་ཚིགས་གསལ་པོ་ཁུངས་གཏུགས་འདྲ་ཡོད་དམ།
    ལན། ཕྱིས་འབྱུང་གཡུང་དྲུང་བོན་གྱི་ལོ་རྒྱུས་མང་དག་ནང་དུ་སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་སྤྱི་ལོའི་སྔོན་དུ་ལོ་༡༦༠༡༧སོང་བར་བཤད་ཡོད། འོན་ཀྱང་དོན་དངོས་ཐོག་དངོས་གཙོ་རིག་པའི་ལམ་ནས་གཡུང་དྲུང་བོན་གྱི་ལོ་རྒྱུས་རྙིང་པ་ཁག་གཅིག་ལ་ཞིབ་དཔྱད་གནང་ན་ད་ནས་ཡར་རྩིས་པའི་ལོ་༣༩༠༠གོང་དུ་སྟོན་པ་གཤེན་རབ་འཇིན་རྟེན་མི་ཡུལ་ལ་བཞུགས་ཡོད་པ་གསལ་པོ་རེད། དེས་ན་གཤེན་རབ་མི་བོ་ནི་མཉམ་མེད་ཤཀྱཱ་སེང་གེའི་སྔོན་དུ་བྱུང་བར་འདོད།

    ༢༽ དྲི་བ། ལྟ་བ་ཡས་ཕུབ་ཅེས་པ་ལྟ་བ་མཐར་ཐུག་རྟེན་འབྱུང་དང་མཐུན་པ་ཞིག་གམ་མི་མཐུན་པ་ཞིག་ཡིན།
    ལན། རྟེན་འབྱུང་ཞེས་པ་དེའི་གོ་དོན་འགའ་ཤས་བཤད་དུ་ཡོད་སྲིད་ཀྱང་། ལྟ་བ་ཡས་ཕུབ་ཅེས་པའི་དོན་ནི། སྤྱིར་ཐེག་པའི་ཁྱད་པར་དབང་གིས་ལྟ་བ་མི་འདྲ་བ་གསུང་ཡོད་ཀྱང་ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལྟ་བ་མཐའ་གཞི་རྒྱ་གྲོལ་སྟོང་པ་རང་གསལ་གྱི་སྙིང་པོར་འཁོར་འདས་ཐམས་ཅད་རང་བཞིན་གྱིས་རྫོགས་ཤིང་སྣང་སྲིད་རྟེན་གཡོའི་བཀོད་པ་ཇི་སྙེད་བྱུང་བ་ཐམས་ཅད་མེད་སྣང་སྟོང་གཟུགས་ཆེན་པོའི་རང་བཞིན་དེ་ལ་བརྗོད།

    ༣༽ དྲི་བ། སྤྱོད་པ་མས་འཛེགས་ཞེས་སྙིང་རྗེ་ཆེན་པོ་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། གང་གི་ཐུགས་བརྩེའི་ཉེར་བཟུང་ནས། ཞེས་པའི་ཐུགས་བརྩེ་བ་ཆེན་པོ་གསུངས་པ་དེ་རང་ཡིན་ནམ།
    ལན། གཞི་སྙིང་རྗེ་ཆེན་པོ་ཞེས་པ་དེ་ནི། རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་དམིགས་ཏེ་འཁོར་བ་སྡུག་བསྔལ་གྱི་གཡང་ས་ལས་་སྒྲོལ་འདོད་ཀྱི་བློ་བཅོས་མིན་གྱི་མྱོང་བ་ཐོན་པ་དེ་ལ་བརྗོད་པས། ཀླུ་གྲུབ་ཞབས་ཀྱིས་བཞེད་པའི་ཐུགས་བརྩེ་ཞེས་པ་དེ་དང་མཐུན་སྲིད་ཀྱང་། སྤྱོད་པ་མས་འཛེགས་ཞེས་པ་དེ་ནི། ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་སྤྱོད་ནས་འགྲོ་བ་གཞན་ལ་གནོད་འཚེ་སྤངས་ནས་ཕན་པ་སྒྲུབ་པ་ལ་འཇུག་པ་དེ་ལ་བརྗོད།

    ༤༽ དྲི་བ། དེ་དང་དུས་མཚུངས་ལྟ་བ་ཡས་ཕུབ་ཀ྄ི་གོ་དོན་གང་ཡིན་ནམ།
    ལན། ལྟ་བ་ཡས་ཕུབ་ཀྱི་དོན་གོང་དུ་བཤད་ཟིན།
    ༥༽ དྲི་བ། ལྟ་བ་དེས་སྤྱོད་པ་མས་འཛེགས་ཀྱི་རྒྱབ་རྟེན་ཇི་ལྟར་བྱེད་དམ།
    ལན། སྤྱོད་པ་ཇི་ལྟར་བཟང་པོར་སྤྱད་ཀྱང་ལྟ་བ་ཡས་ཕུབ་ཀྱིས་རྩིས་ཟིན་པ་མེད་ན་འཁོར་བའི་རྩ་བ་གཅོད་མི་ནུས་པར་འདོད་ཀྱིན་ཡོད། དེས་ན་སྤྱོད་པ་ལ་ལྟ་བས་ཟིན་པ་གལ་ཆེན་རེད།

    ༦༽ དྲི་བ། ཡང་སྤྱོད་པ་མས་འཛེགས་ཞེས་པ་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་ཨེ་ཡིན་ནམ།
    ལན། སྤྱོད་པ་མས་འཛེགས་ནི་གཞི་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་མིན།

    ༧༽ བོན་གཞུང་ནང་ཆོས་རྣམས་རང་ངོས་ནས་གྲུབ་པར་འཇོག་གི་ཡོད་དམ་མེད།
    ལན། སྤྱིར་བོན་པོའི་གཞུང་ལས་བཤད་པའི་ཐེག་པ་འགའ་ཤས་ཀྱིས་ཆོས་རྣམས་རང་ངོས་ནས་གྲུབ་པ་འདོད་ཀྱིན་ཡོད། འོན་ཀྱང་མདོ་ལུགས་ལ་གཡུང་དྲུང་སེམས་པ་སྤྲོས་མེད་པ་དང་སྔགས་དང་རྫོགས་ཆེན་གང་གི་ལུགས་ལ་ཆོས་རྣམས་རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པར་བཞེད་ཀྱིན་མེད།

  36. BONPO says:
    2013-06-15 at 7:03 pm

    ཁ་བརྡ་དྲྭ་བའི་སྤྱི་གླིང་དགའ་ཚལ་ནང་།
    ཨོ་རྒྱན་ཉི་མས་རྙིང་མའི་རྙང་མ་གཏོར།
    མི་གཙང་དྲི་ངན་དྲྭ་གྲོགས་ཡོངས་ལ་འཐུལ།
    ད་དུང་ངོ་ཚ་མེད་པར་ཡིན་མདོག་སྟོན། །

  37. རིགས་ལྡན་རྒྱལ་པོ says:
    2013-06-15 at 9:21 pm

    གངས་སེང་ལགས།
    ལྗགས་ལན་གནང་བར་དགའ་བསུ་ཞུ།
    ༡༽ བོད་དུ་ནང་ཆོས་མ་དར་གོང་གོང་ནས་བོན་དར་ཡོད་ན་ཕྱིས་ནང་ཆོས་དར་བ་དེས་བོན་ནུབ་པ་རེད་དམ། དེ་མིན་གནད་དོན་གཞན་ཞིག་ལ་བརྟེན་ནས་ཡིན་ནམ། ཆོས་རྒྱལ་རྣམ་པས་དཀའ་བ་བརྒྱ་ཕྲག་ཧུར་བཞེས་ཀྱིས་དར་བར་མཛད་པ་དེ་བོན་ལ་མ་དགའ་བ་རང་ཨེ་ཡིན། ནང་ཆོས་དེ་དངོས་གནས་སྤུས་དག་པོ་ཞིག་ཡོད་པ་དང་། བོད་དུ་དར་བར་མཛད་ན་ཕན་པ་རྒྱ་ཆེ་གཟིགས་པ་ལས་ཡིན་གྱི། ནང་ཆོས་དང་གཅིག་མཚུངས་སམ་དེ་ལས་ལྷག་པའི་གནའ་རིག་ཡོད་ཡོད་པར་གསར་དུ་དར་ཞིང་རྒྱས་པར་མཛད་པའི་གནད་འགག་ཆེན་པོ་ཞིག་ཡོད་པ་ནི་སྨ྄ོས་དགོས་སམ་སྙམ། ཅི་སྟེ་ཡོད་ན་ཅི་ཡིན་ནམ།
    ༢༽ བོད་ཁུལ་ནང་བསྟན་ནི་མདོ་སྔགས་ཡོངས་སུ་རྫོགས་པའི་དཔལ་ན་ལཎཌའི་བཞེད་གཞུང་དྲི་མ་མེད་པ། ལུང་དང་གཙོ་བོ་རིགས་ལམ་གུང་བསྒྲིགས་ནས་གཏན་ལ་ཕབ་པ་ཞིག་ཡིན་ན། དེང་དུས་མཚན་རིག་པ་སྙན་ཅན་མཁས་མཆོག་Einstein ནས་མ་འོངས་པར་མཚན་རིག་དང་མཉམ་སྐྱོད་དངོས་གཉིས་ཀར་བསྟན་པའི་ཆོས་ལུགས་ཐུན་མོང་བ་ཞིག་སྲིད་ཚེ་དེ་ནི་ནང་ཆོས་འཇོག་ཆོག་པ་གསུངས་པ་དེ་ལྗིད་ཁོག་ཡོད་པའི་བཀའ་མོལ་ཞིག་ལ་ངོས་འཛིན་ཞུ་ཐུབ་པ་ཡིན། དེས་ན་བོན་ནང་འདི་འདྲའི་ཞིབ་ཚགས་པོའི་རྣམ་གཞག་མཐར་ཐུག་དྲི་མ་མེད་པའི་རིགས་པས་ཕྱེ་དགོས་པའི་རིང་ལུགས་སུ་འཇོག་ཚུལ་ཨེ་ཡོད་དམ།
    ༣༽ སངས་རྒྱས་བཅོམ་ལྡན་འདས་རང་ཉིད་མཐར་ཐུག་གི་སྐྱབས་གནས་ཉག་གཅིག་ཏུ་འཇོག་ན་ཨེ་འགྲིག བོན་སྟོན་ནས་མངའ་བརྙེས་ལ་སྟོན་པ་སངས་རྒྱས་ཀྱིས་མངའ་མ་བརྙེས་པའི་གོ་འཕང་ཟུར་གསལ་ཞིག་ཨེ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བར་ཁས་བླངས་ཐུབ་བམ། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད། ཡོད་ན་ཇི་འདྲ་ཡིན། མེད་ན་ནང་ཆོས་ལས་ཟུར་དུ་ཕྱེ་དགོས་དོན་ནི་ཚིག་ཙམ་དུ་ཟད་པ࿒མ་ཡིན་ནམ།

  38. རིགས་ལྡན་རྒྱལ་པོ says:
    2013-06-15 at 9:22 pm

    དངོས་གཉིས་ཀར། དངོས་སེམས་གཉི་གར་ལ་བཅོས་པར་མཛོད།

  39. བན་དེ་བ། says:
    2013-06-15 at 10:23 pm

    རིགས་ལྡན་རྒྱལ་པོ་དང་གངས་སེང་གཉིས་བགྲོ་གླེང་ཡག་པོ་གནང་གི་འདུག མུ་འཐུད་ནས་གནང་རོགས། ཡང་ཨོ་ཉིས་འཕུངས་དཀྲུགས་མ་གནང་རོགས། དྲི་བ་དེ་ཚོར་ལན་འབུལ་དགོས་བསམ་ཡོད་དེ་ལྟ་དུས་ཚོད་མི་འདུག འོན་ཀྱང་གངས་སེང་གིས་འབུལ་བའི་རེ་བ་ཡོད།

  40. ལུང་རྟོགས། says:
    2013-06-15 at 11:24 pm

    ད་བྱས་དུས་ཅོ་རི་བླ་རྒན་དམར་ཤོགས་པ་ཆགས་ཚར་འདུག་ག། དེ་འདྲ་ཡིན་ན་ཁྱོད་རང་ལ་ཆོས་ལུགས་ཀྱིརྩོད་རྙོག་་ནང་ལ་འདི་བཟང་འདི་ངན་གྱི་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ཡོད་མ་རེད།

  41. ཟེ་བ་སྟག་རྩེ says:
    2013-06-16 at 12:20 am

    ཧཧཧཧ་་་་ཡང་སྙིང་རྒན་ཨོ་ཉི་་་སླེབས་སོང་ཁོ་ལ་དཔྱོད་ལྡན་མཁས་དབང་དག་གིས་ལུང་རིག་གི་ལམ་ནས་གོ་བརྡ་སྤྲད་ཚེ་ཁོ་ཡིས་་མི་ཉན་རྣ་བར་འགེབས་་་ཁོ་རང་གིས་བོན་གྱི་གཞུང་ལུགས་བཀའ་དང་བཀའ་རྟེན་རི་བོ་དང་མཉམ་པ་དེ་དག་ཆག་སྡང་རྨོངས་གསུམ་གྱི་དབང་གིས་ཟུར་ཙམ་ཡང་བལྟ་མྱོང་མེད་་་་་་་་དེ་ཚེ་ཁོས་བོན་གྱི་གྲུབ་མཐའ་འདི་ཤེས་དོན་ཅི་དོན་ཅི་ཡོད། གཤེན་མཆེད་ཚོ་ཁོ་ལ་ལན་མ་འདེབས་རོགས་སྐྱག་པ་ཇི་ལྟར་དཀྲུགས་ན་དྲི་ངན་དེ་ཆེ་རེད དེ་བས་ངེད་ཅག་བོན་པོ་ཚོ་མ་ཁྱབ་ས་མེད་མོད། ཁོ་དང་འཕྲད་དེ་གོ་བརྡ་ཞིག་སྤྲད་འདོད་ཡོད་ལ་དེ་འདྲ་གསུང་མཁན་ཡང་དུ་མ་ཞིག་ཐོས་སོང་། དེ་མིན་ཁོ་ལ་ལུང་རིག་གི་གོ་བརྡ་སྤྲད་རྒྱུ་མེད་ནས་ལུས་པ་རེད དོན་དངོས་ཐོག་ ཁོ་ཡིས་མིང་དང་སྙན་གྲགས་ལ་ཧ་ཅང་ཞིག་རྔམ་རུང་སྟབས་མ་ལེགས་ན་སྙན་གྲགས་ད་ཕར་ཞོག་་་་མིང་ཙམ་ཡང་མེད་པ་མི་ཆག་བའི་ངེས་པ་མེད་་་་

  42. ཀརྡོ་གཉེར་ཕྱག་པ་ says:
    2013-06-16 at 1:10 am

    གྲུབ་རྫུན་ལོག་གཡེམ་མཁན་གྱིས་བཙུན་མོ་བརྐུས།།
    དགེ་སློང་ཆོས་གོས་ཅན་གྱིས་རྒྱལ་པོ་བསད།།
    བླ་མ་གསེར་ཞུ་ཅན་གྱིས་དམག་སྣ་དྲངས།།
    བོད་ཀྱི་སངས་རྒྱས་བསྟན་པ་འདི་ལ་ཟེར།།
    ལན་དུ།
    གྲུབ་དབང་མཐོར་གཤེགས་ཁོང་ལ་བཙུན་མོའང་ཕུལ། །
    གྲུབ་ཐོབ་ཆོས་གོས་ཅན་གྱིས་བདུད་རྒྱལ་བསད། །
    གཞི་འཚོ་བླ་མས་འདུལ་སྡོམ་ཐོག་མར་གནང་། །
    བོད་ཀྱི་སངས་རྒྱས་བསྟན་པ་ཁྱད་དུ་འཕགས། །

    མིང་གི་ཆེད་དུ་རྒྱ་ཡི་ཆོ་ལོ་བླངས། །
    དབང་གི་ཆེད་དུ་སོག་འདྲེ་རྒྱབ་རྩར་བླངས། །
    ས་ཡ་དྲུག་གི་བདེ་སྡུག་བོན་པོས་ཀྱང་། །
    བསྐྱབས་ནི་མ་ཐུབ་བོན་བསྟན་དེ་ཙམ་མོ། །

  43. བོད་ཀྱི་རྒྱལ་མཚན། says:
    2013-06-16 at 1:20 am

    བོན་བན་གཉིས་ཀྱི་ལྟ་སྒོམས་སྤྱོད་གསུམ་དབར་བོན་དང་ཆོས་ཙམ་ལས་ཁྱད་པར་མི་འདུག། ཕར་རྐུས་ཚུར་རྐུས་གང་ཡིན་གང་ལྟར་གཅིག་གིས་རྐུན་ཆོས་ཡིན་པར་གསལ་པོ་རེད། དེས་ན་སྔར་རབས་དང་དར་རབས་ཀྱི་བོན་ཆོས་དབར་གྱི་རྩོད་རྒྱུར་གཞི་རྩའི་རང་ཆོས་སམ་སྒེར་ཆོས་ཀྱི་ཆོས་ལུགས་རེ་ནིམི་འདུག་གོ

  44. མྱི་དཀར says:
    2013-06-16 at 1:36 am

    གངས་སེང་དང་། རིག་ལྡན་རྒྱལ་པོའི་བགྲོ་གླེང་མུ་མཐུད་ནས་གནང་རོགས། འདི་ལྟར་བགྲོ་གླེང་གནང་ན་བན་བོན་གཉིས་ཀྱི་གནས་སྟངས་ཇེ་གསལ་ལ་འགྲོ་ཡི་རེད། དེ་མིན་ཕན་ཚུན་རྐུན་མ་དང་ཇག་པའི་མིང་འདོགས་རེས་བྱེད་གིན་བསྡད་ན་ཕན་པ་གང་ཡང་མི་འབྱུང་། ཨོ་ཉིས་འདི་ལ་བར་ཆོད་བྱེད་སྲིད་ཀྱང་བཟོད་པ་བསྒོམས་ཏེ་སྔར་གྱི་སྨོན་ལམ། སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཇི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །ཅེས་པའི་ཉམས་ལེན་གསལ་འདེབས་བྱ་འོས་སོ།།

  45. གངས་སེང་ says:
    2013-06-16 at 1:52 am

    ཁ་བརྡའི་དྲ་རྒྱ་ནང་དུ་རིགས་ལྡན་རྒྱལ་པོ་དང་གངས་སེང་གཉིས་ཀྱི་དྲི་བ་དྲི་ལན་གཉིས་པ།
    རིགས་ལྡན་རྒྱལ་པོ་ལགས། ཁྱེད་ཀྱིས་ཕྲན་ལ་ཡང་བསྐྱར་དྲི་བ་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
    ༣༧༽ རིགས་ལྡན་རྒྱལ་པོ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ གི་ཆུ་ཚོད་ ༢༡ སྐར་མ་ ༢༡
    གངས་སེང་ལགས།
    ལྗགས་ལན་གནང་བར་དགའ་བསུ་ཞུ།
    ༡༽དྲི་བ། བོད་དུ་ནང་ཆོས་མ་དར་གོང་གོང་ནས་བོན་དར་ཡོད་ན་ཕྱིས་ནང་ཆོས་དར་བ་དེས་བོན་ནུབ་པ་རེད་དམ། དེ་མིན་གནད་དོན་གཞན་ཞིག་ལ་བརྟེན་ནས་ཡིན་ནམ། ཆོས་རྒྱལ་རྣམ་པས་དཀའ་བ་བརྒྱ་ཕྲག་ཧུར་བཞེས་ཀྱིས་དར་བར་མཛད་པ་དེ་བོན་ལ་མ་དགའ་བ་རང་ཨེ་ཡིན། ནང་ཆོས་དེ་དངོས་གནས་སྤུས་དག་པོ་ཞིག་ཡོད་པ་དང་། བོད་དུ་དར་བར་མཛད་ན་ཕན་པ་རྒྱ་ཆེ་གཟིགས་པ་ལས་ཡིན་གྱི། ནང་ཆོས་དང་གཅིག་མཚུངས་སམ་དེ་ལས་ལྷག་པའི་གནའ་རིག་ཡོད་ཡོད་པར་གསར་དུ་དར་ཞིང་རྒྱས་པར་མཛད་པའི་གནད་འགག་ཆེན་པོ་ཞིག་ཡོད་པ་ནི་སྨ྄ོས་དགོས་སམ་སྙམ། ཅི་སྟེ་ཡོད་ན་ཅི་ཡིན་ནམ།
    ལན། དུས་རབས་བདུན་པ་ནས་རྒྱ་གར་ནང་ཆོས་བོད་ལ་དར་འགོ་བཙུགས་ཡོད། དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་གཡུང་དྲུང་བོན་ལོག་ཆོས་ཤིག་ཡིན་པར་དགོངས་ནས་ཆོས་གདན་འདྲེན་ཞུས་པ་གཏན་ནས་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་ནས་ཆོས་དང་དུ་བླང་པ་ཡིན། དེའི་སྔོན་བོད་རྒྱལ་གྲི་གུམ་བཙན་པོས་ཀྱང་གཡུང་དྲུང་བོན་ཐེངས་གཅིག་བསྣུབས་པའི་ལོ་རྒྱུས་ཡོད། སྐབས་དེ་དུས་བོན་གཤེན་རིག་འཛིན་རྣམས་དབང་ཆ་ཧ་ཅང་མཐོ་ཞིང་ཆབ་སྲིད་དང་ཆོས་གང་ཅིའི་ཐད་ལ་རྒྱལ་བློན་རྣམས་ཀྱིས་ཁོང་རྣམ་པ་ལ་བློ་འདྲི་བྱེད་སྲོལ་ཡོད། ཆོས་ལུགས་མི་སྣ་འགའ་ཤས་ཀྱིས་ཆབ་སྲིད་ལ་ཇུས་གཏོགས་བྱས་པ་ཡང་སྲིད། བཙན་པོའི་ཐུགས་ལ་མ་འོངས་པར་རྒྱལ་སྲིད་བོན་གྱིས་ལེན་པའི་དོགས་བློ་ཞིག་སྐྱེས་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་པོ་འགས་གཡུང་དྲུང་བོན་བསྣུབས་ཡག་ལ་རེམས་ཡོད། མཐར་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་སྐབས་གཡུང་དྲུང་བོན་རྒྱ་ཆེར་བསྣུབས་ཡོད་པ་དང་། བོན་པོའི་ཆོས་ལུགས་མི་སྣས་རྒྱ་གར་ནང་ཆོས་བོད་དུ་སྤེལ་བའི་ཐད་ལ་བཀག་འགོག་ཤུགས་ཆེར་བྱས་པར་བརྟེན། བོན་པོའི་མི་མང་པོ་སྐེ་བཅད་པ་སོགས་མི་སྤྱོད་ལས་འདས་པའི་ཆད་པ་ཕོག་མྱངས་ཡོད་པ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་གསལ་ཡོད་པ་རེད། དེ་རྗེས་རྒྱལ་པོ་འུ་དུམ་བཙན་པོས་དམ་པའི་ཆོས་བསྣུབས་པ་དེ་ཡང་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་པ་མ་གཏོགས་ཆོས་ཡང་དག་པ་མ་ཡིན་པའི་རྒྱུ་མཚན་གྱིས་མིན་པར་གོང་མ་དེ་ཡང་དེ་བཞིན་རེད་སྙམ།
    ༢༽ བོད་ཁུལ་ནང་བསྟན་ནི་མདོ་སྔགས་ཡོངས་སུ་རྫོགས་པའི་དཔལ་ན་ལཎཌའི་བཞེད་གཞུང་དྲི་མ་མེད་པ། ལུང་དང་གཙོ་བོ་རིགས་ལམ་གུང་བསྒྲིགས་ནས་གཏན་ལ་ཕབ་པ་ཞིག་ཡིན་ན། དེང་དུས་མཚན་རིག་པ་སྙན་ཅན་མཁས་མཆོག་Einstein ནས་མ་འོངས་པར་མཚན་རིག་དང་མཉམ་སྐྱོད་དངོས་གཉིས་ཀར་བསྟན་པའི་ཆོས་ལུགས་ཐུན་མོང་བ་ཞིག་སྲིད་ཚེ་དེ་ནི་ནང་ཆོས་འཇོག་ཆོག་པ་གསུངས་པ་དེ་ལྗིད་ཁོག་ཡོད་པའི་བཀའ་མོལ་ཞིག་ལ་ངོས་འཛིན་ཞུ་ཐུབ་པ་ཡིན། དེས་ན་བོན་ནང་འདི་འདྲའི་ཞིབ་ཚགས་པོའི་རྣམ་གཞག་མཐར་ཐུག་དྲི་མ་མེད་པའི་རིགས་པས་ཕྱེ་དགོས་པའི་རིང་ལུགས་སུ་འཇོག་ཚུལ་ཨེ་ཡོད་དམ།
    ལན། གཡུང་དྲུང་བོན་གྱི་ནང་དུ་ཚན་རིག་དང་མཐུན་པའི་རིགས་ལམ་ནས་གྲུབ་པའི་གནད་གལ་ཆེན་མང་པོ་ཡོད་སྲིད། དཔེར་ན་བོན་པོའི་མནའ་དཔེ་སྣང་སྲིད་མཛོད་ཕུགས་ལས་སྲིད་པ་ཆགས་རབས་བཤད་པ་དེ་ཚན་རིག་གི་བཤད་ཚུལ་དང་མཐུན་པོ་ཡོད་པ་བཞིན་རེད། གཙོ་ཆེ་ཤོས་བོན་པོའི་གཞུང་ཆེན་རྣམས་སུ་འགྲོ་བའི་བདེ་སྐྱིད་ཡོད་དོ་ཅོག་ནང་དུ་སེམས་དེ་བཅོས་བསྒྱུར་བྱས་པ་ལ་བརྟེན་ནས་འབྱུང་བར་བཤད་པས་དེ་ནི་ཚན་རིག་དང་གོ་བསྡུར་མི་ཐུབ་པའི་གནད་ཅིག་རེད་བསམ་ཡོད།
    ༣༽ དྲི་བ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་མཐར་ཐུག་གི་སྐྱབས་གནས་ཉག་གཅིག་ཏུ་འཇོག་ན་ཨེ་འགྲིག བོན་སྟོན་ནས་མངའ་བརྙེས་ལ་སྟོན་པ་སངས་རྒྱས་ཀྱིས་མངའ་མ་བརྙེས་པའི་གོ་འཕང་ཟུར་གསལ་ཞིག་ཨེ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བར་ཁས་བླངས་ཐུབ་བམ། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད། ཡོད་ན་ཇི་འདྲ་ཡིན། མེད་ན་ནང་ཆོས་ལས་ཟུར་དུ་ཕྱེ་དགོས་དོན་ནི་ཚིག་ཙམ་དུ་ཟད་པ࿒མ་ཡིན་ནམ།
    ལན། གཡུང་དྲུང་བོན་ལུགས་ལ་སྟོན་པ་ཤཀྱཱའི་དབང་པོ་སྐྱབས་གནས་སུ་བཟུང་ན་ལོས་འགྲིག ཁོང་ཙམ་དུ་མ་ཟད་ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་དགོས་པར་གསུང་ཡོད།
    བོན་གྱི་སྟོན་པ་མངའ་བརྙེས་ནས་སངས་རྒྱས་མ་ཐོབ་པའི་གོ་འཕང་ཟུར་གསལ་ཞིག་མེད་པར་འདོད།
    སྟོན་པ་བཅོས་ལྡན་འདས་ཀྱིས་རྫོགས་ཆེན་དངོས་སུ་གསུང་པའི་ཚུལ་བན་བོན་གཉིས་ཀྱི་གཞུང་ཆེན་རྣམས་སུ་གསལ་ཁ་གང་ཡང་ད་ལྟའི་བར་ཁོ་བོས་མ་མཐོང་བས་ཁོང་གིས་རྫོགས་ཆེན་གསུང་པ་ཁས་ལེན་གི་མེད། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད་ཅེས་དྲི་ཡོང་དུས་དེ་ལ་ཁ་ཐུག་ཏུ་ལེན་རྒྱག་རྒྱུར་དཀའ་ལས་ཕྲན་བུ་འདུག གང་ཡིན་ཟེར་ན། དཔེར་ན་བོན་པོའི་ནང་དུ་ཐེག་པ་ལ་རིམ་པ་མི་འདྲ་བ་དགུ་བཤད་ཡོད། དེ་དག་གི་མཐར་ཐུག་གི་འབྲས་བུ་དེ་རང་རང་ལུགས་ལ་འབྲས་བུ་འཐར་ཐུག་ཡིན་ཡང་གོང་མ་གོང་མ་ནས་འབྲས་བུ་ཐུན་མོང་མ་ཡིན་པ་རེ་རེ་འཇོག་རྒྱུ་མེད་པ་མ་ཡིན་པས། དེ་བཞིན་ཞིབ་ཕྲ་བགོས་པ་ཡིན་ན་བན་བོན་གཉིས་ཀྱི་མཐར་ཐུག་གི་འབྲས་བུ་ལའང་ཐུན་མིན་གྱི་ཁྱད་ཆོས་རེར་འཇོག་རྒྱུ་ཡོད་འགྲོ་སྙམ།

    ༣༨༽ རིགས་ལྡན་རྒྱལ་པོ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ གི་ཆུ་ཚོད་ ༢༡ སྐར་མ་ ༢༢
    དངོས་གཉིས་ཀར། དངོས་སེམས་གཉི་གར་ལ་བཅོས་པར་མཛོད།

  46. ེསེང་སྟག says:
    2013-06-16 at 7:02 am

    གངས་སེང་དང་རིགས་ལྡན་རྒྱལ་པོ་བཞིན་དྲི་བ་དྲི་ལན་བྱས་ན་མ་འོངས་པ་བན་བོན་གཉིས་ཀྱི་བར་ལ་འཆམས་མཐུན་ཡུང་བའི་རེ་བ་འདུག་ཨོ་ཉི་བཞིན་དུ་བཤད་ན་གངས་ལྗོངས་ནང་འཁྲུག་ཡུང་བ་ཁོ་ཐག་ཆོད

  47. རིགས་ལྡན་རྒྱལ་པོ says:
    2013-06-16 at 8:03 am

    གྲུབ་རྫུན་ལོག་གཡེམ་མཁན་གྱིས་བཙུན་མོ་བརྐུས།།
    དགེ་སློང་ཆོས་གོས་ཅན་གྱིས་རྒྱལ་པོ་བསད།།
    བླ་མ་གསེར་ཞུ་ཅན་གྱིས་དམག་སྣ་དྲངས།།
    བོད་ཀྱི་སངས་རྒྱས་བསྟན་པ་འདི་ལ་ཟེར།།

    བཙུན་རྐུ་ལོག་གཡེམ་མཁན་དེ་གྲུབ་ཐོབ་མིན་པ་ཐག་གིས་ཆོད།།
    རྒྱལ་པོ་ལྟ་ཅི་མི་གསོད་དགེ་སློང་ཕར་བཞག་ལག་དམར་ཡིན།།
    དོན་མེད་དམག་འདྲེན་བླ་མ་ལྟ་ཅི་གཏུམ་དྲག་དཔོན་ངན་ཡིན།།
    བོད་ཁུལ་ནང་བསྟན་འཛམ་གླིང་གཅེས་ནོར་ང་ཚོའི་བླ་སྲོག་ཡིན།།

  48. BONPO says:
    2013-06-20 at 9:48 pm

    གངས་སེང་ལགས་ཀྱིས་་་་རིགས་ལྡན་རྒྱལ་པོ་ལ་དྲི་བ་འདོན་རྒྱུ་མེད་པ་བཟོས་བཞག། །

  49. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 2:19 am

    ༤༧༽ རིགས་ལྡན་རྒྱལ་པོ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༨ སྐར་མ་ ༠༣
    གྲུབ་རྫུན་ལོག་གཡེམ་མཁན་གྱིས་བཙུན་མོ་བརྐུས།།
    དགེ་སློང་ཆོས་གོས་ཅན་གྱིས་རྒྱལ་པོ་བསད།།
    བླ་མ་གསེར་ཞུ་ཅན་གྱིས་དམག་སྣ་དྲངས།།
    བོད་ཀྱི་སངས་རྒྱས་བསྟན་པ་འདི་ལ་ཟེར།།
    ལན་དུ།
    གྲུབ་དབང་མཐོར་གཤེགས་ཁོང་ལ་བཙུན་མོའང་ཕུལ། །
    གྲུབ་ཐོབ་ཆོས་གོས་ཅན་གྱིས་བདུད་རྒྱལ་བསད། །
    གཞི་འཚོ་བླ་མས་འདུལ་སྡོམ་ཐོག་མར་གནང་། །
    བོད་ཀྱི་སངས་རྒྱས་བསྟན་པ་ཁྱད་དུ་འཕགས། །

  50. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 2:23 am

    བཙུན་རྐུ་ལོག་གཡེམ་མཁན་དེ་གྲུབ་ཐོབ་མིན་པ་ཐག་གིས་ཆོད།།
    རྒྱལ་པོ་ལྟ་ཅི་མི་གསོད་དགེ་སློང་ཕར་བཞག་ལག་དམར་ཡིན།།
    དོན་མེད་དམག་འདྲེན་བླ་མ་ལྟ་ཅི་གཏུམ་དྲག་དཔོན་ངན་ཡིན།།
    བོད་ཁུལ་ནང་བསྟན་འཛམ་གླིང་གཅེས་ནོར་ང་ཚོའི་བླ་སྲོག་ཡིན།།
    ལན་དུ།
    བཙུན་མོ་འབུལ་ཆོས་མཁན་དེ་གྲུབ་ཐོབ་ཡིན་པ་ཐག་གིས་ཆོད། །
    བདུད་རྒྱལ་ལྟ་ཅི་ཤི་གསོད་མི་འདོད་དགེ་སློང་ལག་དམར་ག་ལ་ཡིན། །
    དོན་ཡོད་དམག་འདྲེན་བླ་མ་ལས་ལྷག་བོན་རྒྱལ་ལས་ཀྱང་ལྷག་པ་རེད། །
    བོད་ཁུལ་ནང་བསྟན་འཛམ་གླིང་གཅེས་ནོར་ང་ཚོའི་འགྲོ་མའི་བླ་སྲོག་ཡིན། །

  51. བདག་མེད། says:
    2013-06-21 at 6:11 am

    སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་
    ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་
    འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་
    ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་
    དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །
    བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་
    པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་
    ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་
    མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་
    སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་
    ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །
    སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་ལྟར་གནོད་བྱས་
    ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་
    འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཅི་
    ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་
    དེ་ལ་ཕན་འདོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །
    བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་
    པར། །སླར་ཡང་དེ་ལ་ཕན་འདོགས་ཤོག །

  52. བདག་མེད། says:
    2013-06-21 at 6:16 am

    ང་བོན་པོ་ཞིག་ཡིན་ན་ད་ཨོ་ཉི་ལ་ལན་བཟང་ངན་གང་ཡང་བྱེད་ས་མ་རེད།

  53. པདྨ says:
    2013-06-21 at 7:31 am

    ངོ་ཚ་དང་ཁྲེལ་མེད་བོན་པོ་གང་སང་དང་རིག་རྒྱ་པོ་དག་གིས་གང་བཤད་འདོད་ཤོད། སྔ་འགྱུར་རིག་འཛིན་རྒྱལ་བའི་བསྟན་པ་ལ་བ་སྤུའི་རྩེ་མོ་ཙམ་གཡོ་བ་མེད་པར་མངོན་གསལ་རེད། ཡིན་ན་ཡང་བོན་པོ་ཚོས་རང་རྐུབ་དམར་རྒྱན་ཏུ་ཁ་བརྡ་སྟེང་བཤད་པར་ཤེས་འཆལ་ཚོ་ལ་སྙིང་རྗེ་བའི་གནས་སོ། །

  54. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 8:52 am

    སེམས་ཅན་མི་སྲུན་གང་ཞིག་གིས། །
    བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །
    བསམ་ངན་སྦྱོར་བ་མ་ཡིན་པར། །
    སླར་ཡང་དེ་ལ་ཕན་འདོགས་ཤོག །

  55. བདག་མེད། says:
    2013-06-21 at 10:58 pm

    དེ་རིང་བོན་པོ་ཚོས་བཟོ་པ་སྒོམ་སོང་།
    སེམས་ཅན་མི་སྲུན་གང་ཞིག་གིས། །
    བདག་ལ་ཅི་ལྟར་གནོད་བྱས་ཀྱང་། །
    བསམ་ངན་སྦྱོར་བ་མ་ཡིན་པར། །
    སླར་ཡང་དེ་ལ་ཕན་འདོགས་ཤོག
    བོན་གྱི་སྟོན་པའི་སྨོན་ལམ་དེ་ངོ་མ་ནུས་པ་ཆེན་པོ་འདུག་ཨོ་ཉི་རང་ངོ་ཤེས་པ་ཞིག་བཟོས་ཡིན་པ་འདྲ། དགེ་ལ་གཞུང་བཞིན་སྤྱད་ན།
    བདུད་ཀྱང་རླག་པར་འགྱུར་གསུངས་པ་ནང་བཞིན་རེད་འདུག ཧཧཧཧ སེམས་ཅན་གཅིག་ལོག་ལམ་ནས་དྲངས་སོང་།

  56. རིགས་ལྡན་རྒྱལ་པོ says:
    2013-06-22 at 10:04 am

    གངས་སེང་ལགས།
    ༡༽ མཚན་རིག་གི་ཁུངས་དེ་ནུབ་ཕྱོགས་རང་ལ་གཏུགས་ན་བཟང་བ་བཞིན། ཆོས་ཀྱི་ཁུངས་དེ་རྒྱ་གར་འཕགས་ཡུལ་ལ་གཏུགས་ན་རིགས་པར་ལྡན་པ་ཡིན་སྙམ།
    ༢༽ བན་བོན་གཉིས་ཞེས་བན་དེ་དེ་ནང་ཆོས་ལ་གོ་རྒྱུ་དེ་ཙམ་མི་ཆེ། མིང་ཙམ་གྱིས་ནི་ཆོས་བརྒྱུད་མང་པོ་ཡོད་པས་དེས་ལན་མི་ཐེབས་ཤིང་དེས་ན་ཐུན་མིན་གྱི་ཁྱད་ཆོས་ཟུར་པ་ཆོས་ནང་མེད་པ་བོན་ནང་ཡོད་པ་དེ་གང་ཡིན་ནམ།
    ༣༽ མཉམ་མེད་ཤཀྱཱ་སེང་གེ་སྐྱབས་སྟོན་པ་པོ་མཐར་ཐུག་ཡིན་ནམ་མིན། བོན་སྟོན་གཤེན་རབ་སངས་རྒྱས་སུ་འཇོག་པའི་རྒྱུ་དང་རིགས་པ་གང་དང་གང་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme