Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄། ཀ་རྩོམ་རྒན་གཞོན་བར་གྱི་རྒྱག་གཏམ་ལ་རྒོལ་བ། །༼ཤར་ཁུག་གིས་སྟེ་པོ་སྤྲུལ་སྐུ་ལ་ཁྱད་གསོད་བྱས་པའི་ལན་དུ་བྲིས།༽

Posted on 2013-06-12 By ཁ་བརྡ་ 22 Comments on ༄། ཀ་རྩོམ་རྒན་གཞོན་བར་གྱི་རྒྱག་གཏམ་ལ་རྒོལ་བ། །༼ཤར་ཁུག་གིས་སྟེ་པོ་སྤྲུལ་སྐུ་ལ་ཁྱད་གསོད་བྱས་པའི་ལན་དུ་བྲིས།༽

སྤྲུལ་སྐུ་དབང་ཆེན་ནས།

ཀ་མེད་ལོག་སྨྲ་ཆར་སྡོད་འཕུར་ཉེས་ནས།
ག་ཤེད་གཞུང་ཞབས་ཁུངས་ནས་གནས་དབྱུང་སྤྲད།
ཁ་ལྔ་པ་ལ་རྟག་ཏུ་འཁོན་འཛིན་གྱིས།
ང་རྒྱལ་དེ་ནི་ནམ་ཡང་གཉིད་དང་བྲལ། །

ཅ་ག་དོག་པོས་གཅེས་སྤྲས་ཆེར་མེད་ཅིང་།
ཆ་སྤྱད་མི་རྒན་འགྲེས་པོའི་ཉམས་འཁུར་ནས།
ཇ་ཁང་གཡོག་གཉེར་ཏེ་ཕོའི་སྤྲུལ་སྐུ་ལ།
ཉ་མོ་བྱ་ཁྲས་གཅུས་ལྟར་ཁྱད་གསོད་བྱས། །

ཏ་ཐཱ་ག་ཏའི་བསྟན་པ་འཛིན་སྐྱོང་ལ།
ཐ་དད་གོས་མདོག་ཙམ་གྱིས་དབྱེར་མི་འབྱེད།
ད་ལྟ་དུས་ངན་སྙིགས་མའི་མར་གཤམ་ལ།
ན་གཞོན་གོས་མདོག་མཛེས་ཀྱང་བཟང་རྒྱུ་མེད། །

པ་ཎི་གར་བཞུར་ལྟ་བུའི་མི་བུ་ཁོས།
ཕ་རོལ་ཉམ་ཆུང་རིགས་ལ་སྡང་བ་འདི།
བ་གླང་རིགས་འགྲོའི་ཁུ་ཚུར་ནང་འཕྱར་བ།
མ་ནིང་ཤར་ཁུག་ངན་གོམས་བཟློག་ཏུ་མེད། །

ཙ་ར་གཅོད་པའི་རྣམ་དཔྱོད་ཅན་ཡིན་ན།
ཚ་ཁ་ལེན་པའི་སྐྱེན་པོའི་མདའ་ཡོད་ན།
ཛ་ཧུའི་བུ་མོའི་སྤུན་འགྲོའི་རིག་གཞུང་ཁྲོད།
ཝ་ལེར་བདག་གི་ཐད་ཀར་ད་ལོངས་ཤོག །།

ཞ་སྙུག་རྐང་ཐུར་ཁ་ཤས་བཅག་པ་དང་།
ཟ་སྙད་གོ་སྐབས་འཚོལ་ནས་འཁྱོག་བཤད་དང་།
འ་མོ་ཉིད་བཞིན་དོན་མེད་འཆལ་རྩོམ་འགས།
ཡ་མཚན་མགྲིན་པ་མནངས་འདི་དགོད་བྲོའི་གནས། །

ར་གན་གསེར་བརྫུས་དེང་རབས་སྤྱི་བརྟོལ་རིགས།
ལ་ཆད་ལུང་ཟད་ལུགས་མེད་སྨྲ་ལ་བརྩོན།
ཤ་ཁྱི་རྔོན་པའི་རིགས་ལ་དྲིན་ཆེ་ཡང་།
ས་སྐྱོང་དཔོན་པོའི་མདུན་ལ་གདོན་གྱི་རིགས། །

ཧ་ཆ་འཕྱ་གད་བརྙས་བཅོས་ཚིགས་མཚོན་གྱིས།
ཨ་རོགས་རྒན་པོ་བཏང་སྙོམས་མི་འཇོག་པར།
ཧ་ཅང་འཇོན་མདོག་དཔུང་ཤ་འཕུར་བ་དེས།
ཨ་ལགས་ང་རང་སྡོད་དུ་མ་བཅུག་ཐལ། །

༠༦/༡༡/༢༠༡༣ དགོང་མོར་རྩེད་མཚར་དུ་བྲིས།

སྙན་ངག

Post navigation

Previous Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ཁོར་ཡུག་དང་པེ་ཅིན་སྲིད་གཞུང་།
Next Post: བློ་མཐུན་སྲིད་སྐྱོང་གིས་བོད་ནང་དམར་པོའི་དབང་བསྒྱུར་ལ་ངོས་ལེན།

Comments (22) on “༄། ཀ་རྩོམ་རྒན་གཞོན་བར་གྱི་རྒྱག་གཏམ་ལ་རྒོལ་བ། །༼ཤར་ཁུག་གིས་སྟེ་པོ་སྤྲུལ་སྐུ་ལ་ཁྱད་གསོད་བྱས་པའི་ལན་དུ་བྲིས།༽”

  1. རིག་པའི་བུ says:
    2013-06-12 at 5:50 am

    བཟང་གི

  2. ཀརྨ་བསྟན་འཛིན་ says:
    2013-06-12 at 8:24 am

    བཟང་གི

  3. འཁྱམས་པོ says:
    2013-06-12 at 9:00 am

    ་་་་ཅི་ཞིག་བཤད་འདོད་པ་་་་་་ཧ་མ་གོ་ཐ་་་་་

  4. རྟ་མགྲིན་དབང་ཆེན་ says:
    2013-06-12 at 9:45 am

    སྤྲུལ་སྐུ་ལགས། བོད་ཡིག་སྤྱོང་རོགས།

  5. གཡུ་བྲག་པ། says:
    2013-06-12 at 9:53 am

    མི་འདིས་ག་རེ་ལབ་གྱིན་འདུག དངོས་གནས་གོ་ཡ་མི་འདུག

  6. བསམ་གཏན་སྒྲོལ་མ། says:
    2013-06-12 at 10:24 am

    ཀ་ཁའི་བང་རིམ་ཡང་ནོར་བྱ།
    ཀ་ཁ་ག་ང་།
    ཀ་ག་ཁ་ང་།

  7. བསམ་གཏན་སྒྲོལ་མ། says:
    2013-06-12 at 11:10 am

    ཀ་མད་ཕྲེང་བའི་རྩོམ་འཆལ་སྒྲིག་པ་པོས།།
    ཁ་ངན་ཚིག་གིས་རྟག་ཏུ་གཞན་ལ་འཕྱ།།
    ག་ས་གང་ལ་རྙོག་དྲ་བཟོ་བཟོས་ནས།།
    ང་ཚོར་རྩོམ་མི་འབྲི་བའི་མནའ་ཡང་སྐྱེལ།།

    ཅ་ཅོ་གཏམ་གྱིས་མཐོ་དམན་ཀུན་ལ་སྨོད།།
    ཆ་ལུགས་འཁྱ་མ་འཁྱོལ་གྱི་གཞན་ཡུལ་འགྲིམ།།
    ཇ་ཆང་འཐུང་བས་བག་མེད་ར་བཟི་བཞིན།།
    ཉ་ཉོག་མང་བོས་འདམ་རྫབ་ནང་དུ་ལྷུང་།།

    ཏ་ཐ་ག་ཏ་ཟེར་བ་བཅོས་པའི་གཏམ།།
    ཐ་ཤལ་སྤྱོད་པ་ངོ་དེབ་ནང་ན་གསལ།།
    ད་ནས་བཟུང་སྟེ་ཚུལ་ཆོས་དབང་ཆེན་ལ།།
    ན་རྒ་ཅི་བྱུང་གཏན་དུ་འབྲེལ་མ་བྱེད།།

    པ་ཕ་གང་ཡིན་བདག་གིས་ཤེས་མ་སོང་།།
    ཕ་རོལ་བསླུ་བའི་གདོན་གཟུགས་སྙོམ་དུ་མེད།།
    བ་བང་མ་ཡིན་བ་མིན་མིན་པ་འདིས་།།
    མ་ཁ་བསྡམས་ནས་དཀྱིལ་མཛུབ་བཀེར་འདིར་ལྟོས༼ཁོའི་པར་༽

    ཙ་རི་གནས་སྐོར་འགྲིམ་པའི་གྲུབ་ཆེན་མིན།།
    ཚ་གྲང་དཀའ་བ་བསྐྱེད་པའི་མཁས་པ་མིན།།
    ཛ་ལང་ཉེན་གྱིས་དགེ་འདུན་བཀོར་ལ་བསྙེགས
    ཝ་མོ་ལྟ་བུར་བུད་མེད་འདོམ་ཁར་འགྲིམ།།

    ཞྭ་གོས་ལྷམ་གྱིས་ཆོས་པའི་ཟོལ་ལ་བརྟེན།།
    ཟ་མ་མ་ནིང་ཉམས་ལེན་སྙིང་བོར་གྲིལ།།
    འ་ཅག་སྐྱབས་མགོན་ཆེན་པོར་མི་དད་པས།།
    ཡ་ཡོ་དྲང་བོའི་ལམ་ཞིག་འདིས་མ་རྙེད།།

    རྭ་ལོ་ལྟ་བུའི་གྲུབ་དབང་དེང་ཡོད་ན།།
    ལ་ལུང་གང་ན་ཡོད་ཀྱང་འདིར་བཀུག་ནས།།
    ཤ་ཟ་ཚོགས་བཅས་དམ་ལ་བཏགས་ནས་ནི།།
    ས་འོག་རིམ་པ་དགུ་ལ་བཅུག་ན་བཟང་།།

    ཧ་ལོ་འདོད་ཡོན་དུག་གི་ལོ་མ་ཁ་ལ་མུར་བའི་གདོན་གཟུགས་འདིས།།
    ཨ་མའི་ནུ་རིན་ཙམ་ཡང་འཇལ་དཀའ་ནང་མིའི་གདོང་ལ་ངོ་ཚ་ཉོས།།
    འཆལ་པོ་འདི་འདྲས་ས་སྟེང་གང་ན་ད་ནི་ང་ཚོས་ཅི་ཞིག་བྱ།།
    བླ་མ་དཀོན་མཆོག་དཔང་བོ་མཛོད་ཅིག་དོལ་ཚོགས་དང་བཅས་རྡུལ་དུ་རློགས།།
    ཧེ་ཧེ་་་རྩེད་མོ་ཡིན། 
    ང་ལ་བྲེལ་བ་ཡོད། གྲོགས་པོ་ཚོས་དག་བཅོས་གནང་རོགས། 

  8. Tsering says:
    2013-06-12 at 3:07 pm

    བསམ་གཏན་སྒྲོལ་མ་བྲེལ་བ་ཡོད་པ་ཁག་ཅི་ཡོད་ ནང་ན་ལ་ཕུག་རྫོགས་ཡིན་འགྲོ། ཧཧཧཧ་་་་

  9. གཞོན་ནུ་ཟླ་མེད། says:
    2013-06-12 at 7:50 pm

    ཀ་ཁ་མི་ཤེས་ན།།
    ཁ་ལྐོག་བཙུམ་ནས་སྡོད།།
    ག་བུར་ལྟ་བའི་རྩོམ།།
    ང་ཡིས་ལྷུང་ལྷུང་འབྲི།།

    ཅ་དག་མི་པས་ན།།
    ཆ་ལུགས་རྫོར་རྟགས་སྟོན།།
    ཇ་ཆང་འཐུང་ཤེས་ཙམ།།
    ཉ་པ་ལ་ཡང་ཡོད།།

    ཏ་རིན་སྐུ་དྲག་མདུན།།
    ཐ་ཤལ་སྤྲུལ་མིང་བླངས།།
    ད་ནི་ལྟས་ངན་རྟགས།།
    ན་ནིང་ལས་ཀྱང་མང་།།

    ཚང་མས་ཀུ་རེ་འབྲི་བཞིན་འདུག་ན་ངས་ཀྱང་ངོ་།།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-06-12 at 10:27 pm

    ༧༽ བསམ་གཏན་སྒྲོལ་མ་ལགས་ཀྱིས། སྤྲུལ་སྐུ་དབང་ཆེན་ལགས་དང་དེ་འདྲའི་ཆ་རྒྱུས་ཡོད་སྟངས་འདི་ང་ཡང་བློ་མི་བེད་བར་གྱུར་དུ་བཅུག་བགྱིད།

    ་་་་་་་་་་་་་་་་་་་་་་་
    ཝ་མོ་ལྟ་བུར་བུད་མེད་འདོམ་ཁར་འགྲིམ།།
    ་་་་་་་་་་་་་་་་་་་་་་་་་
    ཞྭ་གོས་ལྷམ་གྱིས་ཆོས་པའི་ཟོལ་ལ་བརྟེན།།
    ་་་་་་་་་་་་་་་་་་་་་་་་་་
    འཆལ་པོ་འདི་འདྲས་ས་སྟེང་གང་ན་ད་ནི་ང་ཚོས་ཅི་ཞིག་བྱ།།
    བླ་མ་དཀོན་མཆོག་དཔང་བོ་མཛོད་ཅིག་དོལ་ཚོགས་དང་བཅས་རྡུལ་དུ་རློགས།།
    ཧེ་ཧེ་་་རྩེད་མོ་ཡིན།
    ང་ལ་བྲེལ་བ་ཡོད། གྲོགས་པོ་ཚོས་དག་བཅོས་གནང་རོགས། ་་་་་་ཟེར།
    ཡ་ཡ་ངས་ཀྱང་སྐུ་རྩེད་ཞུས་པ་ཡིན་ནོ།།

  11. ལུང་རྟོགས། says:
    2013-06-13 at 4:12 am

    བསམ་གཏན་སྒྲོལ་མའི་ཚིག་དེ་མདའ་ལས་རྣོ།།
    སྤྲུལ་སྐུ་དབང་ཆེན་སྙིང་དཀྱིལ་ཕུག་ནས་ཐལ།།
    ན་ཟུག་མ་བཟོད་མཁུན་སྒྲ་སྒྲོག་བཞིན་དུ།།
    ནད་པ་བཞིན་དུ་ཉལ་སར་ལུས་ནས་འདུག།

  12. ཞོལ་གཡག་འབྲོང་བརྒྱུད། says:
    2013-06-13 at 4:46 am

    ཨ་ནེས་སྤྲུལ་སྐུར་སྡང་ན་དཀོར་གྱི་དོན།།
    གྲྭ་པས་ཕོ་གསར་སྡང་ན་མོ་གསར་དོན།།
    བུ་མོས་གྲྭ་པར་ཆགས་ན་དཀོར་མཇེའི་དོན།།
    དོན་གསུམ་ཐད་ལ་རྒས་པོ་དགོད་རེ་སྤྲོ།།

  13. གནམ says:
    2013-06-13 at 6:04 am

    ཀ་ཁ་ལ་པང་རིམ་ཡོད་ཟེར། ཧ་ཧ་ཧ།
    ཀ་ཁའི་པང་རིམ་ནོར་བྱ་ཡིན་ཟེར། ཧ་ཧ་ཧ།
    བསམ་གཏན་སྒྲོལ་མ་འདིས་ཅི་ཟེར་གི་ཡོད་པ་རེད། ཧ་ཧ་ཧ།

  14. དགེ་འདུན་རྒྱ་མཚོ། says:
    2013-06-13 at 6:10 am

    ཀ་ཕྲེང་འབྲི་བ་བྱ་དཀའི་སྙན་ངག་ཡིན།།
    ཁ་བཤད་ཝུ་བ་གྲོང་བའི་འཆལ་གཏམ་ཡིན།།
    ག་ས་གང་དུ་ཕྱོགས་རིས་འདོད་ཚུལ་གླིང་།།
    ང་ཡིས་དེ་རིང་སེམས་ཀྱི་དགའ་ཕྱོགས་གླིང་།།

    ཅ་དག་མིན་པའི་ཆོས་གཟུགས་མང་བ་བདེན།།
    ཆ་ལུགས་བཙོག་པའི་དེང་དུས་སྤྲུལ་སྐུ་མང་།།
    ཇ་ཆང་འཐུང་བ་དོན་དག་ཆུང་ཆུང་རེད།།
    ཉ་མ་མགྲོན་ལ་བསུ་བའི་གཏམ་རྒྱུང་མང་།།

    ཏ་སྟེའུ་ལྟ་བུའི་སེམས་པ་རྒུར་ཅོག་དེས།།
    ཐ་མ་དམྱལ་བ་འགྲོ་བའི་རྒྱུ་ཞིག་བསྒྲུབས།།
    ད་སྐབས་ཕྱི་ལ་འཁྱམ་པའི་རི་སྤྱང་ཚོར་།།
    ན་གཞོན་བུ་མོ་མ་གཏོགས་དགོས་ལེ་མེད།།

    པ་བ་སངས་ལྟར་དཀར་བའི་མི་དཀོན་ཡང་།།
    ཕ་རོལ་གཞན་བཞིན་ཚུལ་མཐུན་ཡིན་ན་བཟང་།།
    བ་ལས་འོ་མ་ལེན་པའི་ངང་ཚུལ་གྱིས།།
    མ་སྐྱེས་གདོད་མའི་སེམས་དེ་བཞོས་ན་ལགས།།

    ཙ་མི་ཌི་སོགས་གཤིན་རྗེའི་འཁོར་གཡོགས་ཀྱིས།།
    ཚ་གྲང་དམྱལ་བའི་ཡུལ་ལ་མི་གཏོང་བའི།།
    ཛ་༔ལས་སྐྱེས་པའི་ཐོངས་མཆན་རེག་མེད་ན།།
    ཝ་མོའི་གཡོ་རྒྱུས་བསྟན་ཡང་དེས་ཅི་ཕན།།

    ཞྭ་སེར་བདག་པོའི་མིང་དེ་ཁ་ལ་འཁྱེར།།
    ཟ་ཚོ་འཁོར་གྱིས་སྐོར་བའི་ཡ་མ་བརླ།།
    འ་ཅག་སྤྱི་ཚོགས་འདི་ན་མང་དྲག་པས།།
    ཡ་རབས་ཡིན་མིན་དབྱེ་བ་སུ་ཡིས་འབྱེད།།

    ར་གན་གསེར་ལ་འཁྲུལ་བའི་ཁོར་ཡུག་ན།།
    ལ་ལུང་ཉུལ་བའི་ཆོས་པའི་ཆོས་རྫུན་བྲིན།།
    ཤ་ཚའི་གཏམ་ལ་ཡིད་འཇོག་སུ་ཡིས་བྱེད།།
    ས་སྟེང་ཀོ་བས་གཡོགས་འདྲའི་ལྷམ་ཞིག་འཚོལ།།

    ཧ་ཧ་མཚར་གཏམ་འབྲི་ལ་བརྩོན་ལྡན་མ།།
    ཨ་ནེ་བསམ་གཏན་སྒྲོལ་མའི་སྙན་ངག་གི།
    ལད་ཟློད་རྩོམ་ལ་དོན་སྙིང་ཆེར་མེད་ཀྱང་།།
    རང་གི་དགའ་ཕྱོགས་ཙམ་ཞིག་གླིང་བ་ཡིན།།
    ཨ་ནེ་་ལགས།
    ཁ་སང་ཁོམ་པོ་མེད་ཀྱང་དེ་རིང་ཨེ་ཁོམ།
    ཁོམ་ན་ཁྱོད་ཀྱི་རྩོམ་ལ་དག་བཅོས་བྱེད་པའི་ཞོར་དུ་ངའི་འདིར་ཡང་དག་བཅོས་གནང་རོགས།
    ང་ཡང་ཁོམ་མ་སོང་ང་། ཧ་ཧ་ཧ་་་་་་་

  15. དགེ་འདུན་རྒྱ་མཚོ། says:
    2013-06-13 at 6:19 am

    གྲྭ་ལོག་གྲྭ་བར་སྡང་བའི་ཆོས་ཉིད་ཞིག
    གྲྭ་ལོག་ཆོས་ལ་སྡང་བའི་སེམས་ནད་ཞིག
    གྲྭ་ལོག་རྩོམ་ལ་སྡང་བའི་སྨྱོ་གཏམ་ཞིག
    གྲྭ་བ་གྲྭ་ལོག་སུ་ཡིན་རྩོམ་གྱིས་ཤེས།།
    ཧ་ཧ་ཧ་
    གྲྭ་ལོག་ཚོར་རྩེད་མོ་ཡིན་ད་་་་

  16. ཞོལ་གཡག་འབྲོང་བརྒྱུད། says:
    2013-06-13 at 6:58 am

    གྲྭ་པས་ཨ་ནེར་དགའ་བ་ཐོབ་ཐང་ཞིག།།
    གྲྭ་པས་གྲྭ་ལོག་སྡང་བ་གྲྭ་ལུགས་དོན།།
    གྲྭ་པས་རྩོམ་འཆལ་འབྲི་ལ་དགའ་བ་དེ།།
    གྲྭ་པ་གྲྭ་ལོག་རྩོད་པའི་གཞི་མ་རེད།། ཧ་ཧ།

  17. ཅོ་རི་ཉི་མ། says:
    2013-06-13 at 7:13 am

    རིགས་ལྡན་རྒྱལ་པོ་ལགས་་་འདིར་གཅིག་ཀློད་དང་ཏོག་ཙམ་ཧ་གོ་འོང་།

    བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ།

    རིང་ནས་སྙིང་དུ་བརྣག་བའི་འདོད་པའི་དོན།།
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།ཞེས་པའི་གདུལ་བྱ་ཡིན།

    བོད་དམངས་སྙིང་དུ་བརྣག་བའི་འདོད་པའི་དོན།
    ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།
    དམངས་གཙོ་ཕོ་བྲང་ཏ་ལའི་དགའ་སྟོན་ལ།
    སྤྱོད་པའི་སྐལ་བཟང་མྱུར་དུ་སྩོལ་དུ་གསོལ།ཞེས་པ་དམངས་ཀྱི་རེ་འདུན་ཡིན།།།
    ༡༩༥༩ལོར་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་གཙོར་བོད་འབངས་ཆིག་འབུམ་ལྷག་རྒྱ་བལ་འབྲུག་གསུམ་གྱི་ལུང་པའི་ནང་དུ་སྐྱབས་བཅོལ་ལ་བསླེབས་པ་རེད།འཛམ་གླིང་རྒྱལ་སྤྱི་དང་ལྷག་པ་ཏུ་ཨ་རི་རྒྱ་གར་སོགས་ཀྱིས་བོད་ཀྱི་རྒྱལ་ཁུངས་སུ་རྒྱ་དམར་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པར་མིག་གིས་མཐོང་ཡོད་ལ་བོད་ཡུལ་བཙན་ཕྲོགས་བྱས་པར་ཤེས་ཡོད། མ་ཟད་བོད་ཀྱི་ས་ཤོར་སྐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་ལ་ཨ་མེ་རི་ཀས་གོ་ལག་ཆ་ཡི་རྒྱབ་སྐྱོར་གནང་མྱངས་ཡོད་ལ་གོ་ལག་དེ་དག་བེད་སྤྱོད་ནས་རྒྱ་དམག་གི་ལག་འོག་ནས་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་འབངས་མི་ཆིག་འབུལ་དང་བཅས་སྐྱབས་བཅོལ་དུ་བསླེབས་ཐུབ་པ་བྱུང་བ་རེད།༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བོད་འབངས་ཆིག་འབུལ་ལྷག་ཕྱི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ཤོར་སོང་བས་རྒྱུ་མཚན་གྱིས་བོད་རང་བཙན་མེད་པར་བཟོ་མ་ཐུབ་པ་རེད།
    ༡༩༥༩་ལོར་རྒྱ་དཔོན་ཀྲུང་དན་གྱིས་ལྷ་ས་དམག་གིས་བཟུང་ཚར་ནས་མའོ་ཀྲུང་ཞིའི་ལ་བོད་ཟ་ཚར་ཟེར་བའི་སྙན་གསོལ་ཞུས་པ་རེད།སྐབས་དེར་དུས་མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ག་པ་ཡོད་དམ་ཞེས་དྲིས་པ་རེད།དམག་དཔོན་ཀྲུང་དན་གྱིས་ཏ་ལའི་བླ་མ་རྒྱ་གར་ལ་བྲོས་ཤོར་སོང་ཞེས་ལན་བཏབ་པ་རེད།མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ཤོར་ཚར་ན་བོད་ཟ་ཐུབ་མེད་པ་རེད་ཞེས་གསུངས་ཡོད།རང་བཙན་ཆ་ཚང་ཤོར་མེད་པའི་རྒྱུ་མཚན་ཆེན་པོ་གཅིག་རེད།
    ༡༩༥༩་ལོར་༧གོང་ས་མཆོག་བོད་ཀྱི་ཡབ་མེས་དམ་པ་གཙོ་བོ་གྱུར་པའི་བོད་གཞུང་དགའ་ཕོ་བྲང་བོད་འབངས་ཆིག་འབུལ་དང་བཅས་པ་ཕྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བསླེབས་པར་འཛམ་གླིང་རྒྱལ་སྤྱི་དང་ཨ་རི་རྒྱ་གར་སོགས་ཀྱི་སྲིད་གཞུང་ཁག་ཏུ་དེབ་སྐྱེལ་ཡོད་མེད་ལ་མ་ལྟོས་པ་དོན་དངོས་པོའི་ཐོག་ནས་༧གོང་ས་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ངོས་ལེན་བྱས་ཡོད།
    མ་ཟད་དེང་སང་གི་གནས་སྟངས་སུ་བལྟས་ནའང་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོས་བོད་ཀྱི་དབུ་ཁྲིད་དེར་དབུ་ཁྲིད་ཤིག་དང་བཙན་བྱོལ་གཞུང་འདི་བོད་མི་རིགས་སྲིད་གཞུང་ཞིག་ཡིན་པར་བོད་ཀྱི་རྒྱལ་དར་འདི་རྒྱལ་དར་ཞིག་ཡིན་པར་སེམས་ཀྱིས་ངོས་ལེན་གནང་གི་ཡོད།བཙན་བྱོལ་བོད་གཞུང་གི་ཡིག་ཆ་རྣམས་ཀྱང་ཕྱིའི་རྒྱལ་ཁབ་ཁག་གིས་ངོས་ལེན་གནང་གི་ཡོད།གནད་དོན་འདིའི་ཐོག་ནས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
    རྡ་ས་རི་བོའི་སྟེང་གི་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་དང་བོད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ངོ་བོ་རང་བཙན་གྱི་ཐོག་ཏུ་གནས་ཡོད།ཕྱོགས་གང་ལ་བསམ་ཀྱང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ།བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་མ་འོང་རྩ་ཁྲིམས།བོད་རྒྱ་ཆེན་མི་དམངས་ཀྱི་ཤ་རུས་ཁྲག་གསུམ་དང་ལུས་སེམས་སུ་འཐིམ་ནས་ཡོད་པ་ནི་བོད་རྒྱལ་ཁབ་དང་བོད་རང་བཙན་ཡིན།གནད་ལུགས་འདི་དག་གིས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
    ལྷག་པ་ཏུ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་ཁག་གིས་མཐོང་ཆེན་པོ་ཡོད་པ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་ལས་མཐོང་ཆེ་བ་མེད་ནའང་ཆུང་བ་རྩ་ནས་མེད།ནུབ་ཕྱོགས་ཡུང་རོ་གླིང་དུ་རྒྱལ་ཁབ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་རང་གི་སྲིད་གཞུང་ཁང་སོགས་ཀྱི་ཐོག་ཏུ་འཛུགས་ཡོད་ལ་བོད་རང་བཙན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད།ཡུང་རོ་ནང་གི་སྟོབས་ཆེ་ཤོས་ཧྥི་ངན་སི་དང་འཇར་མི་ནིས་སོགས་རེད།རྒྱལ་ཁབ་འདི་དག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད།མ་ཟད་༢༠༠༨ལོར་ཡུང་རོལ་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་ལ་རང་བཙན་ཐོག་ཏུ་ཕེབས་དང་ང་ཚོས་རྒྱབ་སྐྱོར་བྱེད་ཆོག་ཞེས་ཞུས་སོང་།འདི་དག་གིས་རྣམ་པ་འགྱུར་བའི་རང་བཙན་ཡོད་པར་མཚོན་གྱི་ཡོད།།
    ཨ་རིའི་གྲོས་ཚོགས་ཀྱིས་ངོས་ནས་ཉིན་ཆ་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་ཡིན་ཞེས་གསུངས་པ་འདིས་བོད་རང་བཙན་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་ལ་དོན་དངོས་པོའི་ཐོག་གི་རང་བཙན་ལ་རྒྱབ་སྐྱོར་གནང་སྟངས་ཤིག་ངོས་འཛིན་བྱེད་ཆོག
    སྲིད་འཛིན་བློ་བཟང་སེང་གེས་མཛད་སྒོའི་གཏམ་བཤད་ནང་བོད་ཀྱི་རང་དབང་བསྐྱར་གསོ་བྱེད་ནས་༧གོང་ས་མཆོག་བོད་ཀྱི་མི་རྗེ་ཕོ་བྲང་པོ་ཏ་ལའི་ནང་དུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་དང་།སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་ཁྱིམ་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས།བོད་ཡུལ་གྱི་ས་ཕོན་ཆེན་པོ་ཞིག་བཞུགས་སྒར་ངྷ་རམ་ས་ལར་ཁྱེར་ཡོང་བའི་སྐབས་སུ་བོད་ཀྱི་སའི་ཐིག་ཏུ་རྒྱལ་དར་འཛུགས་པ་དང་།བོད་རང་དབང་བསྐྱར་གསོ་དང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཐོག གཞིས་བྱེས་བོད་མི་ཚང་མ་ཉིན་གཅིག་བོད་ལ་མཇལ་འཛོམས་ཐུབ་པའི་ཉིན་མོ་ཞིག་འཆར་རྒྱུ་དེ་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་འབད་བརྩོན་བྱ་ཡུལ་དེ་ཡིན་ཞེས་གསུངས་ཡོད།བོད་རང་དབང་བསྐྱར་གསོ་ཟེར་དུས་རང་བཙན་མ་གཏོགས་སྔར་ནས་ཡོད་བསྡད་པ་ཞིག་ད་ལྟའི་ཆ་བསྐྱར་གསོ་བྱ་རྒྱུ་ཞིག་མེད།གསུངས་སྟངས་འདི་དག་གིས་སྲིད་འཛིན་བློ་བཟང་སེང་གེའི་སེམས་ཁམས་བོད་རང་བཙན་དང་འདྲེས་ནས་ཡོད་པར་གསལ་བསྟན་བྱེད་ཡོད།འདི་ཡང་ཕྱེད་རང་བཙན་ཡོད་པའི་མཚོན་རྟགས་ཤིག་ཡིན།
    ༧གོང་ས་མཆོག་གིས་སྲིད་འཛིན་བློ་བཟང་སེང་གེའི་མཛད་སྒོའི་ཐོག་ཏུ་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་ཐོག་ཏུ་ནག་བསུབས་བཏང་མ་ཐུབ་ཙམ་བྱུང་ཡོད་ཞེས་གསུངས་ཡོད།འཛམ་གླིང་ཐོག་ཏུ་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ལྷག་པ་ཡོད་པ་ནི་གཙོ་བོ་༧གོང་ས་མཆོག་དང་བོད་ཀྱི་ཕ་མེས་དམ་པ་ཚོའི་བྱས་རྗེས་ཡིན་པར་ཤེས་དགོས།གནས་ཚུལ་འདི་དག་གི་ཐོག་ཏུ་བོད་མི་སེམས་ལྡན་ཞིག་ཡིན་ན་བཀའ་དྲིན་ལ་བསམ་གཞིགས་བྱེད་དུས་མིག་ཆུ་སེམས་སུ་ལྷུང་ཡོང་བ་ཆོས་ཉིད་ཤིག་ལོས་ཡིན། བཀའ་སློབ་འདིས་ནག་བསུབས་མ་ཐུབ་པར་ཕྱེད་རང་བཙན་ལྷག་ཡོད་པར་བསྟན་གྱི་ཡོད།
    མ་འོང་བོད་རང་བཙན་ལེན་སྟངས།
    བཙན་བྱོལ་ནང་གི་རྩོམ་པ་པོའི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་སྡོམ་ཚིག་འདི་འདྲ་ཞིག་གནང་ཡོད།་་བདག་གིས་གོ་སྐབས་གང་ཞིག་རེ་བ་རྒྱག་གིན་ཡོད་ཟེར་ན་རྒྱ་ནག་དམངས་གཙོར་འགྱུར་བའི་ཉི་མ་དེའོ།དེའི་བར་ལ་ང་ཚོས་གཞན་མ་ཐུབ་ན་ཆོག
    ངེས་པར་ཐུབ་དགོས་པ་གཅིག་ཡོད་པ་ནི་རང་གི་རིག་གཞུང་དང་རང་ཉིད་མཉམ་གནས་ཐུབ་རྒྱུ་འདི་རེད།ཞེས་གསུངས་ཡོད།སྡོམ་ཚིག་འདི་ནི་ཁོང་མི་གཅིག་གི་བསམ་ཚུལ་ཙམ་མིན་པར་བོད་མི་ཤེས་ཡོན་ཅན་མང་ཆེ་བས་བསམ་ཚུལ་ཞིག་རེད།
    འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་ཐོག་ནས་ང་རང་ཚོས་ངོས་ནས་རང་བཙན་དང་རང་སྐྱོང་གང་བཤད་ཀྱང་གུང་ཁྲན་ཏང་གིས་དཔོན་རིགས་ཚོས་ངོས་ནས་ངོས་ལེན་བྱས་མེད་ལ་མ་འོང་པ་ཡང་ངོས་ལེན་བྱེད་ཀྱི་མ་རེད།ད་་་ང་ཚོ་ལ་ཐབས་ཤེས་གཅིག་ཡོད་པ་ནི་གུང་ཁྲན་ཏང་ཤི་སྒུག་བྱེད་ཀྱི་འདིར་རེད།གུང་ཁྲན་ཏང་ཚེ་ཐུང་རེར་གཏོང་རྒྱུ་དེར་རེད།ང་ཚོས་གུང་ཁྲན་ཏང་ཤི་སྒུག་བྱེད་པའི་དུས་ཡུན་ནང་རང་ཉིད་ཤི་མི་འགྲོ་བ་གནང་དགོས་པ་ནི་གནད་འགག་ཆེ་ཤོས་རེད།རང་ཉིད་དང་མཉམ་དུ་རང་གི་སྐད་ཡིག་གཙོ་བོ་གྱུར་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་རྣམས་སུ་བདག་པོ་རྒྱབ་ཐུབ་དགོས། སྐད་ཡིག་དང་རིག་གཞུང་བདག་པོ་རྒྱབ་སྟངས་༢༠༠༩ལོར་བྲིས་པའི་ཐ་སྙད་གསར་པའི་སྐོར་གྱི་རྩོམ་ཡིག་ནང་དུ་གསལ་བསྟན་བྱས་ཡོད་ལ་མ་འོང་བཀའ་སྤྱི་གཉིས་སུ་སྙན་ཞུ་ཕུལ་བརྩིས་ཀྱང་ཡོད་པས་འདིར་གསལ་བཤད་དགོས་པར་མ་མཐོང་།
    རང་བཙན་རྩོད་དུས་སུ་དང་པོར་རྩོད་ས་ངོས་འཛིན་ལ་དབྱེ་ན་གཉིས་ཡོད།གུང་ཁྲན་ཏང་དང་འཛམ་གླིང་རྒྱལ་སྤྱི་གཉིས་རེད།དང་པོར་གུང་ཁྲན་ཏང་གི་མཉམ་དུ་བོད་རང་བཙན་བཤད་ས་མེད།བོད་རང་བཙན་བཤད་ན་གུང་ཁྲན་ཏང་གིས་ང་ཚོ་གསོད་ཀྱི་རེད།གནད་དོན་གཅིག་རེད།གཉིས་ནས་གུང་ཁྲན་ཏང་འདིས་རྒྱ་ནག་མི་དམངས་ཀྱི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདག་པོ་ཡང་མིན་པས་སྐད་ཆ་བཤད་ཀྱང་ཕན་ཐོགས་མེད།རྗེས་སུ་རྒྱ་ནག་ནང་དུ་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་དང་དབུ་ཁྲིད་སླེབས་དུས་སུ་བདག་པོའི་མཉམ་དུ་རང་བཙན་དང་རང་སྐྱོང་གང་བཤད་ནའང་དོན་དངོས་དང་མཐུན་པ་རེད། གྲུབ་འབྲས་ཤིག་ཀྱང་ཡོང་ངེས་རེད།
    རྒྱལ་སྤྱིའི་ནང་དུ་བོད་རང་བཙན་རྩོད་སྟངས།
    འཛམ་གླིང་འདིའི་ཐོག་ཏུ་མི་སྡེ་ཡི་སྤྱི་ཚོགས་ཤིག་དང་ཡུལ་ལུང་ཞིག་ལ་རྒྱལ་ཁབ་ཀྱི་ཐོབ་ཐང་ཡོད་མེད་དང་རང་བཙན་ཡོད་མེད་གཞིར་འཛིན་ས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་བསྐྱེལ་ཡོད་མེད་རེད།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་རྒྱལ་ཁབ་༡༩༢ཡོད།རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་འཛུལ་ཞུགས་བྱེད་པར་ཚོགས་ཁུངས་ཀྱི་རྒྱལ་ཁབ་དེ་དག་གིས་ངོས་ལེན་གནང་དགོས།གུང་ཁྲན་ཏང་གིས་ངོས་ལེན་གནང་གི་མ་རེད་ཏེ་ཁོ་རྒྱལ་ཁབ་གཅིག་གཅིག་པོ་རེད།དམངས་གཙོའི་སྤྱི་ཚོགས་ནང་དུ་གཅིག་གི་ཤུགས་ཙམ་མ་གཏོགས་མེད། གུང་ཁྲན་ཏང་ལ་རེ་བ་མི་རྒྱབ་ཁོ་ཕར་ཞོག
    ད་་་རྒྱལ་སྤྱིའི་་ཚོགས་ཁུངས་ཡིན་པའི་རྒྱལ་ཁབ་༡༩༡་གིས་ངོས་ནས་བོད་རང་བཙན་ལ་ངོས་ལེན་ཡོང་ཐབས་བྱེད་དགོས།རྒྱལ་ཁབ་དེ་དག་གི་ནང་ནས་རྒྱལ་ཁབ་༣༧ཙམ་གྱི་ནང་དུ་བཙན་བྱོལ་བོད་མི་གནས་བསྡད་བྱས་ཀྱི་ཡོད།བཙན་བྱོལ་བོད་གཞུང་གི་ཚོགས་ཁུངས་ཡིན་པའི་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཡོད།རང་རང་གིས་རང་ཉིད་ཀྱི་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་དེ་དག་གིས་བཙན་བྱོལ་གཞུང་འདིར་སྐྱབས་བཅོལ་གཞུང་ཞིག་དང་བོད་རྒྱལ་ཁབ་འདི་རྒྱལ་ཁབ་ཤིག་ཡིན་པར་ངོས་ལེན་ཡོང་ཐབས་ཁྲིམས་གཏུག་བྱེད་དགོས།
    བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྱང་འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་ནས་བཙན་བྱོལ་བོད་མིའི་སྐྱབས་ཡུལ་གྱི་རྒྱལ་ཁབ་ཁག་གི་ཁྲིམས་ཁང་་ནང་དུ་ཁ་མཆུ་རྒྱབ་དགོས་ལ་རྒྱལ་ཁབ་རེ་རེས་ངོས་ནས་བཙན་བྱོལ་བོད་གཞུང་འདིར་སྐྱབས་བཅོལ་གཞུང་ཡིན་པ་དང་བོད་རང་བཙན་ཡིན་པར་རྒྱལ་སྤྱིས་ངོས་ལེན་ཡོང་ཐབས་ཀྱི་རྒྱབ་སྐྱོར་འཚོལ་དགོས།འཛམ་གླིང་ཐོག་གི་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱེད་ས་དང་དྲང་བདེན་བཤད་ས་ཡོད།ང་ཚོས་རྒྱབ་སྐྱོར་ཐོབ་ངེས་ཡིན་པས་ཡིད་ཆེས་བྱེད་ཆོག
    སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་དང་རྩ་དོན་གསུམ་གསུངས་ཡོད་པ་རྣམས་བེད་སྤྱོད་ཀྱིས་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱ་ཆོགལྷག་པ་ཏུ་༧གོང་ས་མཆོག་གི་གཟི་བརྗིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་རེད།འདིར་བེད་སྤྱོད་བྱེད་ཆོགབོད་ཀྱི་ཁོར་གཡུ་ཡི་ནུས་པ་བེད་སྤྱོད་བྱེད་ཆོག ད་དུང་ཁ་མཆུ་མ་ཐོབ་ན་ཞི་བའི་ངོ་རྒོལ་གྱི་ཐོག་ནས་སྲོག་བེད་སྤྱོད་གཏོང་ཆོག བོད་མི་མང་པོས་བོད་ཀྱི་རྩ་དོན་ཐོག་ཏུ་ཤི་དགོས་པ་བྱུང་ན་གྲལ་སྒྲིག་ཡོད་ཞེས་བཙན་བྱོལ་བོད་གཞུང་ལ་དེབ་བསྐྱེལ་བྱས་ཡོད། འདི་དག་ནི་ཁྲིམས་གཏུག་གི་ནུས་པ་ཐོན་པའི་ཆ་རྐྱེན་ཡིན།
    ཁྲིམས་གཏུག་ཐུབ་པའི་ཁྲིམས་རྩོད་པ།
    ང་ཚོ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་སུ་མཁས་པའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་བསླེབས་ཡོད་པ་ནི་ཁྲིམས་རྩོད་ཐུབ་པའི་ཁྱད་ཆོས་གལ་ཆེ་ཞིག་ཚང་བ་རེད།
    དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཁྱད་ལས་སློབ་སྦྱོང་ཡོད་པ་བོད་མི་མི་ཉུང་བ་ཞིག་ཡོད།ཁྲིམས་རྩོད་པ་བོད་མི་འདི་དག་ནི་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གལ་ཆེན་པོ་ཆགས་ཡོད།མ་འོང་པ་ཡང་ཁྲིམས་རྩོད་པའི་ཁྱད་ལས་པ་བོད་མི་མང་པོ་ཐོན་ངེས་རེད།ང་ཚོས་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་རེད།ཁྲིམས་རྩོད་པ་འདི་དག་བཙན་བྱོལ་བོད་གཞུང་གིས་ངོས་ནས་བདག་པོ་ཡག་པོ་རྒྱབ་དགོས་ལ་བེད་སྤྱོད་ཡག་པོ་གཏོང་དགོས།འཛམ་གླིང་ཐོག་ཏུ་ཡོད་པའི་བོད་མི་ཁྲིམས་རྩོད་པ་རྣམས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ས་གནས་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་ཁྲིམས་གཏུག་བྱེད་སྟངས་གཏན་འབེབས་བྱ་དགོས།བཙན་བྱོལ་བོད་མི་རྣམས་ཀྱིས་ཁ་ཕྱོགས་དང་ལམ་ཕྱོགས་གཅིག་གི་ཐོག་ནས་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིས་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ལ་སྒྱུར་ཐུབ་པ་བྱེད་དགོས།
    འཇམ་དབྱངས་ནོེར་བུ་ལགས་ཀྱིས་སྔར་ནས་སྟོན་བསྡད་པའི་བོད་རང་བཙན་གྱི་དཔང་རྟགས་རྣམས་དང་དཔང་རྟགས་གང་ཡོད་པ་ཚང་མ་གྲལ་སྒྲིག་ཡོད་པའི་ཐོག་ནས་ཁྲིམས་ཁང་ནང་དུ་སྟོན་དགོས།བཙན་བྱོལ་བོད་གཞུང་གིས་ཁ་མཆུ་རྒྱབ་སྟངས་གཏན་འབེབས་ཚར་དུས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ས་གནས་ས་ཐོག་ཏུ་ལག་ལེན་བསྟར་དགོས།ཁྲིམས་རྩོད་པ་དང་དཔང་རྟགས།འཛམ་གླིང་ཐོག་གི་སྐད་ཡིག་མང་ཤོས་བཙན་བྱོལ་བོད་མིས་ཤེས་ཀྱི་ཡོད་པ།འཛམ་གླིང་རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ཤེས་ཀྱི་ཡོད་པར་སོགས་བོད་མི་རིགས་འདི་ལ་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་བཟང་པོ་ཞིག་ཚང་བསྡད་ཡོད་ད།ཀི་ཧུ་ཧུ།་་ཀི་ཧུ་ཧུ།་་ཀི་ཧུ་ཧུ།།
    ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆད་དགོས་ཟེར་བར་འདི་འདྲ་ལ་གོ་དགོས་པར་འདོད་དོ།
    རྒྱ་ནག་གི་དམངས་གཙོ་ལ་བོད་མིའི་འགན་ཁུར།
    རྒྱ་མི་རིགས་དུང་ཕྱུར་མང་པོའི་རང་དབང་དམངས་གཙོ་ལ་བོད་མིས་འགན་ཁུར་དགོས།རྩོད་རོགས་བྱེད་དགོས།དམངས་གཙོ་དོན་གཉེར་བའི་རྒྱ་རིགས་རྣམས་དང་བློ་སེམས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བ་ལ་ཤུགས་རྒྱབ་དགོས།ང་ཚོས་ངེས་པ་ཏུ་བསམ་བློ་གཏོང་དགོས་པ་ནི་མི་དམངས་བཅིངས་གྲོལ་དམག་ཟེར་བ་འདི་རྒྱ་ནག་མི་དམངས་གསོད་མཁན་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས། འདི་ལ་གཟབ་དགོས།
    གུན་ཁྲན་ཏང་དམངས་གཙོ་ལ་སྒྱུར་དགོས་པ་ནི་སྤྱིར་མི་སེར་དུང་ཕྱུར་༡༣་གྱི་རང་དབང་དང་སྒེར་བོད་མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བ་ཆེ་བས་བོད་ཕྱི་ནང་གཉིས།བོད་གཞུང་དམངས་གཉིས་ཀྱིས་ཤུགས་རྒྱབ་ནས་རྒྱ་ནག་དམངས་གཙོ་ལ་སྒྱུར་ཐུབ་པ་བྱ་དགོས།
    མི་དམངས་བཅིངས་འགྲོལ་དམག
    གུང་ཁྲན་ཏང་དམངས་གཙོ་སྒྱུར་བ་ལ་མི་དམངས་བཅིངས་འགྲོལ་དམག་ལ་བསམ་བློ་གཏོང་དགོས། མི་དམངས་བཅིངས་འགྲོལ་དམག་འདི་རྒྱ་ནག་མི་དམངས་གསོད་པའི་ཤན་པ་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས།རྒྱ་ནག་ནང་དུ་དམངས་གཙོའི་ལས་འགུལ་བས་གྱེན་ལང་ཆེན་པོ་བྱུང་ན་མི་དམངས་བསྡམས་གསོད་བྱེད་མདོག་ཁག་པོ་རེད།འཇིགས་སྣང་ཆེ་ཤོས་འདིར་རེད།རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས་བསམ་བློ་གཏོང་དགོས་པའི་སྐད་ཆ་གཅིག་རེད།
    མི་དམངས་བཅིངས་འགྲོལ་དམག་གིས་མི་སེར་མི་གསོད་པའི་གདེང་ཚོད་མེད་ན་རྒྱ་ནག་དམངས་གཙོ་ལ་སྒྱུར་འདོད་བྱེད་ན་ནོར་འཁྲུལ་རེད།དང་པོར་མི་དམངས་བཅིངས་འགྲོལ་དམག་ལ་བསླབ་བྱ་རྒྱབ་དགོས།དེ་ཡང་དམག་མི་དེ་དག་ལ་ཨ་མ་ཡོད་མདོག་ཁག་པོ་རེད།རང་རང་གི་ཨ་མ་ལགས་ཚོས་རང་གི་བུ་དེ་ཨ་མ་རང་ཉིད་མི་གསོད་པའི་དམག་མི་ཞིག་དང་སྤུན་ཟླ་མི་གསོད་པ།རྒྱ་ནག་མི་དམངས་དུང་ཕྱུར་༡༣་གྱི་ཐོག་ཏུ་མེ་མདའ་མི་རྒྱབ་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་མི་ཞིག་ཡོང་ཐུབ་པའི་བསླབ་བྱ་རྒྱབ་དགོས།
    རྒྱ་ནག་གི་རྩོམ་བྲིས་པ་དང་སྒྱུ་རྩལ་བ།གླུ་བ་དང་གླུ་མ་བཅས་ཀྱིས་མི་དམངས་བཅིངས་དམག་ལ་མི་དམངས་གསོད་མི་ཉན་པའི་བསླབ་བྱ་རྒྱབ་རོགས་བྱོས།།རྒྱ་རིགས་དུང་ཕྱུར་མང་པོའི་སྲོག་གི་ཆེད་དུ་བསམ་བློ་ཐོངས། རྒྱ་མཁས་དབང་ཚོ།།
    མཇུག་སྡོམ།
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཐུབ་པའི་ཉིན་མོ་དེ་ནས་བོད་རང་བཙན་ཐོབ་ཚར་བ་རེད་ལ་གུང་ཁྲན་ཏང་ཤི་སོང་ན་ས་ཆ་ཚུར་ལེན་གྱི་གཅིག་པོ་རེད།གུང་ཁྲན་ཏང་སྡོད་པའི་རིང་དུ་བོད་མི་རྣམས་ཀྱིས་མ་འོང་བོད་རང་བཙན་ཐོབ་དུས་སུ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས།ཕྱི་རྒྱལ་ཁབ་ཁག་གི་ཁྱད་ལས་བོད་ཡིག་ནང་དུ་སྒྱུར་བ་དང་ཁ་བ་རི་པ་ལ་དགོས་མཁོ་ཆེ་བའི་རིག་གནས་རྣམས་ནང་འདྲེན་བྱེད་དགོས།དེ་འདྲ་མ་ཐུབ་ན་རང་བཙན་ཐོབ་ཀྱང་བདེ་སྐྱིད་མི་ཐོབ།རང་བཙན་ཐོབ་ཀྱང་རང་ཡུལ་ཟིན་མི་ཐུབ། རང་བཙན་ཐོབ་ཀྱང་འཚོ་བ་མི་འཁྱོངས།ངེས་པ་ཏུ་བྱ་ཐུབ་པ་བྱེད་དགོས།
    ངས་ཅིག་བཤད་པ་འདི་༧གོང་ས་མཆོག་གི་རྒྱ་སྐྱིད་བོད་བདེ་ཡི་ལྟ་གྲུབ་དང་མི་འགལ་ལ་བཀྲས་མཐོང་གི་རང་ཐག་རང་གཅོད་ཀྱི་ལམ་ཕྱོགས་དང་མཐུན་གྱི་ཡོད།བདེན་པ་ཁྲིམས་ལུགས་ཀྱི་མདུན་སར་ཨུ་ཚུགས་རྒྱབ་སྟངས་འདི་ཟམ་གདོང་གི་བདེན་པའི་ཨུ་ཚུགས་ཟེར་ནའང་འདི་འདྲ་ཞིག་མིན་ནམ་སྙམ།དགེའོ།
    རྩམ་པ་ཡུན་རིང་ཟས་པའི་རིན་འབབ་ལ།
    རྩམ་གཟན་བོད་མི་རྣམས་ཀྱི་ཞབས་དྲུང་དུ།
    རྩམ་ཕྲུག་ཅོ་རིའི་སྙིང་གིས་མ་བཟོད་པར།
    རྩམ་སྐད་འདི་དག་ཁ་ནས་ཤོར་སོང་ངོ།།༢༠༡༡ལོར་སྤྱི་ཟླ་༡༢པའི་ཚེས་༡༣ཉིན་བྲིས།བོད་རང་བཙན་རྒྱལ་ལོ།།

  18. ཅོ་རི་ཉི་མ། says:
    2013-06-13 at 7:24 am

    དགོངས་དག་་་སྤྲུལ་སྐུ་རིན་པོ་ཆེན་དབང་ཆུང་ལགས་་་ངས་མཆན་བུ་འདེབས་ས་ནོར་འདུག ཁྱོད་ཀྱི་ཀ་རྩོམ་སྙན་དྲག་ནས་བཀླབས་མཁན་བསླེབས་པ་མིན། བློ་མཐུན་ཞིག་གི་མཆན་བུ་བཀླགས་མཁན་བསླེབས་ཡིན། དེ་བརྟེན་མཆན་བུ་བཏབ་ས་ནོར་སོང་བ་རེད།།

    གྲྭ་ལོག་གྲྭ་བའི་གྲོགས་པོ་རེད།
    སྐྱིད་གཏམ་སྡུག་གཏམ་བཤད་ས་རེད།
    གསང་བ་མི་དགོས་ཤེས་གསལ་རེད།
    ཁ་རྒྱག་ཁོག་གཙང་གྲོགས་པོ་རེད།

  19. ལྷ་སྒང་བློ་ཆོས་གྲགས། says:
    2013-06-14 at 7:03 am

    ཀི་ཀི་ཀུ་ཀུ་ཀེ་ཀེ་ཀོ།།
    ཁུ་ཁུ་ཁོ་ཁོ་ཁེ་ཁེ་ཁི།།
    གོ་གོ་གེ་གེ་གུུ་གུ་གི།།
    ངེ་ངེ་ངི་ངི་ངོ་ངོ་ངུ་།།

  20. དགེ་འདུན་རྒྱ་མཚོ། says:
    2013-06-14 at 8:00 am

    འགྲེལ་བ་བརྒྱ་བརྒྱབ་ཀྱང་གོ་བ་མི་ཐོན་པའི་སྙན་ངག་གཏིང་ཟབ་པོ་ཞིག་འདིར་བྲིས་འདུག
    སྔོན་ཆད་བོད་རྒན་ཚོས་སྙན་གཞུང་མེ་ལོང་མ་སྦྱངས་ཀྱང་དོན་མི་གོ་བའི་སྐབས་དཔེ་བརྗོད་འདི་འདྲ་བཞག་ནས་དགེ་ཕྲུག་ཚོར་མགོ་སྐོར་བཏང་མྱོང་བ་རེད།
    ད་གཟོད་འདིའི་རིགས་ལ་ཁོངས་མེད་པས་རྐུབ་བརྡོལ་ཚར་བ་རེད།
    ད་ལྟ་ང་ཚོའི་རང་གི་བརྡ་སྤྲོད་དང་མཐུན་པའི་སྙན་གཞུང་གསར་བ་ཞིག་འབྲི་དགོས་པའི་དུས་ལ་བབས་ཡོད།
    དེ་ནས་ཡི་གེ་ལྕི་ཡང་དང་འཇམ་རྩུབ། རིང་ཐུང་དང་སྲོག་ཅན་དང་སྲོག་མེད་སོགས་ཀྱི་རྣམ་བཞག་ལ་འགྱུར་བཅོས་ཏན་ཏན་ཐེབས་ངེས་རེད།
    མ་འོངས་པའི་བོད་ཀྱི་སྙན་ངག་པ་དང་སྙན་ངག་གི་ང་རོ་ནི་ཆེས་མཐོ་བའི་ཇོ་མོ་གླིང་མའི་དབུ་རྩེ་ནས་བསྒྲག་ངེས་ཡིན།

  21. འདྲེ་རྐང་ཐོ། says:
    2013-06-17 at 6:03 am

    བཟང་གི་་་བཟང་གི

  22. དབྱངས་ཅན་འབངས། says:
    2013-06-17 at 9:30 am

    སྤྲུལ་སྐུ་དབང་ཆེན་ཟིང་ཆ་ཚ་བ་དེ།།
    ཀ་ཁའི་གོ་རིམ་འཁྲུགས་པ་དེ་ཡིས་ཤེས།།
    ཁ་ལྔ་པ་དེ་གཉིས་པར་ཀློག་ན་ཡང་།།
    གོ་བ་ལེགས་ཕྱིར་གོང་འོག་འཁྲུགས་པར་ངེས།།

    མཆན་པ་མང་པོས་ཚིག་མཚོན་དྲག་འབེབས་ཀྱང་།།
    མི་བསྒུལ་བྲག་དང་འདྲ་བར་བསྡད་ཁུལ་ཀྱང་།།
    བསམ་གཏན་སྒྲོལ་མས་ཉེན་ཁག་བཙུགས་པ་དེ།།
    དངོས་པོར་གནས་པའི་བདེན་པ་མིན་ན་ཐང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme