Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྙིང་མའི་རྫོགས་ཆེན་གྱི་བྱུང་ཁུངས་བརྒྱུད་པའི་བླ་མའི་སྐོར་ཇི་ལྟར་ཡིན་ཚུལ་རོབ་ཙམ་བརྗོད་པ།

Posted on 2013-06-082013-06-08 By ཁ་བརྡ་ 54 Comments on རྙིང་མའི་རྫོགས་ཆེན་གྱི་བྱུང་ཁུངས་བརྒྱུད་པའི་བླ་མའི་སྐོར་ཇི་ལྟར་ཡིན་ཚུལ་རོབ་ཙམ་བརྗོད་པ།

གངས་སེང་།

སྟོན་པ་ཤཱཀྱ་ཐུབ་པ་སྐུ་མི་རྟག་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུ་ཕྱིན་དུས། ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་བྱ་བ་ན། སུ་དྷ་ར་མར་འབོད་པའི་དགེ་སློང་མ་ཞིག་ལས་ཕ་སུ་ཡིན་ངོས་བཟུང་མེད་པའི་ཁྱད་དུ་འཕགས་པའི་སྲས་པོ་ཞིག་འཁྲུངས་སོ། ཁྱེའུ་དེ་ཆེར་སྐྱེས་ནས་ལོ་བདུན་ཙམ་ན་ཨུ་པ་རཱ་ཛ་ཞེས་པའི་རྒྱལ་པོ་ཞིག་ལ་མཆོད་གནས་པཎྜི་ཏ་ལྔ་བརྒྱ་ཡོད་པས་དེར་ཕེབས་ནས་དྲི་བ་གང་དྲིས་ཀྱང་ཁྱེའུས་དྲི་ལན་ཐོགས་པ་མེད་པར་གནང་བས་མཁས་པ་ཀུན་གྱི་ཐུགས་དགྱེས་པར་མཛད། རྒྱལ་པོ་ཡང་དགྱེས་ནས་ཁྱེའུའི་མཚན་ལ་དགའ་རབ་རྡོ་རྗེ་གསོལ། དེ་ནས་ལོ་སོ་བདུན་བར་མཚམས་ལ་བཞུགས་ནས་ཏིང་ངེ་འཛིན་བསྒྲུབས། དེ་ནས་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་གསན་ནས་དེ་དག་གླེག་བམ་ན་བཀོད་དེ་མཁའ་འགྲོ་མ་རྣམས་ལ་གཏད། དེ་རྗེས་འཇམ་དཔལ་བཤེས་གཉེན་གྱིས་དགའ་རབ་རྡོ་རྗེ་དང་མཇལ་ནས་ལོ་བདུན་ཅུ་དོན་ལྔའི་བར་དུ་རྫོགས་པ་ཆེན་པོའི་ཆོས་ཉན་པར་མཛད། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ཟག་ཕུང་མི་མངོན་པར་བྱས་ནས་མྱ་ངན་ལས་འདས་སོ།
དེ་དུས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་བཞི་ཅུ་ཞེ་བཞི་སོང་བར་བཤད་པས། དེ་ལྟར་ན་དགའ་རབ་རྡོ་རྗེ་དགུང་ལོ་བརྒྱ་དང་བརྒྱད་ཅུ་གྱ་བཞི་བཞུགས་པར་གསལ། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་ལོ་བརྒྱ་དང་རྩ་དགུའི་བར་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པར་གྲགས། དེ་ནས་རྒྱ་ནག་ནས་ཤྲཱི་སེངྷ་ཞེས་བྱ་བ་དེ་རྒྱ་གར་ལ་ཕེབས་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ། དེ་ཡང་ཤྲཱི་སེངྷ་ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་ལོ་གསུམ་རིང་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། དེ་ནས་ལོ་བདུན་རིང་གསང་སྔགས་ལ་དཔྱིས་ཕྱིན་པར་སྦྱངས། དེ་ནས་ལོ་བདུན་ཅུ་རྩ་གཉིས་བར་ལ་དོན་མེད་སྟོང་པར་འདུག་ཅེས་བཤད་པས་དེའི་རིང་ཆོས་ཕྱོགས་ཀྱི་བྱ་བ་གང་ཡང་མ་མཛད་པར་འཇིན་རྟེན་གྱི་བྱ་བྱེད་ལ་གཡེང་བར་སེམས། དེ་ནས་རྒྱ་ནག་པོ་སོ་ཡར་ཞེས་བྱ་བར་རབ་ཏུ་བྱུང་ནས་ལོ་སུམ་ཅུར་ཁྲིམས་སྲུང་བར་བཤད། དེ་ནས་རྒྱ་གར་ལ་འགྲོ་རྒྱུའི་ཐུགས་དགོངས་འཁྲུངས་ཀྱང་ལོ་བཅུ་ཙམ་ཕྱིར་འགྱངས་སོ། དེ་ནས་ལོ་གསུམ་རིང་རྫུ་འཕྲུལ་ཞིག་བསྒྲུབས་པས་གྲུབ་བོ།། དེ་ནས་རྒྱ་གར་ལ་ཕྱིན་ནས་འཇམ་དཔལ་བཤེས་མཉེན་དང་མཇལ། དེ་དུས་ཁོང་དགུང་ལོ་བརྒྱ་ལྷག་ཕྱིན་པར་མངོན། དེར་ལོ་ཉེར་ལྔའི་རིང་གདམས་པ་ཞུས། དེ་ནས་འཇམ་དཔལ་བཤེས་གཉེན་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་སོ།།

དེ་དུས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་དང་སུམ་ཅུ་ཕྱིན། དགའ་རབ་རྡོ་རྗེ་འདས་ནས་ལོ་ཉིས་བརྒྱ་དང་བརྒྱད་ཅུ་གྱ་དྲུག་ཕྱིན། དེས་འཇམ་དཔལ་བཤེས་གཉེན་དགུང་ལོ་མ་མཐའ་བཞི་བརྒྱ་ལ་ཉེ་བ་བཞུགས་ཡོད་པར་དཔོག་ཐུབ། དེ་ནས་ཤྲཱི་སེངྷ་ཕྱིར་རྒྱ་ནག་ལ་ཕེབས་སོ།། དེ་རྗེས་རྒྱ་གར་པ་བི་མ་ལ་མི་ཏྲ་རྒྱ་ནག་ལ་ཕེབས་ནས་ཤྲཱི་སེངྷ་དང་མཇལ་ནས་ལོ་ཉི་ཤུའི་བར་སྙན་རྒྱུད་ཀྱི་མན་ངག་ཞུས། འོན་ཀྱང་དཔེ་རྣམས་མ་གནང་བར་བཤད། དེ་ནས་བི་མ་ལ་མི་ཏྲ་རྒྱ་གར་དུ་ཚུར་ཕེབས། དེ་རྗེས་ཛྙཱ་ན་སུ་ཏྲ་ཡང་རྒྱ་ནག་ལ་ཕེབས་ནས་ཤྲཱི་སེངྷ་དང་མཇལ་ནས་ལོ་དགུའི་བར་དུ་སྙན་རྒྱུད་ཀྱི་གདམས་པ་ཞུས། བྱང་ཆུབ་ཤིང་དྲུང་ནས་དཔེ་རྣམས་བཏོན་ནས་གནང་། སྤྲོས་པ་མེད་པའི་དབང་རྣམས་རྫོགས་པར་མནོས། དེ་ནས་ཤྲཱི་སེངྷ་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས། ཛྙཱ་ན་སུ་ཏྲ་རྒྱ་གར་ལ་ཚུར་ཕེབས་ནས་བི་མ་ལ་མི་ཏྲ་དང་ལྷན་དུ་འཛོམས་ནས་བི་མས་ཛྙཱ་ན་སུ་ཏྲ་ལ་སླར་ཡང་ལོ་བཅུ་བཞིའི་བར་དུ་གདམས་པ་ཞུས་པར་བཤད། དེ་ནས་ཛྙཱ་ན་སུ་ཏྲ་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་སོ། དེ་དུས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་དང་དགུ་ཅུ་རྩ་བཞི་ཕྱིན་ཡོད། དེ་ནས་ལོ་བརྒྱད་ཅུ་གྱ་དྲུག་སོང་མཚམས་བི་མ་ལ་མི་ཏྲ་བོད་ལ་ཕེབས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཇལ།
སྐབས་དེར་བི་མ་ལ་མི་ཏྲ་དགུང་ལོ་སུམ་བརྒྱ་ཡིན་པ་དང་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་འདས་ནས་ལོ་སྟོང་དང་བརྒྱད་ཅུ་ལོན་པར་གྲགས། བི་མ་ལ་མི་ཏྲ་ལོ་བཅུ་གསུམ་བོད་ལ་བཞུགས་པར་གསལ། མཐར་ཁོང་གིས་དཔེ་ཆ་རྣམས་གཏེར་ལ་སྦས་རྗེས་རྒྱ་ནག་ལ་ཕེབས་པར་བཤད། དེ་རྗེས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་སུམ་བརྒྱ་ལྔ་བཅུ་ང་བརྒྱད་ཕྱིན་དུས་ལྡང་མ་ལྷུན་གྱིས་རྒྱལ་མཚན་གྱིས་གོང་དུ་སྦས་པའི་དཔེ་རྣམས་གཏེར་ལས་བཏོན། གཏེར་སྦས་ནས་མ་བཏོན་བར་ལོ་༢༦༥སོང་འདུག་ཀྱང་དུས་རབས་ག་དུས་ཡིན་མིན་དཔྱད་དགོས། དེས་ན་དགའ་རབ་རྡོ་རྗེ་འཁྲུངས་ནས་བི་མ་ལ་མི་ཏྲས་བོད་དུ་སྙན་རྒྱུད་ཀྱི་དཔེ་རྣམས་གཏེར་ལ་སྦས་པའི་བར་ལོ་༧༣༣ཕྱིན་ཡོད། དེའི་རིང་བླ་རབས་བཞི་སོང་བ་ནི། དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་མཉེན། ཤྲཱི་སེངྷ། བི་མ་ལ་མི་ཏྲ་བཅས་སོ། ཛྙཱ་ན་སུ་ཏྲ་ནི་བི་མ་དང་དུས་མཉམ་ཡིན་པས་བླ་རབས་ལོགས་སུ་བགྲང་མེད། བི་མ་ལ་མི་ཏྲ་ནི་དུས་རབས་བརྒྱད་པའི་ནང་དུ་ལོ་རྒྱུས་ཐོག་ཏུ་བྱུང་བའི་མཁས་པ་ཞིག་ཡིན་པ་ཡོངས་གྲགས་རེད། ལོ་བདུན་བརྒྱ་ལྷག་གི་རིང་བླ་རབས་བཞི་རིམ་པས་འགྲོ་ཚུལ་འདི་ནི་དངོས་གཙོ་རིག་པ་བའི་དཔྱད་ཚུལ་ལ་གཞིགས་ན་ཡོང་ཡག་མེད་པ་རེད་སྙམ།

འོན་ཀྱང་དག་སྣང་དད་པའི་སྣང་ངོར་འགལ་འདུ་འགྲོ་བའི་རྒྱུ་མཚན་གང་ཡང་བརྗོད་དུ་མེད་པས་རུང་སྙམ། དོན་དངོས་ཐོག་དངོས་གཙོ་རིག་པའི་ལམ་ནས་རྙིང་མའི་རྫོགས་ཆེན་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་གནང་ན་དུས་རབས་བརྒྱད་པའི་ཡན་ལ་བླ་རབས་བཞི་ལས་མ་སོང་བས་དེའི་ལོ་རྒྱུས་ཕུགས་ཐག་རིང་པོ་ཞིག་འདེད་དུ་མེད་པར་སྙམ་པས་དཔྱོད། རྙིང་མའི་རྫོགས་ཆེན་གྱི་ཕུགས་ནི་དགའ་རབ་རྡོ་རྗེ་རང་ལ་གཏུགས་དགོས་པ་ལས་སྟོན་པ་ཤཀྱཱ་ཐུབ་པ་ལ་ཐུག་པའི་ཚུལ་མ་གསལ། དེ་ཡང་དགའ་རབ་རྡོ་རྗེའི་གོང་དུ་སྟོན་པ་བཅུ་གཉིས་སོང་བར་བཤད་ནས། དེའི་ཐ་མ་དེ་ཤཀྱཱ་ཐུབ་པ་བགྲང་ཡང་ཁོང་གིས་ཆོས་འཁོར་བསྐོར་ཚུལ་ནི། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་རྣམ་པ་བཞི་ལ། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་བཅུ་གཉིས་སུ་བསྐོར་ཏེ། ཞེས་པ་ཙམ་ལས་རྫོགས་ཆེན་གསུང་པའི་ཚུལ་གང་ཡང་མ་གསལ་བ་མ་ཟད། ཤཀྱཱ་ཐུབ་པ་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུའི་རྗེས་སུ་དགའ་རབ་རྡོ་རྗེ་གཞི་ནས་འཁྲུངས་པར་བཤད་ཚུལ་ལ་གཞིགས་ན་དེ་གཉིས་བླ་སློབ་ཀྱི་འབྲེལ་བ་རྩ་བ་ནས་ཡོད་ཁུངས་མེད། བརྒྱུད ཚུལ་གཞན་ཞིག་ནི་སྟོན་པ་རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་པ་དང་ཕྱག་ན་རྡོ་རྗེ་གཉིས་ལ་བརྒྱུད། ཕྱག་ན་རྡོ་རྗེས་དགའ་རབ་རྡོ་རྗེ་ལ་བརྒྱུད་ཚུལ་གསལ། དེ་ཡང་རྡོ་རྗེ་འཆང་ནི་སྟོན་པ་བཅུ་གཉིས་ཀྱི་དང་པོ་དེ་ཡིན་པ་ལས་ཤཀྱཱ་ཐུབ་པ་མིན། ཕྱག་ན་རྡོ་རྗེ་ནི་ཡི་དམ་གྱི་ལྷ་ལྟ་བུ་ཞིག་ལས་ལོ་རྒྱུས་དང་ལྡན་པའི་མི་སྣ་ཞིག་མིན། དེས་ན་རྙིང་མའི་རྫོགས་ཆེན་གྱི་སློབ་དཔོན་ཐོག་མ་དེ་དགའ་རབ་རྡོ་རྗེ་རང་ལ་ངོས་བཟུང་ན་ལུང་རིགས་གང་གིས་ཀྱང་གནོད་པ་མེད་པར་སེམས། ཚོད་དཔག་བྱས་ན་ཁོང་དུས་རབས་དྲུག་བདུན་ཙམ་ན་བྱོན་པར་སྙམ།

དཔྱད་གཞིའི་ཡིག་ཆ།
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་བཞུགས།
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
མེས་པོའི་ཤུལ་བཞག ༡༠༨ དེབ་གསུམ་པ་ཤོག་ངོས་༡༡༤ནས་༢༢༠བར།
མེས་པོའི་ཤུལ་བཞག ༡༡༤ དེབ་དགུ་པ་ཤོག་ངོས་༨ནས་༤༢བར།

དཔྱད་རྩོམ།

Post navigation

Previous Post: གདུང་བའི་རྒྱངས་གླུ
Next Post: ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ལ་བསྔགས་པ་དབྱངས་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ།

Comments (54) on “རྙིང་མའི་རྫོགས་ཆེན་གྱི་བྱུང་ཁུངས་བརྒྱུད་པའི་བླ་མའི་སྐོར་ཇི་ལྟར་ཡིན་ཚུལ་རོབ་ཙམ་བརྗོད་པ།”

  1. ལུང་རྟོགས། says:
    2013-06-08 at 1:21 am

    གང་ལྟར་བཤད་རུང་མ་བཤད་རུང་བོན་པོས་རྙིང་ཆོས་རྐུན་མ་རྒྱབ་བན་བོན་ཐེག་པ་རིམ་པ་དགུ་ཞེས་པ་དེ་བྱུང་བ་རེད། རྙིང་ཆོས་ཁུང་དག་མིན་ན་བོན་ཆོས་ཡང་དེ་ལས་མ་འདས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-06-08 at 1:32 am

    དེ་ནས་ལོ་བརྒྱད་ཅུ་གྱ་དྲུག་སོང་མཚམས་བི་མ་ལ་མི་ཏྲ་བོད་ལ་ཕེབས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཇལ།
    སྐབས་དེར་བི་མ་ལ་མི་ཏྲ་དགུང་ལོ་སུམ་བརྒྱ་ཡིན་པ་དང་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་འདས་ནས་ལོ་སྟོང་དང་བརྒྱད་ཅུ་ལོན་པར་གྲགས། བི་མ་ལ་མི་ཏྲ་ལོ་བཅུ་གསུམ་བོད་ལ་བཞུགས་པར་གསལ། མཐར་ཁོང་གིས་དཔེ་ཆ་རྣམས་གཏེར་ལ་སྦས་རྗེས་རྒྱ་ནག་ལ་ཕེབས་པར་བཤད། ་་་་་་་ཟེར།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-06-08 at 1:33 am

    དེས་ན་དགའ་རབ་རྡོ་རྗེ་འཁྲུངས་ནས་བི་མ་ལ་མི་ཏྲས་བོད་དུ་སྙན་རྒྱུད་ཀྱི་དཔེ་རྣམས་གཏེར་ལ་སྦས་པའི་བར་ལོ་༧༣༣ཕྱིན་ཡོད། དེའི་རིང་བླ་རབས་བཞི་སོང་བ་ནི། དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་མཉེན། ཤྲཱི་སེངྷ། བི་མ་ལ་མི་ཏྲ་བཅས་སོ། ཛྙཱ་ན་སུ་ཏྲ་ནི་བི་མ་དང་དུས་མཉམ་ཡིན་པས་བླ་རབས་ལོགས་སུ་བགྲང་མེད། ་་་་་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-06-08 at 1:35 am

    ལོ་བདུན་བརྒྱ་ལྷག་གི་རིང་བླ་རབས་བཞི་རིམ་པས་འགྲོ་ཚུལ་འདི་ནི་དངོས་གཙོ་རིག་པ་བའི་དཔྱད་ཚུལ་ལ་གཞིགས་ན་ཡོང་ཡག་མེད་པ་རེད་སྙམ། ་་་་ཟེར།

  5. བསམ་ཤེས། says:
    2013-06-08 at 1:39 am

    ད་ཚོད་མེད་ཁྱོད་ཚོས། རྫོགས་ཆེན་འདི་ལ་རྫོགས་ཚིག་དང་ཤད་བཞི་འདྲེན་ནས། དགུ་རྫོགས་གནམ་གང་ལ་གཏོང་ས་རེད།

    བླ་མ་མཁྱེན་ནོ། ད་བླ་མ་རང་གིས་མཁྱེན། 

  6. ཀརྡོ་གཉེར་ཕྱག་པ་ says:
    2013-06-08 at 1:39 am

    གངས་སེང་ལགས་ནི།
    ཁོང་སྙིང་ཆོས་ལས་ལྷག་པ། བོན་ཆོས་ལ་དད་ཞེན་ཆེ་བས་འདིར་འདི་ལྟར་བཀོད་པ་མིན་ནམ་སྙམ་ལགས། གང་ལྟར་ཡང་བསྡུས་སྒྲིག་གནང་བ་འདིས་མང་པོར་ཕན་ཐོགས་འོངས་ངེས་འདུག་པས་ངེས་པར་དུ་ཀློགས་པར་མཛོད་ཅིག

  7. ཀརྡོ་གཉེར་ཕྱག་པ་ says:
    2013-06-08 at 1:41 am

    རང་ཉིད་རྙིང་མ་བ་ཅིག་མིན་ན། རྙིང་མ་བའི་རྫོགས་ཆེན་སྐོར་མ་གླེང་ན་མི་མཛེས་སམ། ལགས།

  8. བོད་ལ་ཞེན། says:
    2013-06-08 at 1:54 am

    རྙིང་མ་མ་དག་བཞིན་དུ་བོད་ཀྱི་ཆོས་ལུགས་གཞན་པ་དག་པ་ཞིག་ལུས་ཀྱི་རེད་དྲན་ན་བླུན་རྟགས་ཏེ། ས་དགེ་བཀའ་ཇོ་སོགས་བོད་ཀྱི་ནང་བསྟན་ཐམས་ཅད་ཀྱི་་འབྱུང་ཁུངས་རྙིང་མ་ཡིན་པ་དང་། བླ་བརྒྱུད་ལ་བསམ་ན་ཡང་མཐར་རྙིང་མའི་བླ་བརྒྱུད་དང་མ་འབྲེལ་བ་ཞིག་མེད། གངས་སེང་ལགས། རྫོགས་ཆེན་གྱི་སྟོན་པ་དགའ་རབ་རྡོ་རྗེ་ཡིན་པ་ནི་བདེན་པ་རེད། འོན་ཀྱང་དགའ་རབ་རྡོ་རྗེ་ནི་སྟོན་པ་ཤཀྱ་ཐུབ་པ་ཉིད་དགའ་རབ་རྡོ་རྗེའི་རྣམ་པས་རྫོགས་ཆེན་གསུངས་པ་རེད། དེ་ནི་རྫོགས་ཆེན་གཅིག་བུར་མིན་པ་གསར་རྙིང་གི་སྔགས་བརྒྱུད་ཕལ་ཆེ་བ་སྟོན་པ་ཉིད་རྡོ་རྗེ་འཆང་དང་དུས་འཁོར་སོགས་སུ་སྐུ་བཞེངས་ཏེ་གསུངས་པ་རེད། ཡང་ཕྱག་ན་རྡོ་རྗེ་ནི་ཡིད་དམ་ཡིན་པར་བདེན་ཀྱང་ལོ་རྒྱུས་ཀྱི་མི་སྣ་མ་རེད་ཟེར་བ་ནི་ནོར་བ་ཏེ། མདོ་ཕྱོགས་ནས་བསམ་ན་སྟོན་པའི་ཉེ་བའི་སྲས་ཆེན་བརྒྱད་ནང་གི་ཡ་གྱལ་དང་། སྔགས་ཕྱོགས་ནས་བསམ་ན་རྒྱུད་ཀྱི་བཀའ་བསྡུ་བ་པོ་རེད། ཡང་བླ་བརྒྱུད་ཀྱི་བླ་མའི་སྐུ་ཚེ་ལ་བསམ་ན་བན་དེ་བ་ལས་ཀྱང་བོན་པོའི་ནང་སྐུ་ཚེ་བརྒྱ་ཕྲག་མང་པོ་བཞུགས་པར་བཤད་སྲོལ་ཡོད་པ་མ་བརྗེད་ཤིག

  9. བོད་ལ་ཞེན། says:
    2013-06-08 at 2:08 am

    ལྷག་པར་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལ་དྲི་རྟགས་༼?༽ཏོག་ཙམ་མེད་པའི་བརྒྱ་ཆ་བརྒྱ་ཐམ་པའི་གཙང་མ་ཞིག་འཛམ་བུའི་གླིང་ན་མེད་པ་ཡིན་པ་ཡང་ཤེས་པ་གྱིས།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-06-08 at 2:55 am

    ་་་ ས་དགེ་བཀའ་ཇོ་སོགས་བོད་ཀྱི་ནང་བསྟན་ཐམས་ཅད་ཀྱི་་འབྱུང་ཁུངས་རྙིང་མ་ཡིན་པ་དང་། བླ་བརྒྱུད་ལ་བསམ་ན་ཡང་མཐར་རྙིང་མའི་བླ་བརྒྱུད་དང་མ་འབྲེལ་བ་ཞིག་མེད། ་་་་ཟེར།

  11. ཨོ་རྒྱན་ཉི་མ། says:
    2013-06-08 at 6:04 am

    མི་ལོང་བ་ཞིག་གིས་ལོང་གཏམ་བཤམ་པ་ལ་གོ་རྒྱུ་གང་ཡང་མི་འདུག ལོང་བ་ཚོས་རང་ལ་མིག་ཅིག་འཐོབ་ན་རེ་བས་དུས་ནམ་ཡང་མིག་ལྡན་ལ་རེ་བ་ལྟར། བོན་པོ་འདི་ཚོས་རྙིང་མ་གཙོར་བྱས་པའི་ཆོས་པའི་ཆོས་འབྱུང་དང་། རྒྱལ་རབས་ཁག་ལ་རྒྱུས་ལོན་མང་པོ་བྱས་ཡོད་ས་རེད། གང་ལྟར་ཡང་དམ་པའི་ཆོས་ཀྱི་སྣང་བ་ནུབ་ཅིང་། རིག་གསར་གྱི་སྲོག་སྙིང་མེད་པའི་རྣམ་དཔྱོད་ཀྱི་ལོང་བའི་གང་ཟག་དམུན་པོ་འདི་དག་གིས་བཤད་པ་དང་། བསམ་པ་ལ་ཡིད་རྟོན་དེ་ཙམ་མི་འདུག་མོད། གང་ལྟར་ཡང་ལོག་པའི་ལམ་ལ་མཐའ་མེད་པ་དང་། རྟོག་གེ་བའི་གང་ཟག་དག་གི་རྣམ་རྟོག་ལ་མུ་མེད་པས། གང་བཤད་ན་ཡང་རང་འདོད་རེད། རེད་དེ་བོད་ཀྱི་ལོ་རྒྱུས་ཚད་ལྡན་དང་། རྙིང་པ་ཁག་ཏུ་ཡོངས་གྲགས་ལ་སོང་བ་དང་། མཁས་པ་དུ་མས་དཔྱད་གསུམ་དག་པའི་ལུང་དུ་འཛིན་པ་དག་ལ། བླུན་པོ་གངས་སེང་ཁྱོད་འདྲ་བོ་ཞིག་གིས་སྒྲོ་བསྐུར་གྱིས་ཉམས་དམས་པ་ཁག་པོ་རེད། ཁྱེད་ཅག་བོན་པོ་དག་གི་མཚང་ལ་ཕོག་དུས་འདུག་མ་བཟོད་པར་དམ་པའི་སྐྱེས་བུ་དང་། ལོ་རྒྱུས་ཚད་ལྡན་དག་ལ་ཡང་སྐྱོན་འཚོལ་བའི་འདུན་པ་ཡོངས་སུ་བརྟས་པ་ནི། ཁྱེད་ཅག་གིས་བྲེལ་ཟིང་ངང་གནས་ཡོད་པ་དེས་ཤེས་སོང་། ཁ་སང་ཕྲིན་ཕྲན་གྱི་ལམ་ནས་བོན་པོ་ཞིག་གིས་ཟེར་བ་ལྟར་ན་ངས་༼བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་དགུ་པ།༽པ་དེ་མཐོང་བ་དང་བོན་པོའི་དགེ་བཤེས་དང་། གཙུག་བླ་སོགས་འུར་དིར་རེ་འགྲོ་སོང་ཟེར། དེ་མི་ཚད་པར་ངའི་ཕྲིན་ཕྲན་ནང་བོན་པོ་དེ་ཚོས་འཚང་ཁ་རེད། འགའ་ཞིག་གིས་ལས་འབྲས་དང་། དམྱལ་བའི་སྣམ་སྨིན་གྱིས་གདུག་པདང་། ཡང་འགའ་ཞིག་གིས་མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད་དོ་ཞེས་གདུག་པ་དང་། ཡང་འགའ་ཞིག་གིས་རྙིང་བོན་གཉིས་ཀྱི་འབྲེལ་ལམ་ལ་གནོད་དོ་ཞེས་གདུག་པ་དང་། ཡང་འགའ་ཞིག་གི་མཐུ་གཏད་བྱ་རྒྱུ་ཡིན་ཟེར། ཁ་ཅིག་གིས་རྣམ་དཔྱོད་ཡོད་ན་ལོ་རྗེས་མའི་གངས་ལྗོངས་མཁས་པའི་འདུ་རའི་ནང་ཤོག་དང་། རྣམ་དཔྱོད་བསྡུར་དགོས་ཟེར། གང་ལྟར་ཡང་བོན་པོ་ཚོར་རྫུན་རྐུབ་བརྟོལ་བའི་དོགས་པ་ཆེན་པོ་ཞིག་གིས་ཉེན་ ཡོད་ས་རེད།

  12. ཨོ་རྒྱན་ཉི་མ། says:
    2013-06-08 at 6:15 am

    སྒྲུང་ལྡེའུ་བོན་གསུམ་ལས་གཞན་པའི་བོན་པོའི་སྟོན་པ་དང་། བསྟན་པ་གཉིས་ཀ་གཞི་མ་གྲུབ་བཞིན་སྒྲོ་བཏགས་དེའི་རྗེས་སུ་མིག་གཉིས་བཙུམས་ཏེ། མཆོང་བཞིན་པ་ལ་ངོ་ཚ་དང་། ཁྲེལ་མེད་པར། ད་དུང་བསྟན་པའི་ལ་རྒྱ་དགུང་དུ་འདེགས་ཁུལ་གྱིས་བྲེལ་ལུགས་འདི་དག་ལ་བལྟས་ན། ང་ཚོའི་སྟོན་པ་དང་། བསྟན་པ་དང་། ལོ་རྒྱུས། རྒྱལ་རབས་གང་ལ་བལྟས་ཀྱང་ལོ་ཚིག་ཅུང་ཟད་ཙམ་ལས་སྐྱོན་མི་འདུག་པས། སྤོབས་པ་ཆེན་པོ་སྒོ་ནས་གོ་ལ་རིལ་པོའི་སྒང་དུ་བསྐྱོད་ན་ཡང་མི་འགྲིགས་པ་དང་། མི་མཛེས་པ་ཞིག་གཏན་ནས་མེད་པར་མངོན།

  13. ཨོ་རྒྱན་ཉི་མ། says:
    2013-06-08 at 6:17 am

    བོན་པོའི་ལོ་རྒྱུས་རྫུན་མ་བཟོ་བ་དང་། ཕུང་གསུམ་པའི་གྲྭ་བ་རྫུན་མ་དང་། གསར་ཞེན་ཅན་གྱི་དེང་རབས་པ་རྫུན་མ་གསུམ་གྱིས་བོད་ཀྱི་སྲོག་གཅོད་ངེས་པས། འདི་གསུམ་ལ་རྒོལ་གང་ཐུབ་བྱ་དགོས། རབ་བྱུང་ན་བོད་དང་། བོད་ཀྱི་མི་རིགས། རིག་གཞུང་དང་བཅས་པའི་ཁྲོད་ནས་གནས་དབྱུང་གཏོང་དགོས་སོ། །

  14. ཨོ་རྒྱན་ཉི་མ། says:
    2013-06-08 at 6:48 am

    http://blog.amdotibet.cn/ogyenling/archives/90590.aspx

  15. གངས་སེང་ says:
    2013-06-08 at 7:08 am

    ཨོ་རྒྱན་ཉི་མ་ལགས། ལུང་དང་རིགས་པའི་སྒོ་ནས་དངོས་གཙོ་རིག་པའི་དཔྱད་ཚུལ་དང་མཐུན་པའི་རྙིང་མའི་རྫོགས་ཆེན་གྱི་ཕུགས་རྩ་རིང་པོ་ཡིན་ཚུལ་ཞིག་འདིར་འགོད་རྒྱུ་ཡོད་ན་ཁྱེད་ལ་ལེགས་གསོལ་འབུལ་ཆོག དེ་མིན་ཁ་ངན་དང་ཚིག་ངན་བུད་མེད་དྲེད་མའི་གཏམ་ལྟར་དྲ་རྒྱར་འགེང་པར་བྱས་ནའང་སུས་ཀྱང་ཡ་མཚན་བརྩི་རྒྱུ་མ་རེད།

  16. ཨོ་རྒྱན་ཉི་མ། says:
    2013-06-08 at 7:25 am

    ང་སེམས་གཙོ་སྨྲ་བའི་གང་ཟག་ཅིག་ཡིན་པའི་ཆ་ནས་དངོས་གཙོ་ལ་ལྟོས་དགོས་པའི་ངེས་པ་གང་མི་འདུག གནས་ལུགས་དང་མཐུན་མིན་ལྟ་རྒྱུ་ལས། མིག་སྔར་བསྟན་དུ་ཡོད་མེད་དེ་གལ་ཆེན་པོ་མ་རེད། བྱིས་པ་གདོན་གྱིས་རླམ་པའི་སྐད་ཆ་འདྲ་བོ་བཤད་ཀྱི་མ་འདུག གཏམ་བཤད་ན་གནས་ཚུལ་དང་གཏམ་ཤོད།

  17. ལུང་རྟོགས། says:
    2013-06-08 at 8:40 am

    དངོས་གཙོ་དངོས་གཙོ། དེང་སང་བོན་པོ་འདི་ཚོ་དངོས་གཙོ་སྨྲ་བ་ཆགས་ཟིན་པ་འདྲ། དངོས་གཙོ་སྨྲ་བའི་ཆོས་ལུགས་པ་ཞིག་ཁྱད་མཚར་རེད།

  18. གངས་སེང་ says:
    2013-06-08 at 9:22 am

    ལོ་རྒྱུས་བཤད་ན་འགྲོ་བ་མི་དང་མཐུན་པའི་ལོ་རྒྱུས་ཞིག་བཤད་དགོས་ཀྱི་རེད་མ་གཏོགས་ལྷ་སྒྲུང་དང་ཀླུ་སྒྲུང་ལྟ་བུ་ལོ་རྒྱུས་ཡང་དག་བརྩི་རྒྱུ་མ་རེད་དྲ་གྲོགས་ལགས།

  19. བན་དེ་བ། says:
    2013-06-08 at 10:23 am

    གངས་སེང་གིས་རྩོམ་ཡག་པོ་ཞིག་བྲིས་ཤག་ལྷག་པར་དུ་རྙིང་མ་བ་ལ་བསྟོད་པ་བྲིས་པ་ལས་སྨད་པ་བྱས་པ་གང་ཡང་མ་མཐོང་འོན་ཀྱང་མི་བུ་ཆགས་སྡང་གིས་སྨྱོས་པའི་ངོར་རང་གི་ཨ་མའི་ཕོར་གོག་ལས་དེ་མིན་ཐམས་ཅད་བརྩོག་ཏུ་བལྟ་མཁན་རིགས་ཤིག་ལྷ་སའི་ཨབ་སོག་བཞིན་ཨབ་རྒྱུར་ངན་ལོབ་ཤོར་རེད་དེ་ཚོར་ནམ་ཡང་་་་་་མིག་ཟུར་ཙམ་ཀྱང་མ་ལྟས་ན་ལེགས། མི་དེ་རིགས་བསྟོད་ན་ང་རྒྱལ་སྐྱེ། སྨད་ན་ཁོང་ཾཁྲོ་སྐྱེ། དེ་རིགས་སྐྱག་པ་སྐམ་པོ་ལ་ཐོགས་མ་བཏང་ན་དྲི་ངན་ཁོ་རང་ལ་ཆགས་པ་ལས་གཞན་ལ་བྲོ་མི་ཐུབ། དཔེ་དེ་བཞིན་སྣང་མེད་རྣ་རྒྱབ་ཀྱི་དྲི་ཞོན་བཞིན་དུ་གཡུག་ཀྱང་བྱས་ན་ལེགས། མི་དེ་རིགས་ལ་རྩོམ་རྩལ་ནི་མེད། དག་རྒྱུ་ནི་དེ་བས་མེད། ལོ་རྒྱུས་ཁུང་ཐུབ་ཚད་འཕེར་ནི་དེ་བས་ཀྱང་མི་འདུག ག་བ་ག་ས་ལ་སྐྱག་སྐམ་འདྲ་བའི་རྩོམ་སྐྱག་དེའི་ཁ་བྱང་དེ་འཇུག་པ་ནི། འབྲི་མཾཁན་ངོ་མི་ཚ་ནའང་ངེད་ཚོ་ཀློག་མཁན་ངོ་ཚ་ཡོང་གི་འདུག གངས་སེང་ལགས་དེ་ཚོར་ཁ་ལག་མི་འདྲེས་པ་གནང་རོགས། ལྗོན་ཤིང་ལ་བརྟེན་དབྱི་མོང་དེ། དེ་ཉིད་གར་སྐྱེས་དེ་ཡིས་བསླུ། ཞེས་གསུངས་པ་ལྟར་རེད། ངས་དེ་ཚོར་ལྷ་སའི་ཨབ་སོག་ཅེས་བཤད་ཀྱི་ཡོད། ལུང་རིག་གི་བདར་ཤ་གཅོད་དུས་ཁང་པའི་སྦུབས་སུ་ཡིབས་ཀྱི་རེད། ཁ་རོག་གཡུགས་ན་ཨབ་སོག་ཨབ་སྒྲས་ཁྱིམ་མཚེས་ཀྱི་གཉིད་བཀྲོག་གི་རེད། ཨབ་སོག་་་་་་་ཨའུ་ཨའུ་་་་་་་

  20. གངས་སེང་ says:
    2013-06-08 at 10:28 am

    ལགས་སོ། བན་དེ་བ་ལགས་སུ་ཐུགས་རྗེ་ཆེ་ཞུ།

  21. ཨོ་རྒྱན་ཉི་མ། says:
    2013-06-08 at 10:44 am

    ལྷ་སྒྲུང་ཀླུ་སྒྲུང་ལས་སྐྱོ་བ་རྟོག་སྒྲུང་རེད། སྒྲོ་བཏགས་ཀྱི་སྒྲུང་རེད། ཧཧཧཧཧ

  22. བོད་ལ་ཞེན། says:
    2013-06-08 at 11:11 am

    གངས་སེང་དང་བན་དེ་བ་གཉིས་བོན་པོ་ཕར་བསྟོད་ཚུར་བསྟོད།

  23. བཀྲ་ཤིས་ says:
    2013-06-08 at 11:41 am

    ལྷ་སྒྲུང་ངམ་ལྷ་ཆོས་ལ་མོས་པ་མེད་པ་འདི། རང་ལ་འཇིག་རྟེན་ཆོས་བརྒྱད་ལས་མེད་པའི་རྟགས།

  24. གངས་སེང་ says:
    2013-06-08 at 11:53 am

    རྟོག་སྒྲུང་ལས་སྐྱོ་བ་རྫུན་སྒྲུང་རེད།

  25. BONPO says:
    2013-06-08 at 12:38 pm

    ཆོས་རྒྱལ་ནམ་མཁའི་ནོར་བུས་མཛད་གནང་བའི་་་་གཟི་ཡི་ཕྲེང་བ་་་་ཞེས་པ་དེ་འདིར་འདུག་་་དྲྭ་གྲོགས་ཚོར་དུས་འཁོམ་འདྲ་ཡོད་ན་གཟིགས་དང།
    http://www.rgbm123.com/history/146/
    དཔེ་ཆ་འདིའི་མཚན་བྱང་ངོ་མ་དེ་་་་བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ་་་་ཟེར་གྱི་ཡོད་ས་ཡོད།
    དཔེ་ཆ་འདིའི་མཇུག་བྱང་དུ་བླ་མ་ཁོང་གིས་འདི་ལྟར་བྲིས་གནང་འདུག།
    ཆོས་མིན་བོན་མིན་ལྟས་ངན་གཏམས་སོ་ཞེས། །རིས་ཅན་འགའ་ཡི་ཐུགས་ལ་གཟན་སྲིད་མོད། །ལྟས་ངན་གཡང་དུ་ལེན་ལ་མཁས་པ་དག །ཁུངས་ལྡན་རིག་གཞུང་འཚོལ་ལ་བརྩོན་པར་འོས། །ཇི་སྲིད་བོན་གྱི་ཤེས་རིག་མངོན་འཚོ་བ། །དེ་སྲིད་བོད་ཀྱི་མི་རིགས་གནས་ངེས་པས། །ཡང་དག་བོད་ཀྱི་ལོ་རྒྱུས་འཛིན་པར་བསྐུལ། །བདག་འདྲས་གྲོས་སུ་འདེབས་པ་དོན་ཆུང་ཡང་། །བོད་དུ་སྐྱེས་ནས་བོད་རྩམ་ཟོས་པའི་དྲིན། །ཅུང་ཟད་བསབ་པའི་རྣམ་དཀར་མཐུ་བཙན་པས། །བོད་ཀྱི་ཤེས་རིག་སྣང་བའི་རྒྱན་དུ་ཤོག ། ། །

  26. བན་དེ་བ། says:
    2013-06-08 at 8:08 pm

    ཁ་བརྡ་ལགས་ཁ་སང་སྐྱིད་སྲས་ཀྱི་རྩོམ་དེ་ག་རེ་བྱས་སོང་བ་ཡིན་ནམ། མེད་པར་བྱས་པ་ཡིན་ནམ། ཅིས་ཕྱིར་མེད་པར་བྱས་སམ། དེ་ལ་ཁ་བརྡ་རྩོམ་སྒྲིག་པས་གསལ་བཤད་ཅིག་གནང་རོགས་ཞུག་གི་ཡོད། ད་ཁ་བརྡའི་དྲ་བ་དེ་ལའང་དོག་པ་ཞིག་སླེབས་སོང།

  27. ེསེང་སྟག says:
    2013-06-09 at 12:17 am

    མཆན་ལ་ཡི་ཟབ་གནང་རོགས་ཞུ་བོད་མི་ནང་ཕན་ཚུན་ཁྲུག་རྐྱེན་དུ་མི་འགྲོ་བའི་ངས་པ་མི་འདུག་བུད་མེད་དྲེད་མའི་གཏམ་ལྟར་མ་བཤད་རོགས་ཞུ་ཞུ།

  28. མང་ཐོས། says:
    2013-06-09 at 12:48 am

    ད་ནི་ང་ཚོའི་འཁོར་ཡུག་དེ་ཇེ་དོག་ཇེ་དོག་རེད། མི་ཞིག་གིས་དཔྱད་རྩོམ་རེ་བྲིས་ན་ཡང་ཆོས་རྒྱུད་དང་ཆོལ་ཁ་ག་གེ་མོ་ཡི་མཚང་ལ་ཕོག་འགྲོ་བ་འདི་ཅི་ཞིག་མ་བཟང་ནི་རེད།

  29. བོད་ལ་ཞེན། says:
    2013-06-09 at 1:01 am

    ཆོས་བརྒྱུད་དང་ཆོལ་ཁ་གང་ཡང་རུང་བ་དམིགས་འབེན་དུ་བཟུང་ནས་བྲིས་ན་དེ་ལ་ལོས་ཕོག

  30. ཁ་བརྡ་རྩོམ་སྒྲིག་པ། says:
    2013-06-09 at 1:07 am

    བན་དེ་བ་ལགས།

    ཁ་སང་སྐྱིད་སྲས་ཀྱི་རྩོམ་ཡིག་གང་ཡང་ཁ་བརྡར་རྩ་ནས་འབྱོར་མ་སོང་ཞེས་པའི་གསལ་བཤད་འདི་ཁྱེད་ལ་ཆེད་ཞུས་བྱས་པ་ཡིན། དེའི་དབང་གིས་ཁྱེད་རང་ཁ་བརྡ་དྲ་བ་ལ་དོགས་པ་སླེབས་དགོས་དོན་དེ་ཅི་ཡིན་ནམ་སྙམ། འབྲེལ་མེད་དོན་མེད་ཀྱི་མུན་ནག་འདོམ་འཇལ་ལྟ་བུ་མི་གནང་བར་ཞུ། དོགས་པ་ཅི་བྱུང་ཁ་བརྡར་ཐད་ཀར་གསུང་བར་དགའ་བསུ་ཡོད།

  31. བན་དེ་བ། says:
    2013-06-09 at 2:13 am

    ༡༤༠༽ བན་དེ་བ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༨ གི་ཆུ་ཚོད་ ༢༠ སྐར་མ་ ༡༢
    ཁ་བརྡའི་དྲ་བདག་ལགས་ཁ་སང་སྐྱིད་སྲས་ཀྱིས་བྲིས་པའི་རྩོམ་འདི་ཁ་བརྡའི་ནང་དུ་བཏང་འདུག་སྐབས་དེར་ངས་ཀྱང་དེར་མཆན་བུ་ཞིག་བྲིས་ཡིན། འོན་ཀྱང་དེ་རྗེས་རྩོམ་དེ་མིག་གི་མཐོང་ཡུལ་དུ་མེད་པར་ཆགས་འདུག ངས་དྲི་བ་དེ་ཡིན་དྭོགས་པ་ཡོད་ཟེར་བ་དེ་ཡིན། མ་ཟད་སྐྱིད་སྲས་ཟེར་བའང་དེ་ནས་བཀག་པ་མིན་ནམ། ཁོ་ཡི་མཆན་སོགས་གང་ཡང་མཐོང་རྒྱུ་མི་འདུག

    ༼སྦྱར་ཤོག་ངོས་གཉིས་མ།
    སྐྱིད་སྲས།

    ཁ་སྦུབ་དུག་སྦྲུལ་དྲང་པོར་མི་བགྲོད་པ།།
    སྲིད་པ་ལུགས་འགྲོས་ལྕགས་ཀྱི་ཐམ་ལ་བཏབས།།
    དགེ་སྡུག་མདའ་མོ་ཡོན་པོར་མི་འགྲོ་བ།།
    རྒྱུ་འབྲས་ཐིག་ཤིང་ལས་ཀྱི་གཞུང་རྟར་ཆགས།།

    འོན་ཀྱང་དུས་དང་བསྟུན་པའི་སྟོན་པ་གང་།།
    དུས་རེར་ཞལ་རེ་སྟོན་པའི་འཕྲུལ་ལ་བྱང་།།
    མཛུབ་མོ་ཤར་ཀེར་ནུབ་ལ་འགྲོ་དགོས་པ།།
    དེང་རབས་སྟོན་པའི་གསང་བའི་ཐུགས་དགོངས་ལགས།།

    ཡོན་པོའི་མིག་གིས་དྲང་པོར་མི་སྣང་ཀྱང་།།
    ཡོན་པོའི་ལྕེ་ཡིས་དྲང་པོར་བརྗོད་པར་རེ།།
    གཡས་ཞར་གཡོན་འཐེང་མཁས་པར་ཞལ་འཆེས་པ།།
    དྲང་པོར་བགྲོད་པའི་ལོ་རྒྱུས་ཡོད་རེ་སྐན།།

    ཉི་འོད་སྤར་གྱིས་འགོག་པའི་ཕྱག་རྒྱ་འདི།།
    འུག་པའི་འཁོར་ཚོཊ་དགྱེས་པའི་གསོལ་སྟོན་ཡིན།།
    ལུས་དང་མི་མཐུན་ཡ་མ་བརླ་ཡི་མགོ།།
    རབ་ཏུ་བྲིན་པའི་ལོ་རྒྱུས་དྲེགས་པ་ཅན།།

    མགོ་ཡི་ཞྭ་ཆེན་ལྕི་ན་ལུས་ཀྱི་རྔུལ།།
    རྐང་རྩེའི་ཤིག་ཆེན་བཞག་ན་སྤྱི་གཙུག་སྙེགས།།
    བསྙོན་པའི་གཏམ་ལ་ལ་བདེན་པ་མེད་མོད་ཀྱང་།།
    ཅེས་པའི་དབྱེན་སྦྱོར་དེ་ཡིས་རྒྱལ་ཁམས་དཀྲུགས།།

    གསལ་བྱེད་གདོང་རས་མེ་ལོང་བཞིན་འགྱུར་མ།།
    ལྷ་ཚོགས་དབུས་ན་ལྷ་ཡི་བརྙན་དུ་དོད།།
    བདུད་ཚོགས་དཀྱིལ་ན་སྲིན་བུ་སྒམ་ཚུགས་ཅན།།
    སྒྱུ་མའི་གར་མཁན་མང་འདུས་ཁྲོམ་ན་སྐྱེན།།

    ཀླད་པ་དུང་གི་རྒྱ་མཚོའི་རབ་ཁ་ལ།།
    གནའ་དེང་ཤེས་རིག་ནོམ་ཆེན་ཞག་ཏུ་འཁྱིལ།།
    ཙི་ཏ་མཆོང་གུར་སྨུག་པོའི་ནང་རོལ་ན།།
    ཕྱོགས་སུ་ལྷུང་བའི་ཚད་ཤིང་ཡོན་པོར་བཟུང་།།

    བསམ་ཡས་ཁྲི་ན་མཁན་པོས་སྟོན་པ་མཛད།།
    རྒྱལ་བོའི་འཁོར་ན་མཁན་པོ་རྔོན་པར་སྤྲུལ།།
    མདའ་གཅིག་ཁོ་ནས་གླང་གསད་གླང་རྭ་བཀོག།།
    མཁན་པོ་མདའ་ལ་བྱང་དུ་ཆུབ་ལ་ལྟོས།།

    བློ་གཉིས་མི་ཡིས་འདི་ཕྱིའི་དོན་མི་འགྲུབ།།
    རྩེ་གཉིས་ཁབ་ཀྱིས་ཟ་འོག་འཚེམ་མི་འགྲུབ།།
    ཅེས་པའི་གཏམ་ལ་བདེན་པ་ཡོད་སྲིད་ན།།
    དེང་འདིར་མགོ་གཉིས་དབུ་འཕང་ཅི་ལ་མཐོ།།

    ལས་དབང་གནམ་ལ་བཅོལ་བའི་ཁ་རྩང་དང་།།
    ཕོར་བ་ཕྱི་ལ་བཟེད་པའི་དེ་རིང་ལ།།
    མཐུན་སྒྲིལ་ཟེར་བ་ཁ་ཡི་ནོམ་ཆེན་ཞིག།
    ཐོས་པ་མ་གཏོགས་མཐོང་བའི་ཡུལ་མ་ལགས།།

    བརྒྱ་འདུས་ཁྲོམ་ན་ཁྱོད་ཉིད་ལྷ་རུ་བགྲང་།།
    སྟོང་འདུས་དབུས་ན་ཁྱོད་ཉིད་མི་ལས་སྐྲོད།།
    མི་རེ་སྐྲབ་པའི་སྤྲེའུ་བསྒྱུར་དོན་གཉིས་རེས།།
    འཁོར་ཚོགས་བྱེ་བའི་མིག་འབྲས་རིམ་གྱིས་སྐྲུ།།

    སྟོད་ཕྱོགས་རྫ་ན་སྤྱང་ཀིས་སྟག་པགས་གྱོན།།
    སྨད་ཕྱོགས་སྤང་ན་སྤྱང་ཀིས་ལུག་པགས་གྱོན།།
    སྟོད་སྨད་ཀུན་ན་མི་མཚུངས་ཆ་ལུགས་རེས།།
    རིགས་མཐུན་སྤུན་ཟླའི་ཤ་དང་ཁྲག་ལ་འཇུབ།།

    གཞན་སྐྱོན་མཐོང་བའི་མིག་འབྲས་འབུར་དུ་དོད།།
    རང་སྐྱོན་བརྟགས་པའི་མིག་ཟུང་ཕུ་ན་ཟུམ།།
    གཤོག་པ་མེད་ཀྱང་གནམ་ལ་འཕུར་རབས་བཤད།།
    གཤོག་ཡ་བྲལ་བའི་འཕུར་རྩལ་ངས་མ་མཐོང་།།༽

  32. BONPO says:
    2013-06-09 at 2:24 am

    མཁས་མཆོག་བན་དེ་བ་ལགས།
    སྐྱིད་སྲས་ལགས་ཀྱི་རྩོམ་ཡིག་དེ་འདིར་འདུག་་་་དཔལ་ལྡན་ཁ་བརྡ་ཚང་་་་གིས་མེད་པ་བཟོས་མི་འདུག་ཞུ།
    http://www.khabdha.org/?p=47737#more-47737

  33. བན་དེ་བ། says:
    2013-06-09 at 2:38 am

    དྲ་གྲོགས་བོན་པོ་ལགས་ཐུགས་རྗེ་ཆེ་འོན་ཀྱང་ངས་ཉེ་འཆར་གྱི་རྩོམ་གྱི་རེའུ་མིག་ནང་དུ་དཔྱད་པས་རྙེད་མ་བྱུང།
    རྩོམ་འདི་དང་ལྷན་དུ་བཏང་བ་རྣམས་དེར་འདུག་འོན་ཀྱང་རྩོམ་འདི་རྙེད་མ་བྱུང་ཁྱེད་ནས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

  34. BONPO says:
    2013-06-09 at 2:40 am

    ཆོས་རྒྱལ་ནམ་མཁའི་ནོར་བུས་འདི་འདྲ་ཞིག་ཀྱང་གསུངས་འདུག། །
    སྟབས་ཉེས་པ་ཞིག་ལ་བར་སྐབས་བོད་དུ་བོན་དང་བོན་པོ་རྣམས་ལ་མཐོང་ཆུང་བྱེད་པའི་ལུགས་སྲོལ་ཤུགས་ཆེན་པོ་ཞིག་བྱུང་མྱོང་བ་དེས་བོད་རང་གི་ཤེས་རིག་ལ་གནོད་སྐྱོན་གང་མཚམས་ཤིག་བྱུང་ཡོག་རེད། ང་རང་བཤད་གྲྭར་སྡོད་སྐབས་ང་ཚོའི་ཆོས་གྲོགས་ཀྱི་གྲས་སུ་ལྕགས་ལུང་སྤྲུལ་སྐུ་ཞུ་བའི་བོན་པོ་སྐུ་ཡོན་བཟང་ཞིང་ཐུགས་ཉམས་ཆུང་བ་ཞིག་ཡོད་པ་ཁོང་དང་ང་གཉིས་གྲོགས་པོར་ཆགས་སོང་། ཡིན་ནའང་ངའི་ཆོས་གྲོགས་གཞན་དག་གིས་ང་ལ་མི་དགའ་བའི་རྣམ་འགྱུར་མང་དུ་བསྟན་མྱོང་བ་དང་། སྐུ་ཡོན་དང་ལྡན་པའི་ཆོས་གྲོགས་འགའ་ཤས་ཀྱིས་མར་སྤར་གྱི་ཡོག་རེད། ཟེར་བ་དང་། བོན་གྱི་ལྷ་དབལ་གསས་ཟེར་བ་དེའི་འདོན་ཆོག་ཏུ། ཤཱག་ཐུབ་པད་འབྱུང་བསྣོལ་བའི་གདན་སྟེང་དུ། །དབལ་གསས་སྟག་ལྷ་མེ་འབར་བཞུགས་སུ་གསོལ། །ཟེར་བའང་ཡོག་རེད། ཟེར་མཁན་འདྲ་བོ་བོན་ལ་དམའ་འབེབས་ཀྱི་གཏམ་ཞེ་དྲག་མང་པོ་ཐོས་མྱོང་། གཏམ་དེ་ཚོ་གང་མཚམས་ཤིག་ན་ངའི་སེམས་པ་ལའང་བོན་དང་བོན་པོ་རྣམས་ལ་སྐྱུགས་བྲོ་མཁན་འདྲ་བོ་ཞིག་ཆགས་བྱུང་། དུས་ཕྱིས་བོན་གྱི་སྐོར་ལ་རྟོག་གཞིག་ནན་ཏན་བྱས་པས། གཏམ་དེ་ཚོ་ཁུངས་ལུང་རྩ་བ་ནས་མེད་པ་ཞིག་ཡིན་པའི་བདེན་པ་ར་འཕྲོད་བྱུང་། རིག་པས་དཔྱད་ནའང་བོན་ཡང་དག་ཅིག་ཡིན་ན་གཤེན་རབ་མི་བོ་ཆེ་ཕེབས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། ཨོ་རྒྱན་པདྨ་འབྱུང་གནས་གཞི་ནས་འབྱོན་རྒྱུ་ཡིན་ཙང་དབལ་གསས་ཀྱི་ཞབས་ལ་མནན་ཡོང་ཡག་ཡོད་མ་རེད། ཁུངས་མེད་ཀྱི་གཏམ་དེ་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་བོད་མི་ཚོའི་བློ་ལ་དོག་པ་མང་པོ་ཞིག་བྱུང་ཡོག་རེད།

  35. བན་དེ་བ། says:
    2013-06-09 at 2:44 am

    ༼༣༠༽ ཁ་བརྡ་རྩོམ་སྒྲིག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༡ སྐར་མ་ ༠༧
    བན་དེ་བ་ལགས།

    ཁ་སང་སྐྱིད་སྲས་ཀྱི་རྩོམ་ཡིག་གང་ཡང་ཁ་བརྡར་རྩ་ནས་འབྱོར་མ་སོང་ཞེས་པའི་གསལ་བཤད་འདི་ཁྱེད་ལ་ཆེད་ཞུས་བྱས་པ་ཡིན། དེའི་དབང་གིས་ཁྱེད་རང་ཁ་བརྡ་དྲ་བ་ལ་དོགས་པ་སླེབས་དགོས་དོན་དེ་ཅི་ཡིན་ནམ་སྙམ། འབྲེལ་མེད་དོན་མེད་ཀྱི་མུན་ནག་འདོམ་འཇལ་ལྟ་བུ་མི་གནང་བར་ཞུ། དོགས་པ་ཅི་བྱུང་ཁ་བརྡར་ཐད་ཀར་གསུང་བར་དགའ་བསུ་ཡོད།༽

    ཁ་བརྡའི་དྲ་བདག་ལགས་དགོངས་དག་ཞུ་གི་ཡོད་་་་་་སྐྱིད་སྲས་ཀྱི་རྩོམ་གཅིག་སྐུར་འདུག་གོང་དུ་བོན་པོ་ལགས་ཀྱིས་ཁ་བྱང་དེ་སྐུར་འདུག་པས་དེས་ན་རྩོམ་རྩ་བ་ནས་འབྱོར་མ་བྱུང་གསུངས་པ་དེ་གང་གསུང་གི་ཡོད་མེད་ཤེས་མ་སོང།

  36. བོད་ལ་ཞེན། says:
    2013-06-09 at 3:15 am

    ང་ཚོ་ནང་པ་རྣམས་གཞན་དང་རྩོད་སྐབས་ནང་པའི་མཁས་པས་གསུངས་པའི་ལུང་ཤེས་བྱེད་དུ་བཀོད་པའི་ལུགས་དེ་འདྲ་མེད། འོན་ཀྱང་ཁྱེད་བོན་པོ་ཚང་ནི་བོན་པོའི་མཁས་པས་གསུངས་པའི་ལུང་གཞན་ལ་སྒྲུབ་བྱེད་དུ་འདྲེན་ཅི་ཐུབ་རེད།

  37. ལུང་རྟོགས། says:
    2013-06-09 at 4:33 am

    གང་སེང་ལགས། འགྲོ་བ་མི་དང་མཐུན་པའི་ལོ་རྒྱུས་ཤིག་བཤད་དགོས་ན་བོན་པོ་ཚང་ལ་ཡང་ཁག་པོ་ཡིན་རྒྱུ་རེད། སྟོན་པ་གཤེན་རབ་ལྷ་ཡུལ་ལ་ཕེབས་རབས་དང་། ཀླུ་ལ་ཆོས་གསུང་རབས། མངོན་ཤེས་བཤད་རབས། རྫུ་འཕྲུལ་སྟོན་རབས་ལས་ཅི་ཞིག་བཤད་རྒྱུ་ཡོད།

  38. བན་དེ་བ། says:
    2013-06-09 at 5:00 am

    བོད་ལ་ཞེན། ཆོས་རྒྱལ་ནམ་མཁའི་ནོར་བུ་ལས། བོན་རྒྱལ་ནམ་མཁའི་ནོར་བུ་མ་རེད། བྱས་ཙང་ཁོང་གི་ལུང་དྲངས་བ་དེ་བོན་པོའི་ལུང་ནས་དྲངས་བ་མ་རེད། ནམ་མཁའི་ནོར་བུ་ནི་རྙིང་མ་དཀྲུས་ཀྱང་མི་དག་པའི་རྙིང་མ་བ་ཞིག་རེད། འོན་ཀྱང་ཁོང་ནི་རྒྱལ་ཕྱི་ནང་མི་རིགས་ཀུན་ཏུ་ཁྱབ་པའི་མཁས་པ་ཆེན་པོ་རེད། ཁོང་གིས་ང་ལ་སྒྲུང་སྙན་པོ་ཞིག་བཤད་བྱུང་ཁོང་བལ་ཡུལ་དུ་ཡོད་པའི་རྙིང་མའི་དགོན་པ་ཞིག་ཏུ་ཕེབས་པའི་སྐོར་རེད། འདི་ན་ད་ལྟ་བཤད་པའི་དུས་ལ་བབས་མི་འདུག
    བོད་ལ་ཞེན་ཁྱེད་ལ་ཉན་འདོད་ཡོད་ན་ཡང་ངས་བཤད་ཆོག

  39. གངས་སེང་ says:
    2013-06-09 at 5:37 am

    ལུང་རྟོགས་ལགས། བན་དྷེ་དང་བོན་པོ་སུ་ལའང་འགྲོ་བ་མི་དངམཐུན་པའི་ལོ་རྒྱུས་ཞིག་མེད་གསུང་གི་ཡོད་པས།

  40. བོད་ལ་ཞེན། says:
    2013-06-09 at 6:47 am

    ནམ་མཁའི་ནོར་བུ་རྙིང་མ་ཡིན་མིན་ཚང་མས་ཤེས་ཀྱི་རེད། ཁོང་ནི་བོན་པོ་ལ་ཡོད་པའི་མཁས་པ་གཅིག་བུ་དེ་རེད། ཁོང་རྙིང་མ་ལ་ཚུར་གཡུག་ན་གཡུག་ཤོག་དང་ང་ཚོས་དགའ་བསུ་ཞུ་ཆོག

  41. ེསེང་སྟག says:
    2013-06-09 at 7:04 am

    ལུང་རྟོགས་ལགས་ཀྱི་གསུང་ལ་ལྟས་ན་བོན་པོ་ལ་འགྲོ་བ་མི་དང་མཐུན་པའི་ལོ་རྒྱུས་མེད་པ་འདྲ་དེ་འདྲ་ཡིན་ནས་གནས་ཚུལ་ཁ་གསལ་ཞིག་གསུང་རོགས་གནང་གལ་སྲིད་གསུང་རྒྱུ་མེད་ནས་ཆགས་སྡང་གི་རྒྱུ་ལས་མེད་པས་མ་གསུང་ན་ཡག།།

  42. BONPO says:
    2013-06-09 at 10:22 am

    ང་ལ་ནི་བསྒྲུབ་བྱ་དང་སྒྱུབ་བྱེད་གང་ཡང་མེད་དོ། ལུང་འདྲེན་དགོས་པ་ཡང་མེད། ཁྱེད་རང་ཚོའི་བསམ་ཚུལ་རེད། འོན་ཀྱང་ནམ་མཁའི་ནོར་བུས་འདི་ལྟར་གསུངས་འདུག་ཟེར་ནས་འདིར་བསྟན་པ་ཡིན། །
    བདེན་པ་ཡིན་མིན་མི་ཤེས། ནམ་མཁའི་ནོར་བུས་བོན་པོའི་སྐོར་མང་པོ་ཞིག་བྲིས་པ་དང་བཤད་པ། ལྷག་དོན་རྫོགས་ཆེན་གྱི་ཁུངས་བོན་པོར་བཏུགས་པའི་རྒྱུ་མཚན་གྱིས། ཁྱེད་རང་ཚོའི་ནང་ནས་ནམ་མཁའི་ནོར་བུ་བདུད་ཀྱི་སྤྲུལ་པ་རེད་ཟེར་མཁན་དེ་འདྲ་ཡོད་རེད་ཟེར་བ་གོ་སོང་། དེ་ཚོ་བདེན་པ་ཡིན་ན་ངོ་མ་ཐབས་སྐྱོ་བོ་མ་རེད་དམ།

  43. བོད་ལ་ཞེན། says:
    2013-06-09 at 10:34 am

    བདུད་ཀྱི་སྤྲུལ་པ་ཡིན་མིན་ཧ་མི་གོ་ཡང་རྙིང་མ་མིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད།

  44. དམུ་ཐག་གི་བུ་རྒྱུད། says:
    2013-06-09 at 11:06 am

    རང་རེའི་ལོ་རྒྱུས་ལ་ཆེས་ཆེ་བའི་ནག་ཐིག་འབེབ་མཁན་ནི་བོད་ཀྱི་མི་རྒྱུད་ཀྱི་ཁུངས་དང་རྒྱལ་པོའི་རུས་ཁུངས། ཐ་ན་ཁ་བཏགས་ཀྱི་འབྱུང་ཁུངས་ཀྱང་རྒྱ་གར་ལ་གཏུགས་ཏེ་ད་དུང་ཅིག་ཡིན་མདོག་སྟོན་མཁན་དེ་དག་རེད། ད་ལྟའི་ཆར་ཚན་རིག་གི་ལམ་ནས་དཔྱད་འབྲས་བདེན་དཔང་དུ་འོས་པ་དེ་འདྲ་ཡོད་ནའང་དེ་དག་ལ་ཅི་མི་སྙམ་པར་རང་ལུགས་སུ་བཟུང་བའི་འཁྲུལ་ལུགས་དེ་དག་ལ་ཤི་འཐམ་རོ་འཐམ་བྱས་ཏེ། ལོ་རྒྱུས་རྫུན་བསྒྲིག་གི་ཡིག་ཆ་དེ་དག་ལ་དྲང་ངེས་ཀྱི་རྣམ་དབྱེ་འབྱེད་པའི་བྱེད་སྟངས་འདི་འདྲ་ལས་ཐབས་སྐྱོ་བ་དང་བླུན་རྟགས་ཆེ་བ་ཞིག་གང་ན་ཡོད་དེ། ཉི་འོད་ཅི་ཙམ་གསལ་ནའང་འུག་པར་མུན་པར་འགྱུར་བའི་དཔེ་ཟླ་དེ་དག་ལ་ནི་བྱ་ཐབས་གང་ཡང་མ་མཆིས་སོ།

  45. བོད་ལ་ཞེན། says:
    2013-06-09 at 11:44 am

    རེད། རེད། ཚན་རིག་གི་ཐོག་ནས་ཞིང་ཁམས་ལ་འགྲོ་སའི་དམུ་ཐག་དང་རྒྱལ་རབས་བྱུང་ས་དང་འགྲོ་སའི་དམུ་ཐག་དེ་སྟོན་ཤོག་དང་ཁུངས་རྒྱ་གར་ལ་མ་གཏུགས་ཀྱང་ཆོག

  46. དམུ་ཐག་གི་བུ་རྒྱུད། says:
    2013-06-09 at 12:18 pm

    དེ་མེད་ན་ཡིན་གཅིག་རྒྱ་གར་ལ་ཁུངས་གཏུག་དགོས་པ་ཨེ་རེད། ཧ་ཧཧ།

  47. དམུ་ཐག་གི་བུ་རྒྱུད། says:
    2013-06-09 at 12:21 pm

    ལྷ་དང་དམུ་ཐག་གི་བཤད་སྲོལ་འདིས་བོད་རྒྱལ་གསར་དུ་བསྐོ་བར་གཅིག་གྱུར་གྱི་ནུས་པ་ཤུགས་ཆེན་ཐོན་ཡོད་པ་ལོ་རྒྱུས་ཁག་ལས་ཀྱང་ཤེས་ཐུབ། དེ་ལ་ཆབ་སྲིད་ཀྱི་དགོས་མཁོ་ཟེར་བ་རེད། རྒྱ་གར་ལ་གཏུགས་པ་འདི་ཆོས་ལུགས་ཕྱོགས་ཞེན་གྱི་དགོས་མཁོ་ཡིན་པ་ལས་གཞན་ཅི་ཡོད།

  48. BONPO says:
    2013-06-09 at 12:24 pm

    ནམ་མཁའི་ནོར་བུ་མཆོག་རྙིང་མ་པ་ཡིན་དང་མིན་ཁོང་རང་རང་གིས་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་ཡིན་འགྲོ། ཅིས་ན་ཁོང་ལའང་རང་ཐག་རང་གཅོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཡོད་དགོས་པས་སོ། བཅོམ་ལྡན་འདས་ཀྱིས་ཀྱང་། ང་དང་ང་འདྲ་བས་གང་ཟག་གི་ཚོད་བཟུང་བར་བྱ་ཡི། གང་ཟག་དང་གང་ཟག་གིས་ཚོད་བཟུང་བར་མི་བྱའོ། གསུངས་པ་ཞིག་ཡོད་རབས་ཀྱང་ཐོས། ཁྱེད་རང་གང་ཡིན་པ་དེ་ཁྱེད་ཀྱིས་ལོས་ཤེས། རང་བློ་རང་ལ་ལྐོག་ཏུ་མི་གྱུར་བའི་ཕྱིར། དེ་འདྲ་ཡིན་དུས་ནམ་མཁའི་ནོར་བུ་གང་ཡིན་པ་དེ་ཁོང་རང་རང་གིས་ཤེས་དགོས་རྒྱུ་ཡིན་པ་ལས། ཁྱེད་ཀྱིས་རྙིང་མ་མིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད་ཟེར་ནས་ཐག་ཆོད་མདོག་ཁ་པོས་བཤད་པ་ནི་ཧ་ཅང་ཐལ་སོང་བ་མིན་ནམ། །

  49. BONPO says:
    2013-06-09 at 3:58 pm

    ནམ་མཁའི་ནོར་བུ་མཆོག་ལ་ཕྱི་རྒྱལ་གྱི་སློབ་མ་ཧ་ཅང་མང་པོ་ཡོད་པའི་རྐྱེན་གྱིས། ཨོ་རྒྱན་ཉི་མ་ཟེར་བ་འདིས་་་་ནམ་མཁའི་ནོར་བུས་རྫོགས་ཆེན་གྱི་ཁུངས་བོན་པོར་བཏུགས་པ་དེའི་་སྐོར་ལ་ཚིག་རྡོག་གཅིག་ཀྱང་ཤོད་ཕོད་ཀྱི་མ་རེད། གཞན་དུས་རྒྱུན་དཔའ་མ་ཟེར་ན་ཕལ་ཆེར་ཁོ་མ་གཏོགས་མེད་པའི་བཟོ་འདྲ་བྱེད་ཀྱི་འདུག།
    མི་འདི་དགོས་ས་ལ་ཆད་མི་དགོས་ས་ལ་ལྷག་སྡོད་མཁན་ཞིག་མིན་ན་ཅི་ཡིན། ཨ་ལལལལལལ

  50. གཞོན་ནུ་ཟླ་མེད། says:
    2013-06-09 at 8:28 pm

    ལོ་གཉིས་གོང་ལ་ཁ་བརྡ་ལ་ཡོང་ནས་སྟབས་མ་ལེགས་པར་བན་བོན་རྩོད་པའི་ནང་དུ་ལྷུང་། དེ་ནས་ལོ་གཅིག་གི་གོང་ལ་ཁ་བརྡ་ནང་དུ་སླར་ཡང་མགོ་རྒྱུས་པ་ན། ཡང་བན་བོན་རྩོད་ཀྱི་འདུག་པས་མགོ་སྨན་ཞིག་འཐུང་ནས་ཉལ་བཞག་པ་ཡིན། ལོ་གཅིག་གི་རྗེས་ཀྱི་དེ་རིང་སླར་ཡང་ཁ་བརྡར་སླེབས་པ་ན། ད་དུང་བན་བོན་རྩོད་ཀྱི་འདུག ད་ཅི་དྲག

  51. བོད་ལ་ཞེན། says:
    2013-06-09 at 10:35 pm

    ཆོས་ལུགས་པ་ལྟ་གྲུབ་རྩོད་པ་ནི་སྐྱོན་གང་ཡང་མ་རེད། སོ་སོའི་གྲུབ་མཐའ་འདར་ཤ་གཅོད་པ་ལ་ཕན་གྱི་རེད།

  52. བོད་ལ་ཞེན། says:
    2013-06-09 at 10:42 pm

    ང་ཚོ་དེ་ལ་ཆོས་རྩོད་བྱེད་ཀྱི་ཡོད་མ་གཏོགས་རྒྱག་རེས་ནི་རྒྱག་གི་མེད།

  53. ཀརྡོ་གཉེར་ཕྱག་པ་ says:
    2013-06-10 at 12:07 am

    ༥༠༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༢༠ སྐར་མ་ ༢༨
    ལོ་གཉིས་གོང་ལ་ཁ་བརྡ་ལ་ཡོང་ནས་སྟབས་མ་ལེགས་པར་བན་བོན་རྩོད་པའི་ནང་དུ་ལྷུང་། དེ་ནས་ལོ་གཅིག་གི་གོང་ལ་ཁ་བརྡ་ནང་དུ་སླར་ཡང་མགོ་རྒྱུས་པ་ན། ཡང་བན་བོན་རྩོད་ཀྱི་འདུག་པས་མགོ་སྨན་ཞིག་འཐུང་ནས་ཉལ་བཞག་པ་ཡིན། ལོ་གཅིག་གི་རྗེས་ཀྱི་དེ་རིང་སླར་ཡང་ཁ་བརྡར་སླེབས་པ་ན། ད་དུང་བན་བོན་རྩོད་ཀྱི་འདུག ད་ཅི་དྲག ་་་་ཟེར།

  54. དབྱངས་ཅན་འབངས། says:
    2013-06-12 at 5:44 am

    ༤༨༽ BONPO ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༡༢ སྐར་མ་ ༢༤
    ནམ་མཁའི་ནོར་བུ་མཆོག་རྙིང་མ་པ་ཡིན་དང་མིན་ཁོང་རང་རང་གིས་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་ཡིན་འགྲོ། ཅིས་ན་ཁོང་ལའང་རང་ཐག་རང་གཅོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཡོད་དགོས་པས་སོ། བཅོམ་ལྡན་འདས་ཀྱིས་ཀྱང་། ང་དང་ང་འདྲ་བས་གང་ཟག་གི་ཚོད་བཟུང་བར་བྱ་ཡི། གང་ཟག་དང་གང་ཟག་གིས་ཚོད་བཟུང་བར་མི་བྱའོ། གསུངས་པ་ཞིག་ཡོད་རབས་ཀྱང་ཐོས། ་་་་་་་་་་་་་་་་་་ཟེར།
    ཁྱོད་ཀྱིས་ལུང་ཞིག་ཡོད་ན་དྲངས་ཆོག་གམ་བསམ་གིན་ཡོད་ཚོད། མགོ་མ་ཚོས་ན་དོན་དག་སྐད་ཆ་དྲིས་ལོ། ཧེ་ཧེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme