Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་ངོ་སྤྲོད།

Posted on 2013-05-312013-05-31 By ཁ་བརྡ་ 5 Comments on དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་ངོ་སྤྲོད།

ཙ་ཡུས་ཕུན་ཚོགས།

སྤྱི་ལོ ༡༩༨༩ ལོའི་ཟླ ༦ ཚེས ༤ ཉིན་ནི་རྒྱ་ནག་གསར་རྗེས་ཀྱི་འགོ་བཙུགས་པ་ནས་དམངས་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་གནང་མཁན་ཤེས་ཡོན་པའི་དཔུང་སྡེ་ཞིག་དམར་གསོད་གཏོང་བའི་ཉིན་མོ་ཡ་ང་བ་ཞིག་ཡིན། ཉིན་འདིར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ཁྲག་གིས་བཀྲུས་མྱོང་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ནམ་མཁའ་དུད་སྨུག་གིས་ཟིན་མྱོང་། ཉིན་དེ་ནས་བཟུང་དྲུག་བཞིའི་དོན་རྐྱེན་ཞེས་རྒྱ་ནག་མི་མང་གིས་དུས་གཏན་དུ་བརྗེད་ཐབས་མེད་པའི་དུས་དྲན་ད་ལྟའི་བར་མི་ལོ་ཉེར་གསུམ་རིང་ན་ཟུག་དང་སྐྱོ་གདུང་གིས་སྲུང་བརྩི་བྱེད་ཀྱིན་པ་ཡིན།
དྲུག་བཞིའི་དོན་རྐྱེན་གྱི་འབྱུང་རྐྱེན་ངོ་མ་ནི། རིག་གནས་གསར་བརྗེ་མཇུག་རྫོགས་པའི་རྗེས། རྒྱ་ནག་སྐམ་ཆ་ས་ཆེན་མོ་དམར་ཕྱོགས་ཚོགས་པ་ཁོ་ནས་དབང་བསྒྱུར་ཤུགས་ཆེ་རུ་སོང་བ་དང་། བསྒྱུར་བཅོས་སྒོ་འབྱེད་ཟེར་བའི་དཔལ་འབྱོར་ཁོ་ན་གཙིགས་འཛིན་བྱེད་པའི་སྲིད་བྱུས་རྒྱུན་མཐུད་སྤེལ་བའི་དབང་གིས། རྒྱ་ནག་ནང་སྨྲ་བརྗོད་རང་དབང་དང་། བསམ་བློའི་རིག་གནས་སྣ་མང་གི་ཁོར་ཡུག་ཡོངས་སུ་སྒོ་བརྒྱབ་པ། ལྷག་པར་དུ་ཨུ་རུ་སིའི་ནང་ཀུ་ཨར་པ་ཅོའོ་ཧྥི་(戈尔巴乔夫)སྲིད་འཛིན་དུ་བསྡད་པའི་རིང་། རྒྱ་ནག་དང་ཨུ་རུ་སིའི་བར་འབྲེལ་ལམ་ཤུགས་ཆེ་རུ་སོང་བ་དང་བསྟུན་སྤྱི་ཚོགས་རིང་ལུགས་ཀྱི་དཔོན་འཛིན་རིང་ལུགས་སྲིད་བྱུས་རྒྱུན་འཛིན་བྱེད་པའི་འགོ་སློང་ཏེ། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་ཉིད་དམར་པོའི་ཚོགས་ཁག་གཅིག་གིས་གཅིག་སྡུད་དབང་བསྒྱུར་བྱེད་པའི་སྲིད་བྱུས་རྒྱ་བསྐྱེད་བཏང་བ་སོགས་ཀྱི་དབང་གིས། སྤྱི་ལོ༡༩༨༦ལོའི་ལོ་མཇུག་ཙམ་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་། པེ་ཅིང་སོགས་ས་ཁུལ་ཁག་ནང་དམངས་གཙོ་དང་རང་དབང་། སྒེར་གཅོད་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་པའི་སློབ་མའི་ལས་འགུལ་རིམ་པར་བྱུང་ཡོད་འདུག

གོང་བརྗོད་སློབ་མའི་ལས་འགུལ་གྱིས་གཙོས་པའི་གུང་ཁྲན་ཏང་གི་སྒེར་གཅོད་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་རུ་སོང་བ་དང་། ཤེས་ཡོན་པ་དང་སློབ་གྲྭའི་དགེ་རྒན་སོགས་ཀྱི་སྣེ་ཁྲིད་དེ་ཕྱི་ལུགས་རིག་གནས་ཏེ་སྤྱི་ཚོགས་རིང་ལུགས་ཟེར་བ་ཁོ་ནས་རྒྱ་ནག་གི་དཔལ་ཡོན་ལྡན་པའི་རིག་གནས་གོམས་སྲོལ་སོགས་རྩ་མེད་བཟོ་མི་རུང་བ་དང་། ལྷག་དོན་དམངས་གཙོ་དང་རང་དབང་། བསམ་བློའི་ཁོར་ཡུག་བཅས་ལ་གཏོར་བཤིག་དང་ཚོད་འཛིན་བྱ་མི་རུང་བའི་དགོས་འདུན་རབས་དང་རིམ་པ་བཏོན། དེ་ལྟའི་བསམ་ཚུལ་བཏོན་པར་སྤྱི་ཚོགས་དང་གཞུང་ཕྱོགས་ཁྲོད་གདེང་འཇོག་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་ཡོད་ཀྱང་། དེ་ལྟའི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་སྟོན་མཁན་སྐབས་དེའི་རྒྱ་ནག་གཞུང་གི་སྲིད་བློན་ཧོའུ་ཡོ་པང་(胡耀邦) གིས་གཙོས་པའི་དམངས་གཙོར་དགའ་བའི་མི་སྣ་མང་པོ་གནས་དབྱུང་བཏང་བ་དང་། བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་བྱས། ཁྱད་པར་དུ་དྲུག་བཞིའི་དོན་རྐྱེན་མ་བྱུང་སྔོན་གྱི་འདས་པའི་ལོ་ཤས་ནང་། རྒྱ་ནག་གི་བཟོ་ལས་པ་མང་པོའི་འཚོ་བའི་ཁག་ཐག་གི་གན་རྒྱ་བརྟན་པོ་མེད་པ་དང་། ལས་བཟོ་བ་མང་པོའི་ལས་ཀ་ཤོར་བ། འབྲུ་རིགས་སོགས་འཚོ་བའི་རིན་གོང་སྤར་བ། རྒྱལ་དམངས་དཔལ་འབྱོར་དང་མི་མང་འཚོ་བའི་བར་དོ་མཉམ་མ་ཡོང་བ་སོགས། རྒྱ་ནག་གཞུང་གི་ནང་སྲིད་འཛིན་སྐྱོང་གི་སྲིད་བྱུས་སྤེལ་ཕྱོགས་ཀྱིས་མི་མང་ལ་དོ་ཕོག་ཤུགས་ཆེན་བྱུང་བར་བརྟེན། མི་མང་དང་ལས་བཟོ་བ། སློབ་མ། ཤེས་ཡོན་པ་བཅས་ཀྱིས་གུང་ཁྲན་ཏང་གི་སྲིད་བྱུས་འཛིན་ཕྱོགས་དང་། དམར་ཕྱོགས་ཏང་གི་སྲིད་བྱུས་བསྒྱུར་བཅོས་གཏོང་དགོས་པའི་རེ་འདུན་ཞུ་མཁན་མང་དུ་སོང་ཡང་། རྒྱ་ནག་གཞུང་ཕྱོགས་ཀྱིས་དེ་ལས་ལྡོག་སྟེ་དྲག་པོས་བཙན་གནོན་སྲིད་བྱུས་ཤུགས་ཆེ་རུ་བཏང་།

སྤྱི་ལོ༡༩༨༩ ལོའི་ཟླ ༤ བའི་ནང་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ལ་རྒྱབ་སྣོན་གནང་མཁན་ཧོའུ་ཡོ་པང་གློ་བུར་སྐུ་གྲོངས་བ་དང་། ཧོའུ་ཡོ་པང་གློ་བུར་སྐུ་གྲོངས་པའི་གནས་ཚུལ་པེ་ཅིང་དང་ཧྲང་ཧེ་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཁྱབ་ཏེ་མི་མང་དང་སློབ་ཕྲུག ཤེས་ཡོན་པའི་སྡེ་བཅས་ལ་སེམས་ཚོར་གྱི་སྒུལ་ཤུགས་གསར་བ་བསྣན་པ་དང་། སེམས་ཚོར་དེས་དབང་གིས་སློབ་ཕྲུག་མང་པོས་ཁོང་སྐུ་གྲོངས་པར་མྱ་ངན་རྗེས་དྲན་གྱི་ལས་འགུལ་གང་སར་མཆེད། དེ་བས་པེ་ཅིང་སློབ་ཆེན་སོགས་གཙོ་བའི་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་མང་པོ་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཛོམས་ཏེ། ཧོའུ་ཡོ་པང་སྐུ་གྲོངས་པར་མྱ་ངན་ཞུས་པ་དང་། མྱ་ངན་རྗེས་དྲན་གྱི་ལས་འགུལ་ཁྲོད་སློབ་ཕྲུག་ཚོས་ཧོའུ་ཡོ་པང་མཆོག་ལ་རྒྱལ་ཁབ་གྱི་ངོས་ནས་རིན་ཐང་གསར་བ་འཇོག་པའི་རེ་འདུན་བཏོན་པ་དང་ལྷན། ཉིན་ཤས་རིང་དམངས་གཙོ་དང་རང་དབང་། གུང་ཁྲན་ཏང་གི་སྲིད་བྱུས་བསྒྱུར་བཅོས་གཏོང་དགོས་པའི་རེ་འདུན་ཤུགས་ཆེར་བཏོན། རྒྱ་གཞུང་གིས་སློབ་མའི་རེ་འདུན་འདི་ལ་ཁས་ལེན་དང་གསལ་བཤད་མ་གནང་བར་ལས་འགུལ་མཚམས་མི་འཇོག་པའི་དམ་བཅའ་ཞུས་པ་སོགས་རེ་འདུན་ཁག་བཏོན་ཏེ་སློབ་མའི་ལས་འགུལ་གཞི་རྒྱ་ཆེ་རུ་སོང་བ་དང་སློབ་མའི་གྲངས་འབོར་ཀྱང་ཁྲི་ལྷག་ཟིན། དེ་རྗེས་རྒྱ་ནག་གི་ས་ཁུལ་ཧྲང་ཧེ། ཐེན་ཅིན་དང་། ནན་ཅིན། ཞེ་ཨན། ཁྲང་ཧྲ། གུང་ཀྲོའུ་སོགས་སོགས་སུའང་སློབ་མའི་ལས་འགུལ་གོང་མཚུངས་ལྟར་སྤེལ་བས། ཟླ ༤་ཚེས ༢༢ཉིན་ཧོའུ་ཡོ་པང་ལ་གཞུང་ཕྱོགས་ནས་མྱ་ངན་གྱི་ཆེད་དུ་མི་མང་ཚོགས་ཁང་ཆེན་མོའི་ནང་མྱ་ངན་གྱི་མཛད་སྒོ་མདོར་བསྡུས་ཞིག་བྱས།

སྤྱི་ལོ ༡༩༨༩ ཟླ་༤ ཚེས ༢༦ ཉིན་གུང་ཁྲན་ཏང་གིས་གཞུང་གི་ཡིག་ཆ་ཁག་ནང་དང་གསར་ལམ་ཁག་ནང་སློབ་མའི་ལས་འགུལ་ལ་ཟིང་འཁྲུག་ལས་འགུལ་ཟེར་བ་དང་། གསར་བརྗེ་ངོ་ལོག་གི་ལས་འགུལ་སོགས་མིང་ཆས་འདྲ་མིན་བཏགས་པ་མ་ཟད། གུང་ཁྲན་ཏང་གི་སྲིད་བྱུས་རྒྱུན་མཁྱོངས་ཀྱི་གླེང་སློང་ཤུགས་ཆེན་བྱུང་བ་བཅས་ལ་བརྟེན། ཚེས ༢༧ ཉིན་སློབ་མ་ཚོས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཏེ་སློབ་མའི་འཐུས་མི་རྣམས་སྐབས་དེའི་སྲིད་བློན་ལེའུ་ཕུན་ལ་དངོས་སུ་ཐུག་ཏེ་གྲོས་མོལ་བྱ་དགོས་པའི་རེ་འདུན་བཏོན་པ་དང་། སློབ་མའི་འཚེ་མེད་ཞི་བའི་ལས་འགུལ་དེར་ཟིང་འཁྲུག་གི་ལས་འགུལ་སོགས་ཀྱི་མིང་ཆས་གཡོགས་པར་ངོ་རྒོལ་ཤུགས་ཆེན་བྱས་ཀྱང་གྲུབ་འབྲས་གང་ཡང་སོན་མེད།

སྤྱི་ལོ ༡༩༨༩ ལོའི་ཟླ ༥ ནང་སློབ་མ་རྣམས་གྱིས་གཙོས། ཤེས་ཡོན་པ་དང་། ལས་བཟོ་བ། མི་མང་བཅས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཡང་བསྐྱར་འཛོམས་ཏེ་ཟས་བཅད་ངོ་རྒོལ་དང་། སྐད་འབོད་ཁྲོམ་སྐོར་སོགས་བྱས་ཏེ་གུང་ཁྲན་ཏང་གི་གཞུང་འཛིན་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་། སློབ་མའི་ལས་འགུལ་ལ་ནོར་འཁྲུལ་གྱི་ངོས་འཛིན་བྱས་པའི་ཐད་གསལ་བཤད་དགོས་པའི་རེ་འདུན་བཏོན།འོན་ཀྱང་སྤྱི་ཟླ ༥་ཚེས་ ༡༩ ཉིན་རྒྱ་ནག་གི་སྲིད་བློན་ལེའུ་ཕིན་གྱི་མིང་ཐོག་ནས་༼རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པེ་ཅིང་སོགས་ཁུལ་ཁག་གི་སློབ་མའི་ལས་འགུལ་ལ་གནང་བའི་བཀའ་རྒྱ༽་ཟེར་བའི་ཡིག་ཆ་ཞིག་བཀྲམས་ཏེ། སློབ་མ་ཚོས་ལས་འགུལ་མཚམས་མ་བཞག་པ་ཡིན་ན་དྲག་གནོན་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས། སློབ་མ་ཚོས་མུ་མཐུད་ཟས་བཅད་ངོ་རྒོལ་དང་། སྐད་འབོད་སོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་རུ་བཏང་། འོན་ཀྱང་ཟླ་༦ ཚེས ༣ ཉིན་ནས་གུང་ཁྲན་ཏང་གི་དམག་མི་འབོར་ཆེན་སླེབས་ཏེ་པེ་ཅིང་གི་འགྲོ་ལམ་དང་། མི་མང་གི་འདུ་འཛོམས་སོགས་ལ་བཀག་འགོག་གིས་སློབ་མའི་ལས་འགུལ་ལ་གཞུང་གི་དམག་མི་དང་དྲག་མཚོན་སོགས་དྲངས་ཏེ་དྲུག་པའི་ཚེས་གསུམ་གྱི་དགོང་དྲོའི་ཆུ་ཚོད་དགུ་བ་ནས་སློབ་མ་རྣམས་དམར་གསོད་ཀྱི་འགོ་བཙུག་པ་དང་། ཚེས་༤ ཉིན་གྱི་ཞོགས་པར་སློབ་མ་སྟོང་ཕྲག་མང་པོར་ཤི་རྨས་ཚབ་ཆེན་བཟོས་ཏེ། དྲུག་བཞིའི་དོན་རྐྱེན་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཅེས་ཡ་ང་ཞིང་སྐྱི་ཡ་བའི་གནས་ཚུལ་དེ་བྱུང་།

དོན་རྐྱེན་བྱུང་ཏེ་མི་ལོ་༢༤ སོང་བའི་ནང་སློབ་མའི་ལས་འགུལ་དང་འབྲེལ་བའི་མི་སྣ་སྟོང་ཕྲག་མང་པོ་མུ་མཐུད་བཙོན་འཇུག་དང་ཉེས་བརྡུང་། དམར་གསོད་བཅས་བཏང་དང་གཏོང་བཞིན་པ་ཡིན་ལ། ལས་འགུལ་དེར་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་ས་ཡ་མང་པོ་ཐེ་ཝན་དང་། ཨ་རི། ནུབ་ཕྱོགས་རང་དབང་ལུང་པ་ཁག་ནང་སྐྱབས་བཅོལ་དུ་ཕྱིན་ཏེ། ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་དང་། ཁྱད་པར་དམངས་གཙོ་དང་རང་དབང་ལ་དགའ་བའི་རྒྱ་རིགས་ས་ཡ་མང་པོས་དྲུག་བཞིའི་དོན་རྐྱེན་འདི་ཉིད་ཕྱིར་དྲན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་དམར་གཞུང་གི་གཅིག་སྡུད་དབང་བསྒྱུར་ལ་ངོ་རྒོལ་མུ་མཐུད་བྱེད་བཞིན་པ་ཡིན།

ངོ་སྤྲོད་ཙམ་དུ། ༢༠༡༣ ལོའི་ཟླ ༥ ཚེ ༣༠ ཉིན།

སྣ་ཚོགས།

Post navigation

Previous Post: བསྟན་འཛིན་ཆོས་སྐྱིད་ལ་སློབ་ཡོན་ཐོག་མ་དེ་ཐོབ་གནས།
Next Post: ཚོལ་ཡ།

Comments (5) on “དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་ངོ་སྤྲོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-05-31 at 11:58 pm

    དྲུག་བཞིའི་དོན་རྐྱེན་དང་༢༠༠༨ཀྱི་དོན་རྐྱེན་མཉམ་བསྲེས་བྱས་ནས་གཞོན་ལྷན་སོགས་ནས་རྒྱ་རིགས་དང་དཔུང་པ་མཉམ་ཤིབ་ཀྱིས་ལས་འགུལ་ཞིག་སྤེལ་ཐུབ་ན་ཅི་མ་རུང་སྙམ་ཡང་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2013-06-02 at 9:21 pm

    ་་་་་་ སྤྱི་ལོ༡༩༨༩ ལོའི་ཟླ ༤ བའི་ནང་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ལ་རྒྱབ་སྣོན་གནང་མཁན་ཧོའུ་ཡོ་པང་གློ་བུར་སྐུ་གྲོངས་བ་དང་། ཧོའུ་ཡོ་པང་གློ་བུར་སྐུ་གྲོངས་པའི་གནས་ཚུལ་པེ་ཅིང་དང་ཧྲང་ཧེ་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཁྱབ་ཏེ་མི་མང་དང་སློབ་ཕྲུག ཤེས་ཡོན་པའི་སྡེ་བཅས་ལ་སེམས་ཚོར་གྱི་སྒུལ་ཤུགས་གསར་བ་བསྣན་པ་དང་། སེམས་ཚོར་དེས་དབང་གིས་སློབ་ཕྲུག་མང་པོས་ཁོང་སྐུ་གྲོངས་པར་མྱ་ངན་རྗེས་དྲན་གྱི་ལས་འགུལ་གང་སར་མཆེད། ་་་་ཟེར།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-06-02 at 9:23 pm

    ཧོའུ་ཡོ་པང་གློ་བུར་སྐུ་གྲོངས་བ་དང་། ༸པཎ་ཆེན་རིན་པོ་མཆོག་བློ་བུར་དུ་སྐུ་གྲོངས་པ་གཉིས་ལ་འདྲ་མཚུངས་ཅིག་ཡོད་དམ་མེད། དེའི་སྐོར་སུས་གང་གསུང་ཐུབ་བམ། ལགས།

  4. རླུང་། says:
    2013-06-03 at 7:24 pm

    དེ་གཉིས་གློ་བུར་སྐུ་གྲོངས་ཚུལ་ཧ་ཅང་འདྲ་ནའང་། སྐུ་གྲོངས་པའི་རྗེས་ཀྱི་རྒྱབ་སྣོན་དང་ལས་འགུལ། སྐད་འབོད། སྒེར་ལངས། བསྡེབས་ལངས། འབོད་ཚིག་སྒྲོག་པ་སོགས་ལ་ཤིན་ཏུ་མི་འདྲ་ས་མང་།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-06-04 at 11:55 pm

    དྲུག་བཞིའི་རེ་སྨོན།
    བོད་སོག་ཡུ་རྒྱ་བཞི་པོའི་མཉམ་གནས་ལ། །
    མའོ་ཏིང་ཤོ་ཛང་མིན་ཧུ་དང་བཞིའི། །
    ལག་དམར་ཐེར་འདོན་ངོ་རྒོལ་མཐར་ཕྱིན་དགོས། །
    ད་ལྟའི་དམར་གཞུང་མང་གཙོའི་ལམ་ལ་རྒྱུགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme