Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༈ གངས་ཅན་མགོན་པོར་སྨྲེ་ངག་གིས་བསྐུལ་བ།

Posted on 2009-10-11 By དགེ་རབ་ 16 Comments on ༈ གངས་ཅན་མགོན་པོར་སྨྲེ་ངག་གིས་བསྐུལ་བ།

རིག་པའི་རལ་གྲིས

གངས་ཅན་བོད་མིའི་ལྷ་སྐལ།།
འཕགས་མཆོག་ཕྱག་ན་པདྨོ།།
མི་མངོན་དབྱིངས་ནས་གཟིགས་ཤིག།
སྐྱོ་གདུང་གླུ་ལ་གསན་རོག།

ང་ཡིས་ཐོས་པ་བདེན་ན།།
ཁྱེད་ཀྱིས་རྒྱལ་བའི་སྤྱན་སྔར།།
ཁ་བ་ཅན་གྱིས་མགོན་དུ།།
གཡར་དམ་བཅས་པ་ཟེར་གྱི།།

ཤར་གྱི་ཆར་སྤྲིན་དམར་པོས།།
རང་དབང་བདེ་སྐྱིད་ཉི་ཟླ།།
སྒྲིབ་པའི་དུས་སུ་མེད་ན།།
མགོན་སྐྱབས་དགོས་དུས་ནམ་ཡིན།།

ལ་རྒྱའི་མེ་ཏོག་བཞད་ཅིང༌།།
མཁྱེན་ཡོན་འདབས་མ་བཀྲ་རྣམས།།
སད་ཀྱིས་ཁྱེར་དུས་མེད་ན།།
མགོན་སྐྱབས་དགོས་དུས་ནམ་ཡིན།།

སྤྱི་དོན་ཁ་རུ་ཁྱེར་ནས།།
སྒེར་དོན་འབད་པའི་སྤྱི་འཐུས།།
དོན་མེད་འཁྲུག་དུས་མེད་ན།།
མགོན་སྐྱབས་དགོས་དུས་ནམ་ཡིན།།

བློ་ཆུང་ཤེས་ཡོན་དབུལ་རྣམས་།།
ལྐོག་གཡོའི་ལག་ཆ་གྱུར་ནས།།
དཀྲོགས་གཏམ་སློང་དུས་མེད་ན།།
མགོན་སྐྱབས་དགོས་དུས་ནམ་ཡིན།།

གཞན་དོན་ཁ་རུ་ཁྱེར་ཞིང་།།
རང་དོན་ཕུག་ཏུ་འཚང་བའི།།
བླ་སྤྲུལ་འཁྲབ་དུས་མེད་ན།།
མགོན་སྐྱབས་དགོས་དུས་ནམ་ཡིན།།

ངུར་སྨྲིག་རྒྱལ་མཚན་འཆང་ཞིང་།།
བསྐྱེད་རྫོགས་ཉམས་ལེན་བྲལ་ཡང་།།
བུ་སྨད་སྐྱོང་དུས་མེད་ན།།
མགོན་སྐྱབས་དགོས་དུས་ནམ་ཡིན།།

དུས་ངན་གཉེན་འཕྲང་ཅན་ལ།།
བོད་ལ་མགོན་སྐྱབས་མེད་ན།།
བོད་རིགས་མིང་ཙམ་གྱུར་དུས།།
བོད་ལ་མགོན་སྐྱབས་མི་དགོས།།

སྙན་ངག

Post navigation

Previous Post: བོད་ཡིག་གོ་བདེ་བོ་དང༌། ཁ་གསལ་བོ་འབྲི་རོགས།
Next Post: དཔེ་དེབ་གསར་འཐོན་དང་། རེ་བ་སྟོང་རྒྱག

Comments (16) on “༈ གངས་ཅན་མགོན་པོར་སྨྲེ་ངག་གིས་བསྐུལ་བ།”

  1. རིག་པའི་རལ་གྲི། says:
    2009-10-11 at 10:02 am

    ཆོས་འཕེལ་ལགས། གུས་པས་བསམ་ན་ཁྱེད་ཆོས་ལ་དུག་ལྟ་རིང་ལུགས་ཞིག་ཡིན་པ་འདྲ་བསམ་ཡང་ནོར་འདུག ཁྱེད་ཀྱིས་ཟེར་བ་ནང་བཞིན་ངས་ཉིད་ཀྱི་སྐྱོ་རོགས་བྱེད་ཆོག་ཧ་ཧ་་ཧ་ཧ

    རང་རེ་བོད་རིགས་ནང་དུ་མང་གཙོ་བེད་སྤྱོད་བྱེད་ཐུབ་པའི་ཤེས་ཡོན་འདང་བ་ཞིག་ནི་མེད་པ་དང་། མང་གཙོའི་རང་དབང་ཆ་ཚང་བ་ཞིག་ནི་ཡོད་པའི་རྐྱེན་གྱིས་སྐབས་འགར་བོད་ཡིག་འབྲི་ཀློག་ཤེས་ཙམ་འདི་རྣམས་ཀྱིས་དངོས་གནས་སྐྱུགས་བྲོ་བ་མང་པོ་བྲིས་ཀྱིན་འདུག
    ད་ནི་གངས་ཅན་མགོན་པོར་གསོལ་བ་འདེབས་ནས་སྡོད་པ་ལས་བྱ་ཐབས་ཟད།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-10-11 at 11:58 am

    གསོལ་བ་སྨོན་ལམ་ཐོབས་ཤོག།
    དྲི་མེད་སེམས་པ་དམར་པོ།།
    ནམ་ཡང་མི་འགྱུར་བསྡོད་དང་།།
    ནམ་ཞིག་ཆིག་སྒྲིལ་འབྱུང་ངེས།།

  3. གཡག་ལྡོམ་། says:
    2009-10-11 at 1:41 pm

    རིསག་རལ་ལགས་། ཁྱེད་ཀྱི་ཟེར་ན་བོད་དོན་ཆེ་མ་ཆུང་གསུམ་གྱི་ཁར་བླ་ལོགས་གྲ་ལོགས་དག་གི་སྐྱེ་དམན་སྐྱོང་ཚུལ་ཡན་ཆད་ནས་རྒྱ་བ་རིན་པོ་ཆེ་གི་འགན་ཁུར་འུ་རེད་། འོ་ཁྱོད་ཀྱི་ད་དུང་གཅིག་བརྗེད་འདུག།

    སྒོ་ཁྱིམས་གད་ཀྱི་གང་ཞིང་།
    གསང་གཅོད་བཙོག་པས་གང་བ།
    གཙང་མ་བཟོ་དུས་མེད་ན་།
    མགོན་སྐྱབས་དགོས་དུས་ནམ་ཡིན།།
    འདི་ཆད་མི་འདུག་པས་།
    དཔེ་ལ་། རྡོར་དྲིལ་གོ་ཁར་ལྷུང་དུས་། བུ་ཚའི་རྩེད་ཆས་བྱེད་། ཟེར་བ་དེ་རེད་།

  4. མྱིག་རྫོད་ says:
    2009-10-11 at 7:11 pm

    (རིག་པའི་རལ་གྲིའི་རྩོམ་མཇུག)

    ཙོང་དང་སྒོ་ངའི་ཤུན་སྤགས།།
    ཐབ་ཚང་ནང་དུ་འཐོར་ནས།།
    གཙང་མ་བཟོ་དུས་མེད་ན།།
    མགོན་སྐྱབས་དགོས་དུས་ནམ་ཡིན།།
    སྟོད་ཐུང་དོར་མ་སོགས་ལ།། ཚི་དྲེགས་འཐུག་པོ་ཆགས་ནས།། བཀྲུ་བར་འགྲོ་དུས་མེད་ན།།མགོན་སྐྱབས་དགོས་དུས་ནམ་ཡིན།།ཉིན་པར་འཁྱམ་གི་སོང་བས།།དགོང་མོ་དཀའ་ལས་ཁག་དུས།།ཁ་ལག་བཟོ་རོགས་མེད་ན།། མགོན་སྐྱབས་དགོས་དུས་ནམ་ཡིན།།ད་དུང་མང་། འདི་ནི་རིག་པའི་རལ་གྲིས་བོད་ལ་མགོན་སྐྱབས་དགོས་མི་དགོས་ཀྱི་བལྟ་ཚུལ་རེད། རིན་ཐང་ཆུང་བ་ལ། ཨ་ཤུ་རེ་ཁོ། རིག་རལ། ད་ཁྱོད་ལ་ཡི་ཆད་ཐལ།

  5. མྱིག་རྫོད་ says:
    2009-10-11 at 7:12 pm

    (རིག་པའི་རལ་གྲིའི་རྩོམ་མཇུག)

    ཙོང་དང་སྒོ་ངའི་ཤུན་སྤགས།།
    ཐབ་ཚང་ནང་དུ་འཐོར་ནས།།
    གཙང་མ་བཟོ་དུས་མེད་ན།།
    མགོན་སྐྱབས་དགོས་དུས་ནམ་ཡིན།།

    སྟོད་ཐུང་དོར་མ་སོགས་ལ།།
    ཚི་དྲེགས་འཐུག་པོ་ཆགས་ནས།།
    བཀྲུ་བར་འགྲོ་དུས་མེད་ན།།
    མགོན་སྐྱབས་དགོས་དུས་ནམ་ཡིན།།

    ཉིན་པར་འཁྱམ་གི་སོང་བས།།
    དགོང་མོ་དཀའ་ལས་ཁག་དུས།།
    ཁ་ལག་བཟོ་རོགས་མེད་ན།།
    མགོན་སྐྱབས་དགོས་དུས་ནམ་ཡིན།།

    ད་དུང་མང་། འདི་ནི་རིག་པའི་རལ་གྲིས་བོད་ལ་མགོན་སྐྱབས་དགོས་མི་དགོས་ཀྱི་བལྟ་ཚུལ་རེད། རིན་ཐང་ཆུང་བ་ལ། ཨ་ཤུ་རེ་ཁོ། རིག་རལ། ད་ཁྱོད་ལ་ཡི་ཆད་ཐལ།

  6. རིག་པའི་རལ་གྲི། says:
    2009-10-12 at 12:12 am

    འཕགས་མཆོག་ཐུགས་རྗེ་ཆེན་པོ་དེས་བོད་ཀྱི་མགོན་སྐྱབས་སུ་ཞལ་གྱིས་འཆེས་པ་དེ། རང་རེ་ཆབ་སྲིད་ཀྱི་དཀའ་ངལ་ལས་སྐྱོབས་པ་ཁོ་ནར་གཡར་དམ་བཅས་པ་ཡིན་མི་སྲིད་ཅིང་། རང་རེའི་བོད་ཀྱི་གཅེས་ནོར་ནང་པ་སངས་རྒྱས་ཀྱི་ཆོས་འདི་འཚེ་བ་ལས་ཀྱང་སྐྱོབ་པར་ཞལ་གྱིས་བཞེས་པ་ཡིན་རྒྱུ་རེད་བསམ་གྱིན་བསོལ་འདེབས་ཀྱི་བསྐུལ་མ་བྱས་པ་ཡིན།

    ནང་པ་སངས་རྒྱས་ཀྱི་ཆོས་འཇིག་པར་བྱེད་པའི་བར་ཆད་དམ་དགྲ་ཆེ་ཤོས་དེ་ནི། ང་མིན་ང་འདྲ་ཞིག་གིས་འཇིག་ཅེས་ཞལ་རློན་དྲོན་མོ་མགུལ་གྱི་བུམ་པ་ལས་དྲངས། དུང་གི་ཚེམས་བར་ནས་ཕྱུང་བའི་སྡོམ་ཚིག་གི་དོན་ནི། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུར་ཁས་འཆེ་བའི་བླ་སྤྲུལ་གྱི་གཟུགས་བརྙན་མ་ཉུང་བ་ཞིག་གིས་བསྟན་དོན་ཁར་ཁྱེར་ནས་རང་དོན་གྱིས་ཕུག་འཚང་ནས་བསྟན་པ་འཇིག་པའི་དུས་དང་། གསང་སྔགས་ཀྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ཕྱོགས་ཙམ་མ་འཚལ་བཞིན་དུ་ལུས་སུ་རབ་བྱུང་ངུར་སྨྲིག་གི་ཆས་སྤྲས། ཆུང་མ་གང་རེག་ལ་སྦྱོར་ནས། དད་རྗས་རྣམས་བུ་སྨད་སྐྱོང་བྱེད་ནས་གསང་སྔགས་ཀྱི་བསྟན་པ་འཇིག་པར་བྱེད་པ་འདི་དག དོན་དག་ཆུང་ཚད་མི་ལུས་ལོན་ཙམ་གྱིས་བྱ་སྒྲུབ་ནུས་པའི་གད་སྙིགས་གཙང་མ་བཟོ་བ་དང་། ལག་ཤེས་ཅུང་ཟད་ཡོད་པས་བཟོ་ནུས་པའི་གྱོན་ཆས་བཟོ་བ་དང་། བྱིས་པ་གོམ་འགྲོས་ཐུབ་པས་བྱེད་ནུས་པའི་ཆས་གོས་ཕུད་གྱོན་ཙམ་གྱི་རིན་ལས་མ་རྟོགས་པ་ནི། ཉིད་ཀྱི་ཤེས་རབ་འཆལ་བས་ལན་པས་བྱ་ཐབས་ཟད།

  7. ཆོས་འཕེལ། says:
    2009-10-12 at 11:35 am

    རིག་པའི་རལ་གྲི་ལགས། ངས་ཀྱང་ཚར་ཁ་ཤས་ཀློག་ངེས་ཅན་ཡིན། དེང་སང་དངོས་གནས་དྲྭ་འབུ་ངན་ཚད་ཁ་བརྡ་འདིར་འཛུལ་འདུག་ག འདི་ཙམ་མ་ཟད་དྲྭ་རྒྱ་གཞན་ལ་ཡང་། བློ་གཟུར་བོ་གནས་ནས་མཆན་འདེབས་མཁན་ཞི་དྲག་གིས་དཀོན་ནི་རེད།

  8. འཇམ་བཟང་ says:
    2009-10-13 at 6:19 am

    དགོས་ན་མཉམ་དགོས།

    རིག་རལ་གྱི་སྙན་བརྩོམ་གངས་ཅན་མགོན་པོར་ལ་ཕུལ་བའི་སྨྲེ་ངག་ཞེས་པའི་ཐད་བསམ་འཆར་འདོན་པ་པོ་ལྷ་ཀླུ་གཉེན་གསུམ། གཡག་ལྡོམ། མྱིག་མཛོད། ཆོས་འཕེལ་བཅས་ཀྱིས་མ་གང་བའི་ཁ་བཀོང་ མ་རང་པའི་འཆར་ཡན་ མ་འོས་པའི་བསྐོལ་སྤྱོད་བྱས་པའི་ཟུར་བྱ་མི་ཉུང་ཞིག་གནང་འདུག་པ་དེ་ནི། རང་རེ་གངས་ཅན་པའི་སེམས་ཀླུང་ན་གུ་ཡངས་དོག་གི་འཆར་སྣང་ཐུན་མོང་མ་ཡིན་པ་དུ་མ་ཞིག་ཡོད་པའི་ནང་ནས་ཆེས་གུ་དོག་པའི་གྲས་སུ་གཏོག རིག་རལ་གྱི་རྩོམ་ཡིག་དེས་ཁོང་ཉིད་ཀྱི་ཐུགས་རྒྱུད་ན་བླ་མས་མཚོན་པའི་མཆོག་གསུམ་དད་མདུན་ཡིད་ཆེས་བླ་ན་མེད་པ་མེད་པ་ཞིག་ཡོད་པ་འབུལ་དོད་དུ་བསྟན་ཡོད། ཁོང་གིས་རང་རེ་གངས་ཅན་པའི་ཆོས་སྲིད་ཀྱི་ཉམས་གུད་དེ་དག་གསན་བཟོད་མ་ཐུབ་པར་འཕགས་པའི་ས་ན་གཞུགས་པའི་གངས་ཅན་མགོན་པོ་ལ་སྨྲེ་ངག་དེས་བོས་པ་ཡིན་གྱི། ཁོང་གིས་གངས་ཅན་མགོན་པོ་དངོས་ཡོད་སྤྱི་མཐུས་རེ་རེའི་སྒོ་དྲུང་དུ་ཁྲིད་པ་མེད་ལ་ བླ་སྤྲུལ་རྫུན་མ་དེ་དག་གི་ཁྱིམ་གཞི་རེ་རེ་བཞིན་འགྲིམ་དུ་བཅུག་པ་དེ་བས་ཀྱང་མེད། གང་ལྟར་ཡང་འདི་འདྲའི་ཡིད་ཆེས་དང་དད་སེམས་འགྱུར་བ་མེད་པ་ཞིག་ངེས་པར་དུ་དགོས་ངེས་ཤིག་རེད། ད་དུང་ང་ཚོ་གངས་ཅན་པ་མང་པོ་ཞིག་གིས་རྡོག་སྣ་འཐོག་པ་ཙམ་གྱི་ཚེ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ ༧ས་སྐྱ་གོང་མ་སོགས་ས་ས་སོ་སོའི་དད་མདུན་ཆེ་བའི་རྩ་བའི་བླ་མའི་མཚན་ནས་བོས་ཏེ་མགོན་ཞིག སྐྱོབས་ཤིག གཟིགས་ཤིག མཁྱེན་ཞིག་ཞེས་འབོད་པ་དེ་དག་ལ་ཡང་མ་ཚང་བ་མ་འདང་བའི་བཀའ་མོར་དེ་དག་འདི་དག་ལ་ངེས་པར་གནང་དགོས་པ་འདྲ། ཕྱོགས་གཞན་ཞིག་ཞུ་ན་ནང་ཆོས་ཀྱི་གཞུང་ལུགས་ནས་བཤད་པ་ལྟར་ན་ཡང་ས་ཐོབ་ཀྱི་སེམས་དཔའ་སེམས་མ་རེ་རེས་ཀྱང་སྐད་གཅིག་རེ་རེ་ལ་སངས་རྒྱས་གྲངས་མེད་འཇལ་བ་དང་། སེམས་ཅན་གྲངས་མེད་པ་སྨིན་པར་བྱེད་པ་སོགས་མཐའ་ཡས་ཀྱི་ཡོན་ཏན་མངའ་བའི་ཚུལ་གྲངས་མེད་པ་ཞིག་གསུང་པ་དེ་དག་དངོས་གདན་ཞིག་ཡིན་ན་དངོས་ཤུག་རྒྱུད་གསུམ་གྱི་སྒོ་ནས འཕགས་མཆོག་ཕྱག་ན་པདྨོའི་ཡང་དགོས་གར་ཅན་གྱི་ལས་བྱ་དེ་དག་བསྒྲུབ་ཕྱིར་ཅི་ཕྱིར་འབོད་པ་མི་བྱེད། ཡང་ན་ཁ་གཡང་གི་འབོད་པ་དེ་དག་ལ་དོན་འབྲས་གཏན་ནས་མེད་ན་གོང་ས་མཆོག་སྐུ་ཚེ་འཁྲི་ལོར་གཏན་པར་ཤོག་ཞེས་པ་སོགས་ཁ་གཡང་གི་འབོད་པ་དེ་དག་ཀྱང་གནས་སྐབས་བཞག་ནས། དངོས་གདན་ཕན་འབྲས་ཅན་ལ་རིག་སྲུང་སྐྱོབས་སྤྱི་ཚོགས་ཞབས་ཞུས་ཀྱིས་ཁ་ཡོད་ལག་མི་རེ་ངོས་རེ་ནས་ཧུར་ཐག་བྱ་བ་ནི་གོང་ས་མཆོག་གི་ཐུགས་གཞེད་ལ་ཞབས་གཏོག་ཞུས་པ་ཡིན། དེ་ཡང་ང་ཚོའི་ཁ་གཡང་གི་འབོད་པ་དེ་ལ་དངོས་ཀྱི་གྲུབ་འབྲས་མི་སླུ་བ་ཞིག་ཡོད་ན། ད་དུང་མོའུ་ཙེ་ཏུང་སྐྲ་ལོ་སྨུག་ཅོམ་མེར་སྡད་ཚོད་ཡིན། གང་ལྟར་ངས་བཤད་བྱ་ནི་དགོས་ན་མཉམ་དགོས་དང་།་ མི་དགོས་ན་མི་དགོས་མཉམ་པོ་རེད་ཞེས་བཤད་གྱི་ཡོད།། །།

  9. ཨ་རིག་གླེན་རྒན says:
    2009-10-13 at 9:24 am

    དད་པའི་ཨ་ལུང་མེད་ན་འདྲེན་པའི་ལྕགས་ཀྱུ་ལྡེམ་ཀྱང་མི་ཟིན།
    སྨྲེ་ངག་དང་མཉམ་ཏུ་ལག་པ་འགུལ་ན་ཕན་སྲིད།

  10. རིག་པའི་རལ་གྲི། says:
    2009-10-13 at 11:35 am

    ཡིད་དུ་བརྣག་པའི་ཉམས་འགྱུར་མངོན་པར་བཀྲ།།
    འོན་ཏང་དམུས་ལོང་རྣམས་ལ་བསྐལ་དོན་གྱུར་།།

  11. གཡག་ལྡོམ་། says:
    2009-10-13 at 5:11 pm

    རིགས་རལ་ལགས།
    གསོལ་འདེབ་དེ་། སངས་ཀྱིས་ “ཆོས་ཐམས་ཅད་སྟོང་པ་ཉིད་། སྟོང་པ་ཉིད་གཟུགས་སོ་། “ཞེས་གསུང་པ་ལྟར་མ་མིན་པར་། ནང་དོན་རྟོགས་མི་ཐུབས་པ་ཅི་ཡང་མི་འདུག་། སྤྱིར་ན་ང་རང་ཅི་ཡང་མི་ཤེས་ལ་ང་རང་ཅི་ཡང་མིན། འབུ་ཙམ་ཡང་མིན་། དེ་ཕྱིར་འདིར་དྲ་ལམ་དུ་ཁ་བརྡ་བྱེད་དུ་ཡོང་ཡངས་། དྲ་འབུ་ངན་པ་ཞིག་ལ་ངོས་འཛིན་བྱས་ཡོད་འདུག་པ་། ཆོས་འཕེལ་གྱི་བཤད་པ་དེ་ངོ་ནས་རེད་འབུ་ཞིག་ལས་ཀྱང་ཆུང་ཆུང་རེད་། འབུ་ཞིག་ཡིན་ཡང་རང་ཉིད་ཀྱི་བདེ་སྡུག་གི་ཚོར་བ་རྩོད་ལེན་བྱེད་རྒྱུ་ཐོབས་ཐང་ཡོད་པ་ལྟར་། ང་རང་ཤེས་བྱ་ཡོན་ཏན་ཅི་ཡང་མེད་པའི་བོད་མི་ཆེས་མཐའ་མ་ང་ཡང་། རང་རིས་བོད་བོད་ཁ་བ་ཅན་གྱིས་བླ་སྲོག་དུ་གྱུར་པའི་ཆོས་རིགས་གཉིས་དང་། བོད་མི་ས་ཡ་དྲུག་གི་འདས་མ་འོང་ད་ལྟའི་བདེ་སྡུག་གི་ཆེད་དུ་བསམ་བློ་གཏོང་བ་དང་། བསམ་འཆར་འདོན་རྒྱུས་ཐོབས་ཐང་ཡོད་པ་རེད་།
    ང་ཀྱང་མི་བཟང་རིང་ལུགས་པ་ཞིག་ཁྲབས་ནས་། རད་ཉིད་ལ་ལྟ་ཚུལ་དེ་འདོད་པ་མེད་བཞིན་དུ་ཡོད་ཁུལ་གྱིས་། དེ་བདེན་གི་། ཞེས་དེ་རུ་བཞག་ན་ཁྱེད་ཀྱང་འདི་རུ་ཁ་བརྡ་ཞིག་བཤད་དུ་ཡོང་པ་ལ་བཤད་རོགས་ཞིག་ཀྱང་མེད་སོང་བ་རེད་། དེ་ལྟ་ན་ཁྱེད་ཀྱི་སྨོན་ཚིགས་དེ་ཡང་འདིར་ཁ་བརྡའི་ཐོགས་བཀོད་རྒྱུ་ལས་། རང་ཉིད་ཀྱི་ཁ་འདོན་དུ་བཞག་ནས་འདོན་ན་བཟང་མོད་། འོན་ཀྱང་དེ་ལྟར་མ་ཡིན་པར་ནང་དོན་ཟབས་མོ་ཞིག་ཡོད་པ་དང་ཟབས་དོན་དེ་ལ་་བསམ་བཞིགས་བྱེད་མཁན་རེ་ཡོད་མེད་དུ་ཁྱེད་ཀྱི་འདིར་བཀོད་ཚར་ལ་། དེས མ་ཚད་ཟུར་མཆན་ཞིག་ཀྱང་བཀོད་འདུག།
    གོང་གི་སྨོན་ཚིགས་རང་མོ་དེས་ནང་གི་བརྒྱ་བཤད་ཚིག་གི་རྩ་པ་དང་། སྟོང་ཕྱུགས་འོ་མོ་མར་ལོ་ནི་དཀའ་རྙོག་དེ་དག་རྒྱལ་པ་རིན་པོ་ཆེས་ཡི་སེལ་དགོས་ཀྱི་རེད་། དེ་སེལ་མ་ཐུབ་ན་ཁོང་དགོས་དོན་མི་འདུག་ཟེར་གི་ཡོད་པ་རེད་པ་། དེ་མིན་གཞན་ཞིག་ཡིན་། གཡག་ལྡོམ་ནོར་གྱི་གོ་བ་ནོར་ཐལ་ཞེས་གསུང་།
    ཡ་་་་ད་། གཅིག་གཅིག་བྱས་ནས་བཤད་། གཉིས་གཉིས་བྱས་ན་བཤད་། དགོང་ལོ་བདུན་ཅུ་ཚར་ནས་བརྒྱད་ཅུ་ཕེབས་གྲབས་ཡོད་ན་ཡང་། རྒྱལ་ཁབ་ཆེ་ཆུང་ཚང་མས་་གྲོང་དང་གྲོང་ཁྱེར་རྒྱུད་ནས་ཕེབས་མི་འཐོ་དམའ་བར་གསུམ་འཛུམས་སྟམ་ནས་། བོད་ཟེར་བ་དེ་འདི་འདྲ་ཞིག་། ནང་ཆོས་ཟེར་བ་འདི་འདྲ་ཞིག་ཡིན། བོད་ཀྱི་རིགས་གཞུང་ཟེར་བ་དེ་འདི་འདྲ་ཞིག། བོད་ཀྱི་དཀའ་ཁག་འདི་ཡིན། གསུང་བཞིན་དུ་ཞལ་ཚུར་ལ་འཁོར་ནས་། ཕྱི་ནང་གཉིས་ན་ཡོད་པས་སྐྱ་སེར་རྒན་གཞིན་ཕོ་མོ་ཚང་མར་། ང་ཚོའི་ཆོས་དང་རིགས་གཞུང་གི་ཞག་རྩི་འདི་རེད་། འདི་སློབ་སྦྱོང་བྱེད་སྟང་་་་བཅས་མཐའ་ན་ཨ་མས་པུ་ཕྲུག་ལ་འོ་མ་སྟེར་ཚུལ་ཡལ་ནས་ག་བྱོས་འདི་བྱས་གི་བཀའ་སློབ་ཐང་བརྒྱ་སྟོང་མང་པོར་གསུང་སོགས་དཀའ་ལས་དང་སྐུ་ཚགས་ག་འདྲ་མང་པོ་མྱང་གི་འདུག་། དགོང་ལོ་བརྒྱད་ཅུ་ཅན་ཞིག་གི་དཀའ་ལས་དེ་འདྲ་མང་པོ་ཞིག་རྒྱབ་ཡང་ཁྱེད་ཀྱི་འདོད་པ་མ་འཚིམས་པ་རེད་དམ། ཡང་ན་ཁྱེད་ཀྱི་རྟོགས་བཟོས་བསམ་བློའི་འཆར་སྣང་ཞིག་ལ་། རྒྱལ་བ་རིན་པོ་ཆེ་ཡི་སྤྱན་གཉིས་བཙུམ་དེ་ཕྱགས་གཉིས་ཐལ་མོ་སྤྱར་ནས་ཞལ་འདོན་ཐུང་བུ་ཞིག་མཐར་སེལ་གོལ་ཞིག་བརྡབ་པས་སྐལ་གཅིག་མ་དེར་། སྤྱི་མཐུས་སེམས་སྟོང་ཚོས་སེམས་ངོར་དྲོད་ཞིག་བབ་པ་དང་། བླ་རྫུན་གྲ་རྫུན་ཚོར་རྒྱུད་ལ་རྟོགས་པ་ཞིག་སྐྱེས་བར་བསམ་སྨོན་གི་ཡོད་དམ་།

  12. གཡག་ལྡོམ་། says:
    2009-10-13 at 5:15 pm

    *ནོར་བཅོས་* ་དེ་མིན་གཞན་ཞིག་ཡིན་ན།

  13. རིག་པའི་རལ་གྲི། says:
    2009-10-14 at 12:40 am

    ངས་གཡག་ལྡོམ་ལ་སྐུ་བརྩེད་ཞིག་ཞུ།

    རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་ནི། གངས་ཅན་མགོན་པའི་སྤྲུལ་བའི་བྱེ་བྲག་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། གངས་ཅན་མགོན་པོ་ནི། སྤྱན་རས་གཟིགས་ལ་ཞུ་བ་རེད། སྟོང་ཉིད་ཀྱི་དོན་རྟོགས་པ་ཕར་ཞོགས་དང་། དངོས་བསྟན་ལམ་ཙམ་ཡང་ཁོང་དུ་མ་ཆུབ་ནས། ད་དུང་གོ་མི་ཐུབ་འདུག་ཟེར་བ་ནི་ནང་འགལ་གཅིག ཧ་ཧ་་ཧ
    འབུ་ལས་དམན་བཞིན་མི་སྐད་སྨྲ་བ་འགལ།།
    ཕན་སེམས་འཆང་ཞིང་གནོད་པའི་ལས་བྱེད་འགལ།།
    བོད་དོན་སེམས་བཞིན་བོད་མི་དཀྲུགས་པ་འགལ།།
    ངན་པ་ཡིན་བཞིན་མི་བཟང་འཁྲབ་པ་འགལ།
    ད་དུང་འགལ་བའི་གྲངས་བརྩིས་ཚོད་མེད།།

    དངོས་ལན་ནི། གངས་ཅན་མགོན་པོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་འདུན་ནས་ཁ་བ་ཅན་གྱི་ཡུལ་གྱི་ལྷ་སྐལ་དུ་ཞལ་གྱིས་འཆེས་པ་བཞིན། རྒྱལ་པོ་སྲོང་བཙན་སྒམ་པོ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ་བོད་ལ་མགོན་སྐྱབས་བྱས་པ་བསམ་གྱིས་མི་ཁྱབ། ད་ལྟའི་དུས་ངན་གཉན་འཕྲང་ཅན། ཕྱི་ནང་གང་ཐད་ནས། བོད་ཀྱི་བསྟན་པ་ཆབ་སྲིད་རྩ་སྟོང་འགྲོ་བའི་ཉེས་ཁ་ཆེན་པོ་འདི་ལས་སྐྱོབས་ཐབས་སུ། འཕགས་མཆོག་སྤྱན་རས་གཟིགས་ལ། བརྩེ་བའི་ཐུགས་རྗེ། མཛད་པའི་ནུས་མཐུ། ནང་ཆོས་ཀྱི་གཞུང་ལུགས་གསུང་བ་ནང་བཞིན་ཡོད་པ་ཡིན་ན། བོད་ཀྱི་བསྟན་སྲིད་འཇོམ་པའི་དགྲ་བོ་འདི་ལས། ཐབས་ཤེས་ཡོད་དགུའི་སྒོ་ནས་མགོན་ཤིག་སྐྱོབས་ཤིག ད་ལྟའི་དུས་འདིར་སྐྱོབས་མ་ཐུབ་ན། བོད་མི་རྩ་སྟོང་སོང་བའི་གནས་སྐབས་ལ། བོད་ཀྱི་མགོན་སྐྱབས་བྱེད་དགོས་ན་ཕྱི་ཚར་བ་རེད་ཟེར་ནས་ཞུས་པ་ཡིན།

    སྤྱན་རས་གཟིགས་ནི། བསམ་བཞིན་དུ་འགྲོ་དོན་ལ་ཕེབས་ཆོག་པས། སེམས་ཅན་གྱི་དོན་ཞིག་མཆིས་ན། དམྱལ་བ་མནར་མེད་དུའང་ངང་པ་འོ་མའི་མཚོ་རུ་འཇུག་པ་བཞིན་ཕེབས་པས། སྤྱན་རས་གཟིགས་ལ་སྙིང་རྗེ་མདོག་བྱེད་པ་ནི། སྙིང་རྗེ་སའི་ཡུལ་ནོར་བ་རེད།
    ད་དུང་དགོས་ན་མུ་འཐུད་ནས་བཤད་ཆོག

  14. རིག་པའི་རལ་གྲི། says:
    2009-10-14 at 12:42 am

    ད་དུང་གོ་མི་ཐུབ་པ་མི་འདུག ནོར་བཅོས།

    ནང་པའི་གཞུང་ལུགས་ལས་གསུངས་པ་ནང་བཞིན

  15. གཡག་ལྡོམ་། says:
    2009-10-15 at 3:21 am

    རིགས་རལ་ལགས་།
    འགན་དེ་དག་རྒྱལ་བ་རིན་པོ་ཆེ་སྐུ་འཕྲང་བཅུ་བཞི་བ་ད་ལྟ་དགོང་ལོ་བརྒྱད་བཅུར་ཕེབ་བསྡད་ཡོད་པ་ཁོང་ལ་ཡོད་པར་འདོད་ན་། གོང་ནས་ངས་ཁྱེད་ལ་དྲི་བ་གཉིས་བཀོད་ཡོད་པ་དེ་ལ་། ལན་ཁ་གསལ་པོའི་ངང་རྒྱོབ། དེ་མ་རེད་གཞན་ཞིག་རེད་ཟེར་ན་། ངེད་གཉིས་བར་ལ་རྩོད་པ་མེད་། སྤྱན་རིས་གཟིགས་ལ་གདོང་སྨྲེ་ངག་གི་བསྐུལ་ནས་ལྷོད་ལྷོད་ངང་བཞུགས་རོགས།
    འོ་། ཁྱེད་ཀྱི་ང་ལ་རྕེད་མོ་ཞིག་རྩེད་གི་ཡོད་པ་་ལྟར་། ངས་ཁྱོད་ལ་འཇིགས་བརྟེན་རྒན་པོའི་གཏན་དཔེ་ཞིག་འཇོགས་།
    ཁ་གང་གི་གཏན་བཤད་ན་།
    ཁྱིམ་གང་གི་གདོང་འཚོལ་དགོས།
    ཟེར་།
    འབུ་ལས་དམན་བཞིན་མི་སྐད་སྨྲ་བ་འགལ།། ཞེས་བ་དེ་ཆོས་ལ་ཕོགས་སོང་པ་་
    གོང་གི་མཆན་༩་པར་གཟིགས

  16. གཡག་ལྡོམ་། says:
    2009-10-15 at 3:35 am

    ནོར་བཅོས་ *གོང་གི་མཆན་7་པར་གཟིགས*

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (100)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (41)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme