Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།

Posted on 2013-05-232013-05-23 By ཁ་བརྡ་ 2 Comments on མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།

པདྨ་རྡོ་རྗེ།

ཉེ་སྔོན་རང་རེའི་སྤྱི་ཚོགས་ནང་དེ་སྔོན་དང་མི་འདྲ་བར་རང་བཙན་དང་དབུ་མའི་ལྟ་བ་འཛིན་མཁན་དབར་གྱི་འགལ་བ་མི་ཉུང་བ་ཞིག་དྲ་རྒྱའི་ཁོར་ཡུག་ནང་དོན་དང་ཐོན་བཞིན་འདུག དེ་ལྟ་བུའི་ལྟ་གྲུབ་ཀྱི་རྩོད་གཞི་དེ་ལྟ་གྲུབ་ཀྱི་རྩོད་པར་མ་འགྱུར་བར་དེ་བས་མི་སྒེར་དང་། ཚོགས་སྡེ་རེ་ཟུང་ལ་སྡང་བའི་རྣམ་འགྱུར་ཡང་ཇེ་གསལ་དུ་གྱུར་བཞིན་འདུག ངའི་ངོས་ནས་བཤད་ན། ལྟ་གྲུབ་ཀྱི་རྩོད་གཞི་གང་ཞིག་རིགས་ལམ་དང་ལྟ་གྲུབ་ཀྱི་རྣམ་བཞག་ཐོག་ནས་བརྩོད་ན་དེ་ནི་ཡར་རྒྱས་ཀྱི་རྩ་བ་ཞིག་ལ་བརྩི་བཞིན་ཡོད། འོན་ཀྱང་། ལྟ་གྲུབ་ཀྱི་རྩོད་གཞི་གང་ཞིག་ལྟ་གྲུབ་ལས་འགལ་སྟེ་མི་སྒེར་གྱི་ཞན་ཆ་འཚོལ་བའི་ལག་ཆར་ཕྱིན་ན་དེ་ནི་སྤྱི་ཚོགས་ཀྱི་ནད་གཞི་ཞིག་ལས་སྨན་མཆོག་ཏུ་མི་འགྱུར་ཁོ་ཐག་རེད།
དཔེ་མཚོན་འགའ་བཤད་ན། དེང་སྐབས་དྲ་བའི་ནང་དབུ་མ་དང་རང་བཙན་བརྩོད་མཁན་འགའ་ཤས་ཁྲོད་ཕན་ཚུན་གཞི་མེད་ཀྱི་སྐྱོན་འཛུགས་དང་། དགོས་མེད་ཀྱི་སྙོག་གླེང་བཟོ་བཞིན་ཡོད། དེ་ཡང་། རང་བཙན་རྩོད་མི་འགས་དབུ་མའི་ཐབས་ལམ་རྩོད་མཁན་ཚོར་་་དབུ་མའི་སྲིད་བྱུས་འོག་ད་བར་འབྲས་བུ་གང་ཡུང་མཐོན་མེད་ལུགས་དང་། དེ་བས་རྫབ་ཆེ་ཙམ་བཤད་ན། བོད་བཙོང་ལུགས། མིང་དོན་མཚུངས་པའི་རང་སྐྱོང་ནས་དེ་བས་དམའ་བའི་གནས་བབ་ཞིག་ལ་བབ་ལུགས་སོགས་གླེང་བཞིན་ཡོད། དེ་བཞིན་དུ། དབུ་མའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་འགས། རང་བཙན་བརྩོད་མཁན་ཚོར་ཐབས་བྱུས་ཀྱི་སྒྲོམ་གཞི་གཅིག་ཀྱང་མེད་པར་ཆོ་མེད་ཀྱི་ཉོག་གཏམ་བཤད་ལུགས་སོགས་མདོར་ན། རང་བཙན་དང་དབུ་མའི་གནས་བབ་དེ་གཉིས་རྒྱ་དམར་གྱི་ལག་ནས་བརྩོད་རྒྱུའི་ཚབ་ཏུ་བོད་མི་ནང་ཁུལ་དུ་བརྩོད་བཞིན་ཡོད། དེ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེས། རང་བཙན་བརྩོད་ན་རྒྱ་ནག་ནས་བརྩོད་དགོས་རེད།
ཅེས་གསུངས་པ་དེ་ཡང་གནད་འགག་དེ་ལ་ཐུག་ཡོད།
དེ་ལྟ་བུའི་སྤུན་ཟླ་ཕན་ཚུར་དབར་རྒྱུ་མཚན་མ་སྤུངས་པར་གཞི་མེད་ཀྱི་སྙོན་འཛུགས་ལ་གཞོལ་བའི་རྒྱུད་རིམ་ཁྲོད། སྨྱུག་ཐོགས་པ་མི་ཉུང་བ་ཞིག་གི་དུས་ཚོད་ཕལ་མོ་ཆེ་ཆུད་ཟོས་སུ་འགྲོ་བཞིན་ཡོད་པ་མ་ཟད་རང་རེའི་སྤྱི་ཚོགས་ལའང་ཤུགས་རྐྱེན་ངན་པ་ཞིག་ཞར་དང་ཞོར་དུ་སྐྲུན་བཞིན་ཡོད། དེ་ནི་རྒྱ་དམར་ལ་དགོས་པའི་ལག་རྟགས་གཅིག་རེད་ལ་ང་ཚོ་སྤུན་ཟླའི་སེམས་སུ་རྨ་ཁ་བཟོ་བའི་ཤན་གྲི་ཡང་རེད། དེས་ན། ང་ཚོ་སུ་ཞིག་གིས་རང་བཙན་དང་དབུ་མ་གཉིས་གང་ཞིག་བརྩོད་ཀྱང་ཕན་ཚུན་བརྩི་བཀུར་དང་། གཞུང་ལུགས་དང་། ཐབས་བྱུས་སོགས་ཀྱི་ཐད་ནས་བགྲོ་གླེང་བྱེད་པ་ལས་དོན་མེད་ཀྱི་སྙོན་འཛུགས་མ་གནང་རོགས་ཞུ་རྒྱུ་ཡིན།

སྣ་ཚོགས།

Post navigation

Previous Post: གདོད་མའི་མེས་པོ།
Next Post: བོད་མི་ཡོངས་ལ་གསོལ་འདེབས་རེ་སྐུལ།

Comments (2) on “མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།”

  1. བཙན་པོའི་བུ། says:
    2013-05-23 at 2:25 pm

    ཧ་ཧ། སྨྲ་བརྗོད་རང་དབང་གི་སྤྱི་ཚོགས་ནང་གང་ཡང་ཡོང་ཆོག་གི་རེད། དེར་སྐྲག་དགོས་དོན་ཅི་ཡོད།

  2. གནམ says:
    2013-05-24 at 5:56 am

    མྱི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་ར་ཁ་དྲུག་ཅུ་ཟེར་བ་དེ་རེད། ཆོས་ལ་རྨོངས་དད་བྱེད་པ་དང་སྲིད་ལ་རྨོངས་ཡིད་སྟེར་བ་གཉིས་གཅིག་པ་རེད། འདི་མ་གླེང་མ་བརྩད་པར་བཞག་ན་མི་བཟང་། རྩོད་རྒྱུ་ཡོད་ན་བརྩད་ན་བཟང་། མྱི་སུ་བཟང་སུ་ངན། ཇུས་གང་ཡག་གང་ངན་གྱི་གོ་ཐོས་མི་དམངས་ལ་སྤྲོད་དགོས་བ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན། རྒྱལ་ཁབ་དང་མི་རིགས་ཀྱི་དོན་ལ་ཁོག་གཏམ་ཡག་སྡུག་གཉིས་ཀ་ལ་རིན་ཐང་གཅིག་པ་ཡིན། བསལ་འདེམས་བྱེད་ས་མེད་པའི་ཡག་པོ་ནི་ཡག་པོ་རྩ་བ་ཉིད་ནས་མིན། འདི་སྲིད་རེད། ཆོས་མ་རེད། དེར་བརྟེན། སྲིད་སྟེགས་ན་བླ་མ་ཟེར་སའི་ཕྱག་འཚལ་ས་ཞིག་དང་། སྐུ་ངོ་ཟེར་སའི་ལྕེ་སྣར་ཞིག་ཡོད་མི་ཆོག། རང་རོགས་ཀྱི་ཁ་ལྟོ་ཡི་ཆེད་དུ་ཤེས་འཇོན་ཤ་ཚ་ཅན་གྱི་བླ་མ། གྲྭ་བ། ཨ་ནི། མྱི་སྐྱ་ཕོ་མོ་སུ་ཞིག་ཡིན་པ་དེ་འདེམས་ཐུབ་པ་བྱེད་དགོས། དེ་ཐུབ་པ་ལ་བསྒྲོ་གླེང་དང་གོ་ཐོས་དགོས། སྔོན་གྱི་མགོ་དཔོན་ཚོའི་ལས་ཉེས་ལས་རགས་པའི་ཉམ་མྱོང་གིས། མ་འོང་དེ་འདྲ་བྱས་ན་གྱོང་ཁ་རང་ཚོ་ཚང་མ་ལ་ཡོད་པ་སེམས་དཀྱིལ་དུ་ཉེར་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme