Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །སངས་རྒྱས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས། །

Posted on 2013-05-142013-05-14 By ཁ་བརྡ་ 11 Comments on ༄༅། །སངས་རྒྱས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས། །

ཨེ་མ་ཧོ།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཤྰཀྱ་མུ་ན་ཡེ། །
ཀ་མ་ལ་ལྟར་ཐུགས་བསྐྱེད་མཚུངས་མེད་བསྐལ་བཟང་སངས་རྒྱས་སྟོང་ལས་ལྷག །
ཁ་ཡེ་ལ་སོགས་མཐར་འཛིན་ལྟ་བས་འགྲན་པའི་ཟླ་མེད་དམ་ཆོས་གསུངས། །
ག་བུར་དབང་ལྟར་ཞི་བསིལ་དཔག་མེད་འཕགས་ཚོགས་རྒྱུ་སྐར་དབུས་ན་མཛེས། །
ང་ཅག་འགྲོ་བར་བཀའ་དྲིན་ཟླ་མེད་ཤྰཀྱ་སེངྒེས་དུས་ཀུན་སྐྱོང་། །

ཅ་ཅོ་བྲེད་མོའི་གཡོ་རྫུན་མེད་པར་བདེན་བཞི་བླང་དོར་སྟོན་མཛད་པའི། །
ཆ་མཉམ་མཐའ་གཉིས་ཕྱོགས་སློང་ཀུན་བྲལ་རྟག་ཆད་མེད་པའི་ལམ་བཟང་བསྟན། །
ཇ་ཆང་འདོད་ཡོན་ཞགས་པས་མ་འཆིང་ཤྰཀྱའི་རྒྱལ་པོའི་རྒྱལ་སྲས་མཆོག །
ཉ་གང་ཟླ་གཞོན་མཁའ་ལ་མཛེས་ལྟར་སྟོན་པ་གཞན་ལས་ཁྱད་པར་འཕགས། །
ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་འཇིག་རྟེན་ཁམས་སུ་འདྲེན་པའི་མགོན། །
ཐ་དག་རིག་གནས་ཀུན་མཁྱེན་མངའ་བས་ཡང་དག་རྒྱལ་བ་རྫོགས་སངས་རྒྱས། །
ད་དུང་བསྟན་འགྲོར་ཕན་བདེའི་ཕྲིན་ལས་བརླབ་ཆེན་རབ་འབྱམས་ཞིང་ཀུན་མཉམ། །
ན་མོ་དད་གུས་མི་ཕྱེད་འདུད་པས་ཚེ་རབས་གཏན་གྱི་སྐྱབས་སུ་བསྟེན། །
པ་ར་མི་ཏའི་བྱང་ཆུབ་སྤྱོད་འཇུག་རྒྱལ་སྲས་ཐེག་པའི་ས་ལམ་དང་། །
ཕ་མའི་རྒྱུད་སྡེ་ཀུན་འདུས་དགོངས་གནད་གསང་ཆེན་སྔགས་ཀྱི་ཐེག་པ་གསུངས། །
བ་རྒན་འདྲ་བའི་འགྲོ་བ་རྣམས་ལ་ལམ་སྣ་སྟོན་པའི་དེད་དཔོན་མཆོག །
མ་རིག་མུན་སེལ་ཐུགས་རྗེའི་རྣམ་ཐར་བཅུ་གཉིས་མངོན་སུམ་རྒྱན་ཏུ་བཞུགས། །
ཙ་ར་མེད་པའི་རྟོག་སྒྲུང་མ་ཡིན་འགྲོ་དྲུག་སྣང་བར་མངོན་རྗེས་བཀྲ། །
ཚ་གྲང་སྡུག་བསྔལ་ནད་རིགས་ཀུན་སེལ་སྨན་མཆོག་བརྒྱད་ཁྲི་བཞི་སྟོང་ཤིས། །
ཛ་དྲག་གནོད་པའི་འཇིགས་བསྐུལ་མ་ཡིན་འདི་ཕྱིའི་ཚེ་སྲོག་ཕན་ཞིང་བདེ། །
ཝ་ལེར་གསལ་བའི་རྒྱལ་བསྟན་ཉི་མ་ཞིང་འདིར་འཆར་བར་ཀུན་ཏུ་ལེགས། །
ཞ་གོས་རིགས་རུས་ཁྱད་པར་མི་བལྟར་སེམས་རྒྱུད་འདུལ་བའི་ཐབས་ཤེས་གང་། །
ཟ་ཧོར་མཁན་ཆེན་མཆོག་ལས་བརྒྱུད་པའི་སྡེ་སྣོད་འཛིན་པའི་དགེ་འདུན་དང་། །
འ་ཅག་ཆོས་རྒྱལ་བཀའ་དྲིན་ཅན་གྱིས་དགེ་ཁྲིམས་དམ་པའི་ལམ་བཟང་ཀུན། །
ཡ་རབས་ཕ་མེས་བརྒྱུད་པའི་སྲོལ་བཟང་འཛིན་སྐྱོང་སྤེལ་བའི་གངས་ཅན་རྒྱལ། །
ར་བ་གངས་དཀར་རི་བོའི་མཚར་སྡུག་ཤེལ་དཀར་ཕྲེང་ལྟར་ཡོངས་སུ་བསྐོར། །
ལ་ལུང་དྲི་མེད་རང་བཞིན་རྣམ་དག་འཁོར་ཡུག་གཙང་བདེ་ཆོས་ལྡན་ཞིང་། །
ཤ་ཚ་སྙིང་རྗེ་ལྷན་སྐྱེས་མངའ་བའི་འཕགས་ཡུལ་བསིལ་ལྗོངས་སྣོད་བཅུད་ཀུན། །
ས་ཐོབ་སེམས་དཔའི་འབྱུང་གནས་གང་དེར་སྲས་བཅས་རྒྱལ་བས་བསྔགས་པར་འོས། །
ཨ་ལ་ལ་ཧོ་སངས་རྒྱས་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་འཚམས་འདྲི་བཅས། །
ཧ་ཤང་རྒན་པོའི་རྣལ་འབྱོར་ལྡན་པའི་དཔལ་དགྱེས་རྡོ་རྗེས་གུས་ཕྱག་མཆོད། །
གནའ་དེང་ཟུང་གྱི་རྣམ་དཔྱོད་ལྡན་པའི་མཁས་གྲུབ་རྒྱལ་བའི་སྲས་པོ་རྣམས། །
ཚོགས་གཉིས་རྒྱ་མཚོའི་དཔལ་ཡོན་རོལ་བའི་ཆོས་གྲོགས་ཡོངས་ལ་རྟེན་འབྲེལ་སྨོན། །
འཇིག་རྟེན་ཡང་དག་དགེ་བཅུའི་དཔལ་ཡོན་སྐྱེ་རྒུ་རྣམས་ཀྱིས་ལེགས་སྤྱོད་ཅིང་། །
མངོན་མཐོ་ངེས་ལེགས་ཐར་བའི་གོ་འཕང་དཀའ་ཚེགས་མེད་ལེགས་འགྲུབ་ནས། །
བྱང་ཆུབ་སེམས་དང་སྣང་སྲིད་དག་པའི་ལྷ་ལམ་ཡངས་པར་མྱུར་བགྲོད་པའི། །
རྒྱལ་བསྟན་མདོ་སྔགས་བཤད་སྒྲུབ་ཕྲིན་ལས་ཀུན་གསལ་ཁྱོན་ཀུན་ཁྱབ་གྱུར་ཅིག །

ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ས་གྷ་ཟླ་བའི་ཡར་ཚེས་ནས་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་ལྡན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པའི་འཁྲུངས་སྐར་དུས་ཆེན་ཞིག་བོད་རྒྱལ་ཁབ་ཆེན་པོའི་མཉམ་ཚེས་ཀྱི་སྲི་ཞི་དགོས་པའི་འབོད་བསྐུལ་དུ་དུས་རབས་ཉེར་གཅིག་ཚེས་ནས་བཟུང་ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀས་ཡང་ཡང་བདག་ཅག་གི་སྟོན་པའི་འཁྲུངས་སྐར་ཕྱག་ལེན་གྱི་ཤིང་རྟའི་སྲོལ་ཆེན་ཕྱེས་ཤིང་།ཡུལ་ཟླ་རྒྱུད་ཀྱི་མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཁྲུངས་སྐར་བདེ་ལེགས་རྒྱུད་འཛིན་དུ་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུས་རྩོམ་སྐུལ་གནང་བའི་རྐྱེན་ལས་ཆོས་མཆེད་དམ་པའི་ཕྱག་ལས་ལ་ཡི་རང་དང་དུས་ཆེན་སུམ་འཛོམས་ལ་དགེ་བསྐུལ་ལ་ཤྲྰི་ཨ་ནནྟ་བཛྲས་ཅི་དྲན་དུ་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ངམ་བཀའ་གཏེར་གླེགས་བམ་བརྩེགས་པའི་གུར་ཁང་ནས་བྲིས་པ་དོན་དང་ལྡན་པར་སྨོན་ནོ།། །།

རྩོམ་རིག

Post navigation

Previous Post: བལ་ཡུལ་གྱི་བོད་མི་ཚོས་ས་གནས་བྱིས་པ་གཡོག་ནག་ཏུ་བཀོལ་ཚུལ།
Next Post: མི་ཚེའི་རྩ་དོན་བཞི།

Comments (11) on “༄༅། །སངས་རྒྱས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས། །”

  1. བསམ་ཤེས། says:
    2013-05-14 at 11:27 pm

    ཁྱེད་ཀྱིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ་འབུལ་བ་འདི་ལ་ཡི་རངས་དང་མངོན་པར་བསྟོད་འདོ། དེ་བཞིན་སངས་རྒྱས་ཀྱིས། ལེགས་པར་བརྟག་ལ་ང་ཡི་བཀའ་ཞེས་གསུང་པའི་རྩ་ཆེའི་ཞལ་གདམས་འདི་ལག་ལེན་བསྟར་ནས་སངས་རྒྱས་དགྱེས་པའི་སྒྲུབ་པའི་མཆོད་པ་ཞིག་འབུལ་བ་བྱ་ཡི། 

    དང་པོ། ཀ་མ་ལ་དང་སངས་རྒྱས་ཀྱི་ཐུགས་བསྐྱེད་གཉིས་མཚུངས་དཔེར་འཇོག་པའི་ཁྱད་གཞི་ཁྱད་ཆོས་འགྲེལ་བཤད་ཅིག་གནོངས་རོགས།

    གཉིས་པ། ཨེ་ཝྃ་དང་རྫོགས་ཆེན་གྱི་ལྟ་བ་གཉིས་འགྲེ་སྟངས་ལ་གསལ་བཤད་ཅིག་གནོངས་རོགས། 

  2. བསམ་ཤེས། says:
    2013-05-14 at 11:31 pm

    གསུམ་པ། ཧ་ཤང་རྒན་པོའི་རྣལ་འབྱོར་ལྡན་པའི་ཞེས་གསུངས་དུས། ཁྱེད་ཧ་ཤང་གི་ལྟ་བའི་རྗེས་འཛིན་པར་གོ་དགོས་སམ། 

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-15 at 12:21 am

    ཤྲྰི་ཨ་ནནྟ་བཛྲས

    བོད་ཀྱི་ཀ་འཕྲེང་ཚིག་རྐང་དང་པོའི་མགོ་ལ་ཡིག་སྣ་ཚོགས་ཀྱིས་སྤྲས།
    དཔལ་ལྡན་མཐའ་ཡས་རྡོ་རྗེ་ཅན་གྱིས་བདག་ཅག་སྟོན་པ་མཉམ་མེད་མཆོག
    ཟས་གཙང་སྲས་པོར་དད་ཅིང་གུས་པའི་བོད་ཀྱི་མིང་ཚིག་མེ་ཏོག་འབར།
    མིང་ཚིག་ཡི་གེའི་ཐོབ་ཐང་ལེགས་བྲིས་དཔལ་ལ་དགྱེས་པར་རོལ་གྱུར་ཅིག།་

  4. མེ་ཏོག་དཀར་པོ says:
    2013-05-15 at 1:23 am

    ཀ་མ་ལ་སོགས་མེ་ཏོག་ཆུན་པོ་དང་། །
    ཁ་དོག་དྲི་རོ་རེག་སོགས་འདོད་ཡོན་གྱིས།།
    ག་དུས་ཡིན་ཡང་སྙིང་ནས་དད་སེམས་ཀྱིས།།
    ང་ཚོའི་སྟོན་པ་ཁྱོད་ལ་མཆོད་པ་འབུལ།།

  5. མེ་ཏོག་དཀར་པོ says:
    2013-05-15 at 1:26 am

    ༼ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་༽ དཀོན་མཆོག་གསུམ། སྟོན་པ་ཞལ་བཞུགས་སྐབས་ཀྱི་མི་ཆོས་བླ་མའི་རྫུན་གྱི་གླེང་གཞི་ཕོག་སའི་ཉ་པ་ལྔ་བརྒྱ་པོའི་རྣམ་ཐར་དེ་དྲན་སོང་། ཨ་མ་མ་་་་

  6. བན་དེ་བ། says:
    2013-05-15 at 2:06 am

    དཔལ་གྱེས་འདི་ག་དུས་ཡིན་ནའང་ཚིག་མཛེས་མདོག་སྟོན་པ་ལས་་་་་བྱི་ལ་དང་གཅིག་པ་རེད། ཁས་ཞི་ཞིང་དུལ་བའི་ཚིག་བཤད།
    རང་རྒྱུད་ཆགས་སྡང་རྨོངས་གསུམ་གྱིས་རབ་ཏུ་སྨྱོས་པ་ཞིག་གིས་བཤད་པར་ཡི་རངས་མེད། རྩ་བ་དུག་ན་ལོ་མའང་དུག་ཏུ་འགྱུར་རོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-05-15 at 4:02 am

    ་་་་་་ ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀས་ཡང་ཡང་བདག་ཅག་གི་སྟོན་པའི་འཁྲུངས་སྐར་ཕྱག་ལེན་གྱི་ཤིང་རྟའི་སྲོལ་ཆེན་ཕྱེས་ཤིང་།ཡུལ་ཟླ་རྒྱུད་ཀྱི་མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཁྲུངས་སྐར་བདེ་ལེགས་རྒྱུད་འཛིན་དུ་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུས་རྩོམ་སྐུལ་གནང་བའི་རྐྱེན་ལས་ཆོས་མཆེད་དམ་པའི་ཕྱག་ལས་ལ་ཡི་རང་དང་དུས་ཆེན་སུམ་འཛོམས་ལ་དགེ་བསྐུལ་ལ་ཤྲྰི་ཨ་ནནྟ་བཛྲས་ཅི་དྲན་དུ་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ངམ་བཀའ་གཏེར་གླེགས་བམ་བརྩེགས་པའི་གུར་ཁང་ནས་བྲིས་པ་དོན་དང་ལྡན་པར་སྨོན་ནོ།། །། ་་་་་ ཟེར།

  8. པདྨ says:
    2013-05-15 at 4:38 am

    སངས་རྒྱས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་ཤྰཀྱ་སེངྒེའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-05-15 at 5:03 am

    ་་་་་ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀས་དང་། ་་་་་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུས་་་་་་ཟེར་བ་ནི་ཤྲྰི་ཨ་ནནྟ་བཛྲ་ལགས་ཀྱམི་ཞབས་འདྲེན་པའི་ཚིག་གཅིག་རེད་དོ། །

  10. གནམ says:
    2013-05-15 at 9:23 am

    ཀླུ་སྒྲུབ་མ་ཐུབ་པར་སྨྱོས་སོང་པའི་སྨྱོན་པ་ཀླུ་སྨྱོན་ནི་ཀླུ་སྒྲུབ་གཉིས་པར་འདོད་པ་ནི་ངོ་མ་ཡ་མཚར་རེད། ཧ་ཧ།

  11. ཏི་སི། says:
    2013-05-18 at 3:26 am

    དཔལ་དགྱེས་དེ་ངོ་ཅན་གྱི་ལས་རྒྱུ་འབྲས་ལ་མི་སྐྲག་མཁན་སྙིང་སྟོབས་ཅན། ཀླུ་སྨྱོན་འདིད་སྨྱོན་ལའང་ཀླུ་སྒྲུབ་བཞིན་སྒྲི་བཏགས་དེ་དོབ་ཁོ་རང་ལ་བསྟོད་ཚིག་ལ་རེ་བ་ཡིན་པ་གོར་མ་ཆགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme