Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

Posted on 2013-05-112013-05-11 By ཁ་བརྡ་ 2 Comments on ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

གསོན་པོ།

ཡོད་ཚད་ལས་དབང་ལ་བཅོལ་བའི་མི་རིགས་སམ་ལས་དབང་གི་རྟེན་འབྲེལ་ཁས་ལེན་པའི་འགྲོ་བ་མི་ཞིག་ཡིན་ཕྱིན་རང་གི་བདེ་སྡུག་ལེགས་ཉེས་ཡོད་ཚད་ལས་དབང་ལ་བརྟེན་པར་འདོད་ཅིང་དེ་ནི་སུས་ཀྱང་བསྒྱུར་དུ་མེད་པར་གང་བསགས་པའི་ལས་དེའི་འབྲས་བུ་ལས་གསོག་མཁན་རང་ཉིད་ཀྱིས་མྱོང་དགོས་པར་བཤད། རྒྱུ་མཚན་དེས་དབང་གིས་དངོས་བྱུང་སྒྲུང་རྩོམ་འདིའི་ཁ་བྱང་ལ་༼ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ་༽ཞེས་བཏགས་པ་ཡིན། དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འཚར་བའི་མི་བུ་རྣམས་དཔལ་འབྱོར་དང་ལང་ཚོར་སྲེད་ཞེན་འབར་ཏེ་བརྩེ་དུང་ངོ་མའི་རིན་ཐང་ཆུང་ནས་ཆུང་དུ་ཕྱིན་པའི་སྐབས་འདིར། ད་དུང་ལས་འབྲས་ལ་ཡིད་ཆེས་ཀྱི་ལྷད་མེད་པའི་བརྩེ་དུང་ལ་སྙོར་སྐྱོང་བྱེདཔའི་ན་གཞོན་ཇི་སྙེད་ཅིག་ཡོད་པ་ནི་དགའ་འོས་པའི་བཟང་སྤྱོད་ཅིག་ཅི་ལ་མིན།
དཔལ་འབྱོར་དང་ཤེས་ཡོན་གྱི་ལེགས་ཆ་ནི་ཀུན་ལ་མཁོ་ཞིང་འབད་བརྩོན་དགོས་པའི་ལས་གནས་ཤིག་ཡིན་ཡང་འདི་དག་ལ་འདོད་ཞེན་དྲག་པོས་གཞན་གྱི་བརྩེ་བ་དང་བདེ་སྐྱིད་ཁྱད་བསད་དང་སྣང་མེད་བྱེད་པ་ནི་ཡིད་སྐྱོ་བའི་གནས་སྟངས་ཤིག་ཅིའི་མ་ཡིན། ཚོར་བ་འདི་སྙིང་ཁམས་སུ་བཅངས་ཏེ་ལོ་ཟླ་དང་ཉིན་ཞག་གི་ཁྲོད་ནས་ཁོང་གི་བརྩེ་དུང་སྙོར་སྐྱོང་དང་བདག་གཅེས་བྱས་ཤིང་དེ་ནི་སྡུག་བསྔལ་དང་དགའ་ཚོར་མཉམ་བསྲེས་ཀྱི་སྣང་བ་ཞིག་ལས་དགའ་སྣང་དང་བདེ་སྐྱེད་ཁོ་ནས་འཇིག་རྟེན་ཞིག་ཡིན་པ་ཚོར་མ་བྱུང་། བརྩེ་དུང་ནི་བདེ་སྐྱེད་དང་། བརྩེ་དུང་ནི་མཆོག་གྱུར་གྱི་དགའ་བ། བརྩེ་དུང་ནི་མི་ཚེའི་ནང་གི་སྐྱིད་སྣང་ཡོད་ཚད་ཀྱི་འབྱུང་ཁུངས་སུ་བརྗོད་པ་ནི་མི་བུ་འགའ་ཞིག་ལ་མཚོན་ན་དངོས་ལུགས་ཀྱི་གནས་སྟངས་ལས་བརྒལ་བའང་དངོས་བདེན་ཡིན།
བརྩེ་དུང་གི་མདུད་པ་ནི་དང་པོ་དམ་དཀའ་ལ། མཐའ་མ་གྲོལ་དཀའ་བའི་མདུད་པ་ཞིག་དང་། མདུད་པ་དེ་ནི་མཚམས་རེར་བརྗོད་དཀའ་བའི་བདེ་སྣང་སྦྱིན་ལ་མཚམས་རེར་བཟོད་དཀའ་བའི་གདུང་བ་སྦྱིན་པའི་སེམས་ཁོང་གི་རྣོ་ངར་ལྡན་པའི་རལ་གྲི་ཞིིག་རེད། རལ་གྲི་དེའི་མདུན་ངོས་དང་ལྟག་རྒྱབ་ཏུ་འཇམ་ཞིང་མཉེན་པའི་བདེ་སྐྱིད་ཀྱི་སྣང་བ་འོད་དུ་འཚེར་ལ་རྩུབ་ཅིང་རྣོ་བའི་གདུང་ཡུས་ཀྱི་རྣོ་ངར་ཡང་ཅི་ཡང་ལྡན། འཇིག་རྟེན་གྱི་ཡོད་ཚད་བརྩེ་དུང་གི་ཆེད་དུ་མིན་ཡང་བརྩེ་དུང་ནི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་དང་བརྩེ་དུང་མེད་པའི་མི་ཚེ་ནི་སྙིང་པོ་མེད་པའི་འཚོ་གནས་ཤིག་གཏན་གཏན་རེད། འདི་ནི་འཇིག་རྟེན་གྱི་ལས་བྱ་གཉེར་མཁན་ཁོ་ནས་བསམ་དོན་མིན་པར་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་སྤྱི་འདུས་ཀྱི་བསམ་ཚུལ་ཞིག་རེད།

ངོ་མཚར་གྱི་ཐུག་འཕྲད།
དུས་རབས་ཉེར་གཅིག་པའི་མཁའ་དབུགས་ནི་བརྡ་འཕྲིན་དང་ཆ་འཕྲིན་གྱི་ཁྲོད་ན་གཡོ་བཞིན་ཡོད་ལ་དུས་རབས་འདིའི་མི་བུ་རྣམས་ཀྱིས་ཀྱང་བརྡ་འཕྲིན་དང་ཆ་འཕྲིན་ཁྲོད་དུ་ཚོར་རྟོག་སྒུམ་བཞིན་ཡོད། སྤྱི་ལོ་ཉིས་སྟོང་དྲུག་ལོའི་ལོ་མཇུག་སྟེ་ཉིས་སྟོང་བདུན་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་བསུ་ལ་བྲེལ་བའི་དུས་སྐབས་ཤིག་ཏུ་ང་རང་སྡོད་ཤག་གི་ཡང་ཐོག་ཏུ་བུད་དེ་ཕྱིའི་ཁོར་ཡུག་གི་མཛེས་ལྗོངས་ཞིབ་བལྟ་བྱས་པ་ཡིན། ཧ་ཅང་མཛེས་པའི་སྣང་བ་མི་སྟེར་མོད་ཡིད་ལ་སྤྲོ་སྣང་སྦྱིན་པའི་ལྗང་མདོག་གི་ལྗོན་ཤིང་རྣམས་བསིལ་རླུང་འཇམ་པོ་ཞིག་གིས་ཡོམ་ཡོམ་དུ་སྒུལ་བཞིན་འདུག་ལ། ཉི་རྒས་དམར་བོ་ཞིག་གིས་འོད་དཀར་གྱི་བཀྲག་མདངས་ཡོངས་སུ་བསྡུས་ཏེ་འཇིག་རྟེན་གཞན་ཞིག་ལ་བཞུད་པའི་སྟ་གོན་བྱེད་བཞིན་འདུག ངའི་སེམས་ཁུང་དུ་སྐྱོ་ལྷང་ལྷང་གི་ཚོར་བ་ཞིག་གིས་ག་ལེར་འཁྱུད་བྱུང་ལ་དེ་ནི་ཕ་ཡུལ་གངས་ལྗོངས་དང་རྒྱང་ཐག་རིང་བའི་ས་མཐའ་འདིར་བདག་ལ་ཆེས་བློ་ཐུབ་ཡིད་ཆེས་བྱེད་སའི་སྙིང་གྲོགས་མང་པོ་ཞིག་མེད་པའི་སྐྱོ་གདུང་དང་། ཆེས་ཐག་རིང་གི་གཉེན་ཉེ་རྣམས་དྲན་པའི་གདུང་ཚོར་ཞིག་རེད། ང་རང་ཕྱིར་རངཤག་ཏུ་ལོག་སྟེ་ཁུ་སིམ་སིམ་གྱི་འཚོ་བ་དེར་བསམ་གཞིགས་ཀྱི་སྒོ་གླེག་བྱས་པ་ཡིན།

འཇིག་རྟེན་ནི་ལས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་ཡིན་ལ་བརྩེ་དུང་ནི་སུ་ལ་ཡང་འབྲེལ་མཐུད་བྱེད་པའི་འཆིང་ཐག་ཅིག་རེད། གལ་སྲིད་བདག་ལ་ཆེས་མཛའ་བརྩེ་ཟབ་པའི་གྲོགས་པོ་ཞིག་སྒུག་ཡོད་སྲིད་ལ་དེ་ནི་ངའི་མི་ཚེའི་ནང་གི་གྲོགས་པོ་ཡག་ཤོས་ཤིག་ཡིན་སྲིད། ངས་འདི་ལྟར་བསམ་གཞིགས་བྱེད་བཞིན་ལག་ཐོག་ཁ་པར་དུ་ཚོད་ཚོད་ཀྱིས་ཨང་གྲངས་ཤིག་བྲིས་ཏེ་གལ་སྲིད་བོད་པ་ཞིག་གིས་བརྡ་ལན་སྤྲད་ཚེ་ཁོང་ངའི་འཇིག་རྟེན་འདིའི་གྲོགས་པོ་ལྷད་མེད་ཅིག་ཏུ་བརྩི་རྒྱུའི་དམ་བཅའ་བཞག་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་གཉོམ་དུང་དུང་གི་སྐད་གདངས་ཤིག་གིས་བདག་ལ་ལན་སྤྲད་བྱུང་། དེ་ནི་བོད་པ་ཞིག་ཡིན་པ་མ་ཟད་རང་གཤིས་དྲང་ལ་སྤྱི་སེམས་ལྡམ་པའི་སྨན་ཆུང་བུ་མོ་ཞིག་གི་གསུང་སྐད་རེད།
ཉིན་དེ་ནས་བཟུང་ངས་ཁོང་ལ་ཁ་པར་གྱི་ལམ་ནས་ངའི་རང་གཤིས་དང་། ངའི་དམིགས་ཡུལ། ངའི་ཤེས་ཚད། ངའི་སྐྱེས་གཟུགས། ངའི་འཆར་གཞི། ངའི་ཕུགས་རེ། ངའི་ལྟ་གྲུབ་སོགས་རེ་རེ་བྱས་ཏེ་འགྲེལ་བཤད་བྱས་པ་ཡིན། དེ་ནས་བཟུང་ས་མཐའ་འདིར་ང་ལ་བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་སེམས་གཏིང་གི་གྲོགས་པོ་ཞིག ད་དུང་སྙིང་ཉེ་བའི་གྲོགས་པོ་ཡག་ཤོས་ཤིག་ཡོད་པའི་ཚོར་བ་བརྒྱུད་མར་བྱུང་ལ་ཁོང་དང་དམིགས་བསལ་ཀྱི་སེམས་ཐག་ཉེ་རུ་ཉེ་རུ་ཕྱིན་སོང་། འོན་ཀྱང་དོགས་སྣང་དང་འཇིགས་སྐྲག་གི་ཚོར་བ་ཞིག་ཀྱང་སྐབས་སྐབས་སུ་བྱུང་ལ་དེ་ནི་ངེད་ཀྱི་ཕྱོགས་ནས་རེད། ཕན་ཚུན་རྒྱུས་མངའ་དང་ཐུག་འཕྲད་མེད་པའི་མི་ཆ་མེད་གཉིས་གཅིག་གིས་གཅིག་ལ་ལམ་སེང་ཡིད་ཆེས་དང་བློ་འགེལ་བྱེད་དཀའ་བ་ཞིག་རེད།

དེ་ལྟར་ཡང་ཐབས་ལམ་གཅིག་ཡོད་པ་ནི་ཕན་ཚུན་འདྲི་ཚིག་གི་ལམ་ནས་བརྟག་དཔྱད་དང་རྒྱུས་ལོན་བྱ་རྒྱུ་དེ་རེད། ཐབས་ལམ་འདི་བརྒྱུད་ནས་རྒྱུས་ལོན་གང་མང་བྱས་མཐར་ཁོང་ནི་ལས་དབང་གིས་སྤྲད་པའི་བདག་གི་མཛའ་གྲོགས་ངོ་མ་དེ་ཡིན་པའི་ངེས་ཤེས་སྐྱེས་ཤིང་ཆེས་ཐོག་མའི་བརྩེ་དུང་ཡོད་ཚད་རང་དབང་མེད་པར་ཁོང་གི་ཕྱོགས་སུ་ཤོར་སོང་། ད་དུང་ཡ་མཚན་པའི་གནས་ཚུལ་ཞིག་ལ་ངེད་གཉིས་གྲོགས་པོ་ཆགས་པ་ནས་བཟུང་ངེད་གཉིས་ཀྱི་རང་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་། དེ་སྔོན་ང་རང་སེམས་རྒྱ་ཆེན་པོ་དང་བློ་ཕུགས་ཡང་པོ་ཞིག་ཡིན་པའི་གདེང་ཚོད་བྱེད་བཞིན་ཡོད་ཀྱང་ཁོང་དང་ཐུག་པ་ནས་སེམས་རྒྱ་ཆུང་རུ་ཕྱིན་པ་འམ་གང་ལྟར་ཁོང་གི་ཕྱོགས་ནས་རྣམ་འགྱུར་མ་རང་བ་རེ་མངོན་སྐབས་ང་རང་ལམ་སང་མིིག་ཆུ་ཤོར་བཞིན་འདུག ཉིན་ཞིག་ཁོང་གིས་ངེད་གཉིས་ཀྱི་སྐད་ཆ་བཤད་སྐབས་ཁྱིམ་མཚེས་བུ་མོ་ཞིག་གིས་གོ་འདུག་པས། མོས་ཁྱོད་ཀྱིས་མཚམས་བཞག་མ་བྱས་ན་ཁྱོད་ཀྱི་གཅེན་པོ་སོགས་ལ་བཤད་རྒྱུ་ཡིན་ཟེར་བས་དེ་རིང་ནས་ངེད་གཉིས་ཀྱི་ཁ་པར་ལམ་གྱི་སྐད་ཆ་མཚམས་བཞག་དགོས་ཟེར་སྐབས་ང་རང་སྐྱོ་ནས་མིག་ཆུ་ཐོག་མར་ཤོར་བས་ཁོང་ཧ་སང་དེ་མགྱོགས་པོར་རྩེད་མོ་ཡིན་པའི་གསལ་བཤད་བྱས་བྱུང་།
ཁོང་གིས་ཀྱི་དེ་སྔོན་སུ་ལ་འང་བཤད་མི་ཐུབ་པའི་གསང་ཚིག་རྣམས་བདག་ལ་བཤད་ཐུབ་པ་མ་ཟད་ངེད་གཉིས་ཀྱི་ཁ་པར་ལམ་ནས་གླེང་མོལ་བྱེད་སྐབས་ཁོང་ལ་བདེ་ཚོར་དང་དགའ་སྣང་གིས་མྱོས་འོང་གི་འདུག་ཅེས་བདག་ལ་ལན་མང་པོར་བཤད་མྱོང་ལ་དེ་དག་དངོས་དོན་ཡིན་པས་བདེན་དཔང་ཡང་བྱས་བྱུང་། ངེད་གཉིས་དེ་ལྟར་འདྲིས་ཤིང་ང་གཉིས་དེ་ལྟར་ཕན་ཚུན་དགའ་རུང་བཀག་རྒྱ་གང་མང་ཞིག་གིས་ངེད་གཉིས་ཐུག་འཕྲད་ཀྱི་གོ་སྐབས་མ་ཐོབ། ངེད་གཉིས་ཕན་ཚུན་གྱི་འདྲ་པར་མཐོང་བ་ལས་ཕན་ཚུན་གྱི་སེམས་ལ་བརྩེ་སེམས་ཀྱི་འོག་ཐིག་སྦྲུམ་ཞིང་ནམ་ཞིག་དགའ་ལྷང་ལྷང་གི་མཇལ་འཛོམས་ཤིག་ལ་རེ་སྒུག་བྱས་པ་ཡིན། །

མུ་འགོད་་་

བརྩམས་སྒྲུང་།

Post navigation

Previous Post: ཧར་བཤད་ལྕགས་ཀྱུ་མ།
Next Post: རབ་གསལ་གྱི་དྲག་རྩལ།༼རྒད་པོ་དང་རྒྱ་མཚོ༽བཀླགས་བྱང་།

Comments (2) on “ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།”

  1. ཨ་རིག་དགེ་མཐོང་། says:
    2013-05-11 at 12:32 am

    རྩོམ་སྒྲིག་པ་ལགས། སེང་རྡོར་དྲ་བ་ན༼ རྒད་པོ་དང་རྒྱ་མཚོ༽ བཀླགས་བྱང་ཞིག་ཡོད། འདིར་སྤེལ་རོགས་ཞུ

  2. གཡུ་བྲག་པ། says:
    2013-05-11 at 2:30 am

    མུ་འགོད་ལ་རེ་སྒུག་བྱས་ཡོད། མགྱོགས་མྱུར་འགོད་པར་དགའ་བས་བསུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme