Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་ལ་ཐིམ་པའི་གླུ།

Posted on 2013-05-102013-05-10 By ཁ་བརྡ་ No Comments on གནམ་ལ་ཐིམ་པའི་གླུ།

བསོད་ནམས་ནོར་བུ།

གནམ་སྔོན་མོ་གཡུ་ཡི་མར་ཤོད་ན།།
ས་སེར་པོ་གསེར་གྱི་སྒལ་སྟེང་དུ།།
སྤྲིན་དཀར་པོ་མཆོང་བའི་ཁ་ཐུག་ནས།།
ངག་དམར་པོས་གླུ་ཆུང་ཟ་ཟིར་འཐེན།།

སྔོན་བདག་ཅག་སྟོན་པས་རྫུ་འཕྲུལ་གྱིས།།
གཅུང་དགའ་བོ་ལྷ་ཡུལ་སྐྱེལ་རབས་དང་།།
ལྷ་དབྱངས་ཅན་ཕྱག་གིས་ཀློང་ཆེན་པ།།
རིའི་རྩེ་མོར་ཁུར་བ་གཏམ་རྒྱུད་ཙམ།།

དུས་དེང་སང་ཚན་རྩལ་ལག་དྲིན་ལས།།
བྱ་མིན་ཡང་གནམ་ལ་འཕུར་མཁན་དང་།།
ཉ་མིན་ཡང་ཆུ་ལ་རྐྱལ་མཁན་གྱི།།
ངོ་མཚར་མོའི་གནམ་གྲུ་མཚོ་གྲུ་མང་།།

བདག་ཡིག་ཁུག་དམར་པོའི་འཚང་ཁ་དང་།།
དར་དཀར་དམར་འཕྱང་འཕྲུལ་རྒོད་པ་ཡི།།
ཐོབ་གོ་གནས་ཅན་ཞིག་མ་ཡིན་ཡང་།།
དགུང་སྔོན་མོར་མིག་གཡུག་ཐེངས་ཤིག་བྱས།།

ཐང་བདེ་མོ་མེ་ལོང་ངོས་འདྲ་ནས།།
རྐང་འཁོར་ལོ་རེག་ལ་མ་རེག་ངང་།།
སྐད་འུར་སྒྲས་གནམ་ས་འགེངས་བཞིན་དུ།།
བྱ་དཀར་མོའི་གཤོག་ཟུང་གནམ་ལ་བརྐྱང་།།

སྔོན་ཐོན་མི་བཻ་རོ་ལ་སོགས་པས།།
ལུས་དཀའ་སྡུག་རྔུལ་ནག་འཚིར་བཞིན་དུ།།
ཉིན་ཟླ་ལམ་རྡོག་པས་བཅད་པའི་སར།།
དུས་དེ་རིང་ཡུད་ཀྱིས་བརྒལ་ལ་ལྟོས།།

སའི་གོ་ལར་གྱེས་ཁའི་མིག་ཞགས་གཡུགས།།
སྤྲིན་དཀར་པོའི་འདབ་མ་ལག་པས་བྱིལ།།
རྒྱང་མིག་ཟུང་ནམ་མཁའི་མཐའ་ལ་བསྲིང་།།
ཕུགས་རེ་བཞག་ཁྲག་རྩའི་སྦུབས་ནས་གླེང་།།

ཡར་ལྟོས་དང་ལྷ་ལམ་ཡངས་པའི་ཁྱོན།།
འོད་ཐིག་ལེ་ཐིག་ཕྲན་འཕྲོ་ཞིང་སྡུད།།
མིག་ལྟ་བས་མི་མངོན་ཕ་མཐའ་བྲལ།།
སེམས་དྲན་སྣང་རིག་པ་སྟོང་ཧང་ཧང་།།

ཕྱོགས་གནམ་མཐའ་རི་བོས་རྒྱང་ནས་འདེཊ།།
རྒྱབ་ཉི་མས་འོད་ཟེར་ས་འོག་འཐེན།།
སྤྲིན་སྨུག་པས་སྐོར་ལྡིང་ལང་ལོང་བྱེད།།
བློ་ཀུན་རྟོག་འགྱུ་བས་བྲང་ཁོག་བརྡུང་།།

མར་ལྟོས་དང་ལྟད་མོ་འདི་འདྲ་གདའ།།
གངས་དཀར་པོས་སྤྲིན་གྱི་སྐེ་རྒྱན་དཀྲིས།།
ཆུ་གཙང་པོས་རླངས་པའི་ཕྱུ་པ་བསྣམས།།
ནགས་ལྗོན་ཤིང་གཟི་བྱུར་འབྲས་བུས་དུད།།

རྫ་བྲག་རི་སྒར་ཆེན་བཏབ་པ་འདྲ།།
ནགས་གཡུ་ལོ་མདུང་རིང་སློང་བ་བཞིན།།
མཚོ་དྭངས་མོ་མེ་ལོང་བཤམ་འདྲ་སྟེ།།
གནའི་རང་བྱུང་བཀོད་པ་མཛེས་ཤིང་སྡུག།

གངས་ལྷུན་བརྩེགས་སྤུ་གྲིའི་སོ་ཁ་ཅན།།
ཁྱོད་མཐོ་སྙམ་སྤོབས་པས་མ་འགྱིང་དང་།།
སྔར་གནམ་འདེགས་ཀ་བ་འབོད་ན་ཡང་།།
དུས་དེ་རིང་ཨ་ཕོའི་འཕོངས་ཞབས་རེད།།

དགུང་ལྕགས་བྱ་ཉ་མོའི་ལུས་དབྱིབས་ཅན།།
འཕུར་འཕུར་ནས་མགོ་བོ་ཕབ་ཐེངས་རེར།།
མིག་ཆུ་བུར་འོད་ཀྱི་བརྙན་འཕྲིན་ལས།།
དེང་གྲོང་ཁྱེར་དཔལ་ཡོན་འདི་འདྲའང་ཤར།།

མཐོ་ཁང་རྩེག་ཕ་བོང་སྒྲིག་འདྲ་ནས།།
མི་ཆུང་ཆུང་འབའ་འབུ་རྒྱུ་འདྲ་དང་།།
གཞུང་སྣུམ་ལམ་གཙང་ཆུ་འབབ་འདྲའི་སྟེང་།།
འཕྲུལ་རླངས་འཁོར་མེ་སྟག་ཡར་ཡར་མཐོང་།།

ཚོང་ཁྲོམ་ར་རྒྱལ་དར་བཀྲམ་འདྲ་ལ།།
གློག་དཀར་དམར་མེ་ཏོག་བཞད་བཞད་དང་།།
སྐད་འུར་ཟིང་སྦྲང་ཚང་སློག་སློག་སྟེ།།
མིའི་འཇིག་རྟེན་འཚོ་བ་ཁྲ་ཁྲ་རེད།།

༢༧/ ༣/ ༢༠༡༣/

སྙན་ངག

Post navigation

Previous Post: མཐོ་རིས་ཀྱི་སྐྱེད་ཚལ༼འབྲུག༽
Next Post: འཁྲུངས་སྐར་དང་འབྲེལ་བའི་སྐད་ཆ་བསྐྱར་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme