Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ།

Posted on 2013-05-082013-05-08 By ཁ་བརྡ་ 4 Comments on བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ།

གནས་ཚུལ་མཁོ་གཏོང་བ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་དེ་བཞིན་སྒང་ཏོག་ནས་འགོ་འཛུགས་ཀྱིས་སི་ཀིམ་མངའ་སྡེའི་ཆབ་སྲིད་དབུ་ཁྲིད་དང་གཞུང་ཞབས་ཁག་མཇལ་འཕྲད་ཞུས་པ།

བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་འགྲོ་བཞིན་པའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ཞུ་གཏུག་ལས་འགུལ་སྤེལ་བ་ལྟར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་དེ་བཞིན་སི་ཀིམ་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་འགོ་འཛུགས་ཀྱིས་ཕྱི་ཚེས་ ༨ ཉིན་མཇུག་བསྒྲིལ་ཞུས་འདུག སི་ཀིམ་མངའ་སྡེ་ནིི་བོད་དང་ས་འདྲེས་ཡིན་ཞིང། ཕྱི་ལོ་ ༢༠༠༦ལོར་རྒྱ་གར་དང་བོད་ཀྱི་ས་མཚམས་གནའ་ཐོད་ལ་ས་མཚམས་སྒོ་དབྱེ་གནང་ཡོད་པ་དང། རྒྱ་གར་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་ཆིངས་ཡིག་དུ་མ་བཞག་པ་ལྟར་ཚོང་འབྲེལ་ཤུགས་ཆེ་གནང་དང་གནང་བཞིན་ཡོད།

དེ་ལྟའི་ས་གནས་སུ་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་སྤེལ་མཁན་སྤྱི་འཐུས་གསུམ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ནས་ཕྱི་ཚེས་ ༨ བར་མངའ་སྡེ་དེའི་དབུ་ཁྲིད་དང་གཞུང་ཞབས་གནད་ཡོད་དེ་དག་མཇལ་འཕྲད་གནང་ཡོད་པ་རེད། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ཀྲི་རྒྱལ་མཚན་མཆོག་དང། (Speaker of the Legislative Assembly- Shri K.T.Gyaltsen) ཚོགས་གཞོན་སྐུ་ཞབས་ཨེམ་སྦི་དྷ་ཧལ་མཆོག་ (DeputySpeaker-ShriM.B.Dahal) ཤེས་རིག་བློན་ཆེན་སྐུ་ཞབས་ཨེན་ཀེ་པྲ་དཱན་མཆོག(Shri N.K. Pradhan, Education Minister) ནུས་ཤུགས་བློན་ཆེན་སྐུ་ཞབས་བསོད་ནམས་རྒྱ་མཚོ་མཆོག (Shri Sonam Gyatso,Power Minister) ཆུའི་སྲུང་སྐྱོབ་དང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ཀྲི་ཚེ་རིང་བྷོཊི་ཡ་མཆོག (Shri T.Tshering Bhutia,Water Security and Transport Minister) ཞིང་ཆུའི་བློན་ཆེན་སྐུ་ཞབས་ཟླའོ་ཆུ་ལེབ་ཆ་མཆོག(Shri Dawcho Lepcha (Irrigation) ཤིང་ནགས་དང་ཡུལ་སྐོར་སྤྲོ་འཆམ་བློོན་ཆེན་སྐུ་ཞབས་བྷིམ་པྲ་སཱད་དྷུང་གལ་མཆོག (Shri Bhim Prasad Dhungel,Forest and Tourism) ཟ་མ་དང་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཌི་ཨེན་ཐ་ཀར་པ་མཆོག (Shri D. N. Thakarpa (Food and Health)

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རྡོ་རྗེ་རྣམ་རྒྱལ་མཆོག (Member of Legislative Assembly- Shri Dorjee Namgyal) སི་ཀིམ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལྷ་ལྕམ་རིན་ཆེན་དབང་མོ་མཆོག (Chief Secretary- Smt. Rinchen Ongmu) བཅས་མཇལ་བར་ཁོང་རྣམས་ནས་ཞལ་གཅིག་གྲགས་སུ་གསུངས་དོན་ལ། སི་ཀིམ་དང་བོད་གཉིས་ནི་ལོ་རྒྱུས་དང་རིག་གཞུང་གཅིག་འགྱུར་ཡིན་པ་དང། བོད་ནང་ཛ་དྲག་གི་གནད་དོན་ཐད་ག་དུས་ཡིན་ནའང་གདུང་སེམས་མཉམ་སྐྱེ་དང་བོད་དོན་གྱི་ལས་འགུལ་ལ་ག་དུས་ཡིན་ནའང་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་། མངའ་སྡེའི་གཞུང་གི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཁྱེད་རང་ཚོས་གང་དག་ཞུས་པ་གོང་རིམ་ལ་གནས་ཚུལ་ཆ་ཚང་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནངའདུག

གཞན་ཡང་དབུས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པི་ཌི་རཱ་ཡེ་ (Shri P.D. Rai, M.P. Lok Sabha) དང་མངའ་སྡེའི་གཞུང་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེསེ་ཀེ་པྲ་དཱན་ (Shri S.K.Pradhan) རྒྱ་གར་གྱི་རྐང་རྩེད་རུ་ཁག་གི་རུ་དཔོན་བུ་ཆུང་བྷོ་ཊི་ཡ་བཅས་མཇལ་ནས་བོད་ནང་གི་ཛ་དྲག་དོན་རྐྱེན་སྐོར་འགྲེལ་བརྗོད་བྱས་འདུག་པ་དང་སྤྱི་ཁྱབ་དྲུང་ཆེས་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་དོན་རྐྱེན་དང་འབྲེལ་བའི་གྲོས་ཆོད་སླེབས་པ་ཡིན་ན་ཁོང་ཚོའི་ཚོགས་པ་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁས་ལེན་གནང། མངའ་སྡེ་དེའི་བློན་ཆེན་ཁག་དང་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་མ་ཐུབ་པ་ཚང་མར་བོད་ནང་གི་ཛ་དྲག་དོན་རྐྱེན་དང་འབྲེལ་བའི་སྐོར་ཞུ་སྙན་རེ་ཕུལ་ཡོད་འདུག

ཞུ་གཏུག་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་ཡོད་པ་ཇི་བཞིན་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཁག་ནས་དངོས་གསལ་དོད་པོའི་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ལ་སོགས་འཇོག་གནང་མཛད་པ་ལྟར་རྒྱ་གར་གཞུང་ནས་ཀྱང་དེ་དོན་གནང་ལམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་སོགས་རེད་འདུག ཞུ་གཏུག་ལས་འགུལ་དེའི་སྐབས་སྤྱི་འཐུས་ཞུ་གཏུག་ལས་འགུལ་བ་དང་ས་གནས་འགོ་འཛིན་བཅས་ནས་དབུ་ཁྲིད་ཀྱིིས་ཕྱི་ཚེས་ ༧ ཕྱི་དྲོར་སྒར་ཏོག་ཏུ་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།ཕྱི་ཚེས་༨ཉིན་གསར་འགོད་ལྷན་ཚོགས་གནང་བར་དེའི་སྐབས་གསར་འགོད་པ་མང་དག་ཕེབས་ནས་ཐུགས་སྣང་གང་ཆེའི་ཐོག་བཀའ་འདྲི་སྣ་མང་གནང་ཡོད་པ་རེད། བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་བྱང་བྷེང་གོལ་དང། ཨོ་ཌི་ཤཱ། ཆ་ཏིས་སྒར། ཇར་ཁནྜ་བཅས་ཡིན་པ་དང། ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་བཅས་ནས་སི་ཀེམ་མངའ་སྡེ་དང་། ཨ་སམ། ཨ་རུ་ན་ཅལ། མེ་གྷ་ལ་ཡ་བཅས་ལ་སྐོར་བསྐྱོད་གནང་རྒྱུ་འདུག

གསར་འགྱུར།

Post navigation

Previous Post: དགོང་ཁའི་མཚམས་སྤྲིན་དང་ཁེར་བཤད།
Next Post: ཨ་རིར་གནས་བཞུགས་སྨན་པ་དཀོན་མཆོག་ཚེ་བརྟན་ལགས་སུ་རྒྱང་འདྲི་བྱས་པ།

Comments (4) on “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ།”

  1. ཐུ་བ་རྒྱ་མཚོ། says:
    2013-05-08 at 3:30 pm

    སྐབས་འདི་འདྲར་ལས་ཀྱི་སྣེ་མོར་གཏོགས་པ་སྤྱི་འཐུས་རྣམ་པ་ཁྱེད་ཚོས་ཐུགས་མཉམ་འཇོག་དགོས་ས་གཙོ་བོ་དེ་ས་མཚམས་སྐོར་ལ་སྐད་ཆ་གང་བྱུང་དུ་མ་ཐལ་པ་བྱེད་དགོས་རྒྱུ་དེ་ཡིན། གནས་སྐབས་སུ་ས་མཚམས་སྐོར་ལ་བོད་མི་ཚོ་མཛུབ་གུ་མི་གཅུར་རྡོ་དབར་དུ་ཚང་ཁ་རྒྱག་མི་ཉན། དོན་དག་དེ་རྒྱ་དཀར་ནག་གཉིས་ཀིས་ཐག་གཅོད་བྱེད་ཀི་རེད།

  2. གསེར་འབྲུག་སྡེར་ལྔ་ says:
    2013-05-08 at 4:11 pm

    ས་མཚམས་སྐོར་ཅིའི་ཕྱིར་བཤད་དགོས་པ་རེད། འོ་ན་ས་མཚམས་བོད་ཀྱི་རེད་ཟེར་དགོས་པ་རེད། ཡང་ན། རྒྱ་གར་གྱི་རེད་ཟེར་དགོས་པ་རེད། ཡང་ན། རྒྱ་ནག་གི་རེད་ཟེར་དགོས་པ་རེད། སྣང་བ་མི་འགྲོ། རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་སྐོར་བོད་པས་བཤད་དབང་མེད་པ་སྔ་ས་ནས་བཟོས་པ་རེད་ལ་ཅིག་བཤད་རྒྱུའི་གོ་སྐབས་རག་མི་སྲིད་ལ། གལ་ཏེ་རག་དབང་དུ་བཏང་ན་ཡང་ཉན་འཇོག་བྱེད་ཀྱི་མ་རེད་དོ།

  3. དབྱངས་ཅན་འབངས། says:
    2013-05-10 at 4:53 am

    ནུབ་བཱེང་གཱལ་མ་གཏོགས་བྱང་བཱེང་གཱལ་ཟེར་བའི་རྒྱ་གར་གྱི་མངའ་སྡེ་ཞིག་གོ་མྱོང་མེད།

    འདི་འདྲའི་རིགས་ཀྱི་ལས་ཀ་ཞིག་བྱས་ནས་འགུལ་བསྐྱོད་ཅིག་བརྒྱབ་ན་ལས་འགུལ་ལ་བརྩི་རྒྱུ་མ་གཏོགས། རྐུབ་བཀྱགས་སྟེང་ཉི་མ་འཕུལ་ཐབས་ཀྱི་ལས་ཀ་དེ་བྱས་བྱས་པས་རྐུབ་ན་ནས་འགུལ་བསྐྱོད་བྱེད་པ་ཙམ་ནི་ལས་འགུལ་ག་ལ་ཡིན་ཏེ། དེ་ལྟ་ན་འགུལ་བསྐྱོད་ཡིན་ཚད་ལས་འགུལ་ཡིན་དགོས་པས་ཧ་ཅང་ཐལ་བར་འགྱུར་རོ།།

  4. གཏམབཟང་། says:
    2013-05-16 at 12:18 am

    ལས་གུལ་དངོས་འབྲེལ་ཡིན་ན་བོད་མིའི་འཛིན་སྐྱོངས་ཀྱི་མི་སྣ་དགོས་སྤྱི་འཐུས་ཚོའི་རང་གི་རྣ་ཁུག་འོག་ཡོད་པའི་བོད་མིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་ཇི་བྱུང་གེར་དོན་ཁོ་ནར་དམིགས་སྟེ་གསལ་མི་ཐུབ་པར་ས་མཚམས་དང་རྒྱལ་སྤྱིའི་གནས་སྟངས་ཐོག་མི་གཞན་ལ་བྱེད་དགོས་ཟེར་རྒྱུའི་སྤོབ་པ་ག་གནས་རྙེད་གྱི་ཡོད་པ་ཡམ་མཚན་དངོས་བྱུང་རེད།་་་་ཉེ་ཆར་གྲོས་ཚོགས་ནང་གནས་ཚུལ་གལ་ཆེ་གཉིས་བྱུང་བར་གོང་གསལ་སྤྱི་མཐུས་རྣམས་ནས་ཚིགས་གཅིག་གསུངས་མྱོངས་མེད།་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme