Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་དམར་འུར་འུར་གྱི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་ཉེས་ཆད་ཕོག་པ།

Posted on 2009-10-05 By དགེ་རབ་ 1 Comment on རླུང་དམར་འུར་འུར་གྱི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་ཉེས་ཆད་ཕོག་པ།

རབ་འབྱོར་ནས།
སྒྲུང་རྩོམ་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་གྱིས་”རླུང་དམར་འུར་འུར།”ཟེར་བའི་བརྩམས་སྒྲུང་གསར་པ་ཞིག་གཞུང་འབྲེལ་དཔེ་སྐྲུན་ཁང་མ་བརྒྱུད་ནས་དཔེ་སྐྲུན་བྱས་པ་དེ་ཁྲིམས་འགའ་གྱི་དཔེ་སྐྲུན་ཡིན་པར་བསྙད་དེ་རྩོམ་པ་པོ་ལ་ཉེས་ཆད་ཕོག་ཡོད་སྐད། ཉེས་ཆད་ནི་རྩོམ་པ་པོ་ཁོང་རྨ་ལྷོ་སོག་རིག་རང་སྐྱོང་རྫོང་ཟེར་བའི་རྫོང་གི་ལོ་རྒྱུས་རྩོམ་སྒྲིག་ལས་ཁུངས་ཀྱི་འགན་འཛིན་ཡིན་པ་དེའི་གོ་གནས་ཕབ་པ་དང་། ད་ནས་བཟུང་རྩོམ་པ་པོ་ཁོང་རྫོང་དེའི་ཡིག་ཚགས་དང་ཁ་བཀར་དགོས་པ་དེ་གཉིས་ཡིན་པར་བཤད།
“རླུང་དམར་འུར་འུར་”གྱི་ནང་དུ་ནགས་ཚང་ཞི་འུའི་སྐྱིད་སྡུག་དང་འདྲ་བར། ལོ་རབས་ལྔ་བཅུའི་ནང་ལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཡིན་ལས་ཆེ་བའི་ས་ཁུལ་ཞིག་ཏུ་རྒྱ་དམར་གྱི་དམག་དཔུང་དང་དབང་ཤུགས་སླེབས་ནས་ས་ཁུལ་དེ་དང་དེའི་བླ་སྤྲུལ་བྱེ་བྲག་པ་ཞིག་ལ་ཆགས་འཇིག་ཅི་བྱུང་དང་། བླ་སྤྲུལ་དེ་བཙོན་ཁང་དུ་སོང་ནས་ཀྱང་སྐབས་དེའི་རྒྱ་དམར་གྱི་བཙོན་ཁང་དང་དེའི་ལས་བྱེད་ཀྱི་གདུག་རྩུབ་དང་ཅོལ་ཆུང་གི་བྱེད་སྤྱོད་རྣམས་རི་མོའི་རྣམ་པར་བཀོད་ཐུབ་ཡོད། སྒྲུང་རྩོམ་དེ་ནགས་ཚང་ཞི་ལུའི་སྐྱིད་སྡུག་དང་མི་འདྲ་ས་ཞིག་ནི། དེའི་ནང་དུ་ལོ་རབས་ལྔ་བཅུའི་ནང་གི་བྱུང་བ་གཅིག་པོ་མ་ཡིན་པར། རིག་གནས་གསར་བརྗེ་ཆེན་པོ་དང་དེའི་རྗེས་སུ་ཆོས་དད་རང་དབང་སླར་གསོ་བྱུང་བའི་བར་དུ་བྲིས་ཡོད་་པ་དང་། བརྩམས་སྒྲུང་འདིའི་ནང་དུ་རྒྱ་ཕྱོགས་ཀྱི་གདུག་རྩུབ་ཀྱི་ངོ་བོ་གསལ་པོར་མངོན་ཡོད་པ་དང་མཚུངས་སུ་བོད་མིའི་ཅོལ་ཆུང་གི་གཤིས་ཀ་འགའ་རེ་ཡང་མངོན་ཡོད།

བརྩམས་སྒྲུང་འདི་ལ་སྔ་དུམ་ཕྱི་དུམ་ཆ་གཉིས་ཡོད་པ་ནགས་ཚང་ཞི་ལུའི་སྐྱིད་སྡུག་པར་སྐྲུན་མ་བྱས་སྔོན་ལ་བརྩམས་ཚར་ཏེ། གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་ནས་དཔེ་སྐྲུན་བྱེད་ཐུབ་རེས་དཔེ་སྐྲུན་ཁང་རེ་ཟུང་ལ་འབྲེལ་གཏུགས་བྱས་ན་ཡང་དཔེ་སྐྲུན་ཁང་དེ་དག་གིས་དཔེ་སྐྲུན་གྱི་ཁས་ལེན་བྱེད་ཐུབ་མི་འདུག ཕྱིས་སུ་མཚོ་སྔོན་བོད་ཡིག་གསར་འགྱུར་ཞེས་པའི་ཚགས་པར་གྱིས་དུམ་པ་ཞིག་མུ་འགོད་བྱས་ཚར་འདུག་པ་ཕལ་ཆེར་ཕྱི་དུམ་ཡིན་པ་འདྲ། ན་ནིང་ནས་རྒྱ་གཞུང་ནས་བོད་ཡིག་གི་དཔེ་སྐྲུན་དང་ལྷག་པར་དུ་སྒེར་གྱི་པར་སྐྲུན་གྱི་རིགས་ལ་དོ་དམ་ཇེ་བཙན་ལ་སོང་བར་བརྟེན་”རླུང་དམར་འུར་འུར་”ཡང་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་ནས་དཔེ་སྐྲུན་བྱེད་རྒྱུའི་རེ་བ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཏེ་སྒེར་ངོས་ནས་པར་སྐྲུན་བྱས་པ་རེད་ཟེར།

རྒྱ་གཞུང་ནས་རྩོམ་པ་པོ་འདི་ལ་ཉེས་ཆད་འབེབས་སྐབས། བརྩམས་སྒྲུང་འདི་དཔེ་སྐྲུན་བྱེད་སྟངས་ཀྱི་ཐད་ལ་མ་གཏོགས་ནང་དོན་གྱི་ཐད་ནས་སྐྱོན་འཛུགས་བྱས་མི་འདུག་ཟེར། རྒྱུས་ཡོད་པ་རྣམས་ཀྱི་བསམ་ཚོད་ལ། དཔེ་སྐྲུན་བྱེད་སྟངས་ཁ་གཡོར་ས་བྱེད་ཀྱི་ཡོད་པ་མ་གཏོགས་དོན་གྱིས་བརྩམས་སྒྲུང་དེའི་ནང་དོན་རྒྱ་གཞུང་གི་བློར་འབབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་ནང་དོན་གྱི་ཐོག་ནས་སྐྱོན་འཛུགས་བྱས་ན་བརྩམས་སྒྲུང་དེ་ལ་མི་རྣམས་ཀྱི་དོ་སྣང་ཇེ་འགྲོ་བར་དོགས་པ་ཡིན་རྒྱུ་རེད་ཟེར།

གསར་འགྱུར།

Post navigation

Previous Post: ཆོལ་གསུམ། ༼གླུ་ཚིག༽
Next Post: ང་རྒྱ་མཚོར་ལྟ་བར་དགའ།

Comment (1) on “རླུང་དམར་འུར་འུར་གྱི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་ཉེས་ཆད་ཕོག་པ།”

  1. ཚེར་མ། says:
    2009-10-05 at 11:19 pm

    རྒྱ་བཙོག་འདི་ཚང་གིས་ཡང་རྩོམ་པ་པོ་ཁོང་ལ་དཀའ་ངལ་བཟོས་སོང་། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་འདིའི་ཆེད་དུ་ལས་འགུལ་ཞིག་ངེས་པར་དུ་སྤེལ་དགོས་པར་འདོད། ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་ནམ་ཡང་ཁུ་སུམ་མེར་སྡོད་ཐབས་ཡོད་པ་མ་རེད། འོན་ཀྱང་དེང་སང་ཕྱི་རྒྱལ་དུ་འགྲོ་བར་རྒྱན་བརྒྱབས་ཏེ་ཁ་མ་འཆམ་པའི་སྒང་རེད། འདི་མོ་འདི་ཚོ་གོ་གི་ཨེ་ཡོད་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme