Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ཇི་མཱལ།

Posted on 2013-04-282013-04-28 By ཁ་བརྡ་ 12 Comments on ཏཱ་ཇི་མཱལ།

ཐེ་བོ་སངས་རྒྱས།

ས་སྟེང་ན་ངོ་མཚར་ཅན་བདུན་གྱི་ཡ་གྱལ་དུ་གྲགས་པའི་ཏཱ་ཇི་མཱལ་བང་སོ་ནི། མུ་གྷལ་རྒྱལ་པོ་ཤཱ་ཛྷང་གིས་ཁོའི་བཙུན་མོ་གསུམ་པ་མུམ་ཏཱ་ཇི་མཱལ་གྱི་ཁ་ཆེམས་ལྟར་མོ་རང་དྲན་རྟེན་དུ་ཕྱི་ལོ་1632-1653བར་བརྩིགས། རྒྱལ་པོ་དང་སྣང་བ་མཐུན་ཤོས་བརྩེ་དུང་ཟབ་པའི་ཚད་དུ་སོན་པའི་བཙུན་མོ་དེར་ཕྲུ་གུ་བཅུ་བཞི་པ་གྷུ་ཧ་རཱ་བྷེ་གྷམ་སྐྱེས་སྐབས་ཕྱི་ལོ་1631རང་ལོ་སོ་བརྒྱད་ཐོག་ཚེ་ལས་འདས་པར་བརྟེན། རྒྱལ་པོ་བརྩེ་དུང་ནང་མགོ་འཐོམས་དྲགས་པའི་སྐབས་སུ་ཁེལ་བར་མ་ཟད། གཅིག་ནས་བཙུན་མོ་འཆི་ཁར་ངེད་ལ་པུར་ཁང་འཇིག་རྟེན་ན་གྲགས་པ་ཞིག་རྩིགས་དགོས་ལབ་པ་དང་། གཉིས་ནས་རྒྱལ་པོ་དྲན་གདུང་གིས་མནར་བ་སངས་ཆེད་ཡིན་ལ། གསུམ་ནས་ཁོ་རང་གི་བཙུན་མོ་མུམ་ཏཱ་ཇི་མཱལ་ལ་ཇི་ཙམ་བརྩེ་བ་བཅངས་ཡོད་པ་མཚོན་ཕྱིར་པུར་ཁང་དེ་ཕོ་བྲང་གི་ཉེ་འཁོར་ཆུ་བོ་ཡ་མུ་ནའི་ངོགས་སུ་ཟླ་འོད་སྐྱེད་ཚལ་དང་བཅས་བཞེངས།
འདི་ནི་རྒྱ་གར་ནང་མུ་སི་ལིམ་གྱི་རིན་ཐང་བྲལ་བའི་སྒྱུ་རྩལ་ལས་གྲུབ་པའི་གཅེས་ནོར་གཙོ་བོ་ཡིན་པ་ཟད་འཇིག་རྟེན་ན་མཐོང་དཀོན་པའང་ཡིན། སྐབས་དེ་ཤེད་དུ་མུ་གྷལ་ཏ་ཟིག་པའི་བཟོ་རིག་སྒྱུ་རྩལ་ནི་འཇིག་རྟེན་གྱི་ཡང་རྩེར་སོན་ཞེས་པའི་དཔེ་མཚོན་དུ་པུར་ཁང་འདི་བཞག་ན་ཤིན་ཏུ་རན་པར་སེམས། དེའི་དུས་ནི་ལོ་རྒྱུས་ནང་དབྱི་སི་ལིམ་རིང་ལུགས་པ་མུ་གྷལ་རྒྱལ་རྒྱུད་རྒྱ་གར་དུ་གནས་སྤོ་གཞི་འཛུགས་དང་དབང་བསྒྱུར་བྱེད་པའི་སྐབས་ཡིན་ཞིང་།

ཏཱ་ཇི་མཱལ་བཟོ་བཀོད་དུ་དབྱི་སི་ལིམ་དང་། པར་ཤི་ཡ། ཏུརུཀ རྒྱ་གར་བཅས་ཀྱི་བཟོ་བོ་ལེགས་ཚད་བཀུག་པས་ཡུལ་དེ་དག་གི་བཟོ་རིག་པའི་སྙིང་བཅུད་འདུས་པ་ལྟར་ཡིན་སྟབས་དབྱིབས་བཀོད་དང་། བརྐོས་རིས། སྡེབས་རིས། ཤིང་བཟོ་སོགས་གང་ཅིའི་ཐད་གསང་བ་མཐིལ་བརྟོལ་དཀའ་བའི་ཚད་དུ་ཡོད་པར་མ་ཟད། རྒྱང་རིང་ཐུང་ནས་དབྱིབས་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལས་ཁ་དོག་ཆ་མ་འཚལ་བ་སྣང་བ་ལྟ་བུས་མི་རྣམས་ལ་ཡ་མཚན་ཚད་མེད་པ་ཞིག་ངང་གིས་སྟེར།
སྐབས་དེར་རྒྱལ་པོའི་ཕོ་བྲང་དུ་ཁང་པ་ཇུས་འགོད་ཀྱི་བློ་འདྲི་སར་ཚུད་ཅིང་ལས་འཁྱུར་ནས་བུད་པ་ཨུལ་ཁཱ་རིམ་མཱ་མུར་ཁན་དང་། མཱ་ཀར་མ་ཐྲི་ཁན། ཨུ་སྟ་ཌ་ཨ་མཱ་ཌ་ལ་ཧུ་རི་དག་ལ་འགན་ཁག་དཀྲིས་པ་དང་། དེ་དག་གི་ལྟ་རྟོག་འོག་བཟོ་བཀོད་པ་དང་ལག་རྩལ་བ་སྟོང་ཕྲག་བརྒལ་བས་མི་ལོ་ཉེར་གཅིག་རིང་རྣམ་དཔྱོད་དང་རྔུལ་ནག་གིས་བསྐྲུན་པ་ཞིག་རེད། ལ་ཧུ་རི་ནི་ཡོངས་ཁྱབ་ཀྱི་བློ་འདྲི་ས་དང་ཇུས་འགོད་པ་གཙོ་བོ་དེ་རེད། སྤྱིར་གནའ་བོའི་མུ་གྷལ་བའི་རྒྱལ་མཁར་ཕལ་མོ་ཆེ་རྡོ་དམར་ཤ་སྟག་གིས་བསྐྲུན་ཡོད་མོད། ཤཱ་ཛྷང་གིས་རྡོ་ཀ་མ་རུ་པ་དཀར་པོ་ཆུ་རིས་ཅན་བཅད་སྦྱང་བརྡར་གསུམ་གྱིས་འབུར་རྐོས་རི་མོ་དང་ཕྱེད་ཀ་རིན་པོ་སྣ་ཚོགས་ཀྱི་ཕྲ་རྒྱན་བཏབ་ནས་ཁང་བཟོའི་རྒྱུ་ཆ་དང་ཆུ་ཚད་སྔར་བས་ཡར་རྒྱས་བཏང་བར་སྣང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཏཱ་ཇི་མཱལ་ནང་རང་རེའི་བོད་ནས་ཐོན་པའི་རིན་ཆེན་གཡུའི་ཕྲ་རྒྱན་ཡོད་ཀྱང་བོད་པ་ཚོར་བཤད་ན་ཡིད་ཨེ་ཆེས་མི་ཤེས།

གཞན་ཡང་རཱ་ཇི་སི་ཐཱན་ནས་རྡོ་ཀ་མ་རུ་པ་རྣམས་དང་། པན་ཇབ་ནས་གཡང་ཊི། རྒྱ་ནག་ནས་ཆུ་ཤེལ། ཨབ་གྷ་ནི་སི་ཐྲན་ནས་བེེ་ཊཱུ་རྱ། ཤྲི་ལིངྐ་ནས་ཨིནྡྲ་ནཱིལ། ཨ་རབ་ནས་མ་ནི་ཧོ་སོགས་བསྒྲུབས་པས་རྒྱུ་ཆ་རྣམ་གྲངས་ཉེར་བརྒྱད་ཡོད་པར་བཤད། བང་སོ་གཙོ་བོ་ནི་ཕྱི་ལོ་1648 ལོར་བཟོས་ཚར་ཡང་ལོ་ལྔའི་རྗེས་སུ་མ་གཏོགས་ཉེ་འཁོར་གྱི་ཁང་པ་དག་དང་སྐྱེད་ཚལ་བཅས་ཡོངས་སུ་འགྲུབ་མ་ཐུབ། ཏཱ་ཇི་མཱལ་བང་སོའི་འཛུགས་སྐྲུན་སྐོར་རྒྱལ་པོ་ཤཱ་ཛྷང་ཁོ་རང་གིས་འགྲེལ་བཤད་འདི་འདྲ་བརྒྱབས་འདུག “དེ་ནི་པར་ཤི་ཡ་དང་གནའ་བོའི་མུ་གྷལ་བའི་སྲོལ་རྒྱུན་ཁང་བཟོ་རིག་པ་གཉིས་ཟུང་འབྲེལ་རྒྱ་སྐྱེད་ཐད་གཞེན་སྐུལ་ལ་བརྟེན་ལེགས་གྲུབ་བྱུང་བ་ཡིན་”ཟེར། འདི་མུ་གྷལ་རྒྱལ་རྒྱུད་ཀྱི་མེས་པོའི་པུར་ཁང་དུ་བརྩིས་ནའང་ཆོག་སྟེ། འདིའི་ནང་སཱ་མར་ཁན་ཌི་དང་། ཧུ་མ་ཡན། ཨི་ཊི་མད་ཌུ་ལ་བཅས་པའི་པུར་ཡང་ཡོད། རྒྱལ་པོ་ཤཱ་ཛྷང་གི་བུ་ཨུ་རང་ཛེབ་ནི་ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པ་ཞིག་ཡིན་པས། ཏཱ་ཇི་མཱལ་བང་སོ་ཚར་ནས་ཅང་མ་འགོར་བར་ཡབ་རྒྱལ་པོ་བཟུང་ཞིང་ཚེ་མཇུག་བཟང་བཙོན་ཁྲོད་སྒྲིལ་ཏུ་བཅུག

ཕྱི་ལོ་1666 ལོར་རྒྱལ་པོ་རང་ལོ་དོན་བཞིའི་ཐོག་ཤི་རྗེས་པུར་དེ་རྒྱལ་སྲས་ཨུ་རང་ཛེབ་ཀྱིས་རྒྱལ་པོའི་བཙུན་མོ་མུམ་ཏཱ་ཇི་མཱལ་གྱི་རོའི་འཁྲིས་སུ་སྦས། དུས་རབས་བཅུ་དགུ་བའི་ནང་ཏཱ་ཇི་མཱལ་པུར་ཁང་གི་ཆ་ཤས་འགའ་གྱང་གོག་ཏུ་གྱུར་ཅིང་། ལྷག་པར་ཕྱི་ལོ་1857 ལོར་རྒྱ་གར་མི་མང་གིས་དབྱིན་ཇིའི་དབང་བསྒྱུར་འོག་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། དབྱིན་ཇིའི་དཔོན་རིགས་དང་དམག་མི་ཚོ་འདོད་རྔམ་ཚ་ཐག་ཆོད་ནས་ཏཱ་ཇི་མཱལ་གྱི་གྱང་ངོས་སུ་གཟོང་དག་བརྒྱབས་ཅིང་རིན་པོ་ཆེ་ཕ་ལམ་དང་། མུ་ཏིག་བེེཌཱུ་རྱའི་ཕྲ་རྒྱན་རིགས་བཀོག་པས་ཁ་ཆག་སྣ་རལ་ཏུ་བཏང་། སྟབས་ལེགས་ནས་དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་དབྱིན་ཇིའི་རྒྱལ་ཚབ་ཁུར་རྫོན་ Lord Curzon གྱིས་གད་གདར་དང་བསྐྱར་གསོའི་ལས་གཞི་འཛུགས་དགོས་པའི་བཀའ་བསྒྲགས།
ཕྱི་ལོ་ 1908 ལོར་ཏཱ་ཇི་མཱལ་བསྐྱར་གསོའི་ལས་གཞི་ཡོངས་སུ་གྲུབ་པའི་ཁར། ཁོས་ཏཱ་ཇི་མཱལ་ཚོམས་ཀྱི་ནང་ངོས་སུ་གློག་སྒྲོན་སྣ་ཚོགས་བཀལ་དགོས་པའི་བཀོད་ཁྱབ་གནང་། ཏཱ་ཇི་མཱལ་ནི་དེང་སང་རྒྱ་གར་ཨུ་ཏྲེར་མངའ་སྡེའི་ཨག་རཱའི་གྲོང་ཁྱེར་ Agra Uttar Pradesh གྱི་ཉེ་འགྲམ་དུ་ཡོད་ལ། ཨ་མདོའི་མཁས་དབང་དགེ་འདུན་ཆོས་འཕེལ་ཡང་གནས་འདིར་སླེབས་ནས་གཏམ་རྒྱུད་གསེར་ཐང་དུ་འདིའི་སྐོར་ཉུང་བསྡུས་ཤིག་བྲིས་འདུག ང་ཚོ་བོད་པ་རྒྱ་གར་ནང་འབྱོར་ནས་རྡོ་རྗེ་གདན་མཇལ་མ་ཐུབ་ན་ཕངས་ནས་འགྲམ་ཤ་འཐེན་པ་བཞིན་ཕྱི་གླིང་བ་ཚོས་འདི་མ་མཐོང་ན་རྒྱ་གར་དུ་སོང་གོ་མ་ཆོད་པར་འདོད། ཕྱི་ལོ་1983 ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO) འདི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་གྲས་བཅུག་ཡོད་པ་བཅས་སོ། །

ལོ་རྒྱུས།

Post navigation

Previous Post: ངའི་ཀྱག་ཀྱོག་གི་མི་ཚེ་དང་། སྟོན་གྱི་རང་མདངས།
Next Post: ང་ཧ་ལས་སོང་།

Comments (12) on “ཏཱ་ཇི་མཱལ།”

  1. གླིང་གེ་སར་ says:
    2013-04-28 at 10:47 am

    ལོ་སོ་བརྒྱད་ཐོག་མོ་རང་ཤི་ཕྲུག་གུ་བཅུ་བཞི་ག་འདྲ་ཡིན་ན?

  2. ཤར་མདའ། says:
    2013-04-29 at 8:06 am

    ངོ་མཚར་ཅན་ཏྰ་ཇི་མ་ཞེས་པའི་བང་སོའི་སྐོར་གསལ་བོ་ངོ་སྤྲོད་གནང་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

  3. མེ་ཏོག་དཀར་པོ says:
    2013-04-29 at 8:26 am

    ལོ་བཅུ་དྲུག་ནས་ཕྲུ་གུ་སྐྱར་འགོ་ཚུགས་དུས་ལོ་གསུམ་རེ་ལ་བྱིས་པ་རེ་བཟོས་པས་སོ།།

  4. མེ་ཏོག་དཀར་པོ says:
    2013-04-29 at 8:55 am

    རེ་གཉིས་རེ་ལ་བཅོས།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-04-29 at 9:34 am

    འདིར་འཁོད་ཏྰཛ་མཧལ་གྱི། །
    ལོ་རྒྱུས་འཁོད་པ་ཕྱི་མཛེས་ཙམ། །
    བང་སོ་འདི་ཡི་ལོ་རྒྱུས་ནང་། །
    འཇམ་གླིང་གཞན་དུ་མ་འབྱུང་ཕྱིར། །

    བཟོ་པ་མང་པོའི་ལག་བྲེག་སོགས། །
    ངན་སྐྱུག་བྲོ་བའི་ལབ་གླེང་མང་། །
    ངོ་མཚར་ཅན་བདུན་ཚང་མའི་འོག །
    དགེ་ལས་སྡིག་ཆེས་ལོ་རྒྱུས་མང་། །

  6. གླིང་གེ་སར་ says:
    2013-04-29 at 12:30 pm

    ལོ་གཉིས་རེ་ནང་ཕྲུག་གུ་རེ་བཙས་ན་ཕྲུག་གུ་བཅུ་བཞི་ལ་ལོ་ཉེར་བརྒྱད་དང་དེ་ཐོག་ལོ་བཅུ་དྲུག་བསྣན་ན་ལོ་ཞེ་བཞི་ཧཧཧཧལོ་བཅུ་ནས་ཕྲུག་གུ་བཙས་པ་ཡིན་ན

  7. ཀརྡོ་གཉེར་ཕྱག་པ་ says:
    2013-04-29 at 12:42 pm

    ་་་་ རྒྱལ་པོ་དང་སྣང་བ་མཐུན་ཤོས་བརྩེ་དུང་ཟབ་པའི་ཚད་དུ་སོན་པའི་བཙུན་མོ་དེར་ཕྲུ་གུ་བཅུ་བཞི་པ་གྷུ་ཧ་རཱ་བྷེ་གྷམ་སྐྱེས་སྐབས་ཕྱི་ལོ་1631རང་ལོ་སོ་བརྒྱད་ཐོག་ཚེ་ལས་འདས་པར་བརྟེན། ་་་་་ཞེས་པ་འདི། ཐེ་བོ་སངས་རྒྱས་ལགས་ཀྱིས། བཙུན་མོ་གཞན་རྣམས་ལས་འཁྲུངས་པའི་བུ་ཕྲུག་བརྩིས་ནས་རྒྱལ་པོ་རང་གི་ཕྲུ་གུ་བཅུ་གསུམ་དང་། དེའི་སྟེང་དུ་འདི་བསྣན་པས་བཅུ་བཞི་པ་གསུངས་འདོད་པ་མིན་ནམ། ངས་ནི་རྒྱལ་པོ་ཤཧྰ་ཇ་ཧང་ལ་སྲས་སྲས་མོ་ག་ཚོད་ཡོད་མེད་ལ་ཆ་མེད།

  8. གཉིས་མེད་སེངྒེ says:
    2013-04-30 at 3:24 am

    ངག་སྒྲོས་སུ་འདིའི་བཟོ་བོ་ཡོད་ཚད་ཀྱི་ལག་པ་བཏུབ་པའམ་སྡེབས་གསོད་བྱས་ཟེར་ཡང་། ལོ་རྒྱུས་ཡིག་ཚང་དག་ཏུ་དེའི་སྐོར་མེད་པར་མ་ཟད་རང་རེའི་ལོ་རྒྱུས་སྨྲ་བ་ཆེན་མོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བྲིས་མི་འདུག རྒྱལ་པོ་ཤཱ་ཛྷང་དེ་ཇོ་ནང་ཏཱ་ར་ན་ཐཱའི་སྐུའི་སྐྱེ་ཕྲེང་ཞིག་ཡིན་པ་ཁོང་གི་རྣམ་ཐར་ནང་བྲིས་ཡོད་རབས་གཏམ་རྒྱུད་གསེར་ཐང་དུ་གསལ། བཙུན་མོ་ཏཱ་ཇི་མཱལ་ལ་སྔ་ཕྱིར་སྲས་དང་སྲས་མོ་བཅུ་བཞི་སྐྱེས་ཡོད་པ་ལས་བདུན་ཆུང་དུས་ནས་ཤི་ཞིང་། སྲས་ཐ་ཆུང་དེ་སྐྱེས་དུས་སུ་བཙུན་མོ་ཚེའི་དུས་བྱས་པར་གྲགས།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-04-30 at 4:55 am

    Shah Jahan Cut Off The Hand Of Workers after completion of …

  10. ཀརྡོ་གཉེར་ཕྱག་པ་ says:
    2013-04-30 at 4:56 am

    http://banglardin.blogspot.com/2012/08/shah-jahan-cut-off-hand-of-workers.html

  11. ཐེ་བོ་སངས་རྒྱས says:
    2013-05-02 at 10:38 am

    ཀརྡོ་གཉེར་ཕྱག་པས་དགོངས་ཚུལ་དང་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།

  12. ཐེ་བོ་སངས་རྒྱས says:
    2013-05-02 at 11:38 am

    སྐུ་ཞབས་ཀརྡོ་གཉེར་ཕྱག་པས་འདིར་དགོངས་ཚུལ་དང་སློབ་སྟོན་གནང་སྙིང་ནས་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme