Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལག་འཁྱེར་ཁ་པར་ཨེ། བེད་སྤྱོད་བྱེད་དུས་གཟབ་གཟབ་གནང་ཨ།

Posted on 2013-04-252013-04-25 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 8 Comments on ལག་འཁྱེར་ཁ་པར་ཨེ། བེད་སྤྱོད་བྱེད་དུས་གཟབ་གཟབ་གནང་ཨ།

འཇིགས་མེད་ནུབ་པ།

ལག་འཁྱེར་ཁ་པར་ནི་ང་ཚོའི་ཉིན་རེའི་མི་ཚེའི་ཆ་ཤས་ཤིག་ཆགས་ནས་ཡོད། ལག་འཁྱེར་ཁ་པར་བརྒྱུད་ནས། ང་ཚོས་རང་ཉིད་ཀྱི་གནས་ཚུལ་དང་འདྲ་པར། སྐད་འཕྲིན་བཅས་སོ་སོའི་གཉེན་ཉེ་དང་གྲོགས་པོ། ལས་རོགས་སོགས་ལ་གཏོང་གི་ཡོད། ལྷག་པར་དུ། དཔལ་འབྱོར་གྱི་འགྲན་རྩོད་ཤུགས་ཆེ་བའི་དེ་རིང་སང་ཉིན་གྱི་སྤྱི་ཚོགས་འདིའི་ཁྲོད་དུ། ལག་འཁྱེར་ཁ་པར་མེད་ན་ལས་དོན་མང་པོ་ཞིག་འགྲུབ་དཀའ། དེར་བརྟེན། འཛམ་གླིང་གི་ཡུལ་ལུང་གང་སར་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་གྱི་གྲངས་ཀ་མང་དུ་འཕེལ་བཞིན་ཡོད་ཅིང་། དེའི་ཁྲོད་དུ་བོད་མི་རྣམས་ཀྱང་ཚུད་ཡོད། འོན་ཀྱང་། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ཁྱབ་ཆེ་རུ་འགྲོ་བ་དང་དེའི་དགོས་མཁོ་ཡང་ཤུགས་ཆེ་རུ་འགྲོ་བ་ནང་བཞིན། ལག་འཁྱེར་ཁ་པར་གྱི་བདེ་འཇགས་དང་ཉེན་སྲུང་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་གི་མེད། རྒྱུ་མཚན་འདིའི་དབང་གིས། ལག་འཁྱེར་ཁ་པར་བརྒྱུད་ནས་མི་མང་པོའི་བདེ་འཇགས་དང་ཉེན་སྲུང་ལ་དོ་ཕོག་འབྱུང་གིན་ཡོད། ངེད་ཀྱིས་དེའི་སྐོར་འདི་རུ་ཞིབ་ཚགས་སུ་གླེང་གི་ཡིན།

ཡུལ་ལུང་མང་པོར་ཁྱེད་ཀྱིས་ཁ་པར་གྱི་བྱང་བུ་ཉོ་བའི་སྐབས་སུ། སོ་སོའི་མིང་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད། གནས་སྟངས་འདིའི་འོག་ཏུ། ལག་འཁྱེར་ཁ་པར་གྱི་བཟོ་ཚོང་ཁང་དེས། ཁ་པར་གཏོང་མཁན་གྱི་ཨང་གྲངས་གཅིག་པོ་ཤེས་བ་ཙམ་མ་ཡིན་པར། ཁྱེད་ཀྱིས་ཁོང་ཚོར་སྤྲད་པའི་གནས་ཚུལ་དང་ཡིག་ཆ་ཁག་གཞིར་བཞག་གིས་ཁྱེད་རང་ཡང་ངོ་ཤེས་ཐུབ་གི་ཡོད། གནས་སྟངས་འདི་ལ་གཡོལ་ཐབས་ཡོད་དམ། མི་མང་པོས་ལག་འཁྱེར་ཁ་པར་གྱི་བྱང་བུ་བརྗེ་བོ་རྒྱག་གི་ཡོད། འདིའི་གོ་དོན་ནི། ཁྱེད་ཀྱིས་ཨང་གྲངས་མི་འདྲ་བ་བརྒྱུད་ནས་ཁ་པར་གཏོང་གི་ཡོད་ཅིང་དེ་ནི་ནམ་རྒྱུན་གྱི་ཨང་གྲངས་དེ་མིན། འོན་ཀྱང་། བྱེད་ཐབས་འདི་ཡིས་ཁྱེད་རང་གི་ངོ་རྟགས་སྦས་མི་ཐུབ། རྒྱུ་མཚན། བྱང་བུ་བརྗེ་བོ་བརྒྱབ་རུང་། ཁྱེད་ཀྱི་ལག་འཁྱེར་ཁ་པར་དེས་ཁྱེད་རང་ངོས་འཛིན་བྱེད་ཐུབ། མི་མང་པོས་གནད་འགག་འདི་ཤེས་ཀྱི་མེད་ལ་དེ་ལ་དོ་སྣང་ཡང་བྱེད་ཀྱིན་མེད།

ལག་འཁྱེར་ཁ་པར་ཚང་མར་(IMEI)རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་ཟེར་བ་ཞིག་ཡོད། ཁ་པར་མི་འདྲ་བ་ལ་ཨང་གྲངས་མི་འདྲ་བ་རེ་ཡོད། ཁྱེད་ཀྱིས་ཁ་པར་གྱི་ཁ་ཕྱེས་ཚེ་ཨང་གྲངས་འདི་མཐོང་ཐུབ། ཨང་གྲངས་འདི་ནི་ཁྱེད་ཀྱི་གློག་རྫས་ཀྱི་འོག་ཏུ་ཡོད། གལ་སྲིད་ཨང་གྲངས་འདི་མི་རྙེད་པའི་དཀའ་ངལ་ཡོད་ཚེ། ཨང་གྲངས #06# འདི་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་ཆོག ཁྱེད་ཀྱིས་ནམ་རྒྱུན་ཁ་པར་གཏོང་དུས། ཁྱེད་ཀྱི་ཁ་པར་གྱི་ (IMEI) རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་དེ་དང་ཁ་པར་ཨང་གྲངས་གཉིས་ཀྱིས་ཁ་པར་བཟོ་ཚོང་ཁང་ལ་དུས་མཉམ་དུ་ལག་འཁྱེར་ཁ་པར་གྱི་གློག་མདོང་བརྒྱུད་ནས་་ཐོ་འགོད་བྱེད་ཀྱི་ཡོད་ཅིང། དེ་ཡིས་ཁྱེད་རང་ངོས་འཛིན་བྱེད་བཅུག་གི་ཡོད། དེར་བརྟེན། བྱང་བུ་བརྗེ་བོ་བརྒྱབ་རུང་། ཁ་པར་བཟོ་ཚོང་ཁང་དང་དྲ་ལམ་ལ་ལྟ་རྟོག་བྱེད་མཁན་གྱི་སྲིད་གཞུང་གིས། མུ་མཐུད་དུ་ཁྱེད་ཀྱི་ཁ་པར་ལ་ཡོད་པའི་(IMEI)རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་བརྒྱུད་ནས་ཁྱེད་རང་རྗེས་འདེད་གཏོང་ཐུབ་གི་ཡོད།

མི་མང་པོ་ཞིག་གི་སེམས་སུ། ཁ་པར་གཏོང་གི་མེད་པའི་སྐབས་སུ་ཁ་པར་དེས་དྲ་ལམ་ལ་འབྲེལ་བ་བྱེད་ཀྱི་མེད་བསམ་གིན་ཡོད། འོན་ཀྱང་། བསམ་ཚུལ་དེ་ནོར་བ་རེད། ཁྱེད་ཀྱིས་ཁ་པར་གཏོང་གི་མེད་རུང་། ཁྱེད་ཀྱི་ཁ་པར་དེས་མུ་མཐུད་དུ་བརྡ་རྟགས་བཏང་ནས་ཐག་ཉེའི་ཁ་པར་གློག་མདོང་འཚོལ་གིན་ཡོད། ཁྱེད་ཀྱིས་ཤེས་རྟོགས་མི་ཐུབ་རུང་། བརྡ་རྟགས་འདི་དག་ནི་རྟག་ཏུ་འབྱུང་གིན་ཡོད་། རྒྱུ་མཚན་དེའི་དབང་གིས།་ང་ཚོ་གང་དུ་འགྲུལ་བཞུད་བྱས་རུང་ཁ་པར་གྱི་བརྡ་རྟགས་རག་པ་དེ་རེད། ད་དུང་ཁ་གསལ་ཙམ་བརྗོད་ན། ཁྱེད་ཀྱི་ཁ་པར་གྱིས་གློག་མདོང་ལ་བརྡ་རྟགས་འབྱོར་བའི་སྐབས་སུ། དེ་ཡིས་གློག་མདོང་ལ་ཁྱེད་ཀྱི་ཁ་པར་གྱི་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་དེ་དེབ་སྐྱེལ་བྱེད་ཀྱི་ཡོད། འདིའི་གོ་དོན་ནི། ཁྱེད་ཀྱི་ཁ་པར་གྱིས་ཁྱེད་རང་གི་སྡོད་གནས་དང་ཁྱེད་རང་འགྲོ་ཚར་བའི་ས་ཆ་ཚང་མ་སྤྲོད་ཀྱི་ཡོད། གལ་སྲིད་སྲིད་གཞུང་གིས་ཁྱེད་རང་གི་སྐོར་དང་ཁྱེད་རང་ལ་གང་ལ་ཕྱིན་པའི་སྐོར་སྐོར་དེ་ལག་འཁྱེར་ཁ་པར་བཟོ་ཚོང་ཁང་ནས་རག་འདོད་ཚེ། དེ་ཧ་ཅང་ལས་སླ་བོ་ཡིན།

ད་དུང་། ལག་འཁྱེར་ཁ་པར་གྱི་དྲ་ལམ་བེད་སྤྱོད་གཏོང་མཁན་ཚོས། ཁྱེད་རང་ལག་འཁྱེར་ཁ་པར་གྱི་གློག་མདོང་གང་ཞིག་ལ་ཐག་ཉེ་བ་ཡོད་ཡང་ཤེས་ཐུབ། དེར་བརྟེན། ཁྱེད་ཀྱི་ཁ་པར་གྱིས་སྲིད་གཞུང་ལ་འདས་པའི་དུས་ཚོད་ནང་དུ་། ཁྱེད་རང་སུའི་མཉམ་དུ་ཡོད་མེད་དང་སུ་ལ་ཐུག་འཕྲད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་སྤྲོད་ཀྱི་ཡོད་པ་རེད། ང་ཚོས་ཤེས་དགོས་བའི་གནད་དོན་གཞན་ཞིག་ནི། ལག་འཁྱེར་ཁ་པར་གྱི་གློག་མདོང་མང་པོ་གང་སར་ཡོད་པ་དེས། ཁྱེད་ཀྱི་ཁ་པར་ལ་བརྡ་རྟགས་རག་རྒྱུར་ཕན་ཐོགས་ཆེ་རུང་། ཞོར་ནས་གློག་མདོང་དེ་དག་གིས་ཁྱེད་ཀྱི་འགྲོ་འདུག་ཚང་མ་ཐོ་འགོད་ཀྱང་བྱེད་ཀྱི་ཡོད་པ་རེད།

ང་ཚོས་ཁ་པར་སྒོ་བརྒྱབ་པ་ཙམ་གྱིས་ཁ་པར་གྱི་བྱེད་ལས་ཀྱང་སྒོ་བརྒྱབ་ཡོད་བསམ་གྱི་ཡོད། དོན་དངོས་སུ་དེ་ལྟར་མིན། ཁྱེད་ཀྱིས་ཁ་པར་སྒོ་བརྒྱབ་ཡོད་རུང་ཁ་པར་གྱི་བྱེད་ལས་སྒོ་བརྒྱབ་མེད་པ་མ་ཟད། དེ་ཡིས་མུ་མཐུད་དུ་ཁ་པར་གྱི་དྲ་ལམ་དང་འབྲེལ་བ་བྱེད་བཞིན་ཡོད། དཔེར་ན། ཁ་པར་གྱི་སྒོ་བརྒྱབ་ཟེར་བ་ནི་གློག་ཀླད་གཟིམས་པ་དང་གཅིག་མཚུངས་རུང་རེད། གློག་ཀླད་སྒོ་བརྒྱབ་ན་གློག་ཀླད་ཀྱི་ངོ་གདོང་ནག་ཁུང་ཆགས་རུང་། གློག་ཀླད་ཀྱི་བྱེད་ལས་སྒོ་བརྒྱབ་མེད། གང་ལྟར། ཁ་པར་གྱི་གློག་རྫས་ཕྱི་རུ་མ་བཏོན་བར་དུ། ཁ་པར་སྒོ་བརྒྱབ་ཡོད་རུང་ཁ་པར་གྱི་བྱེད་ལས་སྒོ་བརྒྱབ་མེད།

ཁྱེད་ཀྱིས་ཤེས་སམ། ཁྱེད་ཀྱི་ལག་འཁྱེར་ཁ་པར་བརྒྱུད་ནས་གཞན་གྱིས་ཁྱེད་ལ་ལྐོག་ཉན་བྱེད་ཐུབ་གི་ཡོད་པ་རེད། ལག་འཁྱེར་ཁ་པར་ཚང་མར་སྐུད་མེད་ཁ་པར་རེ་ཡོད་ཅིང་། དེའི་རྐྱེན་གྱིས། ང་ཚོས་ཁ་པར་གཏོང་བའི་སྐབས་སུ་ཕར་སྣེ་ན་ཡོད་པའི་མི་དེས་ང་ཚོས་གང་བཤད་པ་གོ་གི་ཡོད། ལྷག་པར་དུ། ང་ཚོས་ཁ་པར་གཏོང་བའི་སྐབས་དང་ང་ཚོར་ཁ་པར་འབྱོར་བའི་སྐབས་སུ་སྐུད་མེད་ཁ་པར་དེ་བྱེད་ལས་ཅན་ཆགས་ཀྱི་ཡོད། ཁ་པར་མཚམས་བཞག་པའི་སྐབས་སུ་དེ་བྱེད་ལས་ཅན་ཆགས་ཀྱི་མེད། འོན་ཀྱང་། གཞན་གྱིས་ལྐོག་ནས་ང་ཚོའི་ཁ་པར་ནང་གི་སྐུད་མེད་ཁ་པར་དེ་བྱེད་ལས་ཅན་བཟོ་ཐུབ། དེའི་གོ་དོན་ནི། ང་ཚོས་ཁ་པར་རང་གི་འཁྲིས་སུ་ཉར་ནས་བེད་སྤྱོད་གཏོང་གི་མེད་པའི་སྐབས་སུ་ཡང། གཞན་གྱིས་ང་ཚོས་སུ་དང་གང་ལ་གླེང་མོལ་ཅི་བྱེད་རྣམས་ལྐོག་ཉན་བྱེད་ཐུབ་ཀྱི་ཡོད།

གོང་དུ་གླེང་བ་འདི་དག་ནི། ལག་འཁྱེར་ཁ་པར་གྱིས་ང་ཚོར་འཁྱེར་ཡོང་སྲིད་པའི་ཉེན་ཁ་དང་དཀའ་ངལ་དག་ཡིན། ཉེན་ཁ་དེ་དག་ལས་གཡོལ་བའམ་དཀའ་ངལ་དེ་དག་སེལ་ཐབས་ཀྱང་ཡོད་པ་རེད། གལ་སྲིད་ཁྱེད་རང་ངོ་ཤེས་སུ་འཇུག་འདོད་མེད་པའམ་གཞན་ལ་ཁྱེད་རང་རྗེས་འདོད་གཏོང་བཅུག་འདོད་མེད་ན། ཁྱེད་རང་གི་ལག་འཁྱེར་ཁ་པར་དང་བྱང་བུ་གཉིས་ཀ་བརྗེ་བོ་རྒྱོབས། གཅིག་བརྗེ་བོ་བརྒྱབ་པ་དེས་འདང་གི་མེད། ལྷག་པར་དུ། ཁྱེད་རང་གི་སྡོད་གནས་རྗེས་འདེད་གཏོང་མི་འཇུག་པ་དང་གཞན་ལ་ཁྱེད་རང་སུའི་མཉམ་དུ་ཡོད་པ་ཤེས་བཅུག་འདོད་མེད་ཚེ། ངེས་པར་དུ་ལག་འཁྱེར་ཁ་པར་གྱི་གློག་རྫས་ཕྱི་རུ་ཐོན། དཔེར་ན། གལ་སྲིད་ཁྱེད་རང་ལ་གཞན་དང་ལྷན་དུ་སྒེར་གྱི་གླེང་མོལ་གལ་ཆེའམ་ཡང་ན་གསང་བའི་ཐུག་འཕྲད་དེ་འདྲ་ཡོད་ཚེ། ཁ་པར་གྱི་གློག་རྫས་ཕྱི་རུ་འདོན་པའམ་ཡང་ན་སྒོ་བརྒྱབ་ནས་ཁང་བ་གཞན་པའི་ནང་ལ་ཞོག

ད་དུང་། དོན་དག་གལ་ཆེ་བ་དང་རྩ་ཆེ་བ་དེ་རིགས་ཀྱི་བེད་སྤྱོད་སླད་དུ། སྔོན་ཚུན་ནས་ཁ་པར་གོང་ཁེ་བ་དེ་འདྲ་ཉོས། དེ་ལྟར་བྱས་ཚེ། རྗེས་སུ་གནད་འགག་ལ་ཐུག་དུས་ཁ་པར་དང་བྱང་བུ་གཉིས་ཀ་འདོར་དགོས་རུང་འགྱོད་པ་ཡོད་མ་རེད། ཁྱེད་ཀྱིས་ཐུབ་ཚེ། དུས་ཡུན་ངེས་ཅན་ལ་མ་གཏོགས་བེད་སྤྱོད་གཏོང་མི་ཆོག་པའི་ཁ་པར་དང་བྱང་བུ་ཤོག་སྒོར་སྤྲད་ནས་ཉོས། དེ་ལྟར་བྱས་ན། ཁྱེད་ཀྱིས་ཁ་པར་བཟོ་ལས་ཁང་ལ་ཐོ་འགོད་སོགས་ཅི་ཡང་བྱེད་མི་དགོས། གང་ལྟར། ལག་འཁྱེར་ཁ་པར་རིགས་ང་ཚོར་བེད་སྤྱོད་རྒྱ་ཆེ་བ་ནང་བཞིན། དེས་འཁྱེར་ཡོང་བའི་ཉེན་ཁ་དང་དཀའ་ངལ་དག་ཀྱང་ངོ་འཕྲོད་པའི་སྒོ་ནས། དུས་རྒྱུན་ཏུ། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་ཕྱོགས་ལ་གཟབ་གཟབ་གནང་རྒྱུ་གལ་ཆེ།

ངའི་གློག་འཕྲིན་ཁ་བྱང་། jigmeynubpa@gmail.com
(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་སྒྱུར། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)

གློག་ཀླད་ཤེས་བྱ།

Post navigation

Previous Post: ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ། ༼ཚན་པ་གཉིས་པ༽
Next Post: རྟ་མགྲིན་ཚེ་བརྟན་གྱི་གླུ་གཞས་གསར་པ། ༼པན་ཆེན་ལགས༽

Comments (8) on “ལག་འཁྱེར་ཁ་པར་ཨེ། བེད་སྤྱོད་བྱེད་དུས་གཟབ་གཟབ་གནང་ཨ།”

  1. རི་རྒྱལ་ཏི་སེ། says:
    2013-04-25 at 10:09 pm

    ཡག་བྱུང་ཐུགས་རྗེ་ཆེ།

  2. དོན་ཡོད་མཁས་གྲུབ། says:
    2013-04-25 at 10:45 pm

    ལམ་སྟོན་གནང་བ་སྙིང་ནས་ཐུགས་རྗེ་ཆེ། དེ་ནི་དེང་སྐབས་བོད་ནང་གི་བོད་མི་ཚོས་ངེས་པར་དུ་ཤེས་དགོས་ངེས་ཀྱི་ཤེས་བྱ་གལ་ཆེ་ཞིག་རེད

  3. རང་དབང་ཨ་རྡུ་མན། says:
    2013-04-25 at 11:51 pm

    དེ་འདྲ་རང་དུ་ཨེ་ཡིན་ནམ་་་་་་་་་གལ་ཏེ་དངོས་འབྲེལ་ཞིག་ཡིན་ན་སྐུ་ཉིད་ནས་དེ་སྔར་བྱུང་ཟིན་པའི་གནས་ཚུལ་ཁག་དཔང་རྟགས་དང་བཅས་མཁོ་འདོན་གནང་ཐུབ་ན་དགེ་མཚན་བར་མངོན་་་་་་་དེ་མིན་སྐད་འདྲ་ཆགས་པོ་དེ་ཚོར་ཡིད་ཆེས་ཡོང་ཁག་པོ་འདུག

  4. gungri says:
    2013-04-26 at 3:00 am

    ཁྱེད་ཀྱི་གནས་ཚུལ་འདི་གང་ནས་ཁྱེར་ཡོང་བ་ཡིན
    བསྒྱུར་བ་ཡིན

  5. འཇིགས་མེད་ནུབ་པ་ says:
    2013-04-26 at 4:10 am

    གོང་གི་རྩོམ་འདི། རྒྱུ་ཆ་མང་པོ་བཀླགས་པ་དང་ཆེད་ལས་བ་དང་མཉམ་རུབ་སྒོས་སྒྲུབ་བཞིན་པའི་ལས་འཆར་ཞིག་ཡིན། དྲི་བ་ཡོད་ན་འདི་རུ་དྲིས་ཆོག་ལ་ངའི་གློག་འཕྲིན་ཁ་བྱང་སྒང་ལ་ཡང་འབྲེལ་བ་བྱོས་ཆོག འདི་བོད་པ་སྤྱི་ལ་ཕན་ཐོགས་པའི་ཆེད་དུ་ཡིན། དེ་མཁྱེན་པ་གནང་རོགས།

    འཇིགས་མེད་ནུབ་པས།

  6. མྱི་ལྟིག says:
    2013-04-27 at 4:33 am

    ཁ་པར་ཚོང་ཁང་དུ་ལག་འཁྱེར་ཁ་པར་རྙིང་བ་ཉོས་ཏེ་སྤྱད་ན་ཉེན་ཁ་ཡོད་དམ།
    དེང་སྐབས་རྒྱ་ནག་ཏུ་ཐོབ་ཐང་ལག་འཁྱེར་མེད་པར་ཁ་པར་བྱང་བུ་ཉོ་ཆོག་འདུག
    དེ་རིགས་བེད་སྤྱོད་བྱ་ན་ཉེན་ཁ་ཡོད་དམ།

  7. རྟ་བདུན་དབང་པོ། says:
    2013-06-15 at 5:02 am

    ཐུགས་རྗེ་ཆེ། ལྷག་བསམ་བཀའ་མོལ་གནང་བར་ཐུགས་རྗེ་ཆེ།

  8. བན་དེ་བ། says:
    2013-06-15 at 5:12 am

    བོད་མི་ཚོས་རྟག་པར་འཇིགས་སྣང་བསྐུལ་རྒྱུར་དགའ་སྣང་ཡོད་མཁན་ཞིག་རེད། མི་ཚེ་འདི་མི་རྟག་པ་རེད་སང་འཆི་གནང་འཆི་ངེས་པ་མེད་ཟེར་ནས་འཇིགས་སྣང་དང། སྐྱེས་རྩམ་ཉིད་ནས་རྒས་པ་དབུ་བརྩམས་པ་རེད་ཟེར་ནས་འཇིགས་སྣང། ལས་ཀ་ཅུང་ཙམ་ཐལ་ཆ་ཆེ་དུས་གཤིན་རྗེའི་རྡེལ་ཁུག་ནང་དུ་ཐོ་བཀོད་ཟིན་ཅིང་ལས་ཀྱི་མེ་ལོང་ནང་དུ་གསལ་གསལ་ཐིང་ཐིང་དུ་ཤར་ཚུལ་གྱི་འཇིགས་སྣང་དང། མཚན་ལ་ཕྱིར་ཐོན་ན་འདྲེ་ཐུག་རབས་དང། རྡོ་བྲག་ལས་སོགས་བཅག་ན་ས་བདག་ཀླུ་འཁྲུགས་ཏེ་ཉེན་ཁ་ཆེ་རབས་ལས་སོགས་རྐྱང་བཤད་ནས་རྟག་ཏུ་རྔམ་སྐྲག་གི་ནང་དུ་མི་ཚེ་སྐྱ་དགོས་མཁན་གྱི་མི་རིགས་ཞིག་རེད་འདུག ད་ཡང་ཚན་རིག་པས་བཟོས་པའི་དངོས་རྫས་དེ་ཚོ་ཉིན་རེར་གསར་པ་ཐོན་རིམ་བཞིན་དུ་སྔངས་སྐྲག་ཇེ་ཆེ་ཇེ་ཆེ་བསླང་ཡོང་གི་འདུག
    ཨ་ལགས་རྩེད་མོ་ཡིན་་་་་ཏན་ཏན་ཉེན་ཁ་ཡོད་མདོག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme