Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ།

Posted on 2013-04-232013-04-23 By ཁ་བརྡ་ 6 Comments on ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ།

ཁེར་རྐྱང་གི་རྣམ་ཤེས།

བསྒྱུར་རྩོམ་འདིའི་རྩོམ་པ་པོ་ནི་རྒྱ་ནག་གི་བུད་མེད་ཀྱི་ལས་དབང་གླེང་མཁན་བུད་མེད་ཞིག་ཡིན་ཞིང་དེ་སྔོན་རྒྱ་ནག་ནན་ཅིང་གྲོང་ཁྱེར་དུ་རླུང་འཕྲིན་རྒྱང་བསྲིངས་བྱེད་མཁན་ཞིག་རེད། ཁོ་མོ་ཕྱིས་སུ་ལོན་ཊོན་དུ་སྤོས་ཞིང་ རྒྱ་ནག་གི་བུད་མེད་ ཞེས་པའི་དེབ་ཞིག་བརྩམས་ཡོད། དེབ་དེའི་ནང་དེ་སྔོན་རླུང་འཕྲིན་ལས་ཁུངས་སུ་ལས་ཀ་བྱེད་དུས་དངོས་སུ་མཐོང་ཐོས་བྱུང་བའི་རྒྱ་ནག་གི་བུད་མེད་ཀྱི་ལས་དབང་སྐོར་གླེང་ཡོད། དེབ་དེ་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གདེངས་འཇོག་ཆེན་པོ་ཐོབ་ཡོད་ཅིང་དེབ་དེའི་ཆེད་དུ་ཁོ་མོའི་ཚེ་སྲོག་ལའང་ཉེན་ཁ་འཕྲད་ཡོད།

གཤམ་གྱི་རྩོམ་འདི་ཁོ་མོའི་དེབ་དེའི་ནང་གི་ཚན་པ་ཞིག་ཡིན་ཞིང་ང་རང་གིས་དེབ་དེ་བཀླགས་པའི་ནང་ནས་སེམས་ལ་གཡོ་འགུལ་ཆེ་ཤོས་བཟོ་མཁན་དེ་རེད། རང་ཉིད་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་འདི་ལྟ་བུའི་རྩོམ་ཞིག་བསྒྱུར་རྒྱུ་འོས་བབས་མིན་ནའང་ཡ་ང་བའི་བུ་མོ་དེའི་ལོ་རྒྱུས་ཁྱེད་རྣམ་པས་ཤེས་ཤིང་ཁོ་མོའི་རྣམ་ཤེས་གསར་པ་དེ་གང་དུ་ཡོད་ཀྱང་དེ་ལ་བདེ་སྐྱིད་ཞིག་འབྱུང་ཐུབ་པའི་སྨོན་ལམ་རེ་ཡོང་ཆེད་བསྒྱུར་བ་ཡིན། ད་བར་གྱི་ངའི་ལོ་རྒྱུས་ཟིན་ཐོའི་ནང་རྩོམ་ཞིག་བསྒྱུར་བའི་བྱ་བ་ལ་མ་ཞུགས་ལ་རྩོམ་འབྲིའི་ཐད་ཉམས་མྱོང་ཅུང་ཟད་ཀྱང་མེད་ཅེས་འཁོད་འདུག་པས་ཁྱེད་རྣམ་པས་དང་པོ་ཀློག་དུས་ནས་རེ་བ་མཐོ་པོ་མ་བཅངས་རོགས་ཞུ་རྒྱུ་དང་ནོར་འཁྲུལ་གང་མང་ཡོད་ངེས་པས་ལས་དང་པོ་བ་བདག་ལ་བསམ་ཤེས་ཀྱིས་གུ་ཡངས་རེ་ཡོད་པ་ཞུ།།

༄༅།།ཉིན་གུང་ཞིག་ང་ལས་ཁུངས་ལ་ལོག་དུས་ངའི་ཅོག་རྩེའི་སྟེང་སྒོ་སྲུང་བས་ཐུམ་སྒྲིལ་ཞིག་དང་ཡི་གེ་ཐུང་ཐུང་ཞིག་བཞག་འདུག། ལོ་ན་བཞི་བཅུ་ལ་ཉེ་བའི་བུ་མེད་ཞིག་གིས་ཐུམ་སྒྲིལ་དེ་བསྐྱལ་ཡོད་པ་དང་མོས་སྒོ་སྲུང་བ་ལ་དེ་ང་ལ་སྤྲད་རོགས་ལབ་འདུག། འོན་ཀྱང་མོ་རང་གི་མིང་དང་ཁ་བྱང་སོགས་གང་ཡང་བཞག་མི་འདུག། ལས་རོགས་ཁ་ཤས་ཀྱིས་ཐུམ་སྒྲིལ་དེ་ཁ་མ་ཕྱེ་སྔོན་ལ་བདེ་སྲུང་དོ་དམ་ཁང་ལ་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱེད་པར་བསྐྱལ་དགོས་པའི་བསླབ་བྱ་བྱས་བྱུང༌། འོན་ཀྱང་ངས་དེ་ལ་དང་ལེན་མ་བྱས། ངས་ལས་དབང་ལ་གདམ་ཁ་གཉིས་པ་ཞིག་མེད་པ་ཚོར་ཞིང་ནང་དུ་གང་ཞིག་ཡོད་པ་ཤེས་འདོད་ཀྱི་ཚོར་བ་དྲག་པོ་ཞིག་གིས་ཐུམ་སྒྲིལ་དེ་ལམ་སེང་ཁ་ཕྱེ་དགོས་པར་བསྐུལ།

ཐུམ་སྒྲིལ་དེའི་ནང་དུ་ལྷམ་བླུགས་སའི་ཤོག་སྒམ་ཞིག་འདུག་ཅིང་ཤོག་སྒམ་དེའི་ཁ་གཅོད་སྟེང་དུ་མི་དང་འདྲ་བའི་སྦྲང་མའི་རི་མོ་སྙིང་རྗེ་བོ་ཞིག་བྲིས་འདུག། རི་མོ་དེའི་ཚོན་མདོག་ཧ་ལམ་ཆ་ཚང་ཡལ་ཟིན་ལ་”དཔྱིད་ཀ་མེད་ན་མེ་ཏོག་མི་བཞད། བདག་པོ་མེད་ན་འདི་ཁ་མི་ཕྱེ།” ཞེས་པའི་ཚིག་སྒྲུབ་ཞིག་སྦྲང་མ་དེའི་ཁ་འགྲམ་ནས་བྲིས་འདུག་ཅིང་ཁ་གཅོད་དེ་ལ་སྒོ་ལྕགས་ཆུང་ཆུང་ཞིག་འཚམས་པོར་རྒྱབ་འདུག། ང་ཐེ་ཚོམ་ཟ་བྱུང༌། ངས་དེ་ཁ་ཕྱེ་འོས་སམ། དེ་འདྲ་ཞིག་ལ་ངས་ཉེ་ཆར་སྦྱར་ཙམ་ཡིན་པའི་ཤོག་བྱ་ཆུང་ཆུང་ཞིག་མཐོང་ཞིང་དེའི་སྟེང་”ཤིན་རན་ སྐུ་མཁྱེན་འདི་ཁ་ཕྱེ་རོགས་” ཞེས་བྲིས་འདུག།  ངས་སྒམ་དེ་ཁ་ཕྱེ་ཞིང་སྒམ་དེའི་ནང་ཡིག་འབྲུས་ཁེངས་པའི་ཤོག་དུམ་མདོག་ཡལ་ནས་སེར་པོར་གྱུར་བ་དེ་འདྲས་ཁེངས་འདུག། ཤོག་དུམ་དེ་ཚོའི་ཆེ་ཆུང་དང་དབྱིབས་ ཁ་དོག་བཅས་མི་མཚུངས་ཞིང་དེ་ཚོ་མང་ཆེ་བ་སྨན་ཁང་གི་སྨན་ཐོ་འགོད་པར་བེད་སྤྱད་རྒྱུའི་ཤོག་བུའི་དྲས་ཧྲུག་དེ་འདྲ་རེད་འདུག།  དེ་ཉིན་ཐོ་ཞིག་ཡིན་ས་རེད། ད་དུང་དེའི་ནང་ཕན་ཚུན་བསྐུར་རེས་བྱས་པའི་འཕྲིན་ཡིག་གི་མ་ཟིན་མཐུག་པོ་ཞིག་ཀྱང་འདུག ཡི་གེ་དེ་རྣམས་”ཤང་ཏུང་ཞིང་ཆེན་ ཐོན་བསྐྱེད་རུ་ཁག་བཅུ་པའི་ ཡུ་ལུུང་”ཞེས་འཁོད་པའི་ཁ་བྱང་ཞིག་ལ་གཏང་ཡོད་ཅིང་དེ་ནི་མིང་ལ་ ཧུང་ཤིའུ་ཞེས་པ་ཞིག་གིས་བཏང་འདུག། མོ་རང་གི་ཁ་བྱང་ ཧེ་ནན་ཞིང་ཆེན་ནང་གི་སྨན་ཁང་ཞིག་གི་ཁ་བྱང་སྤྲད་འདུག།  ཡི་གེ་དེ་ལ་༡༩༧༥ ལོའི་ཟླ་བ་བརྒྱད་པའི་ཚེས་༢༥ ཉིན་གྱི་སྦྲགས་རྟགས་རྒྱབ་འདུག། ཡི་གེ་དེ་ཁ་ཕྱེ་ཡོད་ཅིང་ཐོད་དུ་”ཤིན་རན་ ངས་གུས་བསྐུར་བཅས་ཞུ་རྒྱུར་ཁྱེད་ཀྱིས་ཡིག་འབྲུ་རེ་རེ་བཞིན་ཀློག་རོགས། ཁྱེད་ལ་དངས་བའི་ཉན་པ་པོ་ཞིག་ནས་”ཞེས་བྲིས་འདུག། ང་ལ་ཤོག་བུ་དྲས་ཧྲུག་དེ་ཚོ་བལྟ་རྒྱུའི་ཁོམ་པ་མེད་ཙང་ངས་དང་པོ་འཕྲིན་ཡིག་དེ་ཀློག་རྒྱུའི་ཐག་བཅད།

བརྩེ་བའི་ཡུ་ལུང༌།

ཁྱེད་རང་བདེ་པོ་ཡིན་ནམ། ངས་ཁྱེད་ལ་ལམ་སེང་ཡིག་ལན་བྲིས་མ་ཐུབ་པས་དགོངས་པ་མ་ཚོམས། དེ་ལ་དམིགས་བསལ་གྱི་རྒྱུ་མཚན་གང་ཡང་མེད། དེ་ནི་ངས་ཁྱེད་ལ་བཤད་འདོད་པ་མང་པོ་ཞིག་ཡོད་ཀྱང་ངས་གང་ནས་འགོ་བཙུགས་དགོས་མིན་མ་ཤེས་ཙང་རེད། ཁྱེད་ཀྱིས་ང་ལ་གུ་ཡངས་གནང་རོགས། ངས་བྱས་པའི་ཕྱིར་ལྡོག་མེད་ལ་འཇིགས་སུ་རུང་བའི་ནོར་འཁྲུལ་དེ་ལ་ཁྱེད་ཀྱིས་དགོངས་པ་དྭངས་རོགས་ཞུ་རྒྱུ་སྔ་ས་ནས་ཕྱིས་ཟིན་པ་རེད། འོན་ཀྱང་ངས་ད་དུང་ཁྱེད་ལ་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན།

ཁྱེད་རང་གི་ཡི་གེའི་ནང་ང་ལ་དྲི་བ་གཉིས་དྲིས་འདུག།  ཁྱེད་རང་ག་རེ་བྱས་ནས་ཁྱེད་རང་གི་པ་ཕ་མཐོང་འདོད་བྱེད་ཀྱི་མེད། ཅེས་དང་  ཁྱེད་ལ་སྦྲང་མའི་རི་མོ་འབྲི་བའི་བསམ་བློ་ག་འདྲ་སེ་འཁོར་བ་དང་ད་དུང་ཁྱེད་ཀྱིས་སྦྲང་མ་དེ་ཧ་ཅང་སྙིང་རྗེ་བོ་འབྲི་དོན་གང་ཡིན། བརྩེ་བའི་ཡུ་ལུང༌།  དྲི་བ་འདི་གཉིས་ཀ་ང་ལ་ཤིན་ཏུ་ན་ཟུག་གཏོང་དགོས་པ་ཞིག་རེད། འོན་ཀྱང་ངས་ལན་འདེབས་ཐབས་བྱས་ཆོག། བུ་མོ་སུ་འདྲ་ཞིག་རང་གི་པ་ཕ་ལ་མི་དགའམ།   པ་ཕ་ནི་རང་ནི་ནང་མི་སྲུང་མཁན་ཀྱི་སྡོང་ཆེན་ཞིག་དང་ཁང་པ་བརྟེན་སའི་གདུང་མ་ཞིག།  ད་དུང་རང་གི་ཆུང་མ་དང་བུ་ཕྲུག་གི་མདུན་འཁྲིད་པ་ཞིག་བཅས་རེད།  ཡིན་ཡང་ང་ངའི་པ་ཕ་ལ་མི་དགའ། ང་ཁོ་ལ་ཁོང་ཁྲོ་ཟ་གི་འདུག།

ང་ལོ་ ༡༡ ལ་སོན་པའི་ལོ་གསར་གྱི་ཉིན་མོ་དེར་ཞོགས་པ་སྔ་པོ་མལ་ནས་ལངས་དུས་བཤད་མི་ཤེས་པ་ཞིག་ལ་ང་ལ་ཁྲག་དོན་གྱི་འདུག།  ང་ཧ་ཅང་སྐྲག་ནས་ངུས་པ་ཡིན།  ང་ངུ་བ་ཐོས་པ་དང་ཨ་མ་ནང་དུ་འཛུལ་ཡོང་ཞིང་གནས་ཚུལ་ཤེས་རྗེས་ཨ་མས་ང་ལ་ “ཧུང་ཤིའུ་ ད་རང་རྒན་ལོངས་བ་རེད་”ཟེར་  མི་གཞན་དང་ཐ་ན་ཨ་མ་མས་ཀྱང་ང་ལ་དེ་སྔོན་བུད་མེད་ཀྱི་གནས་ཚུལ་དེའི་སྐོར་བཤད་མྱོང་མེད། སློབ་གྲྭ་ལ་ནི་སུས་ཚད་ལས་བརྒལ་བའི་དྲི་བ་དེ་འདྲ་འདྲི་ཕོད་དམ། ཉིན་དེར་ང་ཧ་ཅང་སྐྱིད་པོ་འདུག། དེ་ནི་ང་རང་བུད་མེད་ཞིག་ཏུ་གྱུར་ཙང་རེད། ངས་ཆུ་ཚོད་གསུམ་ཙམ་རིང་རྒྱ་རྭའྀ་གཡས་གཡོན་དུ་མཆོངས་ཞོར་རྩེད་ཞོར་དུ་རྒྱུགས་ཅིང་ཐ་ན་དགུང་ཟས་ཀྱང་བརྗེད་འདུག།

ཕྱི་ཟླ་གཉིས་པའི་ཉིན་ཞིག་ཕྱི་རོལ་དུ་ཁ་བ་ལྷུག་ལྷུག་ཏུ་བབས་བཞིན་འདུག་ལ་ཨ་མ་ཕྱི་ལ་ཁྱིམ་མཚེས་ཞིག་སར་སོང་ནས་མེད། ངའི་པ་ཕ་དམག་སྒར་ནས་ནང་ལ་ལོག་བྱུང༌། དེ་ནི་ཁོ་ནང་ལ་ལོག་རྒྱུ་དཀོན་པའི་ནང་གི་གཅིག་རེད། ཁོས་ང་ལ་ “ཁྱོད་རང་གི་ཨ་མས་ཁྱོད་རང་ལོངས་འདུག་ཟེར། ཤོག་དང་ གོས་ལོག་ཕུད་ནས་པ་ཕ་ལ་དངོས་གནས་ཡིན་མིན་སྟོན་དང་”ཟེར། ཁོས་གང་ཞིག་བལྟ་དགོས་པ་ངས་མི་ཤེས་ལ་ཧ་ཅང་གྲང་མོ་འདུག་པས་ང་གོས་ལོག་ཕུད་འདོད་མ་བྱས། ཁོས་”མགྱོགས་ཙམ་བྱེད་  པ་ཕས་ཁྱོད་ལ་རོགས་པ་བྱས་ཆོག་”ཟེར་ཞོར་བྱང་ཆ་ལྡན་པའི་ངང་ངའི་གོས་ལོག་ཕུད་སོང༌། ཁོ་རྒྱུན་ལྡན་གྱི་དལ་ལྷོད་ཀྱི་རྣམ་པ་དེའི་སྟེང་གཏན་ནས་མེད་ཅིང་ཁོའི་ལག་པས་ངའི་གཟུགས་པོ་ཚང་མར་ཕུར་ཕུར་གཏོང་ཞོར་ང་ལ་ཡང་ཡང་”ནུ་རྡོག་ཆུང་ཆུང་འདི་གཉིས་སྐྲང་གི་འདུག་གམ། ཁྲག་དོན་ཡོང་ས་དེ་འདི་ནས་རེད་དམ། མཆུ་ཏོ་དེ་གཉིས་ཀྱིས་པ་ཕ་ལ་འོ་བྱེད་འདོད་འདུག་གམ། པ་ཕས་འདི་འདྲ་སེ་ཕུར་ཕུར་བཏང་དུས་སྐྱིད་པོ་ཚོར་གྱི་འདུག་གམ།” ཞེས་ཡང་ཡང་འདྲི་གི་འདུག། ང་ཧ་ཅང་ངོ་ཚ་བྱུང༌།  ངའི་དྲན་ཚོད་ལ་ངས་ལོགས་སུ་བཀར་བའི་སྤྱི་སྤྱོད་འཁྲུས་ཁང་ནང་མ་གཏོགས་ང་སུ་གང་མདུན་ལ་གཅེར་བུར་དོན་མ་མྱོང༌། ངའི་པ་ཕས་ང་འདར་བཞིན་ཡོད་པ་ཤེས་ནས་ཁོས་ང་ལ་”ཞེད་སྣང་བྱེད་དགོས་མ་རེད་ “ཅེས་དང་ད་དུང་ཨ་མ་ལ་བཤད་མི་ཉན་པའི་ཉེན་བརྡ་སྤྲད། ཁོས་བཤད་རྒྱུར་ ” ཁྱོད་རང་གི་ཨ་མས་ཁྱོད་ལ་རྩ་བ་ནས་དགའ་མྱོང་ཡོད་པ་མ་རེད་ གལ་སྲིད་ངས་ཁྱོད་ལ་འདི་ཙམ་དགའ་པོ་ཡོད་པ་ཨ་མས་ཤེས་ན་ཁྱོད་ལ་སྔོན་མ་ལས་སྡུག་པ་བྱེད་ཀྱི་རེད་”ཟེར་ འདི་ནི་ངའི་བུད་མེད་ཀྱི་ཐོག་མའི་ཉམས་མྱོང་དེ་ཡིན་ ཕྱིས་སུ་ང་དེ་ལ་ཞེན་པ་ལོག་སོང༌། དེ་ནས་བཟུང་ངའི་ཨ་མ་ཉལ་ཁང་དུ་མེད་པའི་སྐབས་སྟེ་ཐ་ན་མོ་ཐབ་ཚང་ནང་ཁ་ལག་བཟོ་བཞིན་པའི་སྐབས་འམ་ཡང་ན་གསང་སྤྱོད་ནང་ཡོད་པའི་སྐབས་ནམ་ཡིན་ཡང་ངའི་པ་ཕས་ངའི་སྒོའི་རྒྱབ་ཏུ་བཀར་སྟེ་གང་སར་ཕུར་མཉེད་བྱེད་ཀྱི་རེད། ང་བརྩེ་དུང་དེ་ལ་མང་ནས་མང་དུ་སྐྲག།

མུ་འགོད་་་་་་

འགྱུར་རྩོམ།

Post navigation

Previous Post: དུང་ཟླས་བསྐུལ་བའི་དྲན་འཆར།
Next Post: བོད་མི་རྩ་སྟོང་འགྲོ་བའི་རྣམ་ཐར།

Comments (6) on “ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ།”

  1. རི་རྒྱལ་ཏི་སེ། says:
    2013-04-23 at 8:24 am

    ཁྱེད་ཀྱིས་བསྒྱུར་བའི་སྒྲུང་དེ་སྙན་པོ་བྱུང་བས་མུ་ཐུད་ནས་བསྒྱུར་རོགས།

  2. ཁྱི་རྒན། says:
    2013-04-23 at 8:34 am

    ད་རྩ་རྒན་དེས་མེ་ཏོག་བཅོམ་ཡོད་ས་རེད་ད།

  3. སྒྲོལ་མ། says:
    2013-04-23 at 1:01 pm

    ཁེར་རྐྱང་གི་རྣམ་ཤེས་ལགས་མཐུད་འགོད་རོགས། དངོས་གནས་སྙན་པོ་འདུག

  4. སྒྲོལ་མ། says:
    2013-04-23 at 1:37 pm

    མུ་མཐུད་་་་ལ་བཅོས་རོགས།

  5. གནམ says:
    2013-04-24 at 7:02 am

    ང་ལས་ཁུངས་ལ་ལོག་དུས། སྐད་ཆ་འདིར་གོ་རྒྱུ་ཚོར་རྒྱུ་མེད་ཀི།

  6. མེ་ཏོག་དཀར་པོ says:
    2013-04-24 at 8:06 am

    བསྒྱུར་འཕྲོ་བཞག་མི་ཆོག ཆ་ཚང་བསྒྱུར་དགོས། ཇོ་རིན་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme