Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མའོ་ཙེ་ཏུང་གི་ཚ་བོ་དམག་སྤྱིར་བསླེབས་པ།

Posted on 2009-09-252009-09-25 By tenzin 12 Comments on མའོ་ཙེ་ཏུང་གི་ཚ་བོ་དམག་སྤྱིར་བསླེབས་པ།

༼བོད་ཀྱི་དུས་བབ་ནས་དྲངས།༽

ད་སྐབས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ན་གནས་ཚུལ་ཚ་པོ་ཞིག་འགྲོ་བཞིན་པ་ནི་མའོ་ཙེ་ཏུང་གི་ཚ་བོ་མའོ་ཞིན་ཡུ་ཟེར་བ་དེ་རྒྱ་ནག་གི་དམག་སྤྱིར་བསྐོ་རྒྱུ་ཡིན་ལུགས་དེ་རེད།
མའོ་ཞིན་ཡུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཡབ་ཆེན་མའོ་ཙེ་ཏུང་གི་ཁྱིམ་བརྒྱུད་ན་ལྷག་ཡོད་པའི་ཕོ་ཤུལ་གཅིག་པུ་དེ་ཡིན་པར་བཤད་ལ། ད་ལོ་རང་ལོ་རང་ལོ་ ༣༩ ཡིན་འདུག

རྒྱ་ནག་གི་དམག་ཁུལ་ནས་ད་ཆར་གཞུང་འབྲེལ་གྱི་གསལ་བསྒྲགས་བྱས་མེད་ནའང་གཞུང་འབྲེལ་གསར་ལམ་ཁག་དང་དྲ་ཚིགས་སོགས་སུ་གནས་ཚུལ་བསླེབས་པ་ལྟར་ན། མའོ་ཞིན་ཡུ་ནི་རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་དམག་སྤྱི་ལོ་ན་གཞོན་ཤོས་དེ་ཆགས་རྒྱུ་ཡིན་ཚུལ་འདུག

གནས་ཚུལ་འདི་ཐོག་མར་སྤེལ་མཁན་ནི་ཕྱི་ཚེས་ ༢༤ ཉིན་གྱི་ཁྲང་ཆེན་ཉིན་རེའི་གསར་ཤོག་ཡིན་ལ། གསར་ཤོག་འདི་ནི་གཞུང་འབྲེལ་གསར་ཤོག་ཡིན།

རྒྱ་ནག་གིས་མའོ་ཙེ་ཏུང་དང་དམར་ཤོག་ཚོགས་པ་རྒྱལ་ཁབ་ཀྱི་དབང་སྒྱུར་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ནས་ད་བར་མི་ལོ་ ༦༠ འཁོར་བའི་དུས་དྲན་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། དུས་དྲན་འདི་མ་བསླེབས་པའི་བདུན་ཕྲག་གཅིག་ཏག་ཏག་གི་སྔོན་དེར་མའོ་ཡི་ཚ་བོ་མའོ་ཞིན་ཡུ་དམག་སྤྱི་ལ་བསྐོ་བཞིན་པའི་གནས་ཚུལ་དེ་ཕྱིར་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་ཚོས་བཤད་ན། མའོ་ཞིན་ཡུ་ནི་གྲོང་ཁྱེར་ཆེན་པོ་ཞིག་གི་སྤྱི་ཁྱབ་པ་བྱེད་འདོད་ཡོད་སྲིད་ནའང་། ཁོའི་ཆེད་ལས་དེ་དམག་དོན་གྱི་ཕྱོགས་ཡིན་སྟབས་ལས་རིགས་དེའི་སྟེང་འདུག་དགོས་པ་ཆགས་གི་རེད་ཅེས་བརྗོད་ཡོད་པ་རེད། བཤད་ཚུལ་ལ་མའོ་ཞིན་ཡུ་ཡིས་དེབ་འགའ་ཤས་བྲིས་ཡོད་པ་དང་ཁོའི་སྤོ་བོ་མའོ་ཙེ་ཏུང་གི་སྐོར་ལ་རྩོམ་ཡིག་དེ་འདྲ་བྲིས་ཡོད་འདུག

ཟླ་སྔོན་མའི་ནང་ལྷོ་ཕྱོགས་མི་དམངས་ཀྱི་བདུན་རེའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱས་སྐབས་བརྗོད་དོན། ཁོས་རང་གི་སྤོ་བོ་མའོ་ཙེ་ཏུང་ནི་༼རྒྱ་ནག་མི་དམངས་ཀྱི་སྒལ་ཚིགས་༽ཡིན་པར་བཤད་ལ། ཁོའི་སྤོ་བོ་༼མའོ་ཙེ་ཏུང་གི་དགོངས་པ་དང་མར་ཁེ་སིའི་གཞུང་ལུགས་ཀྱི་ལམ་སྟོན་མེད་ན། ང་ཚོའི་བཟོ་ལས་དར་རྒྱས་དང་དེང་རབས་ཅན་ནི་མངོན་འགྱུར་ཡོང་ཐབས་མེད་༽ ཅེས་དང་། ༼རྒྱ་ནག་ནང་དུ་མའོ་ཙེ་ཏུང་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་འབྱུང་འགྱུར་གྱི་མི་ལོ་ཆིག་སྟོང་གི་ནང་དུ་ཐོན་ཐུབ་གི་མ་རེད་༽ཅེས་བཤད་འདུག

ལོ་སྔོན་མར་བང་ཆེན་གསར་འགྱུར་ཞེས་པས་མའོ་ཞིན་ཡུ་ལ་བཅར་འདྲི་བྱས་སྐབས་ཁོས། རང་ཉིད་ནི་དེང་རབས་ཀྱི་རྒྱ་ནག་གི་ཁྱིམ་ཚང་གྲགས་ཆེན་ཞིག་གི་ཁྱིམ་དུ་སྐྱེས་པའི་སྐོར་ལ་འཁང་ར་བྱས་ཡོད་ལ། ཁོས་རང་ཉིད་ནི་རླབས་ཆེན་གྱི་སྤོ་བོ་དེའི་བུ་རྒྱུད་དུ་སྐྱེས་པར་བརྟེན་གནོན་ཤུགས་མང་པོ་འདུག་ལ། ནམ་རྒྱུན་མི་དམངས་ཀྱིས་ངའི་བྱ་སྤྱོད་ལ་བལྟས་བསྡད་པ་འདྲ་ཞིག་འདུག དེར་བརྟེན་ངས་ག་དུས་ཡིན་ན་ཡག་པོ་རྐྱང་སྒྲུབ་དགོས་ཀྱི་འདུག་ཅེས་བཤད་འདུག

གསར་འགྱུར།

Post navigation

Previous Post: བྷིལ་ཁིལ་ཊིན་གྱིས་༸གོང་ས་མཆོག་གི་ཚན་རིག་གི་ཕྱག་དེབ་ལ་བསྔགས་བརྗོད།
Next Post: གནམ་རྒན་མ། འཇིག་རྟེན་འདི།

Comments (12) on “མའོ་ཙེ་ཏུང་གི་ཚ་བོ་དམག་སྤྱིར་བསླེབས་པ།”

  1. གེ་སར་རྒྱལ་པོ། says:
    2009-09-25 at 2:55 pm

    རྒྱ་འདྲེ་ཁོ་དམག་སྤྱིར་སླེབས་པའི་ཉིན་མོ་ནས་རྒྱ་ནག་དམར་ཤོག་པ་ཚོགས་པ་
    མགོ་སྟེང་ལོག་པར་ཤོག་ཅིག

  2. ཀླུ་སྨྱོན། says:
    2009-09-25 at 9:25 pm

    རྒྱ་དཔོན་གཞན་པ་དེའི་མགོ་ཐོག་ནས་ཕར་ལྟོས་དང་བོད་པའི་གྲྭ་པ་ཞིག་མཐོང་གི་འདུག

  3. ནམ་མཁའ་དགྲ་འདུལ་ says:
    2009-09-26 at 5:45 am

    མོའི་ཙི་ཏུང་ཚོ་བོའི་མའི་ཞུན་ཡིས་ད་ཡིན་ན་འཛམ་གླིང་དམག་ཆེན་གསུམ་པ་སློང་རྒྱུ་ཉག་ཅིག་རེད། དང་པོ་དེ་རྒྱ་གར་དང་རྒྱ་མི་གཉིས་འཁྲུག་པ་སྨོས་མི་དགོས། དེ་རྗེས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་མཁན་དང། རྒྱ་མི་ལ་རྒྱབ་སྐྱོར་བྱེད་མཁན་འོང་བ་ཤ་སྟག་རེད། རྒྱ་གར་ལ་ཡོད་པའི་བོད་པའི་དམག་མི་དང་རྒྱ་མའི་ས་ལ་ཡོད་པའི་དམག་མི་གཉིས་དང་པོ་བཏང་བ་ཤ་སྟག་རེད་སྙིང་རྗེ་བོད་པས་བོད་པ་བསད་དགོས་ཐུག་པའི་དུས་ཤིག་སླེབས་གྲབ་འདུག འོན་ཀྱང་ང་དམག་སྤྱི་ཞིག་ཡིན་ཚེ་ངེས་དེ་ལས་ལྡོག་ཏེ་ངེས་པར་དུ་བོད་པའི་དམག་མི་རྣམས་རྡོག་རྩལ་གཅིག་སྒྲིལ་གྱིས་རྒྱ་མི་ས་ཕར་ཕྱིར་རྒྱུག་བྱེད་ནས། དེ་སྔོན་༡༩༥༩ནས་འདས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཤ་ལེན་ཡིད་ཚིམས་པ་ཞིག་ལེན་འདོད་ཡོད།
    གང་ལྟར་ཀྱང་ང་ཚོའི་རྡོག་རྩལ་ཆིག་སྒྲིལ་དགོས། ཁ་བཤད་ཙམ་ཡིན་པ་ལག་ལེན་བཏབ་དགོས།

  4. ཏྲེ་ཤོ་ལེགས says:
    2009-09-26 at 12:51 pm

    ཧོ་ཧོ་ཧོ་ ནམ་མཁའ་དགྲ་འདུལ་གྱིས་དགྲ་ཤ་ལན་འདོད་ཀྱི་ས྄ྨི་ལམ་ཡག་པོ་གཏོང་ཤག་

  5. བྱ་རྒོད་རྒྱལ་པོ། says:
    2009-09-27 at 1:19 am

    གྲྭ་པ་དེ་བོད་པའི་གྲ་པ་ཡིན། རྒྱ་འདྲེ་ཁོག་ཞུགས་དེ་འདྲ་ཡིན་ཧ་གོ་ཡག་ཡོད་མ་རེད།

  6. ནམ་མཁའ་དགྲ་འདུལ་ says:
    2009-09-27 at 3:32 am

    ཏྲེ་ཤོ་ལེགས་ལགས། ངའི་གཉིད་ལམ་ཡག་པོ་ཞིག་ཡིན་དང་། དངོས་གནས་ཡིན་རྗེས་མ་ལྟ་ཆོག
    ང་དངོས་གནས་ལག་པ་ཟ་གི་འདུག ཏྲེ་ཤོ་ལེགས་ལགས། ཁྱེད་རང་ཡང་ངའི་རྗེས་སུ་འོང་ན་འགྲིག་གི་རེད། ངའི་ཕ་མེས་ཡང་མེས་ཀྱི་དགྲ་བོ་རྒྱ་དམར་དེ་ནམ་ཡང་ཐར་པ་མི་གཏང་ཐག་ཆོད་ཡིན།ྲ
    ཀི་ཀི་བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

  7. གླང་དར་མ། says:
    2009-09-27 at 3:50 am

    དྲྭ་གྲོགས་ཚོ། ཁྱེད་ཚོ་མའོ་ཙི་ཏུང་གི་ཚ་བོ་དམག་སྤྱིར་སྐོས་པ་སྐྲག་གི་འདུག་གམ།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-27 at 11:47 am

    གྲྭ་བ་དེ་ནི་རང་དབང་རང་ལག་དུ་མེད་པའི་བོད་མི་རིགས་ཀྱི་འགྲིན་ཚབ་པ་ཞིག་ཡིན་ནི་རེད་ལགས། གོ་སྐབས་བྱུང་དུས་སུ། རང་ཉིད་བོད་པ་ཞིག་ཡིན་པ་བོད་མི་རིགས་ལ་བདེན་དཔུང་བྱེད་ངེས་ཡིན་ཁོ་ཐག་ཡིན་ནི་རེད། དེ་དོན་སྤུན་ཟླ་དག་གིས་སེམས་སུ་གཉར་རོགས་ཞུ།

  9. ནམ་མཁའ་དགྲ་འདུལ་ says:
    2009-09-28 at 1:31 am

    གྲྭ་བ་དེས་ངོ་མ་ཡག་པོ་བྱེད་འདོད་ན་ཁོ་ལ་ཡང་ནུས་ཤུགས་དམིགས་བསལ་ཞིག་ཡོད་པ་ཐག་ཆོད། གང་ཡིན་ཟེར་དེང་སྐབས་རྒྱ་ནག་གྲྭ་བ་རྣམས་ལ་བཀག་སྡོམ་བྱེད་བཞིན་པ་རེད། འོན་ཀྱང་ཁོང་ས་ཆ་དེ་ན་གང་བྱེད་ཀྱིན་ཡོང་བ་རེད་ཁོང་ལ་བཀག་སྡོམ་མེད་པ་རྒྱུ་མཚན་གང་ཡིན་ནམ།

  10. དཀོན་མཆོག says:
    2009-09-28 at 7:08 am

    ཨ་་ཨ་་་་ཨ་་་་་ཨ་ལགས་འདི། ངོ་མ་དགོད་སྤྱད་ཟེར་ནོ་རེད། ཁྱོའི་མིག་འདི་གཅིག་རྣོ་གི་ར། ངོ་མ་རྒྱ་རྒན་དེའི་རྒྱབ་ལོག་ན་གྲྭ་གཟུགས་ཤིག་འདུག གཅིག་གི་མི་ཚད་གཉིས་འདུག ཕལ་ཆེར་པཎ་གཟུགས་དེ་ཡིན་པ་འདྲ།

  11. ལུང་རིགས་རྒྱལ། says:
    2009-09-28 at 7:34 am

    མའོ་ཙེ་ཏུང་གི་ཚ་བོ་འདི་ཚོན་པོ་ཞིག་འདུག ག་རེ་འདྲ་ཞིག་བཟའ་གིན་ཡོད་སུས་ཤེས།

  12. གངས་འདབས་ says:
    2009-09-30 at 6:32 pm

    ད་ཡང་རྒྱ་འདྲེ་གཉིས་པ་དེ་སླེབས་བྱུང་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme