Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡའ་རྔན་མཁར་གྱི་ས་ཡོམ་དོན་རྐྱེན་ལ་མྱ་ངན་ཞུ།

Posted on 2013-04-202013-04-20 By ཁ་བརྡ་ 8 Comments on གཡའ་རྔན་མཁར་གྱི་ས་ཡོམ་དོན་རྐྱེན་ལ་མྱ་ངན་ཞུ།

འཇིགས་བྲལ་བསྟན་འཛིན།

མདང་སུམ་བདེ་བར་ཉལ་དུས། །
སང་གི་བསམ་བློ་བཏང་ཡོད། །
ད་ནང་ས་ཡོམ་རྒྱབ་ནས། །
གཅེར་བུར་ཐང་ལ་བཏང་སོང་། །

གཅེས་པའི་ཕ་མ་སྤུན་མཆེད། །
ས་རྡོའི་འོག་ནས་འཚོལ་དུས། །
བཟོད་མེད་ཆོ་ངེ་དྲག་པོའི། །
མིག་ཆུ་སྙིང་ནས་འཐོར་སོང་། །

བརྗིད་པའི་ཁང་བརྩེགས་མཐོན་པོ། །
འཇམ་པའི་གཞུང་ལམ་རིང་མོ། །
གས་འཐོར་ཕྱིན་པའི་གཡའ་རྔན། །
མིག་ཆུའི་ཀློང་ནས་མངོན་སོང་། །

བྱམས་བརྩེ་གདུང་སེམས་ཅན་གྱི། །
མི་རིགས་ཁག་གི་མི་མང་། །
ཕངས་མེད་བརྩེ་བའི་རོགས་སྐྱོར། །
གཡའ་རྔན་མཁར་དུ་ཕྱོགས་སོང་། །

དཀའ་ཁག་གིས་ལུས་སེམས་མནན་དུས། །
རྒྱ་རིགས་དང་བོད་རིགས་མི་འདུག །
བརྩེ་སེམས་ཀྱི་རོགས་སྐྱོར་ཁྲོད་དུ། །
འགྲོ་བ་མིའི་རིན་ཐང་མཐོང་སོང་། །

རྩོམ་རིག

Post navigation

Previous Post: ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར།
Next Post: ཆོས་ལུགས་ཞེས་པའི་ཡི་གེ་དེ་བྲི་ནོར་ཐེབས་སོང་བ་འདྲ།

Comments (8) on “གཡའ་རྔན་མཁར་གྱི་ས་ཡོམ་དོན་རྐྱེན་ལ་མྱ་ངན་ཞུ།”

  1. མི་ཉག་དུང་བརྡ says:
    2013-04-20 at 11:54 pm

    གཡའ་རྔན་ཞེས་པའི་ཐ་སྙད་འདི་ད་བར་གོ་མྱོང་མེད་མོད། དྲ་གྲོགས་ཁྱེད་ལ་ཐ་སྙད་འདི་ཐོགས་དོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདྲ་ཨེ་ཡོད། སྤྱིར་བོད་ཀྱི་ལོ་རྒྱུས་སམ་དམངས་ཁྲོད་ཀྱི་ངག་རྒྱུན་ལོ་རྒྱུས་ཐོག་ཡོངས་སུ་གྲགས་ཡོད་པ་ནི་གཡག་རྔ་དང་གཡག་ལྔ་གཉིས་ཀྱི་ཐ་སྙད་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱབ་ལྗོངས་ངེས་ཅན་ཡོད་པས་ན། རང་རེ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་བེད་སྤྱོད་བྱེད་སྟངས་སྐོར་དམིགས་ཀྱིས་བཀར་ནས་དོ་སྣང་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

  2. སྤོབས་པ་མཐའ་ཡས། says:
    2013-04-21 at 1:48 am

    ངོ་མ་ས་གནས་འདི་དང་ཁད་ཉེ་བའི་མིའི་ངག་ལས་ཐོས་པ་ལྟར་ན་ས་ཆ་འདིའི་མིང་ངོ་མ་གཡག་རྔ་རེད་ཟེར།

  3. དྲན་དཀར་དཔལ་ཡོན་ says:
    2013-04-21 at 3:19 am

    གཡག་རྔ་འགག་གི་མི་དམངས་རྣམ་པར་
    གདུང་སེམས་མཉམ་བསྐྱེད་ཡོད།
    ཨོཾམཎིཔདྨེཧཱུཾ།
    ཨོཾམཎིཔདྨེཧཱུཾ།
    ཨོཾམཎིཔདྨེཧཱུཾ།

  4. ལེགས་བཤད། says:
    2013-04-21 at 7:36 am

    དར་རྩེ་མདོ་ནས་ལེ་དབར་སུམ་ཅུ་ཙམ་ཡོད་པའི་རྫོང་ཁོངས་དེར་ཁ་སང་ཞོགས་ཀར་ས་ཡོམ་ཤུགས་ཚད་བདུན་བརྒྱབ་ཏེ་ཁང་བརྩེགས་བརྡུབས་ནས་མི་མང་པོ་སྲོག་སྐྱོན་ཤོར་བ་དང་། སྲོག་སྐྱོན་ཤོར་བའི་ནང་མི་བུ་ཕྲུག་དང་སྡུག་བསྔལ་གྱིས་ནོན་པའི་ཕ་མ་དེ་དག་གི་ཆེད་དུ་བསྔོ་བ་སྨོན་ལམ་རེ་གནང་རོགས།
    འཛམ་བུའི་གླིང་གི་ཚེ་ལ་ངེས་པ་མེད་ཀྱང་ནམ་འཆི་ཆ་མེད། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ། དེ་རིང་མི་འཆི། སང་ཉིན་མི་འཆི་སྙམ་པའི་བློ་ང་ཚོ་ཚང་མ་ལ་ཡོད་པ་རེད།

  5. ཆོས་འཕེལ་དར་རྒྱས་ says:
    2013-04-21 at 10:31 am

    གཡང་རྔ་ན་ཡ་ང་བའི་ས་འགུལ་བྱུང་བའི་སྐབས་འདིར་ས་ཆ་དེ་ན་ཡོད་པའི་རྒྱ་བོོད་ཧེ་སོགས་རིགས་ཀུན་གྱི་མི་རྣམས་ལ་མྱ་ངན་དང་སྨོན་འདུན་ཡོད། ལྷག་པར་ཏིང་དང་སྲིད་གཞུང་། སྒེར་བ་གང་ཞིག་གིས་ཡུལ་དེ་ལ་རོགས་བྱེད་བཞིན་པ་དག་ལ་བཀའ་དྲིན་སྐུ་དྲིན་ཆེ་ཞུ།

  6. གནམ says:
    2013-04-21 at 9:51 pm

    རྒྱལ་ཁབ་མི་རིགས་ཀྱི་ཚེ་སྲོག་ལ་དུང་ནི་ཟིག་ཡིན་ན། ས་འགུལ་ཡོང་པའི་སྔོན་བརྡ་གཏོང་ཐུབ་པ་བྱེད་དགོས་པ་རེད། དེ་མིན་ཡོད་ཚད་ཤི་བ་དང་ཤ་ཚ་མདོག། ཚང་མ་རྫིན་མ་རེད། ཚང་མ་འཁྲབ་སྟོན་རེད།
    ཕན་འདོགས་དང་ཤ་ཚ་མེད་པའི་རྒྱ་གཞུང་འདི་ཁ་ལོར་བསྒྱུར་དགོས་བ་རེད།
    རྒྱ་དམངས་ལ་ཀླད་པ་མེད། རྒྱ་དཔོན་ལ་ཤ་ཚ་མེད། ད་གང་ཡོང་།

  7. གཞོན་ནུ་ཟླ་མེད། says:
    2013-04-21 at 11:56 pm

    CCTV ནས་དེ་རིང་བསྟན་དོན། རྒྱལ་ཁབ་ཀྱིས་རོགས་སྐྱོར་དང་མྱུར་སྐྱོབས། ཁ་ཟས་དང་སྡོད་ཁང་སོགས་ཛ་དྲག་བྱེད་བཞིན་པ་རྐྱང་སྟོན་གྱི་འདུག དྲ་ལམ་ན་བོད་དགོན་ཁ་ཤས་རོགས་སྐྱོབས་ལ་སོང་ན་ཡང་། རྒྱལ་ཁབ་ཚང་གིས་ས་ཆ་དེར་འགྲོ་མ་བཅུགས་པར་ཕྱིར་སློག་བྱེད་བཞིན་པའི་འདྲ་པར་བཅས་བསྟན་འདུག

  8. རང་དབང་ཨ་རྡུ་མན། says:
    2013-04-22 at 12:40 pm

    གཡག་རྔ་་་མི་དམངས་ལ་གསོལ་འདེབས་སྨོན་ལམ་དང་སེམས་གཏིང་ནས་བརྒྱབ་སྐྱོར་ཡོད་་་་་སེམས་ཤུགས་ནམ་ཡང་མ་ཆགས་རོགས་་་་་ཡར་ལངས་ཡག་ལ་འབད་བརྩོན་གནང་དང་འབད་ནས་མི་འགྲུབ་པའི་བྱ་བ་མེད།
    རོགས་སྐྱོར་གནང་མཁན་གཞུང་སྒེར་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་བསྔགས་བརྗོད་དང་ཡིད་རང་ཡོད།
    བོད་དགོན་ཁག་རོགས་འདེབས་བྱ་སར་མ་གཏང་པ་དེ་ནི་གྲྭ་པ་ཚོས་ཆབ་སྲིད་ཀྱི་ལམ་བུར་འཚང་ཀ་བརྒྱབ་པའི་གྲུབ་འབྲས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme