Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གནད་དོན་དང་འབྲེལ་བའི་རྒྱ་ནག་གི་འགོ་ཁྲིད་གསར་བ་འགའ་གླེང་བ།

Posted on 2013-04-182013-04-18 By ཁ་བརྡ་ 2 Comments on བོད་ཀྱི་གནད་དོན་དང་འབྲེལ་བའི་རྒྱ་ནག་གི་འགོ་ཁྲིད་གསར་བ་འགའ་གླེང་བ།

འཇིགས་མེད་ཐོས་པ་རང་གྲོལ།

སྲིད་དོན་ཞིབ་འཇུག་གི་གོ་རིམ་ཁྲོད་དུ་རྒྱལ་ཁབ་ཀྱི་དབང་འཛིན་མི་སྣའི་འཕོ་འགྱུར་དང་བསྟུན་ནས་དབྱེ་ཞིབ་བྱས་པ་བརྒྱུད་མ་འོངས་པའི་བྱེད་བབས་ལ་སྔོན་དཔག་དང་གྲ་སྒྲིག་བྱེད་རྒྱུ་དེ་ཡང་རྒྱལ་སྤྱིའི་འབྲེལ་ལམ་རིགས་གཞུང་ལུགས་ཀྱི་མ་ལག་གལ་ཆེན་ཞིག་ཡིན་པ་རེད། དེར་བརྟེན། བོད་དོན་ཆེད་མཁས་པ་སྐུ་ཞབས་ཨར་པིས་ལགས་ཀྱི་དཔྱད་རྩོམ་(འབྱུང་འགྱུར་བོད་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རྒྱ་ནག་གི་དཔོན་རིགས་ཁག)ཅེས་པའི་གླེང་བརྗོད་དུ་“བོད་ཀྱི་གནས་བབ་ནི་ཐད་ཀར་བོད་ཀྱི་གནད་དོན་དངོས་ལ་ལག་པ་འཆང་མཁན་རྒྱ་གཞུང་གི་འགོ་ཁྲིད་ཚོའི་བྱེད་བབ་ལ་རག་ལས་ཡོད།”ཅེས་བཀོད་འདུག་པ་མ་ཟད་ཡང་ཟླ་༠༣་ཚེས་༢༤ཉིན་སྲིད་དོན་དཔྱད་རྗོད་མཁན་རྡ་བིས་སྒྲི་ཀྲང་(David Zhang)ལགས་ཀྱིས་ཀྱང་ཤར་ཨེ་ཤ་ཡའི་གླེང་སྟེགས་(eastaisaforum.org)སུ་(རྒྱ་ནག་གི་འགོ་ཁྲིད་གསར་བའི་ངེས་པར་དུ་གྲུབ་འབྲས་མ་སོན་པའི་བོད་ཀྱི་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས།)ཞེས་པའི་དབྱེ་ཞིབ་ལྷུག་པོ་གནང་འདུག

གང་ལྟར། དོན་དངོས་ཐོག་སྲིད་འཛིན་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་གསར་བའི་དཔུང་ཁག་དེས་མིག་རྒྱང་རིང་བོར་གཟིགས་ནས་བོད་ཀྱི་གནད་དོན་ཐོག་དོན་དངོས་ཀྱི་འགྱུར་བ་ཞིག་གཏོང་སྲིད་དམ། ཡང་ན་བོད་ཀྱི་གནད་དོན་དང་དངོས་ཤུགས་གང་རུང་ནས་འབྲེལ་བ་ཡོད་པའི་འགོ་ཁྲིད་འདི་དག་གིས་བོད་ཀྱི་ད་ལྟའི་གནས་བབ་དེ་རྒྱལ་ཁབ་རིམ་པའི་ཆེས་ཛ་དྲག་རང་བཞིན་གྱི་གནད་དོན་ཞིག་ལ་བརྩིས་ནས་དེ་ལ་སྤྱི་ཡོངས་རང་བཞིན་གྱི་སྲིད་ཇུས་གསར་བ་ཞིག་ཐག་གཅོད་བྱེད་སྲིད་དམ། དབྱེ་ཞིབ་ཁྲོད་ཀྱི་གནད་དོན་འདི་གཉིས་ནི་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་གསར་བ་ཚོར་ལག་ལེན་དངོས་ཀྱི་ནང་དུ་འཕྲད་པའི་དྲི་བ་ཆེས་གལ་ཆེན་གཉིས་ཡིན། དེར་བརྟེན། སྤྱི་ཡོངས་ནས་བོད་ཀྱི་གནད་དོན་དངོས་ལ་ལག་པ་འཆང་མཁན་འགོ་ཁྲིད་གསར་ཁག་གི་སྐོར་ལ་ཕྱིར་བལྟས་རགས་ཙམ་བྱའོ།།

ཞིས་ཅིན་ཕིན། (习近平)
ཕྱི་ལོ་༡༩༥༣ལོར་སྲན་ཤིས་ཞིང་ཆེན་དུ་སྐྱེས་པ་དང་རིག་གསར་སྐབས་སུ་ཁོང་གི་ཨ་ ཕ་ཞིས་ཀྲང་ཤན་ལ་སྲིད་དོན་ནག་ཉེས་ཀྱི་ཞྭ་མོ་བཀབས་པས་བཟའ་མི་གང་བོ་མི་ལོ་ཧྲིལ་བོ་བཅུ་དྲུག་ལྷག་ལ་འཚོ་བ་ཧ་ཅང་སྐྱོ་བོ་བསྐྱལ་དགོས་བྱུང་།
ཕྱི་ལོ་༡༩༧༤ལོར་ཁོང་དམར་ཤོག་ཚོགས་ཞུགས་ཤིང་རིམ་བཞིན་གོ་གནས་ཇེ་མཐོར་སོང་སྟེ་མཐར་ཕྱི་ལོ་༢༠༠༨ལོར་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པར་བསྐོས་ཤིང་མི་རབས་གསར་བའི་ནང་གི་སྲིད་དོན་མི་སྣ་རེ་བ་ཆེ་ཤོས་སུ་ཆགས།ཕྱི་ལོ་༢༠༡༣ལོའི་ཟླ་གསུམ་པར་ཁོང་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་དངོས་ཀྱི་འགན་འཁྲི་ཕྲག་ཏུ་བླངས། ཁོང་གི་ཨ་ཕ་ཞིས་ཀྲང་ཤན་ནི་བོད་དོན་ལ་རྒྱུས་མངའ་ཆེན་པོ་ཡོད་པར་མ་ཟད་ཕྱོགས་མང་བོ་ཞིག་ནས་བསམ་བློ་གུ་ཡངས་པོ་གཏོང་མཁན་ཞིག་ཀྱང་ཡིན། སྔོན་ཆད་༧གོང་ས་མཆོག་ལ་ཡང་ཆུ་ཚོད་ཅིག་ཀྱང་ལེགས་སྐྱེས་སུ་ཕུལ་མྱོང་ཡོད་ལ་༧པཎ་ཆེན་རིན་པོ་ཆེ་དང་ཡིན་རིང་འདྲིས་པའི་ལས་གྲོགས་ལྟ་བུ་ཡིན། དེའི་ཕྱིར། དཔྱད་རྗོད་པ་ཁ་ ཤས་ཀྱིས་ཁོང་ཡང་སོ་སོའི་ཨ་ཕ་བཞིན་རྒྱ་ནག་གི་སྲིད་དོན་མི་སྣ་གཞན་དང་བསྡུར་ན་ཕུགས་རྒྱང་རིང་བོར་གཟིགས་མཁན་ཞིག་ཡིན་པར་བཤད་བཞིན་ཡོད། ཁོང་གིས་ཉེ་ཆར་ཀྲུང་གོའི་མ་འོངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་སྐོར་ལ་གཏམ་བཤད་གལ་ཆེན་ཐེངས་གསུམ་ལྷག་གནང་བའི་ཁྲོད་དུ་གཙོ་བོ་གནད་དོན་ཁག་གཉིས་ནན་གྱིས་བསྟན་ཡོད།

༡)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་བརྒྱུད་ནས་འཛུགས་བསྐྲུན་དར་སྤེལ་དང་མདུན་བསྐྱོད་བྱེད་རྒྱུ་ལས།ནུབ་ཕྱོགས་པའི་རིན་ཐང་ལྟ་ཚུལ་ཁག་གི་རྗེས་འབྲང་གཏན་ནས་མི་བྱེད།
༢)ང་ཚོས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕམ་ཉེས་ལས་ཉམས་མྱོང་བླངས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་འབད་བརྩོན་བྱེད་དགོས།དེའི་ཕྱིར་དུ་ཕྱོགས་ཡོངས་ནས་དམར་ཤོག་ཚོགས་པའི་སྟོབས་ཤུགས་རྒྱུན་འཛིན་དང་རྒྱ་བསྐྱེད་བྱེད་དགོས་པར་བཤད་ཡོད།

ཡོས་ཀྲང་སུན། (俞正声)
ཕྱི་ལོ་༡༩༤༥ལོར་རྒྱ་ནག་ཀྲེ་ཅང་ཞིང་ཆེན་དུ་སྐྱེས་པ་དང་སྔ་ཕྱིར་ཧྲང་ཧེ་དམར་ཤོག་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་སོགས་སྲིད་དོན་གྱི་འགན་འཁྲི་མི་ཉུང་བ་ཞིག་ཁུར་མྱོང་འདུག ཕྱི་ལོ་༢༠༡༢ལོར་ཁོ་རང་སྐབས་༡༨པའི་རྒྱལ་ཡོངས་དམར་ཤོག་ཚོགས་པའི་ཆེས་མཐའི་ལྷན་ཚོགས་ཀྱི་ཚོགས་མིར་བདམས་པ་ནས་བཟུང་། ཞིན་ཧ་གསར་ཁང་སོགས་སུ་ཁོང་གིས་བོད་དོན་དང་འབྲེལ་བའི་གནད་དོན་མང་བོ་ཞིག་གླེང་སློང་བྱེད་འགོ་བརྩམས་ཡོད། ཉིན་ཤས་སྔོན་རྒྱ་ནག་ལྷོ་ཕྱོགས་ཉིན་རེའི་ཚགས་པར་གྱིས་ཡོས་ཀྲང་སུན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཐེ་བན་དང་བོད་ཀྱི་གནད་དོན་སྐོར་གྱི་འགོ་གཙོར་བདམས་ཟིན་པར་བཤད་འདུག གང་ལྟར། ཉེ་ཆར་ཡོས་ཀྲང་སུན་གྱིས་སུ་ཁྲོན་སོགས་བོད་ཀྱི་ས་ཁུལ་ཁ་ཤས་སུ་གཞུང་འབྲེལ་ལྟ་སྐོར་ཞིག་བྱས་ཡོད་ལ་སྐབས་དེར་ཁོང་གི་ལམ་རོགས་སུ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་བོད་ཀྱི་གནད་དོན་སྐོར་གྱི་འགོ་གཙོ་ཟུར་བ་ཀྲོས་ལྦེ་ཆོན་མཉམ་དུ་ཁྲིད་ཡོད་འདུག

ཕྱི་ལོ་༢༠༡༣ཟླ་༠༡ཚེས་༢༤་ཉིན་སི་ཁྲོན་དཀར་མཛེས་སུ་བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་འདྲ་མིན་གྱི་སྐུ་ཚབ་ཚོགས་འདུ་ཞིག་བསྡུས་སར་ཁོས་གཏམ་བཤད་གནང་བ་ཞིག་གཞུང་འབྲེལ་ཞིན་ཧ་གསར་འགྱུར་དུ་སྤེལ་དོན། “བོད་ཀྱི་ཆོས་ལུགས་མི་སྣ་ཚོས་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཆ་བརྩི་བསྲུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་གོང་མཐོར་གཏོང་དགོས་ལ། བརྒྱུད་རིམ་འདིའི་ཁྲོད་དུ་ང་ཚོས་ངེས་པར་དུ་ཏཱ་ལའི་རུ་ཚོགས་ཀྱིས་སྣེ་ཁྲིད་པའི་ཕྱི་ཕྱོགས་ཀྱི་ཁ་བྲལ་བར་རྒོལ་རྡུང་མུ་མཐུད་བྱས་ཏེ་མི་དམངས་ཀྱི་དཔལ་འབྱོར་དང་འཚོ་བའི་གནས་བབ་ཡར་རྒྱས་གཏོང་སའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་ཞིག་བསྐྲུན་དགོས།”ཞེས་བཤད་འདུག

མུ་འགོད།

དཔྱད་རྩོམ།

Post navigation

Previous Post: ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་ཁུལ་དུ་ཆིབས་བསྒྱུར།
Next Post: དགོང་གའི་མཚམས་སྤྲིན།

Comments (2) on “བོད་ཀྱི་གནད་དོན་དང་འབྲེལ་བའི་རྒྱ་ནག་གི་འགོ་ཁྲིད་གསར་བ་འགའ་གླེང་བ།”

  1. ཅོག་མྱི། says:
    2013-04-18 at 12:39 am

    རྒྱ་ནག་གི་ཆབ་སྲིད་སྲོལ་རྒྱུན་དང་ལོ་རྒྱུས་དང་གནས་བབས་ལ་རྨོངས་ནས་རྩོམ་འཆལ་འདི་འདྲ་སྤེལ་བ་རེད། རྒྱ་ནག་གི་སྲིད་འཛིན་དག་ནི་རྒྱ་མི་ཡོངས་ཀྱི་འདོད་རྔམས་ཀྱི་གཟུགས་བརྙན་ཙམ་མ་གཏོགས་དེ་དག་མགོན་སྐྱབས་དང་ལམ་འདྲེན་མ་རེད། རྒྱ་མིའི་རེ་བ་བཟློག་ནས་བོད་པའི་རེ་བ་སྐོང་བའི་རྒྱ་དཔོན་ཞིག་བྱུང་མེད་ལ་འབྱུང་ཡང་མི་སྲིད། བོད་ཀྱི་གནས་བབས་ཇེ་བཟང་དུ་གཏོང་བ་བོད་པའི་ལག་ན་མ་གཏོགས་རྒྱ་དཔོན་གྱི་ལག་ན་མེད། གནད་དེར་རྨོངས་ནས་ང་ཚོ་ད་ལྟ་བར་དུ་བཙན་བྱོལ་ནས་ལྷག་པ་རེད།

  2. གནམ says:
    2013-04-18 at 3:26 am

    རྒྱ་དཔོན་ཚོ་ལ་ཁ་བཏགས་དཀར་པོ་མི་འབབ། འདི་ཚོའི་སེམས་པ་མི་དཀར།
    རྒྱ་དཔོན་ཚོ་ལ་ཁ་བཏགས་སེར་པོ་ཡང་མི་འབབ། འདི་ཚོའི་མཛད་སྤྱོད་མི་གཙང་།
    རྒྱ་དཔོན་ཚོ་ལ་ཁ་བཏགས་དམར་པོ་སྒྲོན་པའི་དུས་ཤར་ཡོད། དེ་ནི་ཁོ་ཚོས་ཁོ་ཚོ་ལ་འདེམས་པའི་ལག་སྐྱེས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme