Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གང་སར་གཏོར་བའི་སྙན་ངག

Posted on 2013-04-172013-04-17 By ཡེ་ཤེས་ 16 Comments on གང་སར་གཏོར་བའི་སྙན་ངག

ཀླུ་སྨྱོན།

མི་ཚེ།
རྩ་རྒྱུས་རུས་པ་ཤ་ཁྲག་པགས་པའི་ཚོགས། །
སོ་སོར་འཐོར་ནས་རྣམ་ཤེས་རླུང་གིས་ཁུར། །
མི་ཚེ་རིང་མོའི་རྐང་རྗེས་རབ་རིབ་དག །
ལོ་ཟླའི་འགྲོས་དང་བསྟུན་ནས་ཡལ་བར་འགྱུར། །

གཏམ་རྒྱུད་སྙན་པོ།
དབྱངས་ཅན་ཁབ་ཏུ་བསུས་པའི་དགོང་མོ་དེར།།
འཇམ་དཔལ་དཔའ་བོ་ལ་བརྒྱུགས་ལུང་བརྒྱུགས་ཀྱིས།།
བརྩེ་བའི་མཆུ་འདོམས་སྦྱོར་བའི་ངེད་གཉིས་ཀྱི།།
རྐང་རྗེས་མ་རྙེད་ཤཱཀྱ་ཐུབ་པར་གཏུགས།།

རང་བསྟོད།
མུན་པའི་འཇིག་རྟེན་ཚལ་བར་གཤགས་པའི་འོད།།
ཤེས་རབ་རལ་གྲིའི་ངོས་སུ་འཁྱུག་པའི་གཟི།།
སྙིང་གི་བྱིན་དུ་ཆགས་པའི་སྙན་ངག་མཁན།།
ད་ལྟ་ཨ་མེ་རི་ཁར་མཆིས་སོ་ལོ།།

ས་ཡོམ་རྗེས་དྲན།
ས་ཡོམ་ཆེན་པོས་སྐྱེ་རྒུ་གྲོང་བརྡལ་བསྣུབས།།
གོད་ཆག་ཆེན་པོས་ཚེ་སྲོག་ཁྱུར་མིད་བཏང་།།
འཇིགས་སྐྲག་ཆེན་པོས་སེམས་ལ་རྨ་ཁ་བཟོས།།
སྐྱོ་གདུང་ཆེན་པོས་ཉིན་འདིར་རྗེས་དྲན་ཞུ།།
བརྩེ་བ་མཚོ་ལས་ཟབ་པའི་གཉེན་ཉེ་བྲལ།།
དཀའ་བ་རི་ལྟར་སྤྱད་པའི་ཁྱིམ་གཞིས་བརླགས།།
སྡུག་བསྔལ་རླུང་བཞིན་འཚུབ་པའི་ཉིན་མོ་འདི།།
སྐྱེ་རྒུའི་མ་ཡིན་གངས་ཅན་བོད་ཀྱི་ཡིན།།

འདྲེ་དང་མི།
འདྲེ་ཞེས་བྱ་བའི་སྤུ་ཟིང་པོ། །
ཡིན་པ་བདག་གི་མཇེ་གོག་རེད། །
གདོན་ཞེས་བྱ་བའི་ཁ་གདངས་པོ། །
ཡིན་པ་ཁྱེད་ཀྱི་སྟུ་རྒན་རེད། །

འགྲན་ཟླ་མེད་པའི་བདག་སེམས།
འདོད་ཆགས་ཅན་གྱི་སེམས་པ་འདི། །
མེ་ལྕེ་འབར་བའི་དོ་ཟླ་མིན། །
ཞེ་སྡང་ཅན་གྱི་སེམས་པ་འདི། །
ཁྲོ་ཆུ་ཁོལ་མའི་དོ་ཟླ་མིན། །
གཏི་མུག་ཅན་གྱི་སེམས་པ་འདི། །
མུན་ནག་སྟུག་པོའི་དོ་ཟླ་མིན། །
ཕྲག་དོག་ཅན་གྱི་སེམས་པ་འདི། །
སྦྲུལ་ནག་འཁྱུག་པའི་དོ་ཟླ་མིན། །
ང་རྒྱལ་ཅན་གྱི་སེམས་པ་འདི། །
གླང་ཆེན་སྨྱོན་པའི་དོ་ཟླ་མིན། །

སྔོན་གྱི་མེས་པོ།
སྔོན་གྱི་མེས་པོ་དེ་ཚོ་ཁོམ་སོང་བས། །
ཡིན་མིན་བྱེ་བའི་རྣམ་རྟོག་ཤོག་ངོར་བྲིས། །
ང་ཚོ་དུས་རབས་གསར་པའི་སྨྱོན་པ་ཚོས། །
དེ་དག་ཟློ་བའི་དགོས་པ་ཅི་ཡང་མེད། །

མི་ཚེ་ཐུང་ཐུང་།
ཆུང་ཆུང་དུས་སུ་ཚངས་མགུར་ཀློག་པར་དགའ།
དར་དར་དུས་སུ་བུ་མོར་རྒྱོ་བར་དགའ།
རྒས་རྒས་དུས་སུ་སྙན་ངག་འབྲི་བར་དགའ།
ཐུང་ཐུང་མི་ཚེའི་གཏམ་རྒྱུད་འདི་ཙམ་རེད།

སྡར་མ།
ངུ་ན་འདོད་དུས་ངུ་མི་ཕོད།
དགོད་ན་འདོད་དུས་དགོད་མི་ནུས།
རང་གཤིས་བཙོན་ལ་བཅུག་པའི་མི།
གསོན་ཡང་ཤི་དང་མཚུངས་པར་བརྗོད།

མེས་པོར་གཤེ་བ།
སྔོན་གྱི་མེས་པོ་དེ་ཚོ་ཁོམ་སོང་བས། །
ཡིན་མིན་བྱེ་བའི་རྣམ་རྟོག་ཤོག་ངོར་བྲིས། །
ང་ཚོ་དུས་རབས་གསར་པའི་སྨྱོན་པ་ཚོས། །
དེ་དག་ཟློ་བའི་དགོས་པ་ཅི་ཡང་མེད། །

ཞོགས་པ་བདེ་ལེགས།
མིག་གི་ནང་དུ་མི་ཚེའི་མྱོང་བྱང་ཡོད།།
འཛུམ་གྱི་གསེང་ན་སེམས་ཀྱི་དྲོད་ཐིག་འཁྱིལ།།
དགོད་སྒྲའི་ཀློང་ན་ཞེན་པའི་རི་མོ་ཅན།།
ཞོགས་པ་བདེ་འམ་དེ་རིང་ཉི་འོད་འཇམ།།

སྙན་ངག་ལྡོམ་པོ་སྤེལ་མ།
ཁྱེད་ཀྱི་དབུ་སྐྲ་བསྐྱོད་པའི་རླུང་བསིལ་དེས། །
བདག་གི་སྒྱུ་མའི་ལུས་ཀྱི་ཚ་གདུང་བསལ། །
ཁྱེད་ཀྱི་གདོང་ལས་འཕྲོ་བའི་ཉི་འོད་དེས། །
བདག་གི་སྙིང་གའི་མེ་ཏོག་རབ་ཏུ་བཞད།།
ཁྱེད་ཀྱི་སྤྱན་ལ་འཁྱུག་པའི་གཟི་འོད་དེས། །
བདག་གི་མིག་དབང་སྒྲིབ་པའི་མུན་པ་བསལ། །
ཁྱེད་ཀྱི་ཐུགས་ལ་འཁྲུངས་པའི་ལྷོད་ཤ་དེས། །
བདག་གི་སེམས་ལ་ངོམ་མེད་བདེ་བ་བྱིན། །

སྙན་ངག

Post navigation

Previous Post: གོས་དུམ་སྐྲ་སེན་ཆབ་བསིལ་ཡང་དད་ཅན་ཚོས་ཁྱེར་བ་དང་བཏུང་བའི་སྐོར།
Next Post: ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་ཁུལ་དུ་ཆིབས་བསྒྱུར།

Comments (16) on “གང་སར་གཏོར་བའི་སྙན་ངག”

  1. གནམ says:
    2013-04-17 at 9:28 pm

    གོང་བླ་གསེར་ཏོག་ཅན་ཚོར།

    བླ་མ་ལོག་རུང་མགོ་ལོག་མ་རྩེ་ན།
    རང་གི་བླ་མ་རྩ་བའི་བླ་མ་ཡིན།
    སྨྱོ་རྟགས་བསྟན་བ་གྲུབ་རྟགས་ཡིན་ཟེར་ན།
    བླ་མ་ཡིན་རུང་དད་ལོག་བྱེད་རྒྱུ་ཡིན།

    སྙན་མོ་འདྲ་ཀློག་རྒྱུ་ཡོད་ཀི། མདང་དགོང་ཨ་ཁུའི་ཉལ་ས་ཨེ་བདེ་ཐལ།

  2. ཅོག་མྱི། says:
    2013-04-17 at 11:42 pm

    ཀླུ་སྨྱོན་གྱི་སྙན་ངག་ལ་རང་ཉིད་ལྷ་དང་ལྷ་ཉིད་རང་གི་བྲོ་བ་འདུག དེ་ནས་ཡི་མུག་པའི་ཚོར་བ་དང་འཇིག་རྟེན་འདི་ནས་འདུག་ན་མི་འདོད་པའི་སྐྱོ་ཤས་ཏོག་ཙམ་མངོན། འཁོར་བ་ཁབ་རྩེ་ན་སུ་དང་སུ་ཡིན་རུང་འདི་འདྲའི་ལེ་བདའ་ལོས་ཡོད། སྨྲ་བརྗོད་རང་དབང་གི་རྒྱལ་ཁམས་འདི་ནས་སྨྲ་བརྗོད་རང་དབང་བྱེད་མི་ནུས་པ་དེ་ཡན་གྱི་སྡུག་བསྔལ་ཞིག་ག་ལ་ཡོད། སྙན་ངག་པ་ངོ་ཚ་ནས་ཤི་རུ་འཇུག་བྱེད་ནི་བག་ལ་ཉལ་དང་བག་ལ་ཁུམ། རྫུན་སྨྲ་བ་སོགས་ལས་མེད་པས་དྲང་བདེན་ལ་དགའ་བ་ནི་ཐུན་མོང་གི་རང་གཤིས་ཡིན། ཀླུ་སྨྱོན་ནི་འདི་འདྲའི་སྐྱེས་བུ་མེ་ཏོག་པད་མ་ལྟ་བུ་ཞིག་རེད། སྙན་དངགས་འབྲི་ལ་རྫུན་ཡང་བཤད། སྡིག་པ་ཡང་བསགས་ནུས་པའི་སྐྱེས་བུ་རབ་ཐུན་མོང་མ་ཡིན་པ་དེ་དེང་སང་ཉིན་སྐར་འདྲ་མོ་རེད། དེ་དག་ནི་སེང་གེ་དང་འདྲ་བའི་སྐྱེ་བུ་ཡིན་པས་དཀོན།

  3. ཅོག་མྱི། says:
    2013-04-17 at 11:45 pm

    བདག་གིས་བདག་ཉིད་བསྟོད་པ་འབྲི་དུས་འདི་འདྲའི་ང་རྒྱལ་གྱི་ཚོར་བས་དེད་མྱོང་མོད། ད་ལྟ་སྡོང་ལོ་ཐང་ལ་ལྷུང་བ་ལྟར་ལས་རླུང་གིས་དེད་ནས་རང་དབང་ཞིག་མི་འདུག

  4. བདུད་འདུལ། says:
    2013-04-17 at 11:54 pm

    རྒྱབ་ལ་གྲྭ་ཆས་གོན་ཡང་ཆགས་སེམས་ཀྱིས། །
    ཉིན་མཚན་མེད་པར་ཁྱི་ལྟར་འཁྲིག་པ་པོ། །
    ཁ་ནས་ཆོས་སྐད་སྒྲོག་ཀྱང་བར་མེད་དུ། །
    ངག་གི་མི་དགེ་བཞིའི་གཏེར་གྲྭ་གཟུགས་ཤིག །

    བཀའ་རྒྱུད་སྤྲུལ་སྐུར་བརྫུས་ཀྱང་མ་འཁྱོངས་ཞིང་། །
    སླར་ཡང་རྙིང་མར་རེ་བ་མང་བརྒྱབས་ཀྱང་། །
    ས་དགེ་བཀའ་རྙིང་ཀུན་གྱི་གླུད་རྫས་ཤིག །
    ད་ལྟ་ཨ་མེ་རི་ཀར་ཡོད་དོ་སྐད། །

  5. བཀྲ་ཤིས་རྒྱལ says:
    2013-04-18 at 12:26 am

    སྙན་ངག་དང་སྙན་ངག་་་་་་་གོ་ན་སུན་སྣང་སྐྱེས་ཀྱི་འདུག གཞན་ལ་ཕན་མི་ཐོགས། རང་ལ་ལྟོ་མི་རག ག་རེ་སྙན་ངག་་་་་་

  6. མེ་ཏོག་དཀར་པོ says:
    2013-04-18 at 1:33 am

    རང་གི་རྟོག་པའི་འགྱུ་ཕྱོགས་ཡི་གཟུགས་སུ།།
    ཕབས་ལ་སུ་ལའང་མི་འཇིགས་དཔའ་བོ་སྟེ།།
    ཀླུ་སྨྱོན་ཧེ་རུ་ཀ་ཞེས་བྱ་བར།།
    མེ་ཏོག་ང་ཡི་སེམས་པ་ཤོར་ཐལ་ལོ།།

  7. མེ་ཏོག་དཀར་པོ says:
    2013-04-18 at 2:16 am

    རྟོག་པའི་འགྱུ་ཕྱོགས་ཡི་གེའི་གཟུགས་ཉིད་དུ།།
    ཕབས་ལ་སུ་ལའང་མི་འཇིགས་དཔའ་བོ་སྟེ།།
    ཀླུ་སྨྱོན་ཧེ་རུ་ཀ་ཞེས་བྱ་བ་ལ།།
    མེ་ཏོག་དཀར་པོའི་སེམས་པ་ཤོར་ཐལ་ལོ།།

  8. བཀྲ་ཤིས་དོན་འགྲུབ། says:
    2013-04-18 at 2:25 am

    མེ་ཏོག་དཀར་པོ་ལ་སྟུ་ཡོད་ཀྱི་རེད། ཧཧཧཧཧ

  9. མེ་ཏོག་དཀར་པོ says:
    2013-04-18 at 5:03 am

    སྡར་མ།
    ངུ་ན་འདོད་དུས་ངུ་མི་ཕོད།
    དགོད་ན་འདོད་དུས་དགོད་མི་ནུས།
    རང་གཤིས་བཙོན་ལ་བཅུག་པའི་མི།
    གསོན་ཡང་ཤི་དང་མཚུངས་པར་བརྗོད།
    ཁ་བསྒྱུར།
    རྒྱོ་ན་འདོད་དུས་རྒྱོ་མ་ནུས།།
    ལྡག་ན་འདོད་དུས་ལྡག་མ་ནུས།།
    འདོད་པ་བཙོན་ལ་བཅུག་བྱས་ནས།།
    མི་ཚེ་སྐྱེལ་བ་ཁག་ཅིག་ཡོད།།

  10. མྱི་དཀར says:
    2013-04-18 at 5:27 am

    དེང་སང་གི་སྙན་ངག་པ་ཕལ་ཆེར་རྫུན་གྱི་རྐྱལ་པ་དང་། ཁོ་ཚོས་བྲིས་པའི་སྙན་ངག་ཕལ་ཆེར་རྫུན་གཏམ་དང་། འཁྲིག་ཚིག འུད་ཤོབ། གོ་མེད་ཚོར་མེད། བེད་མེད་སྙིགས་རོ་རང་རེད། སེམས་གཏིང་ནས་བྲེད་ཤ་སློང་བྱེད་ཀྱི་སྙན་ངག་མཐོང་རྒྱུ་དཀོན་མོ་རེད་འདུག །དཔེར་ན་སྙན་ངག་པ་ཀླུ་སྨྱོན་དང་། ཁོང་གིས་བྲིས་པའི་སྙན་ངག་བཞིན།

  11. བླ་སྨྱོན་ says:
    2013-04-18 at 7:38 am

    སྙན་ངག་པ་ནི་རྫུན་གྱི་རྒྱལ་པོ་རེད་ཟེར་བ་བདེན་པ་རེད།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-18 at 8:37 am

    ནོར་འདོད་ཅན་ལ་ཅི་ཡང་ནོར།
    སྙན་དངགས་མཁན་ལ་ཅི་ཡང་རྒྱན།
    ་
    གཏམ་འདི་ཁོ་བོ་ལོ་ངོ་བཅུ་གྲངས་ཡིན་པའི་དུས་ལ་ཐོས་སོ།།

  13. རང་དབང་ཨ་རྡུ་མན། says:
    2013-04-18 at 12:42 pm

    འཚོ་བ་དངོས་དང་མཐུན་པའི་སྙན་དངགས་དེ་ནི་ཇི་ཙམ་ཀློགས་ཀྱང་དེ་ཙམ་དུ་སྙན་རེ་སྙན་རེ་འགྲོ།

  14. ངག་དབང་རྒྱ་མཚོ། says:
    2013-04-19 at 2:42 pm

    ཡ་མཚན་དྲན་པ་གཡེངས་པའི་སྨྱུག་ལྕེ་ཡིས། ། ལས་འབྲས་མེད་པའི་ཁ་འཆལ་ག་ནས་ཤེས། ། ཤོག་ཁར་བྲིས་པའི་ཡིག་བཟོ་དུ་མ་འདི།། མེས་པོ་ཐོན་མིའི་བཀའ་དྲིན་མ་ཡིན་ནམ།། མཁན་ཆེན་ཞི་བའི་བཀའ་དྲིན་སུ་ལ་མེད། ། སློབ་དཔོན་པདྨའི་དཀའ་དྲིན་སུ་ལ་མེད། ། ཆོས་རྒྱལ་ཁྲི་ལྡེའི་དཀའ་དྲིན་སུ་ལ་མེད། ། ཡོད་བཞིན་མེད་རབས་བརྗོད་པའི་གླེན་པ་འདི། ། མི་ཤེས་རྨོངས་པས་སྒྲིབ་པ་སྙིང་རེ་རྗེས།

  15. རོང་པོ་མཇོ་ན་ནས་ says:
    2013-04-20 at 1:48 pm

    སྙན་ངག་དབང་པོ་ཀླུ་སྨྱོན་ཧེ་རུ་ཀས།།
    སྙན་པའི་ཚིག་འབྲི་ཁ་བརྡའི་ངོས་སུ་བཀྲ།།
    ཅི་ཡང་མི་ཤེས་ཅ་ཅོ་ཁྱི་སྐྱང་འགས།།
    སྙན་ངག་གླིང་གི་ཞི་བདེ་གཏོར་ལ་ལྟོས།།

  16. རོང་པོ་མཇོ་ན་ནས་ says:
    2013-04-20 at 1:49 pm

    སྙན་ངག་དབང་པོའི་ཀླུ་སྨྱོན་ཧེ་རུ་ཀས།།
    སྙན་པའི་ཚིག་འབྲི་ཁ་བརྡའི་ངོས་སུ་བཀྲ།།
    ཅི་ཡང་མི་ཤེས་ཅ་ཅོ་ཁྱི་སྐྱང་འགས།།
    སྙན་ངག་གླིང་གི་ཞི་བདེ་གཏོར་ལ་ལྟོས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme