Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱུག་རྩལ་གྱི་མྱོང་བ་བརྗོད་པ་ནད་བརྒྱ་འགོག་པའི་སྨན་གཅིག

Posted on 2013-04-16 By ཁ་བརྡ་ 14 Comments on རྒྱུག་རྩལ་གྱི་མྱོང་བ་བརྗོད་པ་ནད་བརྒྱ་འགོག་པའི་སྨན་གཅིག

དོལ་སྨྱོན།

བརྒྱད་གཉིས་བཅུ་དྲུག་སྨིན་པའི་ལང་ཚོ་དབང་པོའི་གཞུ་ཡི་མདངས་ལ་འགྲན། །
འཛུམ་པའི་ཞལ་དཀྱིལ་འོད་ཐིག་གོར་མོ་བསིལ་ཟེར་ཟླ་བའི་དཔལ་ལ་འཁུ། །
ཕྱག་མཚན་སྙན་འཇེབས་རྒྱུད་མང་སྒྲ་དབྱངས་དྲི་ཟའི་གླུ་ཡི་གདངས་ལ་འཕྱ། །
སྲིད་གསུམ་འདི་ན་ངག་གི་ལྷ་གཅིག་ཚངས་སྲས་ལྷ་མོས་བདག་མགྲིན་སྐྱོངས། །

རིག་གསར་འཕྲུལ་གྱིས་བསྐྲུན་པ་མིན་ཡང་རླངས་འཁོར་རྐང་འཁོར་རྗེས་སུ་བསྐྱུར། །
སྤྱིལ་བུར་རྟེན་པའི་དྲང་སྲོང་མིན་ཡང་མཁའ་དབུག་གཙང་མའི་རླུང་དང་འགྲོགས། །
དགུང་སྔོན་གཞལ་བའི་གཤོག་རྩལ་མེད་ཀྱང་དཔག་ཚད་དུ་མ་ཡུད་ཀྱིས་བཅད། །
གང་བསམ་བགྲོད་པའི་རྐང་ཞབས་ཟུང་ལ་བདག་ཡིད་དྭངས་པའི་སྤུ་ལོང་གཡོ། །

ལུས་ཀྱི་གོམ་ཁ་རྡོ་རྗེ་གླིང་ནས་ཀབ་ལི་སྤུངས་ཀྱི་ཕྱོགས་སུ་བསྒྱུར། །
ལྷོ་སྤྲིན་བུ་མོའི་འགྲོས་དང་བསྟུན་ཅིང་ཞུམ་མེད་སྤོབས་པའི་གྲོགས་དང་བཅས། །
ལམ་ཐག་སྤྱི་ལེ་བཞི་བཅུ་རྩ་བརྒྱད་ཆུ་ཚོད་བདུན་གྱི་ཡུན་ལ་བཅད། །
ཀྱག་ཀྱོག་ཆེ་བའི་མི་ཚེའི་ནང་དུ་བརྗེད་པར་དཀའ་བའི་རྡོ་རིང་བཙུགས། །

དྲག་དལ་མཉམ་པའི་གོམ་སྒྲ་ཡངས་མོས་སྟོད་སྨད་ལུས་ཀྱི་སྐབས་ཕྱེད་ཅིང་། །
འབྱིན་རྔུབ་སྙོམ་པའི་དབུག་གི་རྒྱུ་བས་རྩ་དང་བུ་གའི་ལམ་རྣམས་གསང་། །
བར་མེད་གཞུར་བའི་རྔུལ་ཆུའི་ཐིགས་པས་ཞག་དང་ཚིལ་གྱི་སྙིགས་རོ་འབྱིན། །
ནད་བརྒྱ་འགོག་པའི་སྲུང་བ་གཅིག་མཆོག་རྒྱུག་རྩལ་འདི་ཀོ་བསྔགས་པར་འོས། །

ཆུ་འཛིན་ཕོན་པོ་གཡོ་བའི་ཀློང་ན་ཉིན་བྱེད་དབང་པོའི་འཛུམ་ཞལ་ངོམས། །
ལང་ལིང་འཕྱོ་བའི་ལྗོན་པའི་རྩེ་ན་བྱ་དང་བྱིའུའི་དབྱངས་རྟ་སྙན། །
བར་མེད་འཐུལ་བའི་སྨུག་སྤྲིན་གསེབ་ན་མེ་ཏོག་དྲི་བསུང་སྣ་བར་ཞིམ། །
ཟིམ་ཟིམ་འཇོ་བའི་སྦྲང་ཆར་ཟེགས་མས་ལུས་ཀྱི་རྩ་ཁམས་བདེ་བས་ཁེངས། །

མཛངས་ལྡན་བུ་མོའི་སོར་བཅུས་སྦྲན་པའི་སྣམ་བུའི་ཞུན་ཐག་བརྐྱངས་མིན་ཞིང་། །
བཻཌཱུར་དྭངས་མ་ཞུས་པའི་ཁུ་བས་ལན་བརྒྱར་བྱུགས་ཤིང་བསྐུས་པའང་མིན། །
རྒྱ་མཚོའི་གོས་ཅན་དུམ་བུར་དྲས་ཏེ་གང་བསམ་ཕྱོགས་སུ་བཏིང་མིན་པར། །
རིག་པ་གསར་པའི་འཕྲུལ་ལས་ཐོན་པའི་གཞུང་ལམ་འདི་ཀོ་མིག་ལ་མཛེས། །

གསོན་ཉམས་ལྡན་པའི་སྙན་འཇེབས་གླུ་ཡིས་ཐོས་འཛིན་བུ་གར་དཔལ་སྟེར་ཞིང་། །
ཐར་ཐོར་ཆགས་པའི་གྲོང་ཚོའི་ཚོམ་བུ་ཁྲ་ཆུང་མིག་ལ་སྟོན་མོར་བཤམས། །
རང་བྱུང་ཁམས་ཀྱི་ལྷག་རླུང་བསིལ་མོས་ལུས་ལ་རེག་ན་བདེ་སྟེར་ཞིང་། །
སྣ་མང་བཞད་པའི་མེ་ཏོག་དྲི་ངད་སྣ་བའི་དབང་པོར་སིམ་པ་སྟེར། །

ཏིལ་མར་ཁུ་བས་ལན་བརྒྱར་བྱུགས་འདྲའི་གནག་སྣུམ་གཞུང་ལམ་ཡངས་པོའི་སྟེང་། །
འཕྲུལ་གྱིས་བསྐྲུན་པའི་འཁྲུལ་འཁོར་རྐང་འཁོར་གཅིག་རྗེས་གཉིས་འཐུད་རྒྱུག་པའི་ཁྲོད། །
ཡང་ཟོར་ཆེ་ཞིང་དཔའ་རྩལ་རྒྱས་པའི་ཕོ་རྒོད་གསུམ་གྱི་རྒྱུག་རྩལ་ལ། །
ཕྱོགས་དང་མཚམས་ཀྱི་ལུས་ཅན་ཀུན་གྱི་བསྔགས་པའི་མེ་ཏོག་ལན་བརྒྱར་གཏོར། །

སྙན་ངག

Post navigation

Previous Post: ལོ་ཆང་ཧུབ་གང་གི་མངར་ཁ།
Next Post: རྒྱལ་གཅེས་དཔའ་མོ་ཕྱུག་འཚོས་མདོ་སྨད་འཛམ་ཐང་ནས་རང་ལུས་མེར་བསྲེགས་བྱས་པ།

Comments (14) on “རྒྱུག་རྩལ་གྱི་མྱོང་བ་བརྗོད་པ་ནད་བརྒྱ་འགོག་པའི་སྨན་གཅིག”

  1. མེ་ཏོག་དཀར་པོ says:
    2013-04-17 at 1:23 am

    ཌར་ཇི་གླིང་དང་ཀ་ལིང་པོང་གཉིས་རྐང་པས་འཇལ་བའི་སྨྱོན་པ་ཁྱོད།།
    གྱེན་དང་ཐུར་གྱི་ལམ་གྱི་ཟུར་ན་བྷའི་ནི་རྣམས་ཀྱི་འཛུམ་མདངས་དང་།།
    ཨ་ཀྱོག་པ་ཀྱོག་ལམ་གྱི་སྲུབ་ནས་ཨན་ཊིའི་འཇོ་སྒེག་སྣ་ཚོགས་ལ།།
    ཞར་དང་ཞོར་ནས་མིག་གིས་མདའ་མོ་ཡང་ཡང་འཕེན་པར་བྱས་སམ་ལགས། །

  2. དོལ་སྨྱོན། says:
    2013-04-17 at 3:12 am

    རྡོར་རྗེ་གླིང་ནས་ཀབ་ལི་སྤུངས་བར་རྐང་ཟུང་གཉིས་པོས་འཇལ་བའི་ཚེ།།
    བྷའི་ནི་དག་གི་འཛུམས་མདངས་མི་ཚད་མྱོས་བུམ་དག་ཀྱང་རིག་རྒྱུ་འདུག།
    ཨན་དྲི་དག་གི་འཇོ་སྒེགས་མི་ཚད་འགའ་རེ་གཅེར་བུར་མཐོང་རྒྱུ་འདུག།
    དེ་དག་རྣམས་ལ་གཡེངས་བཞིན་བསྐྱོད་དུས་ངལ་ཞིང་དུབ་པའི་ཚོར་བ་བྲལ།།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-04-17 at 11:13 am

    གོམ་སྟབས་གཞན་དང་འགྲན་ཞིང་མགྱོགས། །
    གཞན་སྐད་ཐོས་དྲགས་ཡིད་ལ་འཁུ། །
    ཡ་མ་ཟུང་གི་ཆས་ལ་འཕྱས། །
    ཀ་རྡོར་སྒང་དུ་སླེབས་པ་འདྲ། །
    ཀུ་རེ་ཡིན་ནོ་དོལ་སྨྱོན་ལགས། །

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-17 at 1:55 pm

    རྡོ་རྗེའི་གླིང་གནས་སྨན་པ་ལྷ་རྗེའི་གཞུང་ལུགས་སྦྱངས་པས་དོལ་སྨྱོན་ཉིད།
    བོད་ཀྱི་སྨན་གཞུང་མཁས་པར་མ་ཟད་བོད་ཀྱི་སྐད་ལ་མཁས་སོ་སྙམ།
    ཆུང་དུས་བོད་ལ་འགྲོ་དུས་བཀའ་བློན་སྤུངས་ལ་བ་སྲུང་བུ་ཞིག་ལ།
    གར་འགྲོ་ཞེས་པ་བལ་ཚིག་གཅིག་ཤེས་ལན་དུ་སློབ་གྲྭར་འགྲོ་ཟེར་དྲན།།

  5. དོལ་སྨྱོན། says:
    2013-04-17 at 10:42 pm

    རྣམ་པ་གཉིས་ཕེབས་པར་དགའ་བསུ་ཞུ།

  6. ངག་དབང་རྒྱ་མཚོ། says:
    2013-04-18 at 3:36 am

    ཕོ་རྒོད་པོ་གསུམ་ལ་རྒྱུག་རྩལ་དེ་འདྲ་ཞིག་གང་ནས་ཐོབ། ད་ལྟའི་ཆ་ཡང་རྩལ་དེ་སྟོན་ཐུབ་པ་ཡོད་དམ། བྲོ་བ་དེ་སུ་ལ་ཡང་འདྲིས་ཐུབ་བམ།

  7. དོལ་སྨྱོན། says:
    2013-04-18 at 3:48 am

    རྒྱུག་རྩལ་དེ་སྦྱོང་དར་གྱི་ཁྲོད་ནས་ཐོབ་པ་དང་། དེ་ནི་འཕྲོད་བསྟེན་གྱི་མཆོག་གྱུར་གཅིག་ཀྱང་རེད།
    ད་ལྟའི་ཆར་རྩལ་དེ་འདྲ་ཅུང་ཁག་ཙམ་ཡིན། རྒྱུ་མཚན་ནི་ཡུལ་དུས་དང་ལེ་ལོའི་དབང་གིས་སོ།།

  8. ངག་དབང་རྒྱ་མཚོ། says:
    2013-04-20 at 12:43 am

    ལ་དྭགས་ངག་དབང་རྒྱ་མཚོ་ནས།
    མིང་དང་ཐ་སྙད་རང་འཐད་མང་ན་བདེན་པ་མི་བརྙེད་དྲང་པོ་ཡིན། །ས་གནས་རང་གི་མེས་པོའི་ཁ་རྒྱུན་དང་བསྟུན་ནས། །བཀའ་བློན་ཀབ་ལི་སྤུངས་ཞེས་ལབ་པ་གཉིས་ཀ་མིན། །ཀལྱཱན་པུར་ཞེས་སར་གནས་རྒན་པོ་རྣམས་ལས་ཐོས། །

  9. ངག་དབང་རྒྱ་མཚོ། says:
    2013-04-20 at 10:36 am

    ལ་དྭགས་ངག་དབང་རྒྱ་མཚོ།
    འཕྲུལ་གྱིས་བསྐྲུན་པའི་འཁྲུལ་འཁོར་ཉོས་པ་མིན། །ཕར་ཚུར་བསླེབ་པའི་འཁོར་ལོ་འཁོར་བ་མིན། །རང་རྡུག་རང་གིས་ཉོས་པའི་འཁྲུལ་འཁོར་ཡིན། །མྱུར་མྱུར་འའཆི་བདག་འདྲེན་བྱེད་མུ་ཁྱུད་ཡིན། །

  10. དོལ་སྨྱོན། says:
    2013-04-21 at 7:58 am

    བཀའ་བློན་པུང་དང་ཀལྱཱན་པུར་ཞེས་སྣ་བར་གོ་ནའང་། ཀབ་ལི་སྤུངས་ཞེས་པ་འདི་ནི་མཁས་དབང་དོང་ཐོག་གི་ཕྱག་དེབ་ཅིག་ནས་མཐོང་སོང་། ཁོང་གིས་གསལ་བཤད་དུ། ཐ་སྙད་འདི་ནི་སྐྱབས་རྗེ་བདུད་འཇོམས་རིན་པོར་ཆེས་གསུངས་ཤིང་། རི་ཡི་དབྱིབས་ཀབ་ལི་དུ་མ་སྤུངས་པ་ལྟར་གནས་པས་ཐ་སྙད་དེ་ལྟར་ཐོག་པར་བཞེད།

  11. མེ་ཏོག་དཀར་པོ says:
    2013-04-21 at 8:38 am

    ན་གཞོན་དོལ་སྨྱོན་ལགས། གོ་རྒྱུ་མེད་ས་ལ་གོ་རྒྱུ་མ་བཟོ་རོགས། ཀ་ལིང་པོང་། ཀ་ལིམ་པུང་། འདི་ kalimpong རེད། ཀ་པ་ལི་སྤུངས་ཟེར་བ་འདི་ལ་སྐྱབས་འཇུག་ཞུ་ཐུབ་མ་སོང་།

  12. ངག་དབང་རྒྱ་མཚོ། says:
    2013-04-22 at 3:34 am

    སྣ་ནས་ཐོས་རྒྱུ་ཞིག་མེད་རྣ་ལས་ཐོས་རྒྱུ་ཞིག་ཡོད། ཀཔ་ལི་འམ་ཀ་པ་ལི་ཞེས་པ་རྒྱ་གར་འཕགས་པའི་སྐད་ཡིན་ཞིང་སྤུངས་ཞེས་པ་ནི་རང་རེའི་བོད་སྐད་དུ་ཡོད་པ་དེ་ལ་རྒྱུ་མཚན་ཅི། འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་དེ་༧སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་ལས་སྔར་ཡོད་པ་ཡིན་ནམ་ཕྱིས་སུ་བཏགས་པ་ཞིག་ཡིན། གང་ལྟར་ཡང་སྔ་ཕྱི་གཉིས་ཀ་ལ་འཁུངས་དང་རྒྱུ་མཚན་གསལ་པོ་དགོས།རྒན་རབས་ལས་ཐོས་པའི་ ཀལྱཱན་པུར་ཞེས་པ་དེ་ འཕགས་ཡུལ་གྱི་སྐད་དུ་བསྒྱུར་ན་ ཀལྱཱན་- དགེ་ལེགས་དང་བཀྲིས་སོགས་བཟང་པོའི་ཆ་ལ་གོ་ཞིང་། པུར་་་ – གྲོང་ཁྱེར་དང་ས་གནས་སོགས་ལ་གོ་བས། དུས་ད་ལྟ་ཡང་རྒྱ་གར་གྱི་ས་ཕྱོགས་མང་པོ་ཞིག་ལ་ དཔེར་ན་ ཀན་པུར། ནག་པུར་། ཨུ་དུམ་པུར་སོགས་མང་བས་རིག་པས་དཔྱད་རྒྱུ་ཡོད།

  13. ངག་དབང་རྒྱ་མཚོ། says:
    2013-04-22 at 6:20 am

    མེ་ཏོག་དཀར་པོ་ལགས། སྐུ་ཉིད་ཀྱིས་བྲིས་གནང་བའི་ཀ་ལིམ་པུང་དེའི་དོན་ཞིག་འགྲེལ་བཤད་གནང་རོགས།

  14. མེ་ཏོག་དཀར་པོ says:
    2013-04-22 at 7:36 am

    གོ་དོན་གང་ཡང་མེད། kalimpong ཞེས་པའི་སྒྲ་ཅི་ཐོན་བྱས་པ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme