Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

Posted on 2009-09-192009-09-19 By ཁ་བརྡ་ 8 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།

གསུང་བཤད་ཀྱི་ནང་དོན། མར་ཁོ་པོ་ལོ་ནས་ཙི་ཙི་མི་ཀི་བར་གྱི་བོད།(Tibet: From Marco Polo to Mickey Mouse)
གསུང་བཤད་གནང་མཁན། རུའུ་སྦིན་འགྲེམས་སྟོན་ཁང་གི་དགེ་རྒན་ཆེན་མོ་ Ramon Prats
གསུང་བཤད་གནང་དུས། ཟླ་༩བའི་ཚེས་ ༢༦ ཕྱི་དྲོ་དུས་ཚོད་ ༣ པར།
གསུང་བཤད་གནང་མཁན། འབུམ་རམས་པ་ Ramon Prats
གསུང་བཤད་གནང་ས། ཀུན་ཕན་ཐེབས་རྩ་ཚོགས་པའི་དཔེ་མཛོད་ཁང་།
འབུམ་རམས་པ་ Ramon Pratsཀྱིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་བོད་ཀྱི་སྐོར་ལ་རྟོག་བཟོ་ཅན་གྱི་ལྟ་ཚུལ་ཞིག་བྱུང་བ་དེ་ཇི་ལྟར་འགོ་ཚུགས་པ་དང་འཕེལ་རྒྱས་སུ་ཕྱིན་ཚུལ་གཙོ་གནད་དུ་གསུང་བཤད་གནང་རྒྱུ་རེད། ཡུལ་སྐོར་ཟིན་ཐོ་དང་། གསུང་བཤད་ཀྱི་སྐབས་སུ་འདྲ་པར་དང་སྦྲགས་ནས་དུས་ཀྱི་བྱུང་རིམ་ལྟར་སྐྱར་ཞིབ་བྱེད་རྒྱུའི་ཡུལ་སྐོར་ཟིན་བྲིས་དང་། སྒྲུང་རྩོམ། རྟོག་བཟོའི་གློག་བརྙན། དམིགས་བསལ་གྱི་ལས་འགུལ་བཅས་ཀྱིས་དངོས་ཡོད་ལས་བརྒལ་བའི་གངས་ཅན་གྱི་ལྗོངས་གཞན་པ་ཞིག་གསར་སྐྲུན་བྱེད་པ་ལ་ཕན་ནུས་ཆེན་པོ་ཐོན་ཡོད། བོད་ཡུལ་ནི་དུས་དང་དུས་སུ་གསང་བ་བསམ་གྱིས་མི་ཁྱབ་པའི་སྦས་ཡུལ་ཞིག་དང་། བསམ་བརྗོད་ལས་འདས་པའི་ཞི་བ་དང་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་བརྩིས་ཡོད་ལ། དེར་འཁོད་པའི་བོད་མི་རྣམས་ནི་སྙིང་ཁོང་བྱམས་བརྩེ་ཡིས་ཁེངས་པའི་ལྟ་བ་འདི་ནུབ་ཕྱོགས་པ་རྣམས་ཀྱི་སྙིང་ལ་ཞུགས་ཡོད།
Ramon Prats ནི་དབྱི་ཊ་ལི་རྒྱལ་ཁབ་ཀྱི་ University of Naples ཟེར་བའི་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་རིག་པའི་སྡེ་ཚན་གྱི་ནང་དུ་བོད་རིག་པའི་འབུམ་རམས་མཚན་གནས་བཞེས་རྗེས་སློབ་གྲྭ་དེར་སྤྱི་ལོ་ ༡༩༨༠ ནས་ ༡༩༩༥་ བར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ་གནང་མྱོང་། ༡༩༩༨་ནས་༡༩༩༩་བར་འབུམ་རམས་པ་ Ramon Pratsནས་ཀུན་ཕེབས་རྩ་ཚོགས་པའི་ Himalayan and Inner Asian Resources(ཕྱིས་སུ་དེ་ལ་རྩེ་དཔེ་མཛོད་ཁང་དུ་གྱུར།)ཟེར་བ་དེར་ཕྱག་ལས་གནང་། དེའི་རྗེས་སུ་སི་པིན་གྱི་གྲོང་ཁྱེར་སྦར་སི་ལོ་ན་ན་ཡོད་པའི་ Pompeu Fabra University ཟེར་བའི་སློབ་གྲྭ་ཆེན་མོ་དེར་བོད་ཀྱི་ནང་བསྟན་གྱི་སློབ་དགེ་རྒན་ཆེན་མོ་འི་ཕྱག་ལས་གནང་། ༢༠༠༦་ལོ་ནས་བཟུང་རུའུ་སྦིན་འགྲེམས་སྟོན་ཁང་ལ་ཕྱག་ལས་གནང་མུས་ཡིན། Ramon Prats ལགས་ལ་གསུང་རྩོམ་སྣ་གྲངས་དྲུག་ཅུ་ལས་བརྒལ་བའི་ཐོག་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ལ་ཡུལ་སྐོར་ལ་ལན་མང་དུ་ཕེབས་མྱོང་ཡོད།

གསལ་བསྒྲགས།

Post navigation

Previous Post: རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་མཐོང་ཐོས
Next Post: བསྡུས་གྲྭ་དང་མཚན་ཉིད་རིག་པ་གལ་ཆེ་བའི་སྐོར།

Comments (8) on “ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།”

  1. ཀླུ་སྨྱོན། says:
    2009-09-19 at 4:31 pm

    དགེ་རྒན་ཆེན་མོ་འདིའི་འདྲ་པར་རེ་འདིར་མི་འཇོག་ག ཁོང་ངོ་ཤེས་ན་འདོད།

  2. ཚེ་རིང་གི་བུ says:
    2009-09-19 at 4:40 pm

    དགེ་རྒན་ཆེན་མོ་འདི་འདི་ན་ཡོད་གི http://www.thirteen.org/forum/topics/the-tibetan-book-of-the-dead/67/

  3. lolo says:
    2009-09-19 at 4:42 pm

    གསུང་བཤད་གནང་དུས། ཟླ་༩བའི་ཕྱི་དྲོ་དུས་ཚོད་ ༣ པར། ཟེར་ན་གོ་རྒྱུ་ཅང་མེད་ཀི ཚེས་གྲངས་མི་ཤེས་ཀི

  4. ཀླུ་སྨྱོན། says:
    2009-09-19 at 6:00 pm

    ཨ་རོ་ཚེ་རིང་གི་བུ་ལགས། ཁྱོད་ལ་ཁ་པར་བཏང་ན་འགྲོ་གི་མི་འདུག ཁྱོད་ཨ་རི་ན་མེད་ཀི་པ། ཡ་ཁྱོད་ང་ལ་ཡང་སྐྱར་གཅིག་ཐོངས་ར།

  5. རབ་འབྱོར། says:
    2009-09-19 at 6:04 pm

    ངས་ལ་རྩེ་ལ་དྲིས་པ་ཡིན།་་་ཟླ་དགུ་བའི་ཚེས་༢༦གི་ཕྱི་དྲོ་རེད་འདུག

  6. Gedun says:
    2009-09-19 at 7:15 pm

    ཚེས་ ༢༦ བཅོས་ཟིན།

  7. དཔལ་དགྱེས་པ་རྡོ་རྗེ says:
    2009-09-21 at 4:32 am

    ༄༅། །དགེ་བསྐུལ་གལ་ཆེན་པོའི་ལུང་བསྟན་གསལ་སྒྲགས། །
    སྙིང་གི་གྲོགས་པོ་སྤུན་ཟླ་ཀུན་ལ་ཞུ་བྱ་གལ་ཆེན་ཞིག་ཡོད། །དྲྭ་གྲོགས་བཟང་ངན་དང་མཁས་བླུན་སུ་ཡིན་ཡང་བདག་རང་གི་ངོས་ནས་དགའ་བསུ་ཡོད་དེ། དུས་ཚོད་རིང་ཐུང་གང་ཡིན་པ་དེ་རིག་གནས་ཞིག་ལ་སྐྱེལ་བ་རེད་སྙམ་མོ། ཡིན་ན་ཡང་རིག་གནས་དེ་བེད་སྤྱོད་ལེགས་པོ་ཞིག་གཏང་ན་ཆོས་དང་འཇིག་རྟེན་ཚང་མ་གང་སྒྲུབ་པ་ལ་དཀའ་ལས་དེ་ཙམ་མེད་དོ། བདག་གིས་ཉིན་གྱི་མི་དང་མཚན་གྱི་ཁྱི་བྱས་ནས་ཟིན་ཐོ་གྲངས་མང་ཞིག་སྤེལ་བ་དེའི་དམིགས་ཡུལ་དང་མདུན་ལམ་ངས་སྔོན་དུ་བཤད་པ་དེ་ཚོ་ལས་ལྷག་ཏུ་མེད་དོ། གང་ལྟར་ཁ་བཤད་བརྒྱ་ཡིས་ལག་ལེན་གཅིག་གི་དགའ་བཤད་པ་ལྟར་ལག་ལེན་དང་ཉམས་ལེན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེའོ། །
    དངོས་ནས་བཤད་ན་མི་ངའི་གཤིས་ཀ་ནི་ཡར་ལྷ་གྲལ་དང་མར་འདྲེ་གྲལ་དུ་བྲེལ་ཚུབ་ཚུབ་རྒྱུགས་མཁན་ཞིག་གཏན་ནས་མིན་ཡང་། དུས་འགྱུར་གལ་ཆེན་འདི་འདྲའི་སྐབས་སུ་ང་ཚོ་ཚང་མའི་གདོང་གི་མིག་དང་ཁོག་པའི་སྙིང་ལྟར་མངོན་ལྐོག་ཅི་ཡིན་ཡང་རང་རིགས་ཀུན་གྱི་ཁོག་ཏུ་སྦས་ཡོད་པ་ལ། ཞེ་འདོད་ལག་ལེན་ཕྱི་ཅི་ལོག་ཏུ་གྱུར་ན་ཤིན་ཏུ་ཕོངས་པ་ལ་ཨང་སྙམ། དེས་ན་དམ་པ་གོང་མ་དག་གི་བཀའ་བསྟན་རྣམ་དག་ལས་བཤད་པ་བཞིན་འབད་ན་ཤིན་ཏུ་བཟང་ཞིང་རྒྱལ་ཁམས་སྐྱེ་འགྲོ་ཡོངས་ལ་ཕན་བདེ་འབྱུང་བར་ངེས་པས་གྲུབ་མཐའ་ཀུན་ལ་ཕྱོགས་རིས་མི་བྱེད་པར་མཁྱེན་ནོ། །
    ཁྱད་པར་སྔོན་རྡོ་གྲུབ་རྒན་གྱི་ལུང་བསྟན་སོགས་ལས་རང་རིགས་ཀུན་གྱིས་སྲོག་གཅོད་སྤང་བ་སོགས་དགེ་སྒྲུབ་སྡིག་སྤང་བྱས་ན་ཕན་འབྲས་ཐོབ་པར་གསུངས་བ་དང་། སྐབས་འདིར་བརྡ་ལུང་ཁ་གསལ་ཞིག་མདོ་མཁྱེན་བརྩེའི་ཐུགས་སྤྲུལ་འཇམ་དཔལ་ཆོས་ཀྱི་རྒྱལ་མཚན་ལ་ཡུན་རིང་པོར་ཡང་ཡང་བདག་གིས་བསྐུལ་མ་བྱས་ནས་གསུངས་པ་ཞིག་བཀོད་ཡོད། སྐུ་ཡི་རིམ་འགྲོ་དེ་ཚོ་ང་རང་གིས་ཀྱང་སྒྲུབ་རྒྱུ་ཡིན། ཁྱེད་རྣམ་པ་དོན་གཉེར་དང་ཡིད་ཆེས་ཡོད་པ་ཚང་མས་དགེ་བསྐུལ་རེ་གནང་བར་མཁྱེན་ཞེས་ལག་ཐལ་མོ་དང་མིག་མཆུ་མས་གང་བཞིན་དུ་ཞུས་པར་ལགས་སོ། །
    དགེ་བསྐུལ་གཏེར་ལུང་དངོས་ནི། །
    ༢ དབྱིངས་ཡུམ་ཀ་དག་རིག་རྩལ་སྒྱུ་འཕྲུལ་ལས༔ ཤར་བའི་ངོ་བོ་འགགས་མེད་ཀློང་ནས་ཤར༔
    ཨེ་ཧོ༔ སྟོང་ཉིད་སྙིང་རྗེའི་རང་གཟུགས་ཐུགས་རྗེས་རྩལ༔ འགགས་མེས་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལས༔
    འགྲོ་བའི་མགོན་པོ་དེད་དཔོན་སྤྲུལ་བའི་གར༔ ཕྱག་ན་པདྨོའི་ཐུགས་རྗེས་རོལ་རྩལ་ལས༔
    གསང་གསུམ་མི་ཟད་འགྲོ་ལ་ཆོས་ཆར་འབེབས༔ ཚོགས་གཉིས་མི་ཟད་དཔལ་གྱི་ལྗོན་ཤིང་འཁྲུངས༔
    ཆོས་ཉིད་ནམ་མཁའ་མཛོད་ལ་མངའ་དབང་འབྱོར༔ སྐུ་ཚེ་མི་འགྱུར་རྟག་བརྟན་རྡོ་རྗེའི་སྐུ༔
    འཕོ་མེད་གཞོམ་འཇིགས་བྲལ་བའི་བསུང་གུར་ཚུད༔ བདུད་དང་དམ་སྲིའི་བར་ཆད་གཡུལ་ངོ་བསྒྱུར༔
    རྟེན་འབྲེལ་ཆོས་ཉིད་ཤར་བའི་བརྡ་ཙམ་ལས༔ ཤེས་རབ་སྙིང་པོའི་བཟློག་མདོས་གྲངས་ལྡན་དང་༔
    འཕགས་མ་ཨརྱ་ཏྰ་རེ་དུང་བསྒྲུབ་གནད༔ དཔལ་རྡོ་རྗེ་སེམས་དཔའི་ཡང་སྙིང་དུང་༔
    མགོན་པདྨའི་ཚོགས་མཆོད་འབུམ་ཕྲག་དང་༔ དེ་བསྒྲུབས་ན་བར་ཆད་གཡུལ་ངོ་བཟློགས༔ བོད་གངས་ཅན་ལ་བདེ་སྐྱིད་ཉི་མ་ཤར༔ ཤར་ཆ་དེ་ཆོས་ཉིད་ཀློང་དུ་ཐིམ༔ བརྡ་ཐིམ་གུཧྱེ། ཞེས་པའང་འཛམ་གླིང་བསྟན་འགྲོ་ཡོངས་ལ་ཐུགས་བསམ་རྣམ་པར་དཀར་བའི་མཁན་ཆེན་དཔལ་དགྱེས་པ་རྡོ་རྗེའི་བཀའི་བསྐུལ་མ་བཞིན་ཞལ་ངོ་མི་ལྡོག་ཙམ་དུ་སྤྲུལ་མིང་ཐ་ཤལ་འཇམ་དཔལ་ཆོས་ཀྱི་རྒྱལ་མཚན་ནས་བྲིས། ། ཕྱི་ལོ་ ༢༠༠༩ ༩ ༡༤ལའོ། །
    ཡིག་ནོར་ཡང་བཅོས་བསྒྱུར་བྱས་མེད། ཕྱི་ལོ་དང་དུས་ཚོད་དེ་བཀོད་མི་འདུག་དེ་ང་རང་གིས་ཤེས་པས་བཀོད་པ་ཡིན། གང་ལྟར་དགེ་བསྐུལ་རེ་ཡིན་པས་ཁ་རྩོད་ཁྲེལ་ལབ་མ་གནང་བར་ཕྱི་ནང་ཕན་ཚུན་ལ་དར་སྤེལ་རེ་གནང་ནས་ཐབས་རྩ་རེ་འབད་ན་ཤིན་ཏུ་ལེགས་ས་སྙམ་མོ། །
    ཕྱག་དཔེ་དངོས་མ་ལས་ཤྲྰི་སྨྱོན་པས་བཤུས་པའོ། ཤྲྰི་སརྦ་ལོ་ཀེ་ཤྭ་ར་བི་ཛ་ཡནྟུ། །

  8. བཟང་པོ་ནོར་མཚོ། says:
    2009-09-24 at 6:02 am

    སྤྱིར་དེང་དུས་འཛམ་གླིང་ནང་འགྲོ་བ་རིགས་དྲུག་གང་འདྲ་ཞིག་ཡིན་ནའང་མེད་དུ་མི་རོང་བ་ཞིག་ནི་ལས་སེམས་གཉིས་ཟུང་འབྲེལ་གྱི་ཞི་བདེ་དགོས་པ་དང། ༸གོང་སa་མཆོག་གི་བཀའ་དགོང་ཡང་ཡིན་པའི་ང་ཚོའི་འདིར་དེ་འདྲེའི་ཞི་བདེ་ཞིག་གང་འདྲ་ཞེས་སྤྲིན་དགོས་མིན་སྐོར་ལ་གླིང་མོད་བྱེད་འདོད་ཀྱི་དྲ་ལམ་འདིར་ཞུགས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme