Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་རྐུ་མཁན་ཇེ་མང་རེད།

Posted on 2013-04-072013-04-07 By ཁ་བརྡ་ 19 Comments on རྩོམ་རྐུ་མཁན་ཇེ་མང་རེད།

ཨ་རིག་དགེ་མཐོང་།

ས་ཡི་གོ་ལ་ཟླུམ་པ་འདིའི་སྟེང་དུ་འཚོ་བཞེས་བྱེད་ཀྱིན་པའི་མི་རྣམས་ལ་མཚོན་ན་ལོ་འགའི་ཡར་སྔོན་བཤད་ན་ཕན་ཚུན་ཁ་ཐག་རིང་ཞིང་འབྲེལ་འདྲིས་ཉུང་བ་ཞིག་རེད། དེང་གི་དུས་སུ་ཤར་ནུབ་ཕྱོགས་བཞིའི་མི་རྣམས་ཀྱི་འབྲེལ་བ་ཐག་ཉེ་རུ་གྱུར་ཞིང་། ས་སྟེང་འདིའི་མཐོ་དཔོན་པོ་ནས་དམའ་སྤྲང་པོའི་བར་གྱིས་ཆ་རྐྱེན་གྱིས་འདང་མིན་ལ་མི་བལྟ་བར་བརྡ་འཕྲིན་བཀོལ་སྤྱོད་གཏོང་གིན་འདུག  དེ་འདྲ་ལ་བརྟེན་འཛམ་གླིང་ཇེ་ཆུང་དུ་སོང་བ་དང་རྙོག་འཛང་ཇེ་མང་དུ་སོང་བ་ལྟ་བུར་གྱུར།

དེ་རིང་ཡང་བརྡ་འཕྲིན་དར་བ་ལ་བརྟེན་རྩོམ་རྐུ་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐོར་ཏོག་ཙམ་གླེང་རྒྱུའི་འབད་བརྩོན་བྱ། གང་ཞེ་ན། དྲ་རྒྱའི་ཟིན་བྲིས་སམ་དྲ་བ་ཇེ་མང་དུ་སོང་བས་རྩོམ་དགའ་ཚོས་རང་གི་ཚོར་སྣང་གང་ཤར་ཁ་ཐུག་བྲིས་ཏེ་སྔོན་མ་བཞིན་དུས་དེབ་དང་ཚགས་པར་ཞིག་ལ་རེ་ལྟོས་མི་དགོས་པར་ཐད་ཀར་དྲ་ལམ་དུ་གཏོང་རྐྱང་བྱེད་ཆོག  དྲ་ལམ་ནས་གཞན་གྱི་དཔྱད་མཆན་དང་བལྟ་ཀློག་ཇི་ཙམ་བྱུང་འདུག་སོགས་དུས་ལྟར་ཤེས་པའི་ལེགས་ཆ་མཆིས། 
འོན་ཀྱང་རྩོམ་ཡིག་ལེགས་པོ་ཞིག་ལ་མཚོན་ན་དྲ་བ་ནས་དྲ་བ་གཞན་དུ་མི་གཞན་གྱིས་འདྲེན་བཀོད་བྱེད། ཁག་ཅིག་གིས་གནང་ཞུ་སྔོན་སོང་གིས་འདྲེན་པ་དང་།རེ་ཟུང་གིས་ཧམ་སེམས་ཀྱིས་ཁྱེར་འགྲོ། དེ་ཙམ་ལ་ཧང་སངས་དགོས་པ་ནི་མ་མཆིས་མོད། ཕར་འདྲེན་བཀོད་སྐབས་སུ་རྩོམ་པ་པོའི་མཚན་མི་འབྲི་བ་དང་། ཡོང་ཁུངས་གསལ་བཤད་མེད་པ་སོགས་ཀྱི་གནད་དོན་ཞིག་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།

ལྷག་པར་ན་ནིང་དོ་ཚིགས་སུ་༼ facedook༽བོད་སྐད་དུ་ངོ་དེབ། ༼ wechat༽ བོད་སྐད་དུ་སྐད་འཕྲིན་ཟེར་བ་གཉིས་འཇིག་རྟེན་དུ་བྱོན་པས་རྩོམ་རྐུ་མཁན་གྱི་བསྟན་པ་དར་བ་རེད། རྒྱུ་ མཚན་ཕན་ཚུན་ལ་ལེགས་སྐྱེས་སམ་ཡང་ན་བོད་ཡིག་ལམ་ནས་འཕྲིན་གཏོང་སྐབས་རང་ཉིད་བོད་ཡིག་ལ་དགའ་མཁན་དང་ཤེས་མཁན་ཡིན་མདོག་མདོག་གི་རྣམ་པ་སྟོན་ཆེད་དུ་གཞན་གྱི་རྩོམ་ཡིག་གསལ་བཤད་མེད་པར་ཡར་མར་ལ་བསྐུར་བ་མ་ཟད། མཐའ་ན་རྩོམ་པ་པོའི་མིང་ཡང་མི་སྨོས་པར་རང་ཉིད་ཀྱི་ཡིན་མདོག་གིས་བསྐུར། དེར་མ་ཟད་སྐད་འཕྲིན་ནང་དུ་གཞན་རྩོམ་འཕྲུལ་དེབ་ཏུ་བཟོས་ཏེ་རང་མིང་མགོར་སྦྱར་བ་འདི་ཨ་ཙ་མ། 

དེང་སང་སྐད་འཕྲིན་སོགས་སུ་གཞན་རྩོམ་རང་ཉིད་ཀྱི་ཡིན་མདོག་མདོག་གི་བསྐུར་མཁན་མང་བ་མ་ཟད། ཞབས་འདྲེན་པ་ཁག་ཅིག་གུས་པས་ལག་ཟིན་བྱུང་། ག་འདྲ་བྱས་ནས་ཤེས་ཟེར་ན། ཁོ་བོ་ནི་བོད་ཕྱི་ནང་གི་དྲ་རྒྱ་ཁག་ཏུ་ཟིན་བྲིས་སྤེལ་མཁན་དང་དེ་ལ་དགའ་མཁན་གྱི་རིགས་ཡིན་པས་གཞན་གྱི་རྩོམ་ཡིག་ལེགས་པོའི་རིགས་ནི་ཕལ་ཆེ་བ་མཐོང་ཙམ་གྱིས་རྩོམ་པ་པོ་སུ་ཡིན་ཤེས། དེའི་ཕྱིར་མྱི་ཁག་ཅིག་བདག་གིས་ངོ་ཚ་ལ་གཏད་བ་ནི་ཁོ་ཚོ་ལ་དགོངས་སེལ་ཞུ་མ་འདོད་ཐལ། ཁོ་བ་ཚོར་བདག་གིས་གཞན་རྩོམ་ཡིན་པའི་སྒྲུབ་བཤད་ཀྱི་རྟགས་དང་གཏན་ཚིགས་འགའ་རེ་ཐོག་ལྟར་འཕངས་སྐབས། མི་འདོད་པའི་རྣམ་འགྱུར་ཙམ་སྟོན་རྒྱུ་ལས་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་བྱུང་བ་ནི་བདག་ལ་བདེན་པའི་གནས་ལུགས་ཡོད་པས་སོ། །

རང་རྩོམ་ལ་མཚོན་ན་ཡང་། མཁན་སྤྲུལ་གྱི་མིང་བཟུང་ཡོད་པའི་སྐྱེས་བུ་ཐ་ཤུལ་པ་ཞིག་གིས་གུས་པའི་རྩོམ་ཡིག་༼གྲྭ་གཟུགས་འདི་ཚོ་གཙང་ཕྱགས་བྱེད་རན༽་ཅེས་པ་ཁོ་རང་གིས་ཡིན་མདོག་བྱས་ཏེ་རང་གི་དྲ་གནས་སུ་སྤེལ་འདུག་པ་དང་། གུས་པའི་གྲོགས་པོ་ཁག་ཅིག་གིས་མཐོང་སྟེ་ཁ་འཛང་བྱས་པ་དང་། ང་ལ་ཡང་སྐབས་བབ་དེ་དག་ལ་ཐ་ཚིག་སྒྲོག་དགོས་པའི་འབོད་སྐུལ་བྱས་སོང་། དེའི་ག་ལ་ཚད་གུས་པའི་སྙན་རྩོམ་༼འགྱུར་མེད་ཀྱི་བརྩེ་དུངས་༽ཞེས་པ་ཡང་བུ་མོའི་པར་རིས་མགོ་ལ་བཞག་པའི་བཙུན་གཟུགས་ཁྱི་རྐུན་ཞིག་གིས་འཕྲུལ་དེབ་ཏུ་བཟོས་ཏེ་སྐད་འཕྲིན་བརྒྱུད་ངའི་དྲ་གྲོགས་མ་ཞིག་ལ་བཏང་འདུག་པ་དང་། ཁོ་མོས་ཁྱེད་ཀྱིས་འདི་ཡག་པོ་བྲིས་འདུག ག་དུས་བྲིས་ཡིན་ཅེས་ནན་གྱིས་དྲིས་སྐབས་ང་རང་ལ་དེ་འདྲའི་བརྩེ་དུངས་ཕྱོགས་ནས་དཀའ་ངལ་ཅིག་ཡོད། 

དེའི་ཕྱིར་འདི་འདྲ་ཞིག་འབྲི་ཁུལ་བྱས་ཞེས་ཁེངས་སྐྱུང་ཁུལ་གྱིས་བཤད་པ་ན། བདག་གི་དྲ་གྲོགས་མས་ཁ་ཐུག་ངོ་ཚ་མེད་པ་ཁྱོད། འདི་ནི་བོད་ཕྱི་ནང་གི་དྲ་ཚིགས་མང་བོར་སྤེལ་ཟིན་པའི་རྩོམ་རྙིང་ཞིག་རེད། མི་བདེན་གི་བསམ་ན་བོད་ཀྱི་དུས་བབ་དང་སེང་རྡོར་དྲ་བ། མཚོ་སྔོན་པོའི་ཨ་རིག་དགེ་མཐོང་གི་ཟིན་བྲིས་སུ་ལྟོས་ལབ་པ་ན། ཁོ་རང་གིས་ཅི་བཤད་འདི་བཤད་མེད་པར་རྩོམ་འདི་སྣང་བ་འགྲོ་སོང་། དེའི་ཕྱིར་འཕྲུལ་དེབ་ཏུ་བཟོས་པ་ཡིན་ཅེས་ཟེར། སྐབས་དེར་ང་ལ་དྲ་གྲོགས་མས་འབྲེལ་བ་བྱས་སོང་། འདི་དང་འདི་ལྟ་བུའི་རིགས་གང་མང་མང་ཞིག་ཡོད་ཀྱང་། ད་ལྟ་ཁོ་བོ་རང་ལ་འཕྲད་པའི་སྐོར་ལས་གཞན་གྱི་དེ་ཚོ་གླེང་གིན་མེད། 
གཞན་ཁྱེད་ཅག་ལ་ཏན་ཏན་གནད་དོན་འདིའི་རིགས་འབྱུང་ཡོད་པས་ཀུན་གྱིས་ད་ནས་བཟུང་རང་ས་ནས་བསམ་བློ་བཏང་སྟེ་རྐུ་བྱེད་པའི་ལས་འདི་མཚམས་འཇོག་རོགས། ད་ནི་སུ་ཞིག་གིས་དེ་འདྲའི་བྱ་ངན་གྱི་སྦྱོར་བ་རྩོམ་པ་མཐོང་ཚེ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུའི་ཁ་དན་ཡོད།

བརྩམས་ཆོས་སམ་རྩོམ་ནི་མི་སྒེར་བས་འབད་པའི་རྩོལ་བ་ལས་བྱུང་བ་རེད། དེ་འདྲ་ཞིག་གཞན་གྱིས་དོན་མེད་དུ་ཁྱེར་ན་རྒྱལ་ཁབ་ཚད་ལྡན་ཞིག་ལ་མཚོན་ན་ཁྲིམས་ཐོག་ནས་རྩོམ་པ་པོར་རྒྱལ་ཁ་ཐོབ་ངེས་རེད། མདོར་ན། གཞན་རྩོམ་སྣང་བ་འགྲོ་བའི་རིགས་དྲ་གནས་གཞན་དང་རང་གི་ཟིན་བྲིས་སུ་འོས་སྦྱོར་དང་འདྲེན་བཀོད་བྱས་ཆོག་མོད། དེ་དག་ལ་གཞན་རྩོམ་ཡིན་པའི་གསལ་བཤད་དང་། འཕྲུལ་དེབ་ཏུ་བཟོས་ན་དེ་ནི་རྩོམ་དེ་ཀུན་གྱིས་མཐོང་བདེ་བས་ལེགས་ཆ་རེད་མོད། དེ་ལ་རྩོམ་པ་པོའི་མིང་མ་བྲིས་ན་ཁྱེད་ཀྱིས་མགོ་མཇུག་ལ་གསལ་བཤད་ཅིག་ལོགས་སུ་བྲིས་ཡོད་ཀྱང་། གང་ཟག་གཉིས་པ་ཞིག་གིས་འདྲེན་བཀོད་སྐབས་གསལ་བཤད་དེ་ལྷག་པས་ཡང་དཀའ་ངལ་འདི་འཕྲད་ཀྱིན་འདུག མ་གཞི་ཀུན་གྱིས་རང་ས་ནས་རང་རྩོམ་ལ་བདག་རྒྱུ་དང་། གཞན་རྩོམ་རྐུ་བའི་རིགས་མཐོང་ན་ཁ་ཐུག་གསལ་བསྒྲགས་བྱ་རྒྱུ་སོགས་ནི་ད་ལྟའི་དུས་སུ་ཧ་ཅང་གལ་ཆེའོ། །

དེ་ནས་ཡང་བསྐྱར་ཞུ་རྒྱུ་ཞིག་ལ་ཁོ་བོས་བསམ་འཆར་འདི་བྲིས་ནས་མཇུག་རྗོགས་ཏེ་ངལ་གསོ་ཏོག་ཙམ་བྱེད་བཞིན་པའི་སྐབས་སུ། སྐད་འཕྲིན་ནང་གི་ཚོགས་པ་ཞིག་གི་ནང་དུ་༼སྐུ་ཞབས་སེང་རྡོར་གྱི་འབྲོག་མོ་ཞེས་པའི་རྩོམ་དེ་སྐད་འཕྲིན་ནང་དུ་སྤེལ་བྱུང་། ངས་ཏོག་ཙམ་བསྒུག་ནས་གསལ་བཤད་འདྲ་ཨེ་ཡོད་བལྟས་ཡིན། གསལ་བཤད་མེད་པ་མ་ཟད་ཁོ་རང་གིས་དོ་ནུབ་ཁོས་འདི་འཆད་ཁྲིད་བྱེད་རྒྱུ་ཁྱེད་ཅག་ལ་མོས་འཐད་ཨེ་ཡོད་ཅེས་ཟེར། དེ་ནས་ངས་ཐོག་མར་རྩོམ་ཡིག་འདི་ཁྱེད་རང་གིས་བྲིས་པ་ཡིན་ནམ། གསལ་བཤད་རྒྱོབས་ལབ་ཡིན།
སྐབས་དེར་མིན་སེང་རྡོར་རེད་ཟེར། ངས་སྐུ་ཞབས་སེང་རྡོར་ལ་སྐད་འཕྲིན་བརྒྱུད་རྩོམ་ཡིག་འདིའི་ཁ་བྱང་མི་འདུག དེའི་ཁ་བྱང་གསུངས་རོགས་ལབ་ཡིན། ཁོང་གིས་འབྲོག་མོའི་སྐོར་གྱི་སྔ་དུམ་ཡིན་ཅེས་ལན་སློག འདི་ལ་གཟིགས་དང་རྩོམ་གྱི་ཁ་བྱང་ཡང་བཀོད་མེད་པ་དང་རྩོམ་པ་པོའི་མིང་ཡང་སྨོས་མི་འདུག གོང་གི་རྩོམ་ཡིག་དེ་སྤེལ་སྐབས་རྒྱ་གར་གྱི་ཆུ་ཚོད་བདུན་དང་སྐར་ཆ་བཅུ་གསུམ་སྟེང་རེད་ལ།  མི་སུ་ཡིན་ཡང་གསལ་བོར་ཤེས་ཡོད། འོན་ཀྱང་དེ་རིང་ནི་དམིགས་བསལ་གྱིས་མིང་བཟུང་དོན་བཟུང་དང་ཁོ་པའི་པར་བཅས་དྲ་ལམ་དུ་བཏང་མེད། ཕྱིན་ཆད་ལྟད་མོ་ལྟོས་དང་འདི་འདྲའི་རིགས་མཐོང་ཚེ་ཐེར་འདོན་མཐའ་གཅིག་ཏུ་བྱེད་ངེས་སོ། །

སྣ་ཚོགས།

Post navigation

Previous Post: ང་ཚོ་གདོང་དམར་བོད་པ་ཡིན།
Next Post: གྲོགས་མཆོག་མགོན་པོ་ཕྱག་གཉིས་པའི་འདས་མཆོད་དུ་ཕུལ་བ།

Comments (19) on “རྩོམ་རྐུ་མཁན་ཇེ་མང་རེད།”

  1. མྱི་དཀར says:
    2013-04-07 at 6:21 am

    རྩོམ་རྐུ་རྩད་གཅོད་ཁང་གི་འགན་འཛིན་རྒན་ཨ་རིག་ལ་བཀྲ་ཤིས་བདེ་ལེགས། དེ་འདྲའི་རིགས་གང་ཡོད་ཐེར་འདོན་གནང་གལ་ཆེ། །

  2. ཨ་རིག་དགེ་མཐོང་། says:
    2013-04-07 at 6:53 am

    ཡ་ཡ་མྱི་དཀར་ལགས།

  3. སྤྲུལ་སྐུ་རྫུན་མ་ནས་ says:
    2013-04-07 at 7:05 am

    གླེན་རྟག་སྟོན་རྒྱུ་བོ་མང་གི་དུག་ད
    ཧ་ཧ་་་་་་་་་་་་

  4. ཨ་རིག་དགེ་མཐོང་། says:
    2013-04-07 at 7:28 am

    ༼ གླེན་རྟག་སྟོན་རྒྱུ་བོ་མང་གི་དུག་ད༽སྤྲུལ་སྐུ་རྫུན་མའི་ཡི་གེ་ཐུང་ཙམ་འདིའི་ནང་གི་ཡིག་ནོར་གྱི་ཁ་གྲངས་ལ་ཀུན་གྱིས་གཟིགས་དང་། ༼ གླེན་རྟགས༽ ༼མང་གི་དུག༽་༼ད།༽དངོས་གནས་སྤྲུལ་སྐུ་རྫུན་མ་རང་རེད།

  5. ཨ་རིག་དགེ་མཐོང་། says:
    2013-04-07 at 7:32 am

    བཀུར་འོས་དྲ་བའི་རྩོམ་སྒྲིག་པས་གུས་པའི་མིང་ལ་དེ་རིང་ཨ་རི་དགེ་མཐོང་བྲིས་འདུག དེ་ཡང་དགའ་བོ་བྱུང་། གང་མྱུར་ཀུན་གྱིས་ཡིད་སྨོན་འཆོར་སའི་དེང་གི་ནུབ་ཕྱོགས་བདེ་བ་ཅན་ཨ་རི་ལ་འབྱོར་བའི་རྟེན་འབྲེལ་དུ་ངོས་འཛིན་ཆོག ཀུ་རེ།

  6. གཡུ་བྲག་པ says:
    2013-04-07 at 8:42 am

    སེང་རྡོར་དྲ་བ་ནས་བཀླགས་ཟིན། རྒྱབ་སྐྱོར་ཡོད།

  7. བདུད་འདུལ། says:
    2013-04-07 at 10:07 am

    བླ་རྒན་འདི་ཕལ་ཆེར་གྲྭ་བ་ལོག་འདོད་པ་ཡིན་ས་རེད། ཡིན་ས་རེད། ཡིན་ས་རེད།

  8. དྲན་དཀར་དཔལ་ཡོན་ says:
    2013-04-07 at 11:34 am

    དེང་སྐབས་བོད་ཕྱི་ནང་གཉིས་ཀྱིས་འཛའ་འབྲེལ་གསེར་གྱི་ཐག་པར་བརྟེན་ནས་དུང་དཀར་ཚིག་མཛོད་མོ་ཡང་བསྐྱར་དཔར་བྱས་ཏེ་བཀྲམས་བཞིན་ཡོད། སང་རྡོར་ལ་ཁག་མེད་ཁོར་ཡུག་ཁག་དང་ཐད་སོར་འབྲེལ་ཡོད། ལུས་ལ་གྲྭ་ཆས་གྱོན་ཞིང་ཆོལ་ཁ་གསུམ་གྱིས་འབུལ་བས་འཚོ་བ་འདི་ཚོས་ཡང་ཡིག་རྡོག་འགའ་བསྒྲིག་པའི་རིན་ཐང་རྩོད་དུས་ཕྱི་ནས་ཁུག་སོ་ཞིག་གི་མི་གཞི་ཉམས་ཆགས་ཕྱིན་པ་རྟོགས། ད་དུང་གོ་ལ་དང་རྒྱལ་སྤྱི་ཇེ་ཉེ་སོགས་གླེང་བ་ནི་ཁ་ན་མཐོ་བ་ཞིག་རེད། སྐུ་མཁྱེན་གླིང་རྒྱུ་ཞིག་ཡོད་ན་ཉེ་ཆར་གྱི་བརྒྱ་དང་བཅུ་བཞི་པོ་གཅིག་གླེང་རོགས། བདགི་ནི་ཡི་གེ་འདི་ཡང་ཨུ་ཚུགས་ཀྱིས་བྲིས་ཡོད།

  9. ཨ says:
    2013-04-07 at 12:55 pm

    བཟང་གི་ཡ། ཨ་དགེ་ལགས། རྩོམ་རྐུ་མཁན་ཚོར་རྩོམ་པ་པོ་ཉེན་རྟོག་པ་དགའ་ཞིག་གལ་ཆེན་རེད། དཔེ་ཞིག་བཞག་ན། བོད་ནང་གི་ན་གཞོན་རྩོམ་པ་པོ་གླག་མིག་ལྟ་བུ་དགོས་པ་རེད།

  10. བདུད་འདུལ། says:
    2013-04-08 at 3:25 am

    རྐུས་ཤིག་རྐུས་ཤིག་ད་ནི་རྩོམ་རྐུས་ཤིག །
    རྐུས་ལ་སློབ་ཅིག་རྩོམ་ཡིག་མྱུར་དུ་རྐུས། །
    རྐུ་མ་བཟང་ངན་ཀུན་གྱིས་ད་རྐུས་ཤིག །
    བརྐུས་རྗེས་གཞན་རྩོམ་རང་གི་ཡིན་ཁུལ་མཛོད།

  11. ཆབ་བྲག་ཕོ་ཉ། says:
    2013-04-08 at 7:05 am

    བོད་ཡིག་བསྟན་པ་ཉམས་དུས་རེད། རྩོམ་རེ་བརྐུས་ན་གུ་ཡངས་ཐོངས།
    བོད་དོན་ཁྱབ་བསྒྲགས་བྱེད་དུས་རེད། སུ་ཡིས་བཏང་ན་དགའ་ནི་བྱོས།
    བོད་ལ་ཡོད་ནོ་རྩོམ་ཡིག་རེད། ཀློག་མཁན་མང་ནོ་དགའ་ནི་བྱོས།
    རྩོམ་རྐུ་རྐུན་མ་ལོས་ཡིན་ཡང། དགེ་སྡིག་གང་ཡོད་ཆ་མ་འཚལ།
    དགོས་དབང་ཞིག་གིས་ད་འདི་འདྲ་ཞིག་ཀྱང་ཐལ་ལོ།

  12. སྨྱུག་མདའ། says:
    2013-04-08 at 1:32 pm

    རྐུས་ཀྱིན་རྐུས་ཀྱིན་ཡར་རྒྱས་ཡོད་ན་ཐང་།།
    མ་རྐུས་པ་ལ་འགྱུར་ལྡོག་ཅི་ཡང་མེད།།
    རྐུས་པ་དེ་ཡང་དགེ་མཚན་ཡོད་ན་སྙམ།།
    ཨོམ་གྱི་འོག་ཏུ་རེ་ཞིག་བཞག་པར་གྱིས།།

  13. ཀླུ་སྨྱོན། says:
    2013-04-10 at 5:12 pm

    རྩོམ་རྐུ་མཁན་ཡོད་ན་དགའ་བསུ་ཞུས། །
    དེ་རྩོམ་ཡིག་ཀློག་མཁན་ཡོད་རྟགས་རེད། །
    རྩོམ་རྐུ་མཁན་མེད་དུས་འགྲིག་གི་མེད། །
    དེ་ཁྱེད་རྩོམ་རུལ་བའི་རྟགས་མཚན་རེད། །
    གཞན་གྱི་རྩོམ་རྐུ་བའི་ཉམས་མྱོང་ཅན་ཀླུ་སྨྱོན་གྱིས།

  14. གཞོན་ནུ་ཟླ་མེད། says:
    2013-04-10 at 9:42 pm

    བསྟོད་པ་བྱེད་དུས་དབྱུག་པ་ཅན་ནས་རྐུས།།
    རྒྱག་རེས་བྱེད་དུས་དགེ་ལེགས་དཔལ་ལ་རྐུས།།
    ཆོས་བཤད་རྒྱག་དུས་ཙོང་ཁ་པ་ལ་རྐུས།།
    བསླབ་བྱ་རྒྱག་དུས་གོང་ས་མཆོག་ལ་རྐུས།།
    ཉམས་འགྱུར་སྟོན་དུས་ཟམ་གདོང་བླ་མར་རྐུས།།
    དེང་སང་ས་སྟེང་རྐུ་མས་ཁྱབ་ནས་ཡོད།།

    དུ་བ་འཐེན་དུས་དོན་འགྲུབ་རྒྱ་ལ་རྐུས །།
    ལྟ་བ་འཆད་དུས་ཞོགས་དུང་དེབ་ནས་རྐུས།།
    འཛག་བཤད་རྒྱག་དུས་དགེ་ཆོས་ལག་ནས་རྐུས།།
    མཛའ་འཕྲིན་འབྲི་དུས་ཚངས་དབྱངས་རྒྱ་མཚོར་རྐུས།།
    དེང་སང་སློབ་གྲྭ་ཚང་མ་རྐུ་མས་ཁེངས།།

    རྔ་མ་སྦས་ལ་མཁས་དང་མ་མཁས་ལས།།
    རྩོམ་མཁན་ཚང་མ་རྐུ་མའི་ཁོངས་གཏོགས་ཡིན།།

  15. ཤར་ཕྱོགས་ཁུག་རྟ། says:
    2013-04-10 at 11:39 pm

    ཚིག་སྦྱོར་དགོས་ན་པད་མ་འབུམ་ལ་རྐུས།།
    དག་ཆ་དགོས་ན་མགོན་ཚེ་འདས་པོར་རྐུས།།
    སྡེབ་སྦྱོར་དགོས་ན་ཆབ་བྲག་ཕོ་ཉར་རྐུས།།
    འདི་གསུམ་རྐུས་ན་རྩོམ་པོ་ཉན་ན་ཐང།།

    སུན་རྒྱུ་མེད་ནོ་དགེ་མཐོང་རྩོམ་ནས་རྐུས།།
    ཁ་རྒྱགས་ཅན་པོ་སེང་རྡོར་ས་ནས་རྐུས།།
    རང་སྣང་དག་པ་དོར་ཞིའི་དེབ་ནས་རྐུས།།
    འདི་གསུམ་རྐུས་ན་རྩོམ་པོ་ཉན་ན་ཐང།།

  16. ཨ་རིག་དགེ་མཐོང་། says:
    2013-04-12 at 7:25 am

    སྲོལ་རྒྱུན་སྙན་ངག་གི་བཟི་ཁ་ཆེ་རུ་གཏོང་ན་ཧོར་གཙང་འཇིགས་མེད་ལ་རྐུས།། མི་ཚེའི་དཔྱད་བརྗོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ན་ཧོར་གཙང་འཇིགས་མེད་ལ་རྐུས།། དགག་སྒྲུབ་རྩོམ་རིགས་ཀྱི་མདུང་རྩེ་རྣོ་རུ་གཏོང་ན་ཧོར་གཙང་འཇིགས་མེད་ལ་རྐུས།། བྱུང་རབས་ལོ་རྒྱུས་ཀྱི་ཐོག་ཁང་ཇུས་འགོད་བྱེད་ན་ཧོར་གཙང་འཇིགས་མེད་ལ་རྐུས།། མཆན་འདི་དག་གིས་ཟུར་ནས་རྩོམ་པོའི་ཚད་གཞི་ཞིག་གླེང་བཞིན་ཡོད་པ་འདྲ་དེའི་ཕྱིར་ཕྱོགས་ཞེན་ཅན་ཚོར་གོ་བརྡ་རེ་སྤྲད་པ་ཡིན།2013/4/12/ཉིན་བྲིས། འདི་ནི་བདག་གི་གྲོགས་༼ ཨ་འབྲོག་ཁྱི༽ ལགས་ཀྱིས་བྲིས་ཤིང་ངའི་སྐད་འཕྲིན་དུ་བསྐུར་བས་འདིར་བཞག་པ་ཡིན།

  17. གནམ says:
    2013-04-12 at 8:02 am

    རང་གི་སེམས་དང་སྡེ་བའི་བྲིས་གཉིས་པོ།།
    མཐུན་པ་ཡོད་ན་རྐུས་ན་མ་འགྲིག་ཅི།།
    རྐུས་ནས་མ་ཚད་བློ་ལ་བཟུང་བ་དང་།།
    བློ་ལ་ཡོད་པས་ཡིན་མདོག་སྟོན་དང་།།
    ཉིན་མཚན་དྲུག་ལ་མཁས་རྟགས་མཛད་སོགས།།
    ཤེས་མདོག་མཁྱེན་མདོག་ག་རེ་གནང་ན་ཡང་།།
    རྩོམ་རྐུན་རྐུན་མའི་ཁ་གྲངས་མང་ན་བཟང་།།
    ཚད་ཀི་ཡིན་ན་གྲུབ་ཆེན་བརྒྱ་ཅུ་བོ།།

  18. མེ་ཏོག་དཀར་པོ says:
    2013-04-12 at 8:30 am

    ཨ་མདོའི་ཁྱད་ཆོས་གཅིག་ནི་ནང་ཁུལ་བསྟོད་རེས་བྱེད་པ་འདི་རེད།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-04-12 at 8:52 am

    རྩོམ་རྐུ་བྱ་རྒྱུ་ཡོད་ན། །
    རྩོམ་འཕྲོག་བྱ་རྒྱུ་ཡོད་དགོས། །
    རྩོམ་བཤུ་བྱས་པའི་ཞར་ལ། །
    ལད་མོ་བྱ་རྒྱུ་སྦྱོངས་དགོས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme