Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ཉིན་ཉེར་དྲུག་ལ་ཕྱིར་མིག

Posted on 2013-04-052013-04-05 By ཁ་བརྡ་ 11 Comments on ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ཉིན་ཉེར་དྲུག་ལ་ཕྱིར་མིག

གླིང་ཚ་ཚེ་བརྟན་རྡོ་རྗེ།

ངས་རང་ཉིད་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེའི་ཆེད། ༧གོང་ས་རྒྱལ་བའི་དབང་བོ་བོད་དུ་གདན་འདྲེན་བྱེད་རྒྱུའི་འབོད་ཚིག་དང་བོད་རིགས་སྐྱ་སེར་བརྒྱ་དང་བཅུ་བཞི་ལྷག་གི་ཁ་ཆེམས་ཁུར་ནས། ང་རང་བོད་ལ་སྐྱེ་བའི་བོད་མི་གཅིག་གི་སེམས། བོད་མི་གཅིག་གི་ན་ཟུག བོད་མི་གཅིག་གི་ཐོབ་ཐང་། བོད་མི་གཅིག་གི་འགན་འཁུར། བོད་མི་གཅིག་གི་འཐབ་རྩོད། དུས་རབས་ཉེར་གཅིག་པའི་བོད་མི་གཅིག་གི་རིགས་ཀྱི་རུས་པའི་གཏིང་ནས་འབུས་པའི་ཞི་བའི་དེད་དཔོན་ཞིག་གི་གདམས་པའི་ཞི་བའི་ལམ་ཞིག་དང་འབྲལ་མེད་ཀྱིས་བསླངས་པའི་མི་སྒེར་བ་ཞིག་གི་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འགོ་བཙུགས་སྟེ། ཉིན་མ་དེ་རིང་བར་དུ་ཉིན་ཉེར་དྲུག་ཏག་ཏག་འགྲོ་བཞིན་ཡོད།

ཉིན་གྲངས་ཉེར་དྲུག་གི་ལམ་བར་དུ་ངས་བརྒྱུད་ཚར་བའི་གོམ་གྲངས་༣༦༠༧༥༠དང་། ས་སྤྱི་ལེ་༥༥༥། ཆུ་ཚོད་༦༢༤བཏང་ནས་དེ་རིང་ང་ལྡི་ལུར་བོད་སྒར་བསམ་ཡས་གླིང་དུ་འབྱོར་ཡོད་ཀྱང་། ད་ལྟ་ངའི་སྔུན་ན་ལུས་པའི་ལམ་ཐག་ནི་འདི་ལས་བརྡབས་ལྔ་དྲུག་ཞིག་གིས་ང་སྒུག་ནས་ཡོད་པ་རེད་མོད། ངས་རང་ཉིད་ཀྱི་མི་རིགས་འདི་ལ་མིག་དཔེ་ཕྲན་པུ་ཞིག་འཇོག་རྒྱུར་རེ་བ་ཆེན་པོ་བརྒྱབ་མྱོང་བ་དང་རྒྱག་བཞིན་དུ་སྤོབས་པ་སྔར་ཡོད་ཀྱི་སྟེང་ལ་ཤུགས་ཆེ་རུ་སོང་ནས་ཡོད་པ་ལས་ཉིན་གཅིག་ལ་ཡང་། ད་ནི་ངས་འཇོན་མི་ཡོང་། ཁེགས་ས་རེད། ན་ཡི་འདུག  ངལ་གསོས་པའི་དུས་ཤིག་རེད་འདུག་སྙམ་པ་སོགས་ལ་བསམ་བློ་གཏན་ནས་མ་བཏང་བར། ནམ་ཞིག་ངས་རང་ཉིད་སྐྱེ་སའི་བོད་ཀྱི་ས་ཐོག་ནས་བོད་གཞིིས་ལུས་མི་མང་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་ཡོང་སྙམ་པའི་བྲེལ་བའི་སྒང་ནས་འགྲོ་བཞིན་ཡོད།

ཞི་བའི་གོམ་བགྲོད་འགོ་བཙུགས་པའི་ཉིན་མོ་དེེར་རང་ཉིད་ཀྱི་དྲིན་ཕ་མ་གཉིས་ལས་མཉམ་ཞུགས་བྱེད་མི་མ་བྱུང་ཡང་། ངས་བསམ་བློ་ནང་དུ་གཏན་ནས་བློ་ཕམ་དང་སེམས་འཚབ་ཞིག་འཁོར་མ་མྱོང་ལ། ངས་རང་ཉིད་ཀྱིས་བསླངས་པའི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འདི་ནི་ཕྱི་ན་གླེང་བའི་མི་ཁ་དང་འབྲེལ་བ་ཡོད་པར་གཏན་ནས་བསམ་གྱིན་མེད། བོད་མི་སུ་གང་ལ་ཡང་ན་སེམས་བཅངས་མྱོང་མེད་པ་མ་ཟད། སུ་གང་ལའང་ལེ་བདའ་བྱེད་ཀྱིན་མེད། ལྷག་པར་དུ་གཞུང་སྒེར་གྱི་ཚོགས་པ་ཚོ་ལའང་དམིགས་བསལ་གྱིས་ལེ་ཁག་ཡེ་ནས་བྱེད་མྱོང་མེད་ལ་ཕྱིས་སུ་ཡང་བྱེད་མི་སྲིད་པ་ཡིན།

ངས་ཉིན་ཉེར་དྲུག་གི་ལམ་བར་དུ་བོད་མི་སྒེར་བ་མི་ཉུང་བ་རེ་ཡིས་ལམ་བར་དུ་སྐོམ་ཆུ་རེ་བཏུང་བྱེད་དང་ཟ་མ་རེ་ཟ་རོགས་ཟེར་ནས་ཞལ་འདེབས་འབུལ་མཁན་བྱུང་བ་དང་རྒྱང་རིང་རྒྱུས་མེད་རྒྱལ་ཁབ་གཞན་ནས་རིགས་རུས་གཅིག་པའི་སྤུན་ཟླ་དང་དམིགས་བསལ་ཀྱིས་ཨ་རིའི་ཁ་ལེ་ཧྲོར་ནས་ཡ་གནས་གཞུགས་བླ་མ་ཞིག་གིས་བདུན་ཕྲག་རེ་རེ་ལ་ཞལ་པར་གྱི་ལམ་ནས་གདུང་སེམས་མཉམ་བསྐྱེད་ཞུས་པའི་སྒང་ལ་དཀའ་ངལ་ག་དུས་འཕྲད་ཀྱང་། རོགས་རམ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་པ་དང་། རྡ་སར་གནས་བཞུགས་དྭང་ཟུར་ཡོན་ཏན་ལགས་ཀྱིས་ཀྱང་དུས་རྒྱུན་ཞལ་པར་འབྱོར་ནས་དགོས་ངེས་ཀྱི་མཐུན་རྐྱེན་གང་ཡོད་མ་གསང་བར་གསུང་རོགས་ཞེས་གསུངས་སོང་། འགོ་བཙུགས་པ་ནས་རྡ་ས་མདོ་སྨད་དབུས་ས་གཉིས་ནས་སྐྱེལ་མ་དང་ཕ་མ་གཉིས་ཕྱིར་རྡ་སར་བསུ་རུ་མདོ་སྨད་ཚོགས་གཙོ་བསྟན་པའི་དངོས་གྲུབ་སྐུ་དངོས་དང་། བོད་མི་མང་སྤྱི་འཐུས་སྐུ་ངོ་རྒྱལ་རིགས་ཐར་གཉིས་ཀྱི་གཙོས་ཁོང་ཚོ་བསུ་རུ་ཕེབས་སོང་ལ། ཞལ་འདེབས་ཧིན་སྒོར་ལྔ་སྟོང་གནང་བ་དང་། ད་ལོར་ཡང་མདོ་སྨད་ཀྱི་ངོས་ནས་ང་ལ་རོགས་རམ་མཐུན་རྐྱེན་གང་སྤྱར་དགོས་ཚེ། ཁོང་ཚོས་དངོས་ནས་གྲྭ་སྒྲིག་ཨང་གསར་ཡིན་ཞེས་གསུངས་སོང་།

ལྡི་ལིར་སླེབས་གྲབས་ཡོད་པའི་སྐབས་སུ་ལྡི་ལིའི་མདོ་སྨད་ས་གནས་ཀྱི་ཚོགས་གཙོ་རྟ་འགྲིན་ལགས་དང་། རྩིས་པ་བྱམས་པ་གཉིས་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་འཚམས་འདྲི་དང་འབྲེལ་བའི་སྒོ་ནས་ཟ་མ་ཁུར་འོང་ནས་ཞག་གཅིག་ལ་འདུག་རོགས་གནང་སོང་། ལྡི་ལིར་སླེབས་པའི་སྤྱི་ལེ་ཁ་ཤས་ལས་མེད་པའི་མཚམས་སུ་ལྡི་ལིའི་ཞི་བདེ་མགྲོན་ཁང་གསར་རྙིང་ཐུན་མོང་གི་འགན་འཛིན་ནས་ཁ་བཏགས་བཟུང་ནས་མགྲོན་བསུར་ཕེབས་ཏེ་ཞལ་འདེབས་ཧིན་སྒོར་ལྔ་སྟོང་གནང་བ་དང་། བལ་ཡུལ་གནས་སྡོད་བླ་བྲང་ཨ་ཅག་སྙིང་མོ་སྐྱིད་ཀྱིས་ཧིན་སྒོར་གཅིག་སྟོང་གི་ཞལ་འདེབས་ཕུལ་བ་བཅས་དང་། ལམ་བར་དུ་ཟ་མ་རེ་ཟ་བྱེད་དང་སྐོམ་ཆུ་རེ་བཏུང་བྱེད་དུ་ཞལ་འདེབས་གནང་མཁན་དག་གིས་མིང་འདི་རུ་བྲིས་མེད་པར་གདོང་དེབ་དུ་འདྲ་དཔར་བཀོད་ཡོད།

ཐེངས་འདིའི་ཉིན་ཉེར་དྲུག་གི་རིང་གནས་ཚང་གཡར་ས་མང་ཤོས་ནི་ཧིན་རྡུའི་ལྷ་ཁང་དང་པན་རྗབ་ལྷ་ཁང་། ཟ་ཁང་གི་འགྲམ་གཡས་གཡོན། སྣུམ་ཚིགས། སྒེར་གྱི་ཁྱིམ་འགྲམ་སོགས་ཡིན་ལ།  རྒྱ་གར་མི་མང་གི་ངོས་ནས་ སྡོད་དུས་སུ་རོགས་སྐྱོར་གྱི་རྣམ་པ་ནི་ཧ་ཅང་ཚད་མཐོ་བ་སྟེ་ངོ་མཚར་བ་རང་རེད། ཟ་ཁང་གི་སྤྱིན་བདག་རེ་ཟུང་གིས་སྔ་དགོང་གཉིས་ཀྱིས་ཟས་རིན་མི་ལེན་པ་དང་ད་དུང་རོགས་རམ་ག་རེ་གནང་དགོས་ཀྱི་ཡོད་ན་བཤད་རོགས་ཞེས་རྒྱ་གར་མི་མང་གིས་རྣམ་འགྱུར་ལེགས་པ་དང་བོད་མིའི་རྩ་དོན་ཐད་ཕྱོགས་གང་ལ་ཁ་གཏད་དེ་འཐབ་རྩོད་བྱས་ན་བཟང་མིན་ཐད་སྐད་ཆ་འདྲི་བ་མ་ཟད། རྒྱ་གར་གྱི་གཞོན་སྐྱེས་ཤེས་ཡོན་ཅན་སྐོར་ཞིག་གིས་བོད་མིའི་གནད་དོན་བོད་མི་རང་ཉིད་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན་པ་དང་བོད་མི་ཚོས་མགོ་བྱས་ནས་འཐབ་རྩོད་བྱས་པ་ཡིན་ན་ང་ཚོ་རྒྱ་གར་མི་མང་ནི་ནམ་ཡིན་ཡང་རྒྱབ་དུ་ཡོད་པ་རེད་ཅེས་གསུངས་སོང་།

མངའ་སྡེ་མི་འདྲ་བ་རེ་ཟུང་ཞིག་བརྒྱུད་དགོས་དུས་ཉེན་རྟོག་པ་མི་ཉུང་བ་ཞིག་དང་འཕྲད་པ་ཁོང་རྣམས་ཀྱིས་ཀྱང་རྣམ་འགྱུར་མི་ལེགས་པ་དང་གུས་ཚིག་མེད་པ་དེ་འདྲ་གསུང་རྒྱུ་ཕར་ཞོག ད་དུང་། ང་ལ་རོགས་བྱེད་དགོས་ས་ཡོད་ན་གསུང་རོགས་ཞེས་གསུངས་པ་མ་ཟད། ཟ་མ་ཟ་དགོས་མིན་དང་ཇ་བཏུང་དགོས་མིན་སོགས་ཀྱང་ཡང་ཡང་དྲིས་པ་དང་། ཡང་ཉེན་རྟོག་པའི་ས་ཚིགས་གཞན་ཞིག་ནས་ད་ལོར་ཁྱོད་རང་གཅིག་བུ་མ་གཏོགས་བོད་མི་ཚོ་ཞི་བའི་གོམ་བགྲོད་དུ་འགྲོ་མཁན་མེད་སོང་བ་རེད་དམ་ཞེས་བཀའ་འདྲི་གནང་དུས།  ངས་དེ་ཡི་ལན་དུ་མ་རེད་ལགས། ད་ལོ་ལམ་ཁ་འདི་བརྒྱུད་དེ་འགྲོ་མཁན་ང་རང་གཅིག་བུ་ལས་མེད་ཀྱང་། ཕྱི་རྒྱལ་ཁག་ན་གོམ་བགྲོད་གནང་མཁན་མང་བོ་ཡོད་པ་རེད་ཅེས་ཞུས་པ་ཡིན།

ཉེན་རྟོག་པ་སྐར་མ་གསུམ་ཅན་པ་ཞིག་གིས་ཁྱོད་རང་གིས་རྒྱ་གར་གྱི་རྒྱལ་དར་གང་བྱས་ནས་ཁུར་གྱི་ཡོད་ཅེས་དྲིས་གནང་བ་དེར། ངས་རྒྱུ་མཚན་གསུམ་གྱིས་སྒང་ནས་ཁུར་གྱི་ཡོད། གཅིག རྒྱ་གར་གྱི་བཀའ་དྲིན། གཉིས། རྒྱ་གར་ལ་གུས་བརྩི། གསུམ། རྒྱ་གར་གྱི་དྲིན་དྲན་པ། རྒྱུ་མཚན་འདི་གསུམ་ལ་བརྟེན་ནས་ཁུར་བ་ཡིན་ཞེས་ཞུས་པ་ཡིན།

ཨོ་རེད། བོད་མི་མང་བོ་ཞིག་གིས་རྡ་ས་ནས་ལྡི་ལི་བརྒྱུད་དུས་སུ་དེ་ཡི་ལམ་བར་དུ་བོད་མིའི་གཞིས་གྲོང་ཉམཐག་ཞིག་ཡོད་པ་གཏན་ནས་རྒྱུས་མངའ་མེད་ཚོད་རེད། ད་ལོ་ཡང་ང་རང་ཨམ་བྷ་ལ་བོད་ཀྱི་གཞིས་གྲོང་དེ་བརྒྱུད་དུས་སུ་མི་ཞིག་གིས་ན་ནིང་ཁྱོད་རང་གོམ་བགྲོད་བྱེད་དུས་སུ་དར་ཆ་ནག་པོ་ཞིག་ཁུར་ནས་སོང་བ་རེད་ཟེར་བ་དེ་བདེན་པ་རེད་དམ་ཞེས་དྲིས་སོང་བས་ངས་ཁོང་རྣམ་པ་ལ་རྒྱལ་དར་གྱི་གླེང་རྙོག་སྐོར་ང་དང་འབྲེལ་བའི་སྐོར་ངོ་སྤྲོད་བྱས་ཚར་དུས་སུ། ཨ་ཅག་ཞིག་གིས་ལག་ཟུང་ཐལ་མོ་སྤྱར་ནས། བུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ད་དངོས་ནས་ཁ་གསལ་བོ་ཆགས་སོང་ཞེས་གསུངས་སོང་།

ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ལྡི་ལུ་བསམ་ཡས་གླིང་དུ་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ལམ་བར་ཏེ་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༤ ཚེས་ ༥ ཉིན།

འཕྲིན་ཡིག

Post navigation

Previous Post: དེང་སང་མདོ་སྨད་རེབ་གོང་ལུང་བ་ན། །
Next Post: རྒྱང་རིང་གི་ཁྱོད།

Comments (11) on “ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ཉིན་ཉེར་དྲུག་ལ་ཕྱིར་མིག”

  1. དཀར་ཤོད་ཁྲ་ཚང་གཡུ་རྣ says:
    2013-04-05 at 4:06 am

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།
    ཁྱེད་འདྲ་བའི་བོད་མི་ས་ཡ་དྲུག་ཚང་མ་ལ་སྙིང་སྟོབས་དང་། སེམས་ཤུགས། སྤྱི་སེམས། ཞུམ་མེད་ཀྱི་བློ་རྒྱ་ཡོད་ན་ང་ཚོ་ཚང་མ་བོད་ལ་ལོགས་ཚར་ཡོད་ངེས་རེད་། ཁྱེད་ཀྱིས་སྒེར་དོན་རྒྱབ་དུ་དོར་ནས་སྤྱི་དོན་ཕྲག་དུ་འཁུར་བ་ལ་ཡིད་རང་བསྔགས་བརྗོད་ཡོད་།

  2. མེ་ཏོག་དཀར་པོ says:
    2013-04-05 at 4:29 am

    དགའ་གུས་ཡི་རངས་བསྔགས་བརྗོད་མང་པོ་ཡོད། བོད་རྒྱལ་ལོ། །གླིང་ཚ་རྒྱལ་ལོ།།

  3. བདུད་འདུལ། says:
    2013-04-05 at 4:29 am

    མདོ་སྨད་མཐོང་སྨོན་གླིང་དཀར་ལྷ་ཡི་ཡུལ། །
    གེ་སར་དཔོན་དང་འབུམ་པ་རྒྱ་ཚ་ཡི། །
    གདུང་རྒྱུད་དག་མ་གླིང་ཚ་ཚེ་རྡོར་མཆོག །
    ཆོལ་གསུམ་བོད་མིའི་དཔའ་བོ་ངོ་མ་ཡིན། །

  4. ཟླ་སྲས། says:
    2013-04-05 at 5:47 am

    ཁྱོད་ཀྱི་གོམས་སྟབས་རེ་རེ་ངའི་སྙིང་ཁ་རུ་ཐྲིག་ཐྲིག་གིས་སྤོས་ཡོང་དུས་ངས་རང་ཉིད་བོད་མི་ཞིག་ཡིན་ཞེས་པའི་སྤོབས་པ་རྨང་ནས་བོར་ཐལ།བཀའ་དྲིན་ཆེན།

  5. ཆོས་འཕེལ་དར་རྒྱས་ says:
    2013-04-05 at 6:13 am

    བོད་ལ་ལོག་པའི་བུ་རྒོད།
    བོད་དོན་ལས་བའི་བུ་ངར།
    བོད་ལ་དགའ་བའི་གཞོན་སྐྱེས།
    བོད་མི་ཡོངས་ཀྱི་གཅེས་ཕྲུག

  6. ཨ says:
    2013-04-05 at 7:20 am

    རྒྱབ་སྐྱོར་གནང་མཁན་ཚོར་་་ངས་མགོ་ནག་བོད་མིའི་ཚབ་བྱས་ནས་བཀའ་དྲིན་ཆེ་གྲངས་མེད་ཞུ།།

  7. Sonam Tsering says:
    2013-04-05 at 8:10 am

    ང་ཚོའི་ནང་ཡིག་འབྲི་བྱེད་དགོས་ན་དངོས་ནས་མཁས་པ་ཤ་སྟག་ཙམ་མ་ཟད་སྙན་པོ་ཡང་བྲིས་མཁན་མི་ཉུང་བ་འདུག། ཡིན་ཀྱང་དེ་ཚོ་གསོལ་ལྕོགས་སྒང་གི་པཱ་ལཌ་ཀྱི་རྨོས་རྒྱབ་པ་ནང་བཞིན་ཡིན་འགྲོ་བསམ། རྡོ་རྗེ་ཚེ་བརྟན་ནང་བཞིན་ཐང་དུ་ཐོན་མཁན་དཀོན་པོ་རེད་བསམ།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-05 at 9:38 am

    གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་ལ་གོམ་བགྲོད་ལེགས་འབྲས་འབྱུང་བར་ཡིད་སྨོན། ཁྱེད་ཀྱིས་གོམ་བགྲོད་ལན་གཉིས་པ་འགོ་བཙུགས་པར་བཀྲ་ཤིས་བདེ་ལེགས། ད་ལྟའི་བོད་སྐད་སྤྱོད་སྟངས་ལ་བལྟ་ན། བོད་མིང་ཚིག་མང་པོ་ཞིག་མེད་པར་འགྲོ་བའི་ཉེན་ཀ་སླེབས་འདུག དེ་དག་གཅིག་ནི། ལན། ཆོས་སྐད་དུ། ལན་གཅིག ལན་གསུམ་སོགས་དང་། ལ་དྭགས་ལུང་ཁུག་གིས་དབང་གིས་ཡིན་ངེས། སྔར་དབུས་ཀྱི་སྔ་རབས་པའི་མིང་ཚིག་མང་དུ་སྤྱོད། ཁྱེད་ཀྱི་གོམ་བགྲོད་དེ། བོད་མི་རིགས་དང་རིག་གཞུང་མི་མི་ཉམས་མི་བརླག་པའི་དོན་དུ་ཡིན་པར་ཐེ་ཚོམ་མེད། དེ་དག་སྲ་བརྟན་འབྱུང་བ་ལ་བོད་སྤྱི་པའི་སྐད་དེ་སྲ་བརྟན་དགོས། བོད་སྤྱི་པའི་སྐད་དེ་ཆོས་སྐད་ཡིན་པར་གདོན་མི་ཟ། མཁས་དབང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང་ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན་གསུངས། དེ་མིན་ཁྱེད་ཀྱིས་ཁ་སྐད་དུ་བྲིས་པ་འགའ་ཞིག་ལ་དྭགས་པ་བོད་ཡིག་ཀློག་མཁན་བདག་ལྟ་བུས་གོ་དཀའ། དཔེར་ན། “ཁེགས་ས་རེད། སུ་གང་ལའང་ལེ་བདའ་བྱེད་ཀྱིན་མེད། ལེ་ཁག་ཡེ་ནས་བྱེད་མྱོང་མེད།” དེ་བཞིན་ཡིག་སྐད་ཟུར་མ་ཆག་པ་འབྲི་དགོས་དཔེར་ན། “རོགས་རམ། སྔ་དགོང་གཉིས། མེད་པ་མ་ཟད།” བོད་སྤྱིའི་ཆོས་སྐད་སྲུང་དགོས་པའི་ཆ་ནས། “གྲོགས་རམ། སྔ་དགོངས་གཉིས། མེད་པར་མ་ཟད།” ཅེས་འབྲི་དགོས་པ་དེ། བོད་རིགས་ལ་ཕན་པའི་ཕྱིར་དུ། ཁྱེད་དང་། གཞན་རྣམས་ཀྱིས་གསན་པའི་རེ་བས་བྲིས་སོ།།

  9. ཨ says:
    2013-04-05 at 1:36 pm

    བསོད་ནམས་ཚེ་རིང་ལགས་ཀྱི་སྐད་ཆ་དེ་བདེན་པ་རེད། གནས་སྐབས་རིང་ང་ཚོའི་ནང་དུ་ཐང་ལ་འབུད་མཁན་མ་བྱུང་རུང་། དུས་གཏན་དུ་དེ་འདྲ་ཞིག་མིན་པར་ཡིད་ཆེས་ཡོད། མགོ་ནག་བོད་འདི། ཆེས་སྡུག་སར་ཐོན་དུས་ཧ་ཅང་ངར་བ་ཞིག་ཏུ་ལོག་འགྲོ་བ། རང་རེའི་དམ་པ་མང་པོས་གསུངས་ཡོད།

  10. མ་ཧཱ་སིདྡྷི། says:
    2013-04-05 at 1:53 pm

    བུ་ཁྱེད་ཀྱི་སེམས་ཤུགས་དང་། བློས་གཏོངས་ལ་ངས་སྙིང་གི་དཀྱིལ་ནས་ཡི་རངས་ཡོད་པ་མ་ཟད་གནས་སྐབས་ཡུལ་དུས་ཀྱིས་སྐལ་ཡང་ང་ཁྱེད་རང་རྒྱབ་ཏུ་རྟག་པར་ཡོད་ཕོ་རྒོད། སེམས་ཤུགས་མ་ཆགས།

  11. ཐབས་ཇུས་ཅན says:
    2013-04-05 at 10:08 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་ནམ་ཡིན་ཡང་བོད་ཡིག་ལ་བརྩེ་བ་དང་དུངས་པ་ཟབ་པའི་ཁོང་གི་ཚིག་འབྲུ་རེ་རེའི་གྲུབ་དོན་དང་། ཁོང་གི་ང་ཚོ་ཧི་མ་ལ་ཡེ་རི་རྒྱུད་ལ་གནས་པའི་མི་རིགས་འདི་རྣམས་སྐད་ཡིག་གཅིག་གི་གཞོང་བའི་ནང་ལྡོག་ལྡོག་རིལ་རིལ་གཅིག་ཏུ་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་པ་ནི་རྗེ་སུ་ཡི་རང་གི་གནས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme