Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔགས་ལུཊ་ལ་སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་པའི་སྐོར།

Posted on 2013-04-032013-04-03 By ཁ་བརྡ་ 10 Comments on སྔགས་ལུཊ་ལ་སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

གསང་སྔགས་ལུགས་ཀྱི་བླ་མ་ལ་མཚན་ཉིད་གང་ཡང་ཚང་མི་དགོས་ཏེ།༼ཞེས་པའི་སུག་བྲིས་དེ་ཕྱོགས་རེ་བ་ཞིག་ངེས་ཏེ། བླ་མ་ལྔ་བཅུ་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིན་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་པ་ལ་སོགས་པའི་ལུང་ཚིགས་རྣམས་མ་གཟིགས་པའི་ཕྱིར་རོ།།༽

སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་འོང་བ་ཡིན། ༼ཞེས་པའི་ཁྱི་སོ་ལས་རིང་སྲེལ་འཁྲུངས་ཚུལ་གྱི་ཁ་རྒྱུན་དེ་ནི། གསང་སྔགས་དར་སའི་ཕྱོགས་གཏོགས་བོད་ཡུལ་གཅིག་པུ་མ་ཡིན་པར། ཉན་ཐོས་ཐེག་པའི་ཆོས་གཞིས་སུ་གྱུར་པ་བྷར་མ་ལ་ཡང་ཡོད་དེ། གཏམ་རྒྱུད་གསེར་མ་ལས། སིངྒ་ལའི་རྒྱལ་པོ་ཙཽ་ལ་པ་རྣམས་དང་འཐབ་པ་ན། བྷར་མའི་རྒྱལ་པོ་འདིས་དཔུང་གྲོགས་བཟང་པོ་བྱས། དེའི་དྲིན་ལན་དུ་ངེད་ལ་ཚེམས་མཆེ་བ་དང༌། དགེ་སློང་རྣམས་མཐོང་ཞིག་སྨྲས་པས། བི་ཛ་ཡས་ཚེམས་སྟེར་མ་ནུས་པར་བྱི་རུ་དཀར་པོ་ལས་འདྲ་ཞིག་ཟོས་ཏེ་བསྐུར་བ་དེ་ཡང་མཆོད་རྟེན་འདིའི་ནང་དུ་བཞུགས་ཟེར། བྷར་མའི་རྒྱལ་པོ་དོགས་པ་ཟས་པར་ཚེམས་ལས་འོད་འཕྲོས་པ་སོགས་རྒན་མོའི་ཁྱི་སོ་འདྲ་བའི་ལོ་རྒྱུས་ཤིག་ཀྱང་གྲགས། ཞེས་མ་གསུང་ངམ།

སྤྲུལ་པའི་སྐུ་ལ་དབྱེ་ན། མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ་གསུམ་དང༌། ཕྱི་མ་དེའི་ནང་གསེས་ལ་བརྒྱ་བྱིན་དང༌། རི་དྭགས། ཟམ་པ། ལྗོན་ཤིང་སོགས་སེམས་ཅན་གྱི་མོས་དབང་དང་མཐུན་པར་གཞན་ཕན་གྱི་མཛད་པ་སྣ་ཚོགས་སུ་སྟོན་པར་བརྟེན། བཟང་ཕྱོགས་དད་སྟོབས་ལ་བརྟེན་ནས་ཁྱི་སོ་ལས་རིང་སྲེལ་འཁྲུངས་ཏེ། སེམས་ཅན་མང་པོ་ནང་བསྟན་ལ་དཀྲི་བའི་ཕན་རླབས་རྒྱ་ཆེ་བྱུང་བ་ཡང་དེ་དང་དེ་འདྲ་བའི་མཚོན་དོན་རྣམས་ལས་དཔོག་པར་སེམས་ལ།

དེ་མིན་ངན་ཕྱོགས་ནས་དཔེ་བླང་ན། ནུས་ལྡན་ཞིག་གིས་སྤྱི་སྒེར་གང་ཡང་རུང་ཞིག་ལ་མཐུ་གཏད་བྱས་འདུག་ཟེར་བ་ཐོས་ན། ཕ་རོལ་པོའི་སེམས་ལ་གནོད་ཡོང་སྙམ་པའི་རྣམ་རྟོག་དེའི་རྐྱེན་པས། མི་འདོད་པའི་ཆགས་སྒོ་སྣ་ཚོགས་ཤིག་བྱུང་བཞིན་ཡོད་པས་ཀྱང་མཚོན་པར་ནུས་སོ།།༽

རྩོམ་རིག

Post navigation

Previous Post: ཁ་བྱང་མ་རྙེད་པའི་བཅད་རྩོམ།
Next Post: ཕུ་ཡི་གངས་རི་ཁྱོད།

Comments (10) on “སྔགས་ལུཊ་ལ་སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་པའི་སྐོར།”

  1. དགའ་སྐུ་ says:
    2013-04-04 at 12:57 am

    བཀའ་དྲིན་ཆེ་ལགས།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-04 at 7:06 am

    བླ་མ་ལྔ་བཅུ་པ་ལས།
    ༡བརྟན་ཅིང་༢དུལ་ལ་༣བློ་གྲོས་ལྡན། 
    ༤བཟོད་ལྡན་༥དྲང་ལ་༦གཡོ་སྒྱུ་མེད། 
    ༧སྔགས་དང་༨རྒྱུད་ཀྱི་སྦྱོར་བ་ཤེས། 
    ༩སྙིང་བརྩེར་ལྡན་ཞིང་༡༠བསྟན་བཅོས་མཁས། 
    དེ་ཉིད་བཅུ་ནི་ཡོངས་སུ་ཤེས། 
    དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། 
    སྔགས་བཤད་པ་ཡི་སྦྱོར་བ་ཤེས། 
    རབ་ཏུ་དང་ཞིང་དབང་པོ་དུལ།།
    ་
    རྐང་པ་ཕྱི་མ་གསུམ་ལ་བརྟགས་པ། དེ་ཉིད་བཅུ་ཤེས་པའི་སྟེང་དུ་དཀྱིལ་འཁོར་འབྲི་ཤེས་པ་བསྣན་ཀ་ཡིན་ནམ། སྔགས་ཤེས་པ་དང་། རྒྱུད་ཤེས་པ་ལ་ཁྱད་པར་ཅི་ཡོད་དམ། སྔགས་བཤད་པ་ཡི་སྦྱོར་བ་ཤེས་པ་དེ། གོང་མ་དེ་གཉིས་མི་འདྲ་བར་འཇོག་གམ། རབ་ཏུ་དང་ཞིང་དབང་པོ་དུལ།། གོང་གི་ཡིག་འཔྲེང་དང་པོ་དེ་འདིར་སླར་བཟླས་པ་མ་ཡིན་ནམ།

    “ཕ་རོལ་པོའི་སེམས་ལ་གནོད་ཡོང་སྙམ་པའི་རྣམ་རྟོག་དེའི་རྐྱེན་པས།” འདིར་ཡོང་དང་། རྐྱེན་པས། ཞེས་པ་རིག་གཞུང་ཆོས་སྐད་ལ་གནོད་པས། བདག་གིས་དེ་སོགས་ལ་འཛུར་བར་བྱེད། ཅེས་སོ།།

  3. ཤར་པ་ says:
    2013-04-04 at 8:56 am

    དེ་ལྟར་ན་ལས་འབྲས་མི་བདེན་པ་དང་ཐུབ་རྣམས་སྡིག་པ་ཆུ་ཡིས་བཀྲུ་བར་སོགས་འགྱུར་བས་སོ།།

  4. lobsang199 says:
    2013-04-04 at 3:52 pm

    ཐ་མ་གསུམ་དེ་ཉིད་བཅུ་ལས་ལོགས་སུ་འདྲེ་རྒྱུ་ཡིན། དེ་ཉིད་བཅུ་ནི་རྡོ་རྗེ་སྙིང་པོ་རྒྱན་ལས་གསུངས་པ་དང། ཐ་མ་གསུམ་སྒྱུ་འཕྲུལ་དྲ་བ་ལས་བཤད་པ་བསྡུས་པ་ཡིན། དཀྱིལ་འཁོར་འབྲི་བའི་ལས་མཁས་པ་ནི་། ཐིག་དང་། མཚོན་དང། བརྡུལ་མཚོན་གྱིས་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་དང། „སྔགས་བཤད་པ་ཡི་སྦྱོར་བ་ཤེས།„ ཞེས་པའི་ཆགས་འགྱུར་དུ། སྔགས་འཆད་མཁས་པའི་སློབ་དཔོན་ནི། ཞེས་པར་ལྟར་བདེ་བ་རྗེ་བླ་མས་གསུངས་པས། གཞན་ལ་སྔགས་ཀྱི་ལམ་འཆད་མཁས་པའི་དོན་ཡིན། གོང་གི་རྒྱུད་ཤེས་པ་ནི། སྔགས་དང་རྫས་ཀྱིས་རང་རང་གི་བྱ་བ་ཞི་སོགས་ཀྱི་ལས་སྒྲུབ་པར་ལ་མཁས་པ་ཡིན་པས་མི་ཟློས་སོ།
    རབ་ཏུ་དང་ཞིང་དབང་པོ་དུལ།།„„ ཞེས་པ་ནི་ཐེག་ཆེན་སྤྱི་དང། ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པ་ལ་རབ་ཏུ་དང་བ་བརྟན་པ་དང། དབང་པོ་དུལ་བ་ནི་དྲན་ཤེས་ཀྱིས་ཕྱི་རོལ་ལ་དབྱེང་བ་ཚར་བཅོད་པ་དང་། ཚིག་དང་པོས་བཤད་པའི་བརྟན་པ་ནི་ལུས་བསྡམས་པ་དང་། འདུལ་བ་ནི་ངག་བསྡམས་པ་དང། བློ་གྲོས་ལྡན་པ་ནི་ཡིད་བསྡམས་པ་ལ་རྗེ་བླ་མས་བཤད་དོ། །ཞིབ་པར་བཀྲ་ལྷུན་པར་མ་གསུང་འབུམ་ ཀ༽ པ་༣༣༡ ནང་གསལ་ལོ།།

  5. རྒད་པོ། says:
    2013-04-04 at 6:02 pm

    འཕྲུལ་སྨྱུག་གི་རྩོམ་འདི་དག་ཡེ་ནས་གོ་ཚོད་ཀྱི་མིན་འདུག མཚམས་རེ་ནང་ཆོས་དུག་ལྟར་གྱི་ངོས་འཛིན་བྱེད་པ་ལ། མཚམས་རེ་ནང་ཆོས་ལ་སྐྱོན་འཛུགས་བྱེད་མཁན་རྣམས་ལ་ལན་སློག་པ་ལྟ་བུ། གློག་སྐུད་ཅུང་མི་ཚང་བའི་འཕྲུལ་རྙོག་དེ་འདྲ་མིན་ནམ། 

  6. རི་རྒྱལ་ཏི་སེ། says:
    2013-04-04 at 9:06 pm

    སྔོན་དུས་དེ་ཉིད་བཅུ་བསྟན་པའི་རྒྱུད་གཞན་ཞིག་ཀྱང་མཐོང་བྱུང་བས། དྲ་གྲོགས་རྣམས་ནས་ལུང་དེ་འདྲ་ཞིག་སྟོན་པའི་རྒྱུད་གསུང་རྒྱུ་ཡོད་ཚེ་བྲི་བར་ཞུ།

  7. ལྷ་སྲས་ཐ་ཆུང་། says:
    2013-04-04 at 10:41 pm

    སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།། དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།། དེ་ཉིད་མ་མཐོང་རང་དགར་གྱུར་བ་ཡི།། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས།། མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན།། འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི།། དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད།། ཞེས་གསུངས།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-04 at 10:47 pm

    དཔེ་ཆ་ལེགས་པར་གཟིགས་ཤིང་བདག་གི་དྲི་བ་འགར་ལན་བྲིས་པར་བཀའ་དྲིན་ཆེ།
    ༧སྔགས་དང་༨རྒྱུད་ཀྱི་སྦྱོར་བ་ཤེས། ཞེས་པ་ལ། སྔགས་ཤེས་པ་དང་། རྒྱུད་ཤེས་པ་ལ་ཁྱད་པར་ཅི་ཡོད་དམ། ཞེས་པ་ལན་མེད་པའི་དོན་ཅི་ཡིན་ནམ། ཞེས་དང་། “ཞེས་པའི་ཆགས་འགྱུར་དུ།” ཞེས་པ་ཆག་ལོའི་འགྱུར་དུ། ཞེས་པ་ཡིན་ནམ། དེ་ཡིས་གཞུང་གང་བསྒྱུར་ཏམ། གསལ་ཀ་དགོས། ཞེས་དྲི་བ་མཆིས་སོ།།

  9. རི་རྒྱལ་ཏི་སེ། says:
    2013-04-05 at 9:33 pm

    རྒན་ལ་ཐགས་པ་ལེགས། བླ་མ་ལྔ་བཅུ་པའི་མ་ཕྱི་གཟིགས་པར་འདོད་ཚེ། དྲ་རྒྱ་http://www.tsongchu.com/Article/Proverb/20101204228.htmlའདིའི་ནང་དུ་གཟིགས་རོགས་ཞུ།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-04-06 at 10:25 am

    བླ་མཆོད་ལས།
    གང་དང་ལྡན་ན་བདེ་བར་གཤེགས་པའི་ལམ། །
    སྟོན་པར་འོས་པའི་ཡོན་ཏན་བཅུ་ལྡན་པ། །
    མ་ལུས་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །
    ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme