Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་འབྲས་སྤུངས་དང་གྱེས་བྲལ།

Posted on 2013-04-022013-04-02 By ཁ་བརྡ་ 1 Comment on ང་འབྲས་སྤུངས་དང་གྱེས་བྲལ།

བཀྲ་ཤིས་དོན་འགྲུབ།

___སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༢༦ པ་མཇུག་གྲུབ་ནས་འབྲས་སྤུངས་དང་ཁ་བྲལ་སྐབས་ལམ་བར་ནས་བྲིས་པ།

ཐལ་རྡུལ་འཚུབ་མའི་ཀློང་ན་གཡེང་བའི།།
ལྷོ་མཐའི་གདན་ས་དཔལ་ལྡན་འབྲས་སྤུངས།།
དགུན་རླུང་ལྡོམ་པོའི་འགྲོས་ལ་འཁྲིལ་བའི།།
ཤིང་ལོ་སྐམ་པོའི་ཤུལ་དུ་གཡུག་ཡོད།།

མི་ཡུལ་གླིང་གི་ཉི་མ་འདྲ་བའི།།
ཏྭ་ལའི་བླ་མའི་བྱམས་བརྩེ་བསམ་ན།།
འབྲས་སྤུངས་ཟེར་བའི་ས་མཐའ་དེ་ལ།།
མི་རྐྱང་ང་ཡི་སེམས་པ་འཁྲེང་ཡོད།།

གྲྭ་ལོག་ཐུབ་བསྟན་སྦྱིན་པ་ཟེར་བའི།།
ཚིག་མཛོད་དེ་ཡི་ལྕེ་རྩལ་དྲན་དུས།།
དུས་ཀྱིས་འདེད་པའི་མགྲོན་པོ་ང་ཡིས།།
གདན་ས་འབྲས་སྤུངས་སེམས་ཀྱིས་མི་ཐོང་།།

མཚན་སྨག་ཁྲོད་ཀྱི་སྐར་ཆེན་འདྲ་བའི།།
མགོ་སེར་དེ་ཚོའི་ཤེས་རབ་སྒོམ་ནས།།
རང་ཁྱིམ་སྙེག་པའི་འཁྱམ་པོ་ང་ཡིས།།
འབྲས་སྤུངས་ཕྱོགས་ལ་ཕྱི་མིག་སྲིང་ཡོད།།

ཐལ་སྐྱའི་གཤོག་པ་མཁའ་ལ་གཡུག་ཡོང་།།
སྡོང་གོག་སྐམ་རོང་ཡལ་ག་ཟིང་ཟིང་།
ཉིན་ཤས་འགྲོགས་པའི་རྒྱུས་མེད་མགྲོན་པོ།།
མི་མངོན་རྒྱང་རིང་ལམ་ལ་ཆས་སོང་།།

སྣུམ་ལམ་འཁྱོག་པོ་སྦྲུལ་ནག་ཁྱུག་ཁྱུག།
ལྕགས་ལམ་གོག་པོ་སྐས་ཐག་འཐེན་འཐེན།།
རླངས་འཁོར་མེ་འཁོར་གཉིས་ཀྱི་སྦུག་ནས།།
ང་དང་འབྲས་སྤུངས་བར་ཐག་ཇེ་རིང་།།

ང་དང་གདན་ས་འབྲས་སྤུངས་བར་གྱི།།
མ་སྦྲེལ་ཞེན་པའི་མདུད་རྒྱ་དམ་པོས།།
རྟོག་སྣང་གསེབ་ཀྱི་སྨྲེང་སེམས་སྐྱ་བོ།།
རོ་གོག་འདི་དང་ལྷན་དུ་དྲུད་ཡོད།།

རྩོམ་རིག

Post navigation

Previous Post: འགས་གཏོར་ཆེན་མོའི་ཁུངས་ཨ་རིའི་ཁས་པ་ཧ་བོ་ལ་གཏུག་པའི་སྐོར། (ཞར་བཀོད་གཅིག)
Next Post: ནམ་ཡང་བརྗེད་མི་ཐུབ་པའི་སྙིང་གསོན་པོ་ཞིག

Comment (1) on “ང་འབྲས་སྤུངས་དང་གྱེས་བྲལ།”

  1. འདྲེ་རྐང་ཐོ། says:
    2013-04-02 at 3:05 am

    ཐག་རིང་ལྷོ་མཐའི་དཔལ་ལྡན་འབྲས་སྤུངས། །
    གཞན་གྱི་ཁ་ནས་གོ་བ་མ་གཏོགས། །
    རང་ཉིད་དངོས་སུ་སོང་མྱོང་མེད་ཀྱང་། །
    ཤིང་དང་ཞིང་ཁའི་དཀྱིལ་ན་ཡོད་ཚོད། །

    ཁང་བའི་ནང་དང་སྒོ་རྭའི་ནང་ལ། །
    ཞེད་སྣང་ཚ་བའི་སྦྲུལ་ནག་མགོ་ལེབ། །
    ཡང་སེ་ཡང་སེ་སླེབས་རྒྱུ་འདུག་ཅེས། །
    བླ་རྒན་དག་གི་ཁ་ནས་གོ་མྱོང་། །

    དགོན་པའི་འགྲམ་གྱི་གཞིས་གྲོང་ནང་ལ། །
    ཁེར་རྐྱང་ལུས་པའི་མཛེས་མ་མང་སྐད། །
    ལས་མེད་དྷ་སའི་ཕོ་རྐྱང་སུ་ལ། །
    མཛེས་མ་དགོས་ན་ཡུལ་དེར་ཕེབས་རོགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme