Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་དུས་ཀྱི་མནའ་གྲོགས།

Posted on 2009-09-152009-09-15 By དགེ་རབ་ 3 Comments on ཆུང་དུས་ཀྱི་མནའ་གྲོགས།

སྨྱུག་རྒོད་ཀྱིས།

གཅ༹ང་པོའི་འགྲམ་ནས་སྤི་རག་གི་བཟི་ཁ་དང་ལྷན་དེ་རིང་གི་ཉིན་ཐོ་ཞིག་འབྲི་དགོས་བསམ་ནས་ བསམ་བློ་ཅི་ལྟར་བཏང་ནའང་ཀླད་པའི་ནང་དུ་ཉེ་སྔོན་ཆུང་དུས་མནའ་གྲོགས་ཀྱིས་ང་ལ་བཤད་ པའི་སྐད་ཆ་དག་ལས་གཞན་ཅི་ཡང་འཆར་མ་སོང་ ། གྲོགས་པོ་ཆོ༹།གཅིག་ཅེ་ན་ཁྱེད་ཆོ༹་ལ་ངའི་ མནའ་གྲོགས་ཀྱིས་ང་ལ་བཤད་པའི་སྐད་ཆ་དང་ངེད་གཉིས་བར་ལ་བྱུང་བའི་དོན་དག་འདི་ལྟ་བུ་གསར་བ་གང་ཡང་མིན་ནའང་ཐང་མོད།ས་མཐའ་ནས་མི་ཆེ༹་ཕྱེད་ཀ་སོང་ཟིན་པའི་མི་རྐྱང་ང་ལ་མཆོ༹ན་ན་གསར་བ་གསར་རྐྱང་རེད།གང་ལྟར་དེ་རིང་ངས་གང་ཐུབ་ཀྱིས་དྲ་གྲོགས་ཆོ༹་ང་དང་ཁོང་གི་བར་ལ་མནའ་གྲོགས་ཅི་ལྟར་བསྒྲིགས་ཆུ༹ལ་དང་མཐའ་མ་ངེད་གཉིས་ཀྱི་བར་ལ་དགོད་བྲོ་བའི་གཏམ་རྒྱུད་ཅི་ཞིག་བྱུང་མིན་སོགས་རྒྱས་ཅ༹མ་བཤད་ཨེ་ཐུབ་ལྟ།ངའི་མནའ་གྲོགས་ཀྱི་མིང་ལ་ཡར་རྒྱས་སྐྱབས་དང་ །ངེད་གཉིས་ཕན་ཆུ༹ན་ངོ་ཤེས་ས་ཕ་ཡུལ་གྱི་དབེན་དགོན་ཆུང་ཆུང་ཞིག་རེད།ཕ་ཡུལ་གྱི་དགོན་པ་དེར་བསྡད་པའི་རིང་ངའི་མནའ་གྲོགས་དང་ངེད་གཉིས་ཀྱིས་རྕོ༹ད་པའི་ཕྱོགས་ནས་ཁ་དོག་དཀར་དམར་ཅ༹མ་གྱི་འགྲོ་སྟང་ཅ༹མ་ཡང་མི་ཤེས་ནའང་སྐབས་དེར་ངེད་གཉིས་ཡན་གྱི་དཔའ་རྒོད་ཞིག་དགོན་པ་འདིར་ཨེ་ཡོད་སྙམ་པའི་ང་རྒྱལ་རི་འདྲ་བ་ཞིག་ཡོད་པ་ད་ལྟའང་དྲན་གྱི་འདུག ཉིན་ཞིག་ངའི་གྲོགས་པོ་ཡར་རྒྱས་སྐྱབས་དང་ངེད་གཉིས་ཀྱིས་དགོན་པའི་བཅ༹ན་ཁང་གི་མདུན་ནས་དཔའ་ལྡན་ལྷ་མོ་མནའ་རུ་བཞག་ནས་སེམས་པའི་ནང་ལ་སེམས་པ་དང་ལག་པའི་ནང་དུ་ལག་པ་བཞག་ནས་མནའ་གྲོགས་བསྒྲིགས་ཤིང་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་རྒྱུ་དམ་བཅའ་བརྟན་པོ་བཞག་ནས་ལྷ་ས་ལ་ཡོང་ །ངེད་གཉིས་ཀྱིས་ལྷ་སའི་ཇོ་བོ་མདུན་ནས་སོ་སོའི་ནང་མི་དང་དགེ་རྒན་སོགས་ཀྱི་སྐུ་ལུས་བདེ་ཐང་ཡོངས་བའི་སྨོན་ལམ་རེ་བཏབ་རྗེས་ཡང་བསྐྱར་ལྷ་སའི་ཇོ་བོ་མདུན་ནས་མནའ་གྲོགས་བསྒྲིགས།ལྷ་ས་ནས་ཉིན་འགའ་བསྡད་རྗེས་ལམ་འཁྲིད་ཞིག་དང་ལྷན་རྒྱ་གར་ལ་འགྲོ་རྒྱུ་འབད་བརྕོ༹ན་བྱས་མོད།འགྲོ་ཐེངས་དང་པོའི་སྐབས་སྟབས་མ་ལེགས་པར་རྒྱ་དམག་གིས་འཇི༹ན་བཟུང་བྱོས་ནས་ཟླ་གསུམ་རིང་ཉ་རི་བཅོ༹ན་ཁང་དུ་བཅུག་བཅོ༹ན་གྲོལ་ཐོབ་རྗེས་ཕྱིར་ལྷ་ས་ཡོང་ནས་ལས་དཀའ་ཞིག་རེག་ཨེ་ཐུབ་ལྟོས་མོད་ཡིན་ནའང་འདོད་པ་ཆི༹མས་པའི་ལས་དཀའ་ཞིག་རེག་མ་སོང་ །སྐབས་དེར་ངེད་གཉིས་སྤྱི་ཟླ་བཅུ་གཅིག་གི་ནང་བར་སྐོར་གྱི་ཁྲོམ་ལྕགས་འོག་ཏུ་ཉལ་ནས་གཞན་གྱི་ཟས་ལྷག་སོགས་ཟོས་ནས་དཀའ་སྡུག་གང་མང་མྱང་ནའང་སེམས་པ་སྐྱོ་བོ་གང་ཡང་མ་བྱུང་ །ལག་དངུལ་མེད་པའི་ཉི་མ་དེ་དག་གི་རིང་ངེད་གཉིས་ཀྱིས་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་འཆོ༹་བ་དངོས་ཞིག་མཉམ་ཏུ་རོལ་བ་ཡིན།མཐའ་མ་དེར་ངེད་ཀྱི་ཕུ་བོ་དགེ་རྒན་ཞིག་ཡོད་པ་ཁོང་གི་བཏང་བའི་རྒྱ་ སྒོར་ ༢༠༠༠་ ལ་བརྟེན་ནས་ལམ་འཁྲིད་གཞན་ཞིག་དང་ལྷན་ངེད་གཉིས་བལ་ཡུལ་བརྒྱུད་རྡ་ས་འབྱོར་སོང་ །རྡ་ས་ནས་ངེད་གཉིས་ལ་ ༦གོང་ས་མཆོག་ལ་མཇལ་ཁ་རེག་རྗེས་ཡུན་རིང་ལ་འགྲོག་པའི་ངའི་མནའ་གྲོགས་བཟང་པོ་དམིགས་ཡུལ་ཞིག་དང་ལྷན་འབྲས་སྤུངས་ལ་སློབ་གཉེར་བྱེད་དུ་བུད་སོང་ །ཁོང་རྡ་ས་དང་བྲལ་བའི་དགོང་མོ་དེར་ངེད་གཉིས་ཀྱིས་ཕན་ཆུ༹ན་ལ་འཐམ་ནས་ངུ་བ་ཅ༹མ་ལས་བདེ་མོ་ཡག་པོ་ཞིག་འཇོག་ཐུབ་མ་སོང་ །སྐབས་དེར་ང་རང་གསོག་སྒར་སློབ་གྲ་ལ་ཐོ་འགོད་བྱོས་ཡོད་པའི་སློབ་གྲ་དེར་སློབ་སྤྱོང་བྱེད་དུ་སོང་ །ང་རང་སློབ་གྲ་ལ་བསྡད་པའི་རིང་དེར་ངེད་གཉིས་ཀྱིས་ཕན་ཆུ༹ན་ལ་འཕྲིན་ཡིག་གི་ལམ་ནས་འབྲེལ་འདྲིས་བྱོས་ཤིང་།གསོག་སྒར་མཐར་ཕྱིན་རྗེས་ང་རང་མེག་ལོར་ལ་ཡོང་ནས་ཁང་པ་ཆུང་ཆུང་ཞིག་གླ་ནས་གང་ཐུབ་ཀྱི་སློབ་སྤྱོང་བྱོས་པ་ཡིན།རྗེས་སུ་ངའི་མནའ་གྲོགས་ཁོང་ཡང་གསུང་ཆོས་ཆ༹ར་རྗེས་ཕྱིར་གྲ་ས་འགྲོ་མ་འདོད་པར་རྡ་ས་ནས་ང་དང་མཉམ་དུ་བསྡད་སོང་ །རྡ་སའི་ངན་ངོན་ཆེ་བའི་འཆོ༹་བའི་ཁྲོད་ནས་ངེད་གཉིས་ལ་སྔར་བཞིན་དཀའ་ངལ་ཏོག་ཅ༹མ་འཕྲད་ནའང་ངེད་གཉིས་བར་གྱི་གྲོགས་པོ་བརྕེ༹་ དུང་ལ་འགྱུར་བ་གཏན་མ་སོང་ །རྡ་ས་ནས་སྡོད་པའི་རིང་ངའི་དབྱིན་སྐད་ཐེབས་ ཆག་དང་ངའི་མནའ་གྲོགས་ཁོང་གྲ་བ་ཡིན་པའི་རྒྱུ་མཆ༹ན་ལ་བརྟེན་ནས་ཁོང་ལ་སྤྱིན་བདག་མགོ་སེར་ཞིག་ཀྱང་རེག་ཡོད།ངས་ང་རང་ཉིད་ལ་སྤྱིན་བདག་ཞིག་ཅི་ལྟར་བཅ༹ལ་ནའང་མི་སུ་ཞིག་གིས་ཀྱང་ཁ་ཡ་བྱོས་མ་སོང་ །མཐའ་མ་དེར་ཁོ་རང་སྤྱིན་བདག་གི་རོགས་རམ་ལ་བརྟེན་ནས་ཨ་རི་ལ་སོང་བ་དང་ང་རང་དབྱིན་ཇི་བུད་མེད་ཞིག་ལ་བརྟེན་ནས་ཡོ་རོབ་ལ་ཡོང་པ་ཡིན།ཁོང་ཨ་རི་ལ་སོང་ནས་ལོ་གསུམ་གྱི་རྗེས་སུ་ངེད་གཉིས་ཁ་པར་ལས་ཐེངས་གཉིས་ཅ༹མ་ལ་ཁ་བརྡ་བྱེད་རྒྱུ་བྱུང་ །སྥྱིར་ཕྱི་ཡུལ་གྱི་ལུང་པ་མང་ཆེ་བ་ཞིག་ནས་ཁ་པར་ལ་རིན་གོང་ཏོག་ཅ༹མ་ཆུང་བའི་ངའི་གྲོགས་པོ་གཞན་དག་དང་ལྷན་མཆ༹ན་མོ་ཆུ་ཆོ༹ད་ཁ་ཤས་ལ་རིང་ལ་ཁ་པར་ལས་ཁ་བརྡ་བྱེད་བཞིན་ཡོད། གང་ལྟར་སྐབས་འདིར་འཆོ༹་བའི་ཕྱོགས་ནས་ང་ཁོང་ལ་བརྟེན་མི་དགོས་པ་དང་ཁོང་ང་ལའང་བརྟེན་མི་དགོས།ད་ལོའི་དབྱར་གནང་གུང་གསེང་གི་སྐབས་སུ་ང་རང་ཡང་བསྐྱར་བོད་ནང་དུ་འགྲོ་དགོས་བསམ་ནས་རྒྱ་ནག་གཞུང་ཆ༹བ་ནས་མཐོང་ཆེན་ཞུ་ནའང་མཐོང་ཆེན་རེག་མ་སོང་ །དེར་བརྟེན་ད་ལོ་དབྱར་གནང་གི་གུང་གསེང་སྐབས་འདིར་ཨ་རི་ལ་ལྟ་སྐོར་བྱེད་ཞོར་ཏུ་མནའ་གྲོགས་ལ་ཐུགས་འཕྲད་བྱེད་དུ་སོང་བ་ཡིན།ཨ་རི་ལ་སོང་ནས་ཉིན་འགའི་རྗེས་སུ་ཡུལ་ཕྱོགས་གཅིག་པ་འགའ་བརྒྱུད་ནས་ངའི་མནའ་གྲོགས་ཀྱི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་ལག་སོན་བྱུང་བའི་ང་རང་ཁོ་བཅ༹ལ་ནས་སོང་།ཉིན་དེར་ངའི་རྒྱབ་ཁུག་ནང་དུ་ལོ་ངོ་བཞི་ལ་ངོ་མ་ཐུགས་པའི་མནའ་གྲོགས་ལ་ལག་རྟག་སྣ་ཆོ༹གས་ཀྱི་ཁེངས་ཡོད།ང་རང་ཁོང་གི་ནང་དུ་བསླེབ་དུས་ཕལ་ཆེར་དགོང་དྲོའི་ཆུ་ཆོ༹ད་བརྒྱད་པ་ཅ༹མ་རེད།ང་རང་མནའ་གྲོགས་ཁོང་མཐོང་མ་ཐག་དགའ་ནས་མིག་ཆུ་ཤོར་ནས་ཁོང་ལ འཐམ་ནའང་།ཁོང་ལ་མཆོ༹ན་ན་ངོ་མི་ཤེས་པའི་མགྲོན་པ་ཞིག་ལ་ནང་ལ་བསླེབ་པ་ལྟར་སྣང་མེད་རེད། ངེད་གཉིས་ཀྱིས་དགོང་དྲའི་ཁ་ལག་སྟབས་བདེ་ཞིག་ཟོས་རྗེས་ཁོ་རང་ངའི་སྔོན་ལ་ཉལ་སོང་།ཞོགས་པ་དེར་ང་རང་གཉིད་ལས་སད་དུས་མནའ་གྲོགས་ཁོང་ལས་དཀའ་ལ་འགྲོ་ཆ༹ར་འདུག གང་ལྟར་བདུན་ཕྲག་གཅིག་ལ་ངེད་གཉིས་མཉམ་དུ་སྡོད་པའི་རིན་ངེད་གཉིས་ཕན་ཆུ༹ན་ལ་ངོ་མོ་ཤེས་པ་ལྟར་ཁ་བརྡ་མང་པོ་མེད་པ་མ་ཟད་ཐ་ན་ཟ་ཁང་དུ་ཟ་མ་ཟ་དུས་ཀྱང་ཕྱི་རྒྱལ་གྱི་ལུགས་སྲོལ་ལྟར་སོ་སོའི་ཁ་ལག་གི་རིན་པ་སོ་སོའི་སྤྲོད་དགོས་ཟེར།དེ་ལས་ཀྱང་ཧ་ལས་པ་ཞིག་ལ་ང་ཨ་རི་དང་ཁ་བྲལ་བའི་ཉིན་དེར་ངས་གྲོགས་པོས་ང་ལ་ཤོག་བུ་ཆུང་ཆུང་ཞིག་གི་ཐོགས་ཏུ་((རྒྱབ་ཁུག་བཞག་གླ་ཨ་སྒོར་སུམ་ཅུ་དང་ཁང་གླ་ཨ་སྒོར་བརྒྱ་དང་ལྔ་))སྡོམ་པའི་ཨ་སྒོར་བརྒྱ་དང་སུམ་ཅུ་སོ་ལྔ་གནས་འདུག་ཟེར་ནས་ཤོག་བུ་དེ་ང་ལ་སྤྲད་བྱུང་།ངས་ཁོང་ལ་ཤོག་བུ་འདི་ཅི་རེད་ཟེར་དུས།ཁོང་གི་འདི་ནི་ཁྱེད་རང་ངའི་ནང་དུ་སྡད་པའི་ཁང་གླ་དང་རྒྱབ་ཁུག་བཞག་པའི་བཞག་གླ་སོགས་རེད་ཟེར།སྐབས་དེར་ངས་ཅི་ཞིག་བཤད་དགོས་པ་མ་ཤེས་པ་ལམ་སེང་ཨ་སྒོར་༢༠༠་ངའི་མནའ་གྲོགས་ཡར་རྒྱས་སྐྱབས་ཀྱི་ལག་ཏུ་བཞག་རྗེས་མི་ཡུལ་གྱི་དག་ཞིང་དུ་་སྒོམ་པའི་ཨ་རི་ལུང་པ་དེ་དང་གཏན་དུ་བྲལ་བ་ཡིན་ནོ། ༢༠༠༩/༠༩/༡༤ཉིན་དུས་བབས་རྕོ༹མ་སྒྲིག་པས་ངའི་ཟིན་བྲིས་ཡང་བསྐྱར་སྒོ་ཕྱེ་རྗེས་ཤར་མར་བྲིས།

རྩོམ་རིག

Post navigation

Previous Post: བོད་ཡིག་ལ་བཙན་གཡེམ་བྱས་འདུག
Next Post: རྩོམ་པ་པོ།

Comments (3) on “ཆུང་དུས་ཀྱི་མནའ་གྲོགས།”

  1. གངས་དཀར། says:
    2009-09-15 at 12:03 pm

    གྲོགས་སྨྱུག་རྒོད་ལགས་འདི་དོན་དངོས་ཡིན་ནམ་ང་ཧ་ཅང་ཡིད་འགུག་ཐེབས་སུ་བཅུག་སོང་།

  2. འབའ་ལུ་གུ says:
    2009-09-19 at 12:43 am

    ཕལ་ཆེར་མི་འདིའི་ཕ་ཡུལ་བླ་བྲང་ནས་ཡིན་པ་ཐལ་གིས་ཆོད་། ཟི་ལེང་ན་ངོ་ཚ་མེད་པའི་བླ་བྲང་གི་གཤང་བཙོང་མའི་ཁེངས། ཨ་རི་ན་ཡང་ཁྲེལ་མེད་འདི་འདྲ་ཡོད་པ་ངའི་ཤེས། གྲོག་པོ་སེམས་མ་ཕམ་མི་ཚང་མ་འདི་འདྲ་ཆེ་ཡིན། ནེའུ་ཡོག་གི་ཞབས་འདྲེན་ཚོ་དེ་འདྲ་མ་བྱེད་། ང་ཚོ་ཕ་ཡུལ་ལ་སོང་ན་ངོ་ཚ་གི

  3. འབའ་ལུ་གུ says:
    2009-09-19 at 2:36 am

    གམ་ན་ཡོད་དུས་འཇུམ་པའི་སོ་བསྟོན་ཀྱང་། གལ་ལ་ཐུག་དུས་གར་སོང་ཆ་མེད་པ། ག་ས་གང་གི་མི་ངན་འདི་དག་ནི། གང་ན་ཡོད་ན་མིང་ནས་འབོད་པ་གལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme