Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད།

Posted on 2013-03-282013-03-28 By ཁ་བརྡ་ 1 Comment on བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད།


རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་(www.circlethebayfortibet.org) གོ་སྒྲིག་གནང་བའི་གོམ་བགྲོད་ཐེངས་བཅུ་དགུ་བ་དེ་དངོས་སུ་དབུ་བཙུགས་ནས་ཉིན་ ༦ འགྲོ་བཞིན་ཡོད་པ་དང་། ཨ་རི་བ་བཞི་དང་བོད་མི་བཅུ་གྲངས་རེ་བཅས་ ཉིན་རེ་ལ་མེལ་ལེ་ བཅོ་ལྔ་ཙམ་རེ་བསྐྱོད་ཀྱི་ཡོད་འདུག་ལ། དེ་ཡང་བྱང་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ཨོཀ་ལེནཌ་ནས་རྒྱལ་ས་ སན་ཕ་རན་སི་ཀོ་ བར་མེལ་ལེ་ ༡༠༨ བར་ཉིན་གྲངས་ ༨ རིང་གོམ་བགྲོད་བྱེད་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་འགན་འཛིན་ཚོགས་མི་དང་གོམ་བགྲོད་པ་སྐུ་ཞབས་ངག་དབང་ནོར་བུ་ལགས་ཀྱིས་གསུངས་པ་ལྟར་ན། གོམ་བགྲོད་པ་དག་ནི་ཉིན་རེའི་ཆུ་ཚོད་ ༩ པ་ཙམ་ནས་ཉིན་རྒྱབ་ཆུ་ཚོད་ ༥ ཙམ་བར་དུ་གོམ་བགྲོད་གནང་བཞིན་པའི་ཁར། གོམ་བགྲོད་ཀྱི་ལམ་དུ་རླངས་འཁོར་བ་ཚོས་ཁོང་ཚོའི་གོམ་བགྲོད་མཐོང་འཕྲལ་ཧ་ཅང་རྒྱབ་སྐྱོར་རྣམ་པ་སྟོན་པ་སོགས་བོད་ཀྱི་གནད་དོན་དྲིལ་བསྒྲགས་ཆེན་པོ་ཡོང་བ་མ་ཟད། ས་གནས་ནས་བོད་རིགས་དཔེར་ན་དགུང་ལོ་ ༧༣ ལ་ཕེབས་པའི་ཨ་མ་གཡང་དཀར་ལགས་སོགས་གོམ་བགྲོད་ལ་མཉམ་ཞུགས་གནང་བ་དང་། གོམ་བགྲོད་ལ་མ་ཞུགས་པ་རྣམས་ཀྱིས་ཀྱང་གནས་ཚང་གཡོར་བ་དང་ཟས་འདྲེན་པ་སོགས་སྤྱི་དོན་ལ་དམིགས་པའི་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་བས་སེམས་ཤུགས་འཕར་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་དྲ་བ་ནང་གོམ་བགྲོད་ཀྱི་དམིགས་ཡུལ་སྐོར་འཁོད་དོན། “ཐེངས་འདིའི་གོམ་བགྲོད་ཀྱི་འབོད་སྒྲ་གཙོ་བོ་ནི། ཉེ་ལམ་བོད་ནང་གཞིས་ལུས་བོད་རིགས་སྤུན་ཟླ་དཔའ་བོ་དཔའ་མོ་རྣམས་ནས་༧གོང་ས་མཆོག་བོད་ནང་གདེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཤིང་། གཅེས་པའི་རང་ལུས་མེར་བསྲེགས་གཅིག་མཇུག་གཉིས་མཐུད་ཀྱིས་གནང་བའི་གཟི་བརྗིད་ཅན་གྱི་ལས་འགུལ་དེར་གདུང་སེམས་མཉམ་བསྐྱེད་དང་། ལྷག་པར་དུ་ཁོང་རྣམ་པའི་ཞལ་ཆེམས་དང་དགོངས་འདུན་ཇི་ཡོད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱལ་ཐུབ་ཐབས་དང་། ཨ་རིའི་དམངས་ཁྲོད་དུ་གནས་ཚུལ་ཇི་མ་ཇི་བཞིན་གོ་རྟོགས་སྤེལ་རྒྱུའི་ཆེད་ཡིན།” ཞེས་གསལ་འདུག

ལས་འགུལ་འདི་ཟླ་འདིའི་ཚེས་ ༣༠ ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། འདི་ནི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་སྒྲིག་ཞུས་པའི་ལས་འགུལ་ཐེངས་ ༡༩ བ་དེ་ཡིན་པ་རེད། དེའི་སྐོར་གནས་ཚུལ་ཞིབ་ཕྲ་མཁྱེན་རྟོགས་དགོས་མི་རྣམས་ནས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པསི་ཚོགས་གཙོ་བྷེན་ཇ་མིན་ (Benjamin Cox) cell # ༼༧༧༣༽398 1178 , ངག་དབང་ནོར་བུ་ ༧༨༡ ༥༧༢ ༥༦༡༡ ༼༧༨༡༽ 572 5611 གློག་འཕྲིན་ཁ་བྱང་ ngawang16@yahoo.com དང་། རྒྱུན་ལས་བསྟན་འཛིན་རྣམ་རྒྱལ། ལག་འཁྱེར་ཁ་པར་ཨང་གྲངས་ ༣༡༧ ༦༥༤ ༩༧༤༢ ༼༣༡༧༽ 654 9742 ཐོག་འབྲེལ་བ་ཞུ་དགོས་ཡོད་འདུག

གོམ་བགྲོད་སྐབས་ཀྱི་པར་རིས་ཁག་གཤམ་གསལ།

ད་དུང་ཉིན་རེའི་ལས་རིམ་དང་པར་རིས་སོགས་གཟིགས་ན་གཤམ་གྱི་དྲ་བ་ལ་ཕེབས་རོགས།
www.circlethebayfortibet.org

གསར་འགྱུར།

Post navigation

Previous Post: སྐད་འཕྲིན་དུ་བཀོད་པའི་རྩོམ། ཡུལ་དུས།
Next Post: མཚོ་གཏིང་གི་སྙན་ངག་གི་གྲོང་ཁྱེར།

Comment (1) on “བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད།”

  1. ཁྱབ་འཇུག says:
    2013-03-30 at 5:12 am

    ཧ་ཅང་བཟང་། རྒྱ་གཞུང་གིས་ནམ་ཡང་ཁ་གཡར་ས་རེ་བཙལ་ནས་ཉི་མ་འཁྱོལ་ཐབས་དང་ང་ཚོ་ཚང་མ་འཆི་རྒྱུར་སྒུག་བསྡད་ཡོད་པས་ང་ཚོར་རང་ལ་ཡོད་པའི་ཕྱིར་རང་བཙན་ལ་ལོག་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme