Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕུང་གསུམ་པ།

Posted on 2013-03-27 By ཁ་བརྡ་ 63 Comments on ཕུང་གསུམ་པ།

ཨོ་རྒྱན་ཉི་མ།

བསླུ་མེད་ལས་འབྲས་བདེན་པ་དངོས་པོའི་གཤིས། །
དེའི་ཚུལ་ཚངས་ལ་མ་ནོར་འདོམས་མཁས་པའི། །
སྲིད་ཞིའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ། །
སྙིང་གི་དང་མའི་དབུས་ནས་དད་པ་བརྩེགས། །

གང་གི་རྗེས་འཇུག་འཁོར་བ་སྤང་འདོད་རྣམས། །
ངེས་འབྱུང་བསམ་པས་ཟིན་པའི་བསླབ་ཁྲིམས་ཀྱིས། །
རང་ཉིད་ཞི་བདེའི་དཔལ་ལ་རོལ་བ་ཅན། །
ཉན་ཐོས་དགེ་འདུན་རྣམས་ལ་ཡང་དད་ཅིང་གུས། །

བདག་བས་གཞན་གཅེས་གཞན་དོན་ཁུར་འཁྱེར་ཏེ། །
སྲིད་པའི་རྒྱ་མཚོར་འཇུག་ལ་མི་ཞུམ་པའི། །
མཉམ་མེད་དོན་ཀུན་གྲུབ་པའི་ཐུགས་ཀྱི་སྲས། །
རྒྱལ་བའི་སྲས་ཀྱི་ཚོགས་ལ་གཏན་དུ་གུས། །

སྲིད་དང་ཞི་བའི་ཆོས་ཚུལ་འབྱམས་ཀླས་པར། །
དག་མཉམ་ལྟ་བའི་གདེངས་ལྡན་རྣལ་འབྱོར་གྱིས། །
སྤང་བླང་བྱ་རྩོལ་ལས་འདས་ལམ་མཆོག་ལ། །
ཅི་དགར་རོལ་བ་དག་ལ་ཅིའི་མི་དད། །

འོནདང་དུས་ངན་སྙིགས་མའི་ཡང་མཐའ་འདིར། །
གང་དུ་མཐོང་ཡང་མགོ་རེག་ཆོས་གོས་ཅན། །
ཇི་ལྟར་སེམས་ཀྱང་བསླབ་གསུམ་ནོར་གྱིས་དབེན། །
ལྐོགས་ནས་བྱི་ཕྲུག་གསོ་ལ་ཕོད་པ་ཅན། །

ད་དུང་བསྟན་པའི་དབུ་ཁྲིད་ཡིན་ནོ་ལོ། །
ཁྲེལ་དང་ངོ་ཚ་མེད་པའི་ཕུང་གསུམ་རྣམས། །
གདོང་པ་མཐུག་འདི་ཕྱུག་དང་ཁྱད་པར་མེད། །
ཧམ་པ་ཚ་བ་གདོན་གྱིས་སྨྱོས་པ་འདྲ། །

ནོར་ཐོབ་ཡོད་ན་གང་ལའང་མི་ཞུམ་པའི། །
བླུན་པོའི་་ཁྱུ་ཚོགས་རྗེས་སུ་འཇུག་པ་ལ། །
ནམ་ཡང་དུང་བ་མེད་ལ་རེ་བ་མེད། །
རང་རང་ལས་ཀྱིས་བྲེལ་འདི་འོས་ཤིང་འཐད། །

སྔོན་བྱོན་མཁས་གྲུབ་བྱེ་བའི་བྱས་རྗེས་ཕུང་། །
ད་ལྟའི་བསྟན་པའི་འོས་འགན་གཏིང་ནས་ཕུང་། །
མ་འོངས་སྐལ་ལྡན་བྱེ་བའི་བསྒོ་སྐལ་ཕུང་། །
ཕུང་གསུམ་བསྟན་བཤིགས་མིན་ན་སུ་ཞིག་ཡིན། །

བསྟན་རྩ་དམ་ཆོས་འདུལ་བའི་བསླབ་ཁྲིམས་ཕུང་། །
གཞན་ཕན་བྱང་ཆུབ་སེམས་དཔའི་ཉམས་ལེན་ཕུང་། །
ངེས་དོན་གསང་བ་སྔགས་ཀྱི་དམ་ཚིག་ཕུང་། །
ཕུང་གསུམ་གདོན་ཟོག་མིན་ན་སུ་ཞིག་ཡིན། །

ཆོས་བརྒྱུད་ཆེན་པོའི་ཞིག་གི་མགོ་རྣ་ཕུང་། །
ངེས་དོན་བཤེས་གཉེན་དག་གི་མན་ངག་ཕུང་། །
འགྲན་བྲལ་མི་རིགས་ཤིག་གི་རིག་གཞུང་ཕུང་། །
ཕུང་གསུམ་གདོན་འདྲེ་མིན་ན་སུ་ཞིག་ཡིན། །

ཉིན་མོ་དབུ་རེག་ཞབས་རྗེན་ཆོས་གོས་ཅན།།
མཚན་མོ་བྱི་རྐུན་ཀླད་དག་རྒན་པོའི་གཟུགས།།
སྐྱོན་ཐོག་མཛུབ་མོ་བཙུགས་ཀྱང་ངོ་ཚ་མེད།།
ཐོབ་དང་གོ་སའི་ཆེད་དུ་ཤི་ཡང་མཆོང་།།

འདི་ནི་ཕུང་གསུམ་སྤྱིའི་ཁྱད་ཆོས་ཡིན།།

 

ཞེས་པ་འདི་ནི་དགེ་འདུན་སྡེ་གཉིས་མ་ཡིན་པའི་ཕུང་གསུམ་པར་ཐེར་འདོན་དགོས་པའི་འབོད་བསྐུལ་ཞུས་ཏེ། ལོ་གཉིས་འཁོར་ལ་ཉེ་དུས་ཕུལ་བ་དགེའོ། །

 

རྩོམ་རིག

Post navigation

Previous Post: རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ།
Next Post: ཞེ་ལ་ཐོགས་པའི་ཁྱོད།

Comments (63) on “ཕུང་གསུམ་པ།”

  1. མྱི་དཀར says:
    2013-03-27 at 9:57 am

    སྙན་བའི་རྣ་ལུང་གཡོ་བའི་ལྷག་རླུང་ཞིག།
    ལྷོ་མཐའི་ཆུ་འཛིན་གསེབ་ནས་ངང་གིས་བརྡོལ།།
    ཁྱོད་གསུང་ཚིག་གི་མདའ་མོ་ཕྱོགས་བཞིར་འཕེན།།
    སུ་དང་གང་ལ་ཕོག་པ་ཕུང་གསུམ་མོ།།

  2. མྱི་དཀར says:
    2013-03-27 at 10:18 am

    དམ་ཆོས་འདུལ་བའི་རྩ་བཞི་ཆུ་ལ་བསྐྱུར། །
    སྔགས་སེམས་དམ་ཚིག་ཡོད་ཚད་རླུང་ལ་བསྐུར། །
    རྩ་བའི་བླ་མའི་རེ་བ་མེ་ལ་བསྲེགས། །
    ཁྲི་སྟེང་བཞག་ཀྱང་སྙིགས་ཁྲོད་དུ་རིལ། །
    ཕུང་གསུམ་མཐར་ཐུག་ངོ་ཚ་མེད་དེ་སུ། །

  3. མྱི་དཀར says:
    2013-03-27 at 10:20 am

    གད་སྙིགས་ཁྲོད་དུ་རིལ། །ཞེས་པ་བཅོས

  4. མེ་ཏོག་དཀར་པོ says:
    2013-03-27 at 10:51 am

    རང་ཉིད་གང་ནས་སྐྱེ་ཡིན་ཆ་མེད་ལ།།
    སུ་ཡི་སྐྱེ་སྲིད་བཟུང་བར་མི་ཤེས་པར།།
    སྤྲུལ་སྐུ་ཡིན་ཞེས་མངོན་རློམ་ཤུགས་དྲག་གིས། །
    གཞན་ལ་དམའ་འབེབས་བྱེད་འདི་མ་རབས་ངེས།།

    དགོས་པའི་ཀ་ཁ་ག་ང་མི་ཤེས་སོ།།
    མི་དགོས་ཆགས་སྡང་རྨོངས་གསུམ་ཀློང་ནས་རྡོལ།།
    བལྟས་ངན་བརྒྱད་ཅུ་གྱ་གཅིག་ངོ་མ་སྟེ། །
    སྤྲུལ་སྐུ་ཟེར་དུས་སྙིང་ནས་ཁོང་ཁྲོ་ལང་། །

    དམ་ཆོས་འདུལ་བ་བཟང་ན་ཉམས་སུ་ལོངས།།
    བྱང་སེམས་བསླབ་པ་མཆོག་ན་བསླབ་སྡོམ་སྲུངས།།
    གསང་སྔགས་བླ་ན་མེད་ན་དམ་ཚིག་ལོངས།།
    གཞན་ལ་མཛུབ་མོ་བཙུག་རྒྱུ་ཉུང་ཞིག་ཝེ།།

    སྟོན་པ་བླ་ན་མེད་པའི་བསྟན་པ་འདིར།།
    བསྟན་འཛིན་དམ་པའི་ཉི་ཟླ་ཡོད་བཞིན་དུ།།
    འོས་འགན་མེད་པའི་འུག་པ་རྒན་པོ་ཁྱོད། །
    དག་ཐེར་དགོས་པའི་ཁྲེལ་གཏམ་མ་སྨྲ་ཞིག །

  5. དྲན་དཀར་དཔལ་ཡོན་ says:
    2013-03-27 at 11:27 am

    ཨོ་ཉི་བྱོན་པ་ལེགས། ཐེར་འདོན་གྱི་ལས་ཀ་ཁས་བླངས་ཏེ་ཞུགས་པ་བཟང་། འོན་གྱང་ཕུང་གསུམ་པའི་མིང་དང་པར་སོགས་བཀོད་ནས་ཐེར་འདོན་བྱས་ན་ད་གཟོད་དུས་རབ་ཉེར་གཅིག་པའི་ཐེར་འདོན་པ་ཆགས་པ་རེད་ལ། སྐུལ་བ་པོའི་དོན་ཡང་གྲུབ་པ་རེད།

  6. འདྲེ་རྐང་ཐོ། says:
    2013-03-27 at 12:09 pm

    རང་ཉིད་སུ་ཡིན་མི་ཤེས་ཕུང་འདྲེ་ཞིག །
    བདག་པོར་ངོ་ལོག་བྱེད་པའི་ཁྱི་སྨྱོན་ཞིག །
    དུག་གི་ལྕེ་ཅན་སྦྲུལ་ནག་མགོ་ལེབ་པ། །
    ཁྱོད་ལས་ཕུང་གསུམ་པ་ཞིག་སུ་ཞིག་ཡོད། །

    ཁས་བླངས་ཆོས་ཁྲིམས་གཡུག་སྟེ་སྐྱ་སར་བབས། །
    གཡོ་སྒྱུས་སྤྲུལ་སྐུ་རྫུན་མའི་གདོང་འབག་གྱོན། །
    མི་ཆོས་འགལ་ཏེ་གཞན་གྱི་མནའ་མོ་བརྐུས། །
    དོན་ལ་ཕུང་གསུམ་པ་དེ་ཁྱོད་རང་ཉིད། །

    རྨོངས་པའི་མལ་དུ་གཉིད་པའི་སྐྱེ་བོ་འགར། །
    མར་གི་དམྱལ་བར་གཡུག་པའི་ལོག་བཤད་ཀྱིས། །
    ངལ་བས་བསགས་པའི་རྒྱུན་ནོར་ཧམ་པས་ལེན། །
    ཁྱོད་ལས་ཕུང་གསུམ་པ་ཞིག་གང་ན་ཡོད། །

  7. ཨོ་རྒྱན་ཉི་མ། says:
    2013-03-27 at 1:13 pm

    བསྟན་པ་རིན་ཆེན་གླིང་དུ་ཕྱིན་ན་ཡང་། །
    བསྟན་དོན་ནོར་བུ་མ་རྙེད་སྟོང་ལོག་མཁན། །
    བསྟན་པའི་ཞབས་འདྲེན་ཕུང་གསུམ་གཏེ་བོ་དག །
    བསྟན་པ་འདིའི་དགྲ་བོ་དང་མ་ཡིན། །

  8. ཨོ་རྒྱན་ཉི་མ། says:
    2013-03-27 at 1:32 pm

    ཆུང་མ་བརྐུས་དང་འཕྲོག་པ་མ་ཡིན་ལ། །
    གཞན་ནོར་བཅོམ་པའི་སྤོབས་པ་དེ་བས་མེད། །
    དགེ་འདུན་སྡེ་གཉིས་གང་དུ་མི་གཏོགས་པའི། །
    ཕུང་རྒན་ཕུང་གསུམ་མིན་པར་ཡིད་ཆེས་ཡོད། །

  9. བན་དེ་བ། says:
    2013-03-27 at 3:13 pm

    བླ་མའི་བཀའ་ལས་འདས་པས་སྔགས་པ་མིན།
    སོར་སྡོམ་སྟུ་སྒོར་འཕངས་བས་བཙུན་པ་མིན།
    མཐོན་པོའི་ཁྲི་ལ་འགྱིང་བས་སྐྱ་བོ་མིན།
    སྐྱ་མིན་སེར་མིན་སྔགས་མིན་ཕུང་སུམ་ཁྱོད།

    བདེར་གཤེགས་བཀའ་ལས་འདས་པས་སྔགས་འཆང་མིན།
    སོར་སྡོམ་སྟུ་སྒོར་བཏང་བས་བཙུན་པ་མིན།
    སོར་བྱང་བསྟན་པ་བཤིག་པས་ནང་པ་མིན།
    ཕྱི་ནང་དགེ་སྔགས་གང་མིན་ཕུང་གསུམ་ཁྱོད།

    ཁོག་སྟོད་སྡོམ་པ་མེད་པས་ཁོག་སྟོང་ཡིན།
    ཁོག་སྨད་ཡོན་ཏན་མེད་པས་རྐྱལ་སྟོང་ཡིན།
    བར་དུ་ཆགས་སྡང་གང་བས་དགེ་སྦྱོར་མིན།
    ད་དུང་གཞན་ལ་བསླབ་པ་ཕུང་གསུམ་ཁྱོད།

    འདོད་ཆགས་ཚིམས་མེད་སྤྱོད་བཞིན་ཆོག་ཤེས་བཤད།
    ཆགས་སྡང་རྒྱུད་ཀྱིས་བརླན་བཞིན་གདམས་པ་བཤད།
    བསྟན་པ་རྨེངས་ནས་བཤིག་བཞིན་དག་ཐེར་བཤད།
    ཕུང་གསུམ་ཁྱོད་ཀྱི་གཏམ་རྣམས་རླུང་ལ་བསྐུར།

  10. ཨོ་རྒྱན་ཉི་མ། says:
    2013-03-27 at 3:51 pm

    བདེ་གཤེགས་དམ་པའི་བཀའ་དང་རྗེས་འཇུག་གི།།
    བསྟན་བཅོས་ཡོད་ཚད་བཤུས་ནའང་མི་ཚིམས་པར།།
    ད་དུང་བན་དེ་རྣམས་ལ་དམོད་ཕོད་པའི།།
    བོན་པོ་ཞེས་པ་དྲིན་ལན་ལོག་འཇལ་མཁན།།

  11. མྱི་དཀར says:
    2013-03-27 at 8:38 pm

    བསྟན་པ་བཤིག་ཅེས་པ་གྲི་དང་མེ་མདའ་ཁུར་ནས་བཤིག་མི་དགོས་ཤིང་དོན་དམ་པའི་ནང་གི་བསྟན་པ་རང་རྒྱུད་ཀྱི་སྡོམ་པ་དམ་ཚིག་བཤིག་ནའང་འདྲ། གཞན་རྒྱུད་ཀྱི་སྡོམ་ཁྲིམས་བཤིག་པ་ཐམས་ཅད་བསྟན་པ་བཤིག་པའི་གྲལ་དུ་བགྲང་འོས་སོ། །

  12. མྱི་དཀར says:
    2013-03-27 at 11:34 pm

    དོན་དམ་བའི་བསྟན་པ་ཞིག་གཞི་མ་གྲུབ་བསྟན་བཤིག་དང་མི་བཤིག་ཟེར་བ་དེ་བསྟན་པ་ལ་འཇུག་བའི་སྒོ་ནས་བསྟན་བའི་བྱ་བ་ལ་རབ་འདགས་བྱེད་མ་ཐུབ་པ་མ་ཟད་བསྟན་ལ་གནོད་བའི་འགྲིག་འགལ་གྱི་བྱ་བ་སོགས་ལ་འབད་ན་བསྟན་བཤིག་ཟེར་རོ།

  13. བན་དེ་བ། says:
    2013-03-28 at 12:02 am

    ༧༽ ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ གི་ཆུ་ཚོད་ ༡༣ སྐར་མ་ ༡༣
    བསྟན་པ་རིན་ཆེན་གླིང་དུ་ཕྱིན་ན་ཡང་། །
    བསྟན་དོན་ནོར་བུ་མ་རྙེད་སྟོང་ལོག་མཁན། །
    བསྟན་པའི་ཞབས་འདྲེན་ཕུང་གསུམ་གཏེ་བོ་དག །
    བསྟན་པ་འདིའི་དགྲ་བོ་དང་མ་ཡིན། །༽

    བསྟན་པ་རིན་ཆེན་རྣམ་གླིང་དགོན་ནས་བླངས་ན་ཡང།
    བསྟན་པའི་རྩ་བ་སོར་སྡོམ་མཆིལ་མ་བཞིན་དུ་དོར།
    བསྟན་པ་རིན་ཆེན་གླིང་ནས་ལག་སྟོང་ཡོང་བ་པོ།
    བསྟན་བཤིག་ཕུང་གསུམ་ཁྱོད་ཉིད་ཤེས་པར་གྱིས།

  14. བན་དེ་བ། says:
    2013-03-28 at 12:03 am

    བསྟན་བཤིག་ཕུང་གསུམ་གཏེ་བོ་ཁྱོད་ཉིད་ཤེས་པར་གྱིས། ཞེས་སུ་བཅོས་རོགས།

  15. མེ་ཏོག་དཀར་པོ says:
    2013-03-28 at 1:25 am

    སྤྲུལ་སྐུ་ཡིན་པ་རང་གིས་མ་ཤེས་ཤིང་།།
    སྐྱེ་སྲིད་ཡིན་པའི་དན་རྟགས་ཅང་མེད་པར།།
    སྤྲུལ་གོག་མིང་འོག་དད་ལྡན་ཉམ་ཆུང་གི །
    རྒྱུ་ནོར་ཐལ་བར་བགམ་འདི་ཕུང་གསུམ་དངོས།།

  16. ཨོ་རྒྱན་ཉི་མ། says:
    2013-03-28 at 2:06 am

    བན་དེའི་གྲལ་དུ་ལོ་མང་ཞོ་ཤས་འཚོས། །ཤེས་བྱའི་ཡོན་ཏན་མ་ལུས་བསླབ་ལ་བརྩོན། །རང་མགོ་ཐོན་དུས་བན་ལ་སྡང་བ་དག །ལུགས་གཉིས་གང་ལ་ལྟོས་ན་དགྲ་བོ་ཡིན། །

  17. བན་དེ་བ། says:
    2013-03-28 at 2:17 am

    བན་དེའི་གྲལ་དུ་ལོ་མང་བསླབ་ཁུལ་བྱས།
    བན་གཟུགས་ཙམ་ལས་སེམས་པ་བུ་མོར་ཤོར།
    མཐའ་མར་བསླབ་པ་བློས་བཏང་བན་དེར་དམོད།
    ལུགས་གཉིས་གང་ལས་ལྟས་ཀྱང་བསྟན་བཤིག་དངོས།

  18. མེ་ཏོག་དཀར་པོ says:
    2013-03-28 at 3:04 am

    སྤྱི་ཡི་བླ་མ་༧གོང་ས་ཉི་མ་དང་།།
    རང་སོའི་བླ་མ་སྐར་ཚོགས་ཤིན་ཏུ་མང་།།
    དེ་འདྲས་བསྟན་དོན་མི་ཤེས་རློམ་འོག་ནས།།
    ཨོ་ཉི་སྲིན་འབུས་ཕྱོགས་ཀུན་ངུ་སྒྲས་བཀང་།།

  19. གཙན་ནག་པ། says:
    2013-03-28 at 3:10 am

    བསྟན་སྲིད་མཛད་འཕྲིན་བསྐྱོངས་རྒྱུ་སྟོང་པར་བཞག །
    བསྟན་འཛིན་སྐྱེས་བུའི་མཚན་ཅན་འདི་རྣམས་ཀྱིས།།
    གཞན་ལ་འཛུབ་མོ་གཅིག་གིས་སྟངས་ཀ་བྱེད།།
    རང་ལ་འཛུམ་མོ་གསུམ་གྱིས་ཁྲོས་གད་བྱེད།།

  20. མྱི་དཀར says:
    2013-03-28 at 3:36 am

    ལོ་ཤས་གྲྭ་པའི་གསེང་དུ་འཚོ་བ་བསྐྱལ། །
    བླ་སྤྲུལ་མིང་འོག་ཁྱིམ་པ་སུན་འབྱིན་སོགས། །
    བསྟན་པ་བཤིགས་པའི་རྣམ་གྲངས་བརྗོད་མི་ལོང་། །
    མཆོང་ནོར་གཅིག་གིས་ཡུག་སའི་མལ་སར་རིལ། །
    སྡོམ་པ་དམ་ཚིག་རྒན་མོའི་སྟུ་ནང་ཤོར། །
    བླ་ལོག་སྤྲུལ་ལོག་གྲྭ་ལོག་བན་ལོག་སོགས། །
    ལོག་པ་བཅོ་བརྒྱད་ཉེས་དམིགས་རི་བས་ལྕི། །
    ད་དུང་མནར་མེད་འགྲོ་བའི་ཆས་ཀ་རུ། །
    སྡིག་པའི་སྲང་ཁ་ཅུང་ཟད་མ་གང་བས། །
    གྲུབ་མཐའི་རུ་ཏྲས་ངག་སྡིག་ཉིན་བཞིན་གསོག །
    ངོ་ཚས་དབེན་ཏེ་རབ་བྱུང་སྡེ་ལ་གཤེ། །
    ཕུང་གསུམ་འདི་ཉིད་རི་བོང་ཁ་ཤོ་འདྲ། །

  21. མེ་ཏོག་དཀར་པོ says:
    2013-03-28 at 4:32 am

    རབ་བྱུང་མིན་པས་ཡིན་མདོག་དེ།།
    གལ་ཏེ་ཕུང་གསུམ་ཡིན་འགྱུར་ན།།
    སྤྲུལ་མིན་སྤྲུལ་སྐུ་ཡིན་མདོག་དེ།།
    ཕུང་གསུམ་མིན་ན་ཅི་ཞིག་རེད།།

    དམ་པར་སྨད་པས་བསོད་དེ་སྐམ།།
    སེམས་བསུན་འབྱིན་པས་རླུང་རྟ་གུད།།
    འཆལ་གཏམ་སྨྲ་བས་ཡོད་ཚད་ཀྱིས།།
    ཁྱོད་ལ་ཉན་པ་ཇི་ལྟར་འགྱུར།།

    གྲོགས་ཀྱེ་ཁ་ལ་བདག་པོ་རྒྱོབས།།
    རང་གིས་རང་ལ་ཞུ་དག་གཏོང་།།
    ལྷམ་མཐིལ་ཙམ་གྱི་ཀོ་བ་ཡིས།།
    ས་སྟེང་གཡོག་ལ་བརྩོན་ན་ལེགས།།

    དམ་པའི་ཆོས་ཀྱི་གཙོ་བོ་མཆོག །
    སེམས་ཀྱི་གསང་འདི་ཤེས་གྱིས་ལ།།
    དོན་མེད་གཞན་སེམས་དཀྲུག་པ་འདིས།།
    མང་མང་ངན་སོང་འགྲོ་བའི་རྒྱུ།།

  22. ཨོ་རྒྱན་ཉི་མ། says:
    2013-03-28 at 9:31 am

    ང་ལམ་བར་དུ་་་་་་་་་་་རླངས་འཁོར་ནང་ཡོད་་་་་་་་་གཞུག་ནས་ཞུ་ཆོག་གྲོགས་པོ་ཚོ།

  23. ཨ་ཕྱི་ཆོས་སྒྲོན says:
    2013-03-28 at 10:13 am

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེས། །
    མཁའ་འགྲོ་སྒྲོན་དཀར་ཨ་དཀོན་སློབ་ཚོགས་ལ། །
    ཆོག་ཤེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །
    ནུབ་ཕྱོགས་བསམ་ཡས་དགོན་པའི་སྐྱབས་མགོན་ལགས། །

    འོན་ཀྱང་ལས་མེད་དྲ་འབི་གདོན་གཟུགས་རིགས། །
    དྲ་འབག་འདྲེ་གདོན་བསླུས་པ་མ་ཤེས་བཞིན། །
    ཉེས་མེད་མི་ལ་སྒྲོ་བཀུར་ཅོ་འདྲི་སོགས། །
    ཆོས་དང་འཇིག་རྟེན་འགལ་བའི་ལས་ངན་བསགས། །

    ཀྱེ་མ་གདོན་གཟུགས་བོན་པོ་ཁ་ཐོར་དང་། །
    ཕོ་རྒྱོ་ཕུང་གསུམ་ལྟས་ངན་ལོག་ལྟ་འཁན། །
    རང་སྐྱོན་གཞན་ལ་གཡོག་མཁས་ཕུང་གསུམ་དག །
    ཟུང་ངུ་སྡང་ཡང་སྤྲུལ་སྐུ་བདེན་པར་རྒྱལ། །

  24. མེ་ཏོག་དཀར་པོ says:
    2013-03-28 at 10:32 am

    ཨ་ཕྱི་ཆོས་སྒྲོན་ཟེར་བའི་རྐུབ་རལ་ཁྱོད། །
    རྒྱལ་བ་འབྲི་གུང་པ་ཡི་སྲུང་མ་ཡི། །
    མཚན་དེ་སྤྱད་ནས་ཕུང་རྒན་ཨོ་ཉི་ཡི།།
    རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་ཨ་རེ་སྐྱོ།།

  25. བན་དེ་བ། says:
    2013-03-28 at 10:33 am

    ཕོ་གཟུགས་མོ་རུ་བརྫུས་པའི་འབག་འདྲེ་མོ།
    ཀརྨ་དུས་གསུམ་མཁྱེན་ལ་དགྲ་རུ་བལྟ།
    དགེ་ལྡན་བསྟན་ལ་མི་རུང་དམོད་པ་འདེབས།
    མེས་པོའི་བོན་སོགས་བསྟན་པའི་སྤྱི་དགྲ་ཡིན།

    རྫུས་མས་རྫུས་མར་བསྟོད་པ་འདི།
    རང་རྐུབ་སྐྱག་པས་བསྐྱག་དང་མཚུངས།
    འདི་དག་ནམ་ཡང་ཉེ་བར་བྱ་མི་རུང།
    སྲིན་མོའི་གཟུགས་སྐྱེས་སྙིང་རྗེའི་ཡུལ།

  26. བོད་ལ་ཞེན། says:
    2013-03-28 at 3:36 pm

    ཨོ་རྒྱན་ཉི་མ་ནི་འབྲུག་གྲགས་པ་ཁོ་ན་མ་གཏོགས་ཆར་པ་འབབ་རྒྱུ་མེད་པ་ཞིག་རེད་འདུག ཁོ་རང་གིས་བཤད་པ་ལྟར་ལོ་གཉིས་ཙམ་ལ་ཕུང་གསུམ་པའི་གཏེ་པོ་ཚོ་སུ་དང་སུ་ཡིན་གྱི་མིང་། ཕུང་གསུམ་པ་ཡིན་སྟངས་བཅས་བསྟན་གྱི་ཡིན་ཟེར་ནས་ད་བར་སུ་གཅིག་བསྟན་རྒྱུ་མི་འདུག ད་ནས་བཟུང་ཡང་མིན་ན་ཕུང་གསུམ་པའི་གཏེ་པོ་དེ་དང་དེ་རེད། རྒྱུ་མཚན་དེ་རེད། དཔང་རྟགས་དེ་ཡིན་ཟེར་བ་ཚང་མ་བློ་མགུ་ཐག་ཆོད་ཅིག་སྟོན་ཤོག ཡང་མིན་ན་ཀུ་ཅོ་མ་སྒྲོགས་པར་ནག་མོའི་རུམ་ནང་ཉལ་ནས་བསྡོད་ཅིག

  27. འདྲེ་རྐང་ཐོ། says:
    2013-03-28 at 4:25 pm

    བསོད་ཟད་ནང་གི་བསོད་ཟད། །
    ལས་ངན་ནང་གི་ལས་ངན། །
    ཕོ་ཡི་ལུས་ལ་མོ་ཡི་གཟུགས་ཅན། །
    ཨ་ཕྱི་ཨོ་ཉི་ཁྱོད་གཉིས་སྙིང་རྗེ། །

  28. ཨ་ཕྱི་ཆོས་སྒྲོན says:
    2013-03-28 at 5:43 pm

    མི་ཡི་ལུས་ལ་འདྲེ་ཡི་སེམས། །
    དོན་མེད་རྐང་ཐོ་གཞན་ལ་གཡུག །
    བསོད་ཆེན་མི་ལ་ཁ་ངན་བཏངས། །
    ཕུང་གསུམ་རྒྱུག་ཁྱི་ཡིན་པར་ཐལ། །
    བོན་རྒན་ཨ་ཕྱིའི་སྐྱག་འབི་ཡང་། །
    བོན་རྣམས་བསྟན་པའི་སྤྱི་དགྲ་ཡིན། །
    ཟེར་བའི་སྔ་ཕྱི་ཚིག་འགལ་སྨྲ། །
    སྐྱག་འབི་ལས་ངན་ཤ་རེ་ཚ། །

  29. ཨོ་རྒྱན་ཉི་མ། says:
    2013-03-28 at 6:44 pm

    འབྲུག་གྲགས་པ་ལས་ཆར་མེད་པ་ལྟར་སྣང་བ་དེ་ཁྱེད་རང་བསྒུག་ཡུན་རིང་དྲགས་ཡིན་རྒྱུ་རེད། རེད་དེ་ངས་ལམ་སང་མིང་བཏོན་རྒྱུ་མིན། ན་ནིང་བཏོན་ཟིན་པ་དག་ནི་ངེས་པའོ། །

  30. བན་དེ་བ། says:
    2013-03-28 at 9:04 pm

    དང་པོར་འབྲི་གུང་རྫུས་ཤིང་ད་ལྟ་བོན་དུ་རྫུས།
    ཐམས་ཅད་ཀུན་ཏུ་འགྱུར་བའི་ཨ་ཕྱི་འདྲེ་མོ་ཁྱོད།
    ཨ་རྫུས་ཡང་རྫུས་བྱས་ཏེ་བསྟན་པ་ནང་དཀྲུགས་བྱེད།
    བརྩིག་རྡོའི་ནང་གི་རྡོ་རིལ་ཡིན་པར་ཤེས་པར་བྱོས།

  31. མེ་ཏོག་དཀར་པོ says:
    2013-03-28 at 9:14 pm

    བོད་ལ་ཞེན་གྱིས་བཙིར་སྟངས་ཞིག་གིས།།
    ཨོ་ཟོབ་རྐུབ་ནས་རྟུག་དྲི་ཤོར་ཐལ།།
    ཁ་ཤོབ་འུད་སྒྲོགས་རི་ཀླུང་བཀང་རྗེས།།
    ཉྭ་འདར་རྐང་འདར་ངོ་ཚ་མིན་ནམ།།

  32. ཨོ་རྒྱན་ཉི་མ། says:
    2013-03-29 at 2:06 am

    བདེན་པའི་རྒྱལ་རྔ་ཤར་ནུབ་ཀུན་ལ་བརྡུང་།།
    མི་འཇིགས་སེང་གེའི་སྒྲ་ཡང་ཕྱོགས་བཞིར་བསྒྲགས།།
    ཕུང་གསུམ་མིན་ན་ཁ་རོགས་མ་འདུག་ཅིག།
    སྐྱོན་སེལ་དག་ཕུད་ཆེད་དུ་མཆོང་ལ་ཤོག།

  33. འདྲེ་རྐང་ཐོ། says:
    2013-03-30 at 12:16 am

    བོང་ལིའི་སྟུ་དང་རྭ་མའི་སྟུ། །
    པ་ཅོའི་སྟུ་དང་ཁྱི་མོའི་སྟུ། །
    ཙི་ཙིའི་སྟུ་དང་ཀླུ་གཏོར་སོགས། །
    ཨ་ཕྱི་ཁྱོད་གཉིས་ཁ་ལ་ཕོངས། །

  34. ཨ་ཕྱི་ཆོས་སྒྲོན says:
    2013-03-30 at 7:30 am

    རེ་བ་ཅན་གྱི་མི།
    ཤ་གསེང་རུས་པ་བོད་ལ་དཀར་བ་ཞིག།
    རྣམ་དཔྱོད་རིག་པ་གཞུང་ལ་མཁས་པ་ཞིག།
    ཁ་བཤད་ལག་ལེན་དོན་ལ་གནས་པ་ཞིག།
    ཆོས་བརྒྱད་སྙན་གྲགས་རེ་འདུན་མེད་པ་ཞིག།
    རིག་གཞུང་སྐད་ཡིག་རྣམས་ལ་མཁས་པ་ཞིག།
    སྤྱི་སེམས་ཚོར་བས་ནང་ནས་ཚོས་པ་ཞིག།
    ཆོས་ལུགས་ཕག་ན་ཆབ་སྲིད་མེད་པ་ཞིག།
    སྤྲུལ་སྐུ་སྟོང་ལས་དགའ་བའི་མཁན་པོ་ཞིག།

    ཕ་རྒན་བྱ་རྒྱལ་ཁྱུང་གི་རྒྱུ་འཛིན་ཞིག།
    དུས་བསྟུན་ལུགས་བསྒྱུར་སྤོབས་པའི་དཔའ་བོ་ཞིག།
    ཕ་རྗེས་བུ་ཡིས་ཟིན་པའི་ངར་མ་ཞིག།
    ཆོས་པ་ཀུན་གྱི་གཙུག་ན་མཐོ་བ་ཞིག།

    མངོན་ཤེས་གྲུབ་རྫུན་གཡོ་ལྷད་མེད་པ་ཞིག།
    རུལ་སུངས་རིགས་ལ་དགག་རྒྱག་ཕོད་མཁན་ཞིག།
    གཞན་ཕན་ལག་རྗེས་སྲིད་ན་མཛེས་པ་ཞིག།
    ཨ་རོགས་ཁམས་པའི་མི་དྲི་བྲོ་བ་ཞིག།

    གནའ་དེང་འཇིག་རྟེན་མཐོང་རྒྱ་ཡངས་པ་ཞིག།
    གྲྭ་རྐྱང་དཀྱུས་མའི་རྣམ་ཐར་སྐྱོང་མཁན་ཞིག
    མི་གཞི་རང་ཚུགས་ཐུབ་པའི་དཔྱོད་ལྡན་ཞིག།
    བླ་བྲང་རྫིག་པོའི་མིང་བྱང་མེད་མཁན་ཞིག།

    མཁས་བཙུན་བཟང་གསུམ་མིག་དཔེ་ལྟ་ས་ཞིག།
    གཟུར་གནས་སྐྱེ་བོས་བསྔགས་བརྗོད་འཐོར་ས་ཞིག།
    ཤཱཀྱ་མུ་ནེའི་རྣ་བ་བསྟོད་མཁན་ཞིག།
    གོ་ལ་འདི་ཡི་མཛེས་རྒྱན་ངོ་མ་ཞིག།

    དུས་རབས་རྟོག་པ་སད་པའི་དགེ་སློང་ཞིག།
    སྤྱི་ཚོགས་ཕན་བདེ་སྒྲུབ་པའི་བྱང་སེམས་ཤིག།
    གུ་ཡངས་ལྟ་བ་རྟོགས་པའི་ཕོ་རབས་ཤིག།
    མངལ་ནས་སྐྱེས་གོ་ཆོད་པའི་བུ་གཅེས་ཤིག།

    ས་དགེ་བཀའ་རྙིང་མེད་པའི་རིས་མེད་ཅིག།
    ཆོས་ལུགས་ཀུན་ལ་དག་སྣང་སྦྱོང་མཁན་ཞིག།
    མགོ་ཐོག་བཀུར་བར་འོས་པའི་སྐྱབས་གནས་ཤིག།
    ཞབས་རྗེས་འདི་རུ་ཆེ་བའི་རབ་བྱུང་ཞིག།

    གསེར་ཁྲི་དངུལ་ཁྲི་རྒྱས་སྤྲོས་མེད་མཁན་ཞིག།
    མདོ་སྔགས་སངས་རྒྱས་ཆོས་ལ་མཁས་པ་ཞིག།
    དམ་ཆོས་འདུལ་བའི་ཚུལ་ཁྲིམས་གཙང་བ་ཞིག།
    ཤཱཀྱ་མུ་ནེའི་རྒྱལ་ཚབ་ངོ་མ་ཞིག།

    བཀྲ་ཤིས་འགྱུར་ཀྱིས་༢༠༡༣་ཟླ་བ་༣་ཚེས་༢༦་ལ་ཝཱ་ཎ་ཞི་འཚོ་དཔེ་མཛོད་ཁང་ནས་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་གསུངས་རབས་བཀླགས་རྗེས་བྲིས།

  35. བན་དེ་བ། says:
    2013-03-30 at 8:26 am

    ༼ཆོས་ལུགས་ཀུན་ལ་དག་སྣང་སྦྱོང་མཁན་ཞིག།༽
    ཧཧཧ
    རང་ལྟར་ཆགས་ཤིང་གཞན་ལྟར་སྡང་མཁན་ཞིག
    ཀུན་གྱིས་འཕྱ་སྨོད་བྱེད་སའི་སྤྲུལ་རྫུས་ཞིག
    ཨ་ཕྱི་རྐུབ་རལ་ཁོ་ནས་བསྟོད་ཡུལ་ཞིག
    མཐོ་དམན་བཟང་ངན་མེད་པར་སྡང་མཁན་ཞིག

  36. ཨ་ཕྱི་ཆོས་སྒྲོན says:
    2013-03-30 at 9:39 am

    བོན་ཡིན་ཟེར་ནས་བན་དེར་ངན་སྨོད་བྱས། །
    བན་དེའི་མིང་ཁྱེར་བོན་ལ་བསྟོད་ཁུལ་བྱས། །
    གཉིས་ཀ་མེད་པའི་ཕུང་གསུམ་ལས་ངན་པོ། །
    ཨ་ཕྱིའི་སྐྱག་འབི་ལས་གཞན་འགྲོ་སར་དབེན། །

  37. བན་དེ་བ། says:
    2013-03-30 at 11:46 am

    བན་ཞེས་གོ་དོན་མ་རྟོགས་ཤིང།
    བོན་ཞེས་གོ་དོན་དེ་བས་རྨོངས།
    བན་བོན་དཀྲུགས་པའི་ཕུང་གསུམ་པ།
    ཨ་ཕྱི་བསྟན་དགྲ་ཁྱོད་ཉིད་དོ།

  38. ཨོ་རྒྱན་ཉི་མ། says:
    2013-03-30 at 7:57 pm

    བན་ལོག་་་་་་་་བོན་དུ་གྱུར་བ།

  39. ཨ་ཕྱི་ཆོས་སྒྲོན says:
    2013-03-30 at 8:35 pm

    བསྟན་འཛིན་ཨོ་རྒྱན་ཉི་མ་ལ། །
    བསྟན་དགྲ་བོན་རྫུན་མུན་ནག་གིས། །
    ནམ་ཡང་སྒྲིབ་པར་མི་འགྱུར་བས། །
    ཕུང་གསུམ་རྨོངས་མུན་མཐའ་ནས་སེལ། །

  40. བན་དེ་བ། says:
    2013-03-30 at 9:21 pm

    བོན་ལོག་བན་ལོག་སྐྱ་མིན་སེར་མིན་ཕུང་གསུམ་གྱི་ཚོགས་གཙོ་ཨོ་ཉི་དང།
    འབག་འདྲེ་སྲིན་མོ་བདུད་མོ་ཨ་ཕྱི་རྐུབ་རལ་གཉིས་ཐབས་ཤེས་འབྲེལ་ནས་བསྟན་པ་བཤིགས

  41. འདྲེ་རྐང་ཐོ། says:
    2013-03-30 at 11:42 pm

    སྨོན་ལམ་ལོག་པས་གངས་ལྗོངས་བསྟན་སྲིད་དང་། །
    ༧ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
    སྡང་བའི་མི་གཟུགས་གདོན་གྱི་སྙིང་ཁམས་ཅན། །
    ཁ་ནས་ཁྲག་དམར་རྒྱ་མཚོ་སྐྱུགས་གྱུར་ཅིག །

  42. མེ་ཏོག་དཀར་པོ says:
    2013-03-31 at 1:26 am

    ཕུང་གསུམ་གཙུག་གི་རྒྱན་གཅིག་ཉི་མའི་མཚན། །
    དེ་ཡི་རྒྱལ་ཐབས་འཛིན་ལ་དཔའ་བ་ཡི།།
    ཨ་ཡི་མིང་ཅན་འབྲི་གུང་རྐང་འཐེན་ཏེ།།
    ཡབ་སྲས་ཁྱོད་གཉིས་གཅིག་ལས་གཅིག་ལྷག་གོ །

  43. ཨོ་རྒྱན་ཉི་མ། says:
    2013-03-31 at 3:21 am

    འབྲི་གུང་པའི་སྲུང་མས་ང་ལ་སྡོང་གྲོགས་མཛད་ཀྱིན་འདུག་་་་་་་་ཧཧཧཧཧ

  44. ཨོ་རྒྱན་ཉི་མ། says:
    2013-03-31 at 3:27 am

    ༤༡༽ འདྲེ་རྐང་ཐོ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༠ གི་ཆུ་ཚོད་ ༢༣ སྐར་མ་ ༤༢
    སྨོན་ལམ་ལོག་པས་གངས་ལྗོངས་བསྟན་སྲིད་དང་། །
    ༧ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
    སྡང་བའི་མི་གཟུགས་གདོན་གྱི་སྙིང་ཁམས་ཅན། །
    ཁ་ནས་ཁྲག་དམར་རྒྱ་མཚོ་སྐྱུགས་གྱུར་ཅིག །
    དོན་མེད་བཤད་ཀྱི་མ་འདུག་་་་་བློ་ཁོག་ཡོད་ན་གདོང་ལ་ཐོན་ཤོག
    ང་རྒྱལ་བ་རིན་པོ་ཆེ་ལ་དད་ནི་ཞིག་ཡིན། ཁོང་ངའི་བླ་མ་ཡིན། དེ་ཙམ་དུ་མ་ཟད་ངའི་བླ་མར་བཀུར་ཚར་ནས་བཟུང་ངས་དེའི་སྐུ་གསུང་ཐུགས་ལ་འགལ་བའི་ལས་གང་ཡང་བསགས་མེད། དེ་ལས་གཞན་པ་ཕུང་གསུམ་པ་ལ་དུང་བ་གཏན་ནས་མེད། བོད་གངས་ཅན་པའི་སྲོག་རྩ་ཕུང་གསུམ་པས་གཅོད་ངེས་སོ། །བོད་ཀྱི་བསྟན་སྲིད་ལ་མཚོན་ན་དགྲ་ཆེ་ཤོས་ཕུང་གསུམ་པ་རེད།

  45. མེ་ཏོག་དཀར་པོ says:
    2013-03-31 at 4:02 am

    རེད། ཨོ་ཉི་༧གོང་ས་མཆོག་ལ་མ་དད་པ་ཟེར་ན་ངས་ཁས་ལེན་མི་ཐུབ། དེའི་ཕྱོགས་ནས་ཨོ་ཉི་ལ་བཤད་རྒྱུ་ཅང་མེད།

  46. ཨ་ཕྱི་ཆོས་སྒྲོན says:
    2013-03-31 at 4:47 am

    ཕྱི་ནང་བསྟན་མིན་ཕུང་གསུམ་བོན་པོ་དང་། །
    རབ་སྔགས་གང་མིན་ཕུང་གསུམ་བསྟན་དགྲ་དང་། །
    ལྷ་འདྲེ་གཉིས་མིན་ཕུང་གསུམ་དྲ་རྐུན་གྱི། །
    ཚེ་སྲོག་གཤེད་མ་སྤྲུལ་སྐུ་ཨོ་ཉི་ལེགས། །

  47. ཨ་ཕྱི་ཆོས་སྒྲོན says:
    2013-03-31 at 4:50 am

    འབྲི་གུང་བསྟན་སྲུང་གི་མིང་ལ་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཟེར་བ་ཁྱེད་ཚོས་ཤེས་དགོས་སོ། །

  48. བན་དེ་བ། says:
    2013-03-31 at 5:03 am

    ཕྱི་ལྟར་གདོན་གསུམ་ཚང་བའི་གཟུགས།
    ནང་ལྟར་འདྲེ་སྲིན་བྱུར་གསུམ་གཤེད།
    གསང་བ་ཕུང་་གསུམ་ཕོ་ཉ་མོ།
    ཁྱོད་ཀྱི་ཆོ་རབས་དེ་ལྟར་རོ།

  49. ཨ་ཕྱི་ཆོས་སྒྲོན says:
    2013-03-31 at 5:59 am

    ཕྱི་ལྟར་ངེས་འབྱུང་སྡོམ་པས་བཙུན། །
    ནང་ལྟར་གཞན་ཕན་བྱང་སེམས་ལྡན། །
    གསང་བ་རྡོ་རྗེ་འཇིགས་བྱེད་དངོས། །
    བན་དེའི་ཉམས་རྟོགས་དེ་ལྟར་རོ། །

    ཕྱི་རོལ་སྡང་བའི་དགྲ་བགེགས་མིན། །
    ནང་བསྟན་རྐུ་རྒན་བོན་པོ་མིན། །
    ངེས་དོན་བདེ་བཤེགས་བསྟན་པ་ལ། །
    མི་ཕྱེད་པའི་ཆོས་སྒྲོན་ལགས། །

  50. ཨ་ཕྱི་ཆོས་སྒྲོན says:
    2013-03-31 at 6:01 am

    མི་ཕྱེད་དད་པའི་ཆོས་སྒྲོན་ལགས། །

  51. བན་དེ་བ། says:
    2013-03-31 at 6:14 am

    གནམ་ལྕགས་རལ་གྲི་རྣོ་ངར་ཅིག
    ཡངས་པའི་མཁའ་ལ་བསྐོར་བ་ན།
    འདྲེ་སྲིན་བྱུར་གསུམ་ཚང་བ་མོ
    ཨ་ཕྱི་འབག་མོ་སྐད་ངན་ཤོར།

    དྲང་བའི་གཏམ་གྱི་རལ་གྲི་དེ།
    སྣང་མེད་མཁའ་ལ་འཕེན་ན་ཡང།
    མཚངས་ཆེན་ཨ་ཕྱི་འདྲེ་མོའི་མགོ།
    ཚལ་བར་གས་འདི་ཅི་བྱར་ཡོད།

    ཕྱི་ལྟར་ལྷ་འདྲེ་མི་རུ་རྫུས།
    ནང་ལྟར་དུག་གསུམ་ཁྲག་ལྟར་འཁོལ།
    གསང་བ་མ་རིག་འགོང་འདྲེ་མོ།
    ཕུང་གསུམ་མགོན་པོའི་ཕོ་ཉར་འགྱེད།

  52. མེ་ཏོག་དཀར་པོ says:
    2013-03-31 at 6:48 am

    ཆོས་སྒྲོན་ཟེར་ན་ཆོས་ཀྱི་སྒྲོལ་མའི་བསྡུས་མིང་རེད། རྐུབ་རལ་ཁྱོད་མིང་སོ་མ་ཞིག་ཁུར་ནས་ཤོག་དང་། ཚིག་མཚོན་གྱི་རྣོ་དབལ། ལུང་རིགས་ཀྱི་ཤེ་མོང་སོགས་འགྲན་ཆོག་མོད། དཔལ་རྒྱལ་བ་འབྲི་གུང་པའི་ཆོས་སྐྱོང་གི་མཚན་རྐུས་ནས་ཕུང་གསུམ་གཙུག་རྒྱན་གྱི་རྒྱབ་སྐྱོར་བ་སོགས་མ་རབས་ཐ་ཤལ་ལ་སྤྱད་ཀྱང་རི་དྭགས་རྔ་མར་ཞེད་ནས་བོང་ཤ་ལ་སྐྱོང་འཛུག་དཀའ་བས་སོ།།

  53. ཨ་ཕྱི་ཆོས་སྒྲོན says:
    2013-03-31 at 9:44 am

    ཀརྨ་དམར་ནག་ཁྲག་བཞིན་དཀྲུགས། །
    རྒྱལ་པན་བསྟན་པ་དུམ་གཉིས་གཏོར། །
    གསོན་བསྲེག་སྡིག་པའི་ལས་ལ་རྔམས། །
    ཕུང་གསུམ་བསྟན་པའི་བདག་པོ་ཆེ། །
    མེ་ཏོག་དཀར་པོ་མ་ཡིན་ནམ། །
    ཧ ཧ ཧ ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  54. མེ་ཏོག་དཀར་པོ says:
    2013-03-31 at 12:07 pm

    ཀརྨ་དམར་ནག་ཁྲག་བཞིན་དཀྲུག་སྟངས་ཅི།།
    མཐའ་ཡས་རྡོ་རྗེ་ཞྭ་དམར་དར་ཡུག་གཅིག །
    རྒྱལ་པཎ་བསྟན་པ་འོ་ཆུ་གཅིག་འདྲེས་ལ། །
    འདྲེ་མོས་བསྐལ་པར་འབད་ཀྱང་གནོད་མི་ཚུགས། །
    ཆབ་སྲིད་མིག་གིས་གཞིག་ན་མེར་སྲེག་འདི། །
    གསེར་གྱི་འབྲི་འོས་ལོ་རྒྱུས་རྫིག་པོ་ཡིན། །
    ཆོས་ནས་བལྟས་ན་ལེགས་པོ་ངས་མི་འདོད། །
    སྡིག་ལ་རྔམ་པ་ཁྱོད་དང་ཨོ་ཉི་ལས། །
    མེ་ཏོག་ང་མིན་འདིར་ཡོད་ཀུན་གྱིས་ཤེས།།
    འུག་པའི་ཧ་བགད་འདྲ་བའི་ཧ་ཧ་རྣམས།།
    ང་ལ་མི་དགོས་འདྲེ་མོ་ཁྱོད་རང་གི །
    མགུན་རྒྱན་ཆེད་དུ་ཁུར་ཅིག་མ་ར་ཡ། །

  55. བན་དེ་བ། says:
    2013-03-31 at 12:45 pm

    ཀརྨ་དམར་ནག་ཁྲག་བཞིན་དཀྲུགས། ། ༽ ཀརྨ་དམར་ནག་ཁྲག་བཞིན་དཀྲུགས་པའི་མཆན་མང་སྤེལ།
    རྒྱལ་པན་བསྟན་པ་དུམ་གཉིས་གཏོར། །༽ རྒྱལ་པཎ་བསྟན་པ་དུམ་གཉིས་གཏོར་འདོད་ལན་མང་སྨྲས།
    གསོན་བསྲེག་སྡིག་པའི་ལས་ལ་རྔམས། །༽ གསོན་བསྲེགས་ས་ཡའི་དཔའ་བོར་སྨོད་ཅིང་སྐུར་བ་བཏབ།
    ཕུང་གསུམ་བསྟན་པའི་བདག་པོ་ཆེ། །༽ ཕུང་གསུམ་ཕོ་ཉར་འགྱེད་དེ་མི་བརྫུ་དགུ་རུ་རྫུས།
    མེ་ཏོག་དཀར་པོ་མ་ཡིན་ནམ། །༽ དེ་ཉིད་སུ་ཞིག་ཡིན་མིན་དྲ་ཉུལ་ཀུན་གྱིས་ཤེས།
    ཧ ཧ ཧ ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  56. ཨ་ཕྱི་ཆོས་སྒྲོན says:
    2013-03-31 at 6:01 pm

    ཤྰཀྱའི་བསྟན་པར་དགྲ་རུ་བཟུང་། །
    པད་འབྱུང་བཀའ་ལས་དམ་ལོག་ཕྱིར། །
    བོན་གཤིན་སྟུག་པ་གསེར་དུ་མཐོང་། །
    གདོན་གཟུགས་རྟོག་ངན་མ་ཡིན་ནམ། །

  57. བན་དེ་བ། says:
    2013-03-31 at 9:27 pm

    ཤཀྱའི་བསྟན་ལ་དགྲ་རུ་བཟུང་བ་མེད། པད་འབྱུང་བཀའ་ལས་ལོག་ཀྱང་བྱ་ཐབས་ཅི།
    ཕ་དགྲ་བོན་གཤེད་འབག་མོའི་མིང་ཅན་འདི། བསྟན་པའི་གཤེད་མ་ཡིན་པས་འཇོག་ཐབས་མེད།

  58. མེ་ཏོག་དཀར་པོ says:
    2013-04-01 at 12:16 am

    རྒྱལ་བ་འབྲི་གུང་པ་ཡི་ཞབས་འདྲེན་ཁྱོད།།
    གདན་ས་བྱང་ཆུབ་གླིང་གི་ཕུང་འདྲེ་ཁྱོད།།
    མེར་སྲེག་དཔའ་བོར་མཐོང་ཆུང་ལྟ་མཁན་ཁྱོད།།
    ཨོ་རྒྱན་ཉི་མའི་གསོས་ཕྲུག་དྭངས་མ་ཁྱོད།།

  59. ཨོ་རྒྱན་ཉི་མ། says:
    2013-04-01 at 8:39 am

    པད་འབྱུང་གཏེར་ཆོས་ངག་ན་མཛའ་ན་ཡང་།།
    ཡིད་ལ་མི་འདོད་ཟུག་གཟེར་བདོ་བ་ཅན།།
    ཕྲག་དོག་ནུས་མེད་རང་སྲོག་གཤེད་མ་ཉིད།།
    ཡིན་པར་རྟོགས་ཤིག་བན་བསྒྱུར་བོན་གཟུགས་རྣམས།།

  60. བན་དེ་བ། says:
    2013-04-01 at 9:17 am

    བོན་ལ་སྡང་དགྲར་བཟུང་བ་པོ།
    གཏེར་སྟོན་ཕལ་ཆེར་བོན་པོར་ངེས།
    སོར་སྡོམ་རྩ་བཞིན་འདོར་བ་པོ།
    ནང་བསྟན་དག་ཐེར་དགོས་སོ་ལོ།

    ནང་བསྟན་ཉམས་སུ་བླངས་སོ་ལོ།
    ཆགས་སྡང་རྨོངས་གསུམ་རྒྱུད་ཀྱིས་བརླན།
    འགྲོ་འདུལ་ཐར་པར་འདྲེན་ནོ་ལོ།
    རང་ཉིད་འཁོར་ཁྱམས་མ་ཤེས་ནོ།

  61. གཏེར་རོང་ཕོ་ཉ says:
    2013-04-01 at 12:40 pm

    སྔོན་བྱོན་དམ་པའི་ཡང་སྲིད་འཁྲུལ་མེད་ཅིག།
    ཡིན་པ་ད་ལྟའི་དུས་སུ་གང་གིས་ཀྱང་།།
    བརྗོད་ནུས་བྲལ་ཡང་བསྟན་པར་ཕན་རེ་ནས།།
    བྱིས་རྒན་བར་མའི་དུས་སུ་བཀོད་པ་མང་།།

    ལུས་ལ་གྲགས་ཅན་བཟོ་གྲྭའི་ན་བཟའ་མནབས།།
    ངག་ནས་ལུས་ཕྲའི་སྒྱུ་རྩལ་རྟག་ཏུ་གླེང་།།
    ཡིད་ལ་ཉོན་མོངས་དུག་གསུམ་མེ་ལྕེ་མཆེད།།
    མ་བསམ་སྲིད་པར་བཟུང་བའི་བླ་སྤྲུལ་མང་།།

    ཐོག་མར་བླ་མའི་དྲུང་ནས་སྡོམ་པ་བཞེས།།
    བར་དུ་ནོར་ལྡན་བུད་མེད་འཚོལ་སྒྲུབ་བྱེད།།
    མཐའ་མར་གོས་དཀར་ལྕང་ལོའི་ཚུལ་བཟུང་བའི།། མ་བསམ་སྲིད་པར་བཟུང་བའི་བླ་སྤྲུལ་མང་།།

    སྡོམ་ལྡན་ཟེར་ན་བཙུན་མའི་འཁོར་དུ་རོལ།།
    སྔགས་འཆང་ཟེར་ན་རབ་བྱུང་ཆས་ཀྱིས་བཀླུབས།།
    སྐྱ་བོ་ཟེར་ན་རབ་བྱུང་གྲལ་དུ་འཚང་།།
    གསུམ་ག་ཟེར་ན་ཅི་འདྲའི་འཚམ་པ་ལགས།།

    ཕྱི་རྒྱལ་ཡུལ་དུ་ཚུལ་འཆོས་གཤིས་ཀ་སྟོན།།
    རྒྱ་གར་ཡུལ་དུ་སྨད་ཚོང་རྗེས་འདེད་བྱེད།།
    ཡུལ་གྲུ་ཀུན་ཏུ་ཡིད་འོངས་ལྷ་མོ་སྒོམ།།
    ནམ་ཞག་རྒྱུན་དུ་ཌོ་ལར་དོན་དུ་རྒྱུགས།།

  62. ཨོ་རྒྱན་ཉི་མ། says:
    2013-04-01 at 4:52 pm

    ར་ལུག་གཡག་གི་ཟོབ་ཏུ་བརྫུས་པ་ཡི།།
    ཞང་ཞུང་རིག་གཞུང་སྐྱ་ཆད་རྔོ་རྡུག་དེའི།།
    མི་ལོ་སྟོང་གི་བྱུང་བ་གཏིང་ཆད་གྱུར།།
    ད་དུང་བོན་པོའི་བརྒྱུད་འཛིན་ཡིན་ནོ་ལོ །།

  63. འདྲེ་རྐང་ཐོ། says:
    2013-04-01 at 5:16 pm

    བསྟན་འཛིན་ཟེར་ཡང་བསྟན་པའི་འཇུག་སྒོ་མ་ཤེས།།
    སྔགས་རྒན་ཟེར་ཡང་སྔགས་སྡོམ་རྒྱུད་ལ་མ་འབྱར།།
    བར་མ་བར་ནས་མི་མགོ་ཐབས་ཀྱིས་བསྐོར་ནས།།
    འཚོ་བར་རོལ་བའི་གསོན་འདྲེ་དག་ལ་ཤ་ཚ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme