Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་གི་མེ་ལྕེ།

Posted on 2008-08-09 By དགེ་རབ་ 15 Comments on ནང་གི་མེ་ལྕེ།

བསྟན་འཛིན་བརྩོན་འགྲུས།
སྐར་ཆེན་གྱིས་བསྒྱུར།

དཀའ་ངལ་ཆེ་ཤོས་ཤིག་ནི་ང་ཚོས་སྔོན་ཆད་བྱུང་མ་མྱོང་བའི་འགུལ་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཕྱིའི་དེང་རབས་སྤྱི་ཚོགས་སུ་སྤོ་མ་ཐུབ་པ་དེ་རེད། ཁེར་རྐྱང་དུ་བསྡད་པའི་དབང་གིས༌། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཧི་མ་ལ་ཡའི་རྒྱབ་ལོགས་ཀྱི་འཛམ་གླིང་ཧྲིལ་བོའི་འགྱུར་འགྲོས་ཀྱི་རྗེས་ང་ཚོས་མ་ཟིན་པ་རེད། དེར་བརྟེན། ཧི་མ་ལ་ཡའི་ནང་ལོགས་ཀྱི་བོད་པའི་སྤྱི་ཚོགས་དེ་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་ཆོས་ལུགས་མི་སྣ་དང་ཁེ་དབང་གཅིག་པོར་རྔམ་པའི་སྐུ་དྲག་མི་སྣས་བསྒྱུར་བཀོད་བྱེད་སའི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཆགས་པ་རེད། ཕྱོགས་གཅིག་ནས་སྔོན་བྱོན་མཁས་པ་དག་གིས་ནང་ཆོས་འདི་བོད་ལ་དར་སྤེལ་བྱས་དེ་ཐོས་བསམ་དང་ཉམས་ལེན་གྱི་གདན་གསར་བ་ཞིག་བཏིངས་ཤིང་ཕྱོགས་གཞན་ཞིག་ནས་དེ་ཡར་རྒྱས་ཀྱི་བརྒྱུད་རིམ་ནང་ཆོ་ག་ཕྱག་ལེན་བྱེད་རྒྱུ་གཅིག་པོ་རྒྱ་ཆེ་རུ་བཏང་ནས་་རྨོངས་དད་ཤུགས་ཆེ་རུ་བཏང་འདུག

སློབ་གྲྭའི་དུས་ནས་བཟུང༌། ང་རང་བོད་ཀྱི་ཤེས་ལྡན་པའམ་བློ་གྲོས་ཅན་གྱི་མི་སྣ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ༌། ཟླ་བ་ནོར་བུ། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་བཅས་ལ་ཡིད་སྨོན་བྱེད་བཞིན་འཚར་ལོངས་བྱུང་བ་ཡིན། ད་དུང༌། མི་ལ་རས་པ་དང་གླིང་གེ་སེར་ནི་ང་རང་ཆེས་དགའ་སའི་བོད་ཀྱི་མི་སྣ་གཉིས་ཡིན།

འཛིན་རིམ་བརྒྱད་པར་སླེབས་པའི་སློབ་ཕྲུག་ཞིག་གི་ངོས་ནས། ངས་ད་དུང་ཡང་ལྷ་བཟང་ཚེ་རིང་གིས་མེ་ཁི་ལོ་གྷན་རྗིའི་གྲོགས་པོའི་ཟ་ཁང་གི་ཡང་ཐོག་ཏུ་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ལ་གཏམ་བཤད་གནང་བ་དེ་དྲན་སོས་ཀྱི་འདུག་ལ་དེས་བོད་མི་དང་ཕྱི་རྒྱལ་བ་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཏུ་བཅུག ཁོང་གིས་རྡ་ལམ་ས་ལའི་མི་མང་ཚང་མ་གཅིག་སྒྲིལ་གྱི་ལམ་ནས་འབོད་ཚིག་གཅིག་གི་འོག་ལ་སྣེ་འཁྲིད་པ་མཐོང་དུས་དེ་ནི་ཧ་ཅང་སྐུལ་ལྕག་ཐེབས་པ་ཞིག་ཡིན།

རིམ་བཞིན་ངས་ཁོང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཞན་དེར་སློབ་སྦྱོང་བྱས་བ་ཡིན་ལ། དེ་ནི་ཁོང་ཚོས་སྤྱི་ཚོགས་ཁྲོད་དུ་རང་གི་ལྟ་བ་གསར་བ་དང་བྱེད་ཐབས་གསར་བ་རྣམས་སྤེལ་བའི་ཆེད་དུ་སྒེར་ངོས་ནས་མྱངས་བའི་དཀའ་ངལ་དང་འབད་བརྩོན་དག་དང་དེ་ལ་་སྤྱི་ཚོགས་ཀྱིས་རྒྱབ་སྐྱོབ་མ་རེག་པའི་ངོས་རྣམས་་ཡིན། དེར་བརྟེན། སྐབས་དེའི་ངའི་ལོ་ཚོད་དུ། ཁོང་ཚོའི་འགྱུར་ཏུ་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་སྤྱི་ཚོགས་ནང་ཁུལ་བཅོས་བསྒྱུར་གྱི་བསམ་བློ་དེས་ང་རང་དོགས་པའི་ཀློང་ལ་ཚུད།

ཕྱི་ལོ་༡༩༩༧ ལོར་ང་བོད་དུ་གོམ་བགྲོད་ལས་ཕྱིར་ལོག་རྗེས། ང་ཐེངས་དང་པོར་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གཉིས་ལ་ཐུག་འཕྲད་བྱུང༌། ཁོང་གཉིས་ཐུག་པར་ང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་བསྐྱོད་པ་ཡིན། ཐོག་མའི་ཆར་ངས་་ཐད་ཀར་ཁོང་གཉིས་ལ་སྐད་ཆ་བཤད་རྒྱུར་ཅུང་དོགས་མི་བདེ་བ་ལྟ་བུ་ཡིན་མོད། འོན་ཀྱང༌། ངས་ཁོང་གཉིས་ལ་ང་རང་གི་བོད་དོན་ཐད་ཀྱི་ལྟ་ཚུལ་དང་རང་གི་བཙོན་འཇུག་གི་ལོ་རྒྱུས་སྐོར་བཤད་པ་ཡིན།

དེ་རིང་སང་ཉིན་ང་རྡ་ལམ་ས་ལ་རུ་ལྷ་བཟང་ཚེ་རིང་ལ་ནམ་རྒྱུན་ཐུག་གི་ཡོད་པ་མ་ཟད་འཇམ་དབྱངས་ནོར་བུ་ལ་ཡང་ཁ་པར་དང་གློག་འཕྲིན་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད། ང་རང་སློབ་གྲྭར་ཡོད་དུས་ངས་ཟླ་བ་ནོར་བུ་ལགས་ཀྱིས་བརྩམས་གནང་བའི་་སྐར་མ་དམར་པོ་ཞེས་བའི་དེབ་དེ་བཀླགས་པ་ཡིན། ཕྱི་ལོ་༢༠༠༢ ལོར་ང་ཁོང་ལ་དངོས་སུ་ཐུག་པའི་སྐབས་སུ། ཁོང་གིས་ངའི་སྙན་ངག་ལ་བསྟོད་བསྔགས་ཤུགས་ཆེར་གནང་གི་འདུག་ལ་དེས་ང་ལ་ཡང་སེམས་ཤུགས་བསྐྱེད་བྱུང༌། ངས་ནམ་རྒྱུན་ནས་ཁོང་ཚོའི་བོད་དོན་ཐད་ཀྱི་ཕྱག་ལས་ལ་རྗེས་སུ་ཡི་རངས་དང་བརྩི་བཀུར་ཞུ་གི་ཡོད།

བློ་ངར་སྐྱེ་འོས་བ་ཞིག་ལ། ཁོང་ཚོ་ཚང་མ་དབྱིན་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་མ་ཟད་དབྱིན་ཡིག་གི་ནང་དུ་རྩོམ་ཡིག་སྤེལ་མཁན་རྐྱང་ཡིན། ཁོང་ཚོའི་སྦྱངས་བྱའི་ནུབ་ཕྱོགས་པའི་་ཤེས་ཡོན་དེས་ཁོང་ཚོར་ལྟ་ཚུལ་དང་བསམ་ཚུལ་མ་འདྲ་བ་མཁོ་སྤྲོད་བྱེད་ཀྱི་ཡོད་ཅིང་མཚམས་ལན་རེར་ཁོང་ཚོའི་ལྟ་ཚུལ་རྣམས་བོད་ཀྱི་སྲོལ་རྒྱུན་བསམ་བློ་དང་འགལ་ཟླ་ཆགས་ཀྱི་ཡོད།

གལ་སྲིད་ང་རྒྱལ་མེད་པའི་མི་ཞིག་གིས་འགྲེལ་བརྗོད་བྱས་ན་ཡང༌། དབྱིན་ཇིའི་སྐད་ཡིག་གི་བརྡ་མཚོན་སྟོན་ཐབས་ནི་ལས་སླ་བོའི་སྒོ་ནས་གུས་ཞབས་མེད་པ་མཐོང་གི་རེད། ལྷག་པར་དུ། ལོ་འདི་དག་གི་རིང་ལ་བོད་མི་ཚོས་་༧གོང་ས་མཆོ་གི་མིང་ཐོག་ནས་སྤྱི་ཚོགས་ནང་ལ་འགྲེལ་བཤད་སྣ་ཚོགས་བསྐྱོན་གྱི་ཡོད་པ་རེད། ཁོང་ཚོ་གསུམ་ཡང་༧གོང་ས་མཆོག་ལ་ཁ་གཏད་བྱེད་མཁན་གྱི་འགོ་བདེ་དྲན་འཕྲུལ་ཅན་གྱི་འདམ་རྫབ་ནང་དུ་གཡུགས། དོན་དངོས་སུ་ཁྱེད་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་རྩ་དོན་གྱི་ཆེད་དུ་ལས་ཀ་བྱེད་པའི་སྐབས་སུ་སྤྱི་ཚོགས་ཀྱི་བལྟ་སྟངས་འདི་འདྲ་ཞིག་བཟུང་ན་དེ་ནི་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། གང་ཡིན་ཞེ་ན། ཁྱེད་ཀྱིས་ལས་ཀ་ལོགས་ཀ་དང་བསམ་བློ་ལོགས་ཀ་གཏོང་དགོས་ཆགས་ཀྱི་རེད།

ངས་ནམ་རྒྱུན་ནས་བོད་མི་རབས་རྒན་པ་རྣམས་ལ་འདིའི་ཐད་དོགས་སློང་བྱེད་ཀྱི་ཡོད་མོད། འོན་ཀྱང༌། ཆུ་ཚོད་འགྱུར་ཚར་བ་རེད། གལ་སྲིད་ང་ལོ་ངོ་ཉི་ཤུའི་སྔོན་ལ་སྐྱེས་ཡོད་ན། ངས་འབྲི་བཞིན་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་རྩོམ་བྲིས་འདི་དག་ལ་ཐེར་འདོན་དང་སྐྱོན་བརྗོད་ཡོང་སྲིད། དེ་རིང་སང་ཉིན་རྡ་ལམ་ས་ལའི་ཁོར་ཡུག་དུ་མང་གཙོ་དང་མང་མོས་ཀྱི་འགན་འཁྲི་འཁྱེར་མཁན་མང་ཆེ་བ་་དེང་རབས་ཀྱི་ཤེས་ཡོན་ཡོད་མཁན་རྐྱང་རེད།

གཏམ་རྒྱུད་འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་དེང་རབས་བསམ་བློ་བ་གསུམ་མམ་རྩོམ་འབྲི་བ་གསུམ་གྱི་སྐོར་གྱི་ཐད་ཀའི་གཏམ་གླེང་ཞིག་ཡིན། དེ་དང་ལྷན་དུ་དོན་གྲུབ་དང་ཚེ་རིང་དབང་རྒྱལ་གཉིས་ཀྱི་སྐོར་ཡང་ཅུང་ཙམ་གླེང་བར་ཐལ། ཁོང་གཉིས་ཀྱིས་བོད་མིའི་བསམ་བློ་གཏོང་སྟངས་ཐད་་སྒོ་གླེགས་གསར་པ་ཞིག་ཕྱེས་ཡོད་ལ་བོད་མིའི་དབྱིན་རྩོམ་འབྲི་བ་ལ་ངར་ཤུགས་ཀྱང་བླུད་ཡོད། དེར་བརྟེན། ཁོང་གཉིས་ཀྱང་དྲན་འོས་བ་དང་གླེང་འོས་བ་ཞིག་རེད།

ཡིད་སྐྱོ་བ་ཞིག་ལ༌།མཁས་དབང་ཟླ་བ་ནོར་བུ་ལགས་བོད་པའི་སྤྱི་ཚོགས་ཀྱིས་ཁོང་གིས་བོད་མི་རིགས་ལ་བཅངས་པའི་སྙིང་སྟོབས་དང་ལྷག་བསམ་དག་ངོ་མ་འཕྲོད་པའི་གོང་ལ་་གྲོངས་སོང།གང་ལྟར་ལས་ཀྱི་དབང་གིས་བསམ་བློ་བ་དང་སྙན་ངག་པ༌། སྒྱུ་རྩལ་བ་སོགས་མང་པོ་ཞིག་དང་འཕྲད་བྱུང་ལ༌། ཟླ་བ་ནོར་བུ་ལགས་ཀྱི་མཛད་རྗེས་ཀྱང་ཁོང་གྲོངས་རྗེས་གཞི་ནས་མངོན་ཡོང་གི་འདུག གང་ལྟར། ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་གཉིས་ང་ཚོའི་མཉམ་དུ་ཡོད་པ་རེད༌། ལྷག་དོན་དུ༌། ང་ཚོས་ཕྱི་ནས་རྙེད་པའི་འགྱུར་འགྲོས་དེས་ང་ཚོ་རང་ཉིད་ལ་བཅོས་བསྒྱུར་གཏོང་དགོས་ཀྱི་འདུག།

བསྟན་འཛིན་བརྩོན་འགྲུས་ནི་བཙན་བྱོལ་གྱི་དབྱིན་ཡིག་རྩོམ་པ་པོ་དང་བོད་རང་དབང་འཐབ་རྩོད་པ་གྲགས་ཅན་ཞིག་ཡིན། ནང་གི་མེ་ལྕེ་ཞེས་བའི་རྩོམ་ཡིག་འདི་ནི་ཕྱི་ལོ་༢༠༠༦ལོའི་སྤྱི་ཟླ་༧པར་བཙན་བྱོལ་ནང་གི་དབྱིན་ཡིག་དུས་དེབ (Tibetan World )སྟེང་བཀོད༌།

འགྱུར་རྩོམ།, རྩོམ་རིག

Post navigation

Previous Post: ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག
Next Post: བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།

Comments (15) on “ནང་གི་མེ་ལྕེ།”

  1. དགེ་ཆོས། says:
    2008-08-09 at 1:54 pm

    བོད་ཀྱི་རྙིང་ཞེན་སྤྱི་ཚོགས་ཀྱིས་སྤྲད་པའི་གནོན་ཤུགས་ཐེབས་ས་དེ་ནི་དབྱིན་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་རྐྱང་བ་མ་ཡིན་པར་བོད་ཡིག་གིས་འབྲི་མཁན་དག་ལ་ཡང་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་ཞིག་རེད། གནའ་དེང་གི་བོད་མི་སྐོར་ཞིག་གིས་བོད་རིགས་སྨྱུག་ཐོགས་པ་འདི་དག་ལ་བསྩལ་པའི་ཆོ་ལོ་ནི་རིགས་གཉིས་སུ་འདུས་པ་སྟེ།
    དམར་ཕྱོགས་པ།
    དགེ་འདུན་ཆོས་འཕེལ།
    ཟླ་བ་ནོར་བུ།
    ཀེ་དོན་གྲུབ།
    པད་མ་འབུམ།
    ལྟ་ལོག་པ།
    དོན་གྲུབ་རྒྱལ།
    འཇམ་དབྱངས་ནོར་བུ།
    ལྷ་བཟང་ཚེ་རིང་།
    ཀླུ་སྨྱོན་ཧེ་རུ་ཀ

  2. སྟག་སྨྱོན། says:
    2008-08-09 at 2:48 pm

    ཚང་མའི་ནང་ནས་བསྟན་འཛིན་བརྩོན་འགྲུས་ལ་གུས་ཞབས་ཡོད། ཤེས་ཡོན་ངོམ་སོའི་ཆེད་ཅིག་བྲིས་བསྡད་པ་གཅིག་པོ་མ་ཡིན་པར་དཀའ་ལས་མང་པོ་བརྒྱག་གི་ཡོད་་་་་་་་་་་་་་་་་་་་་་་།

  3. ལྕགས་རྒྱ་འགྲམ་ནག says:
    2008-08-09 at 5:39 pm

    བོད་ཀྱི་ལྟ་བ་གསར་བ་ཅན་ཞེས་མི་རེ་རེའི་མིང་ནས་འཛིན་རྒྱུ་ཡོད་པ་འདི་བཞིན་དུ། བོད་ཀྱི་རྙིང་ཞེན་པ་ཚོའང་སྤྱི་ཚོགས་ཀྱི་ངོ་བོ་ཞིག་ཏུ་མ་བཏུམ་པར་བྱེ་བྲག་ཏུ་བཤད་ན་དགའ། དགེ་འདུན་ཆོས་འཕེལ་དང་། དོན་གྲུབ་རྒྱལ་གཉིས་ནི་བོད་ཕྱི་ནང་ཀུན་ཏུ་བོད་ཡིག་ཀློག་མཁན་ཞིག་ཡིན་ཚེ་ཆ་རྒྱུས་མེད་མཁན་ཉུང་ཉུང་ཡིན། དེ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་ཀློག་མཁན་ཚོའི་གྲས་སུ་པད་མ་འབུམ་གྱི་བརྩམས་ཆོས་ལ་ཆ་རྒྱུས་མེད་པ་ཧ་ལམ་མེད། ཡིན་ནའང་གཞན་པ་དེ་ཚོ་ངེད་ཅག་བོད་ཡིག་ཀློག་མཁན་ཚོར་རྩོམ་མཁན་དང་ཀློག་མཁན་གྱི་ཐད་ཀའི་འབྲེལ་བ་དེ་བྱུང་མྱོང་ཡོད་དམ། རྒྱ་ནག་གི་ཨོ་ལིམ་པིཀའི་དྲིལ་བསྒྲགས་ལ་སུན་ནས་འདིར་ཁ་བརྡ་རེ་བྱེད་དུ་ཡོང་དུས་དགེ་ཆོས་ཀྱིས་བོད་ཀྱི་སྨྱུགས་ཐོགས་དཔའ་བོ་ཚོ་དྲིལ་བསྒྲགས་བྱེད་ཀྱི་འདུག འདི་ན་ང་ལ་ཁ་བརྡ་བྱེད་ས་མེད་ཀི འགྲོ་རྒྱུ་ཡིན།

  4. སྟག་སྨྱོན། says:
    2008-08-09 at 5:46 pm

    སེམས་ཅན་གྱི་ཁ་སངས་རྒྱས་མི་ཆོད།

  5. ལྕགས་རྒྱ་འགྲམ་ནག says:
    2008-08-09 at 6:17 pm

    སྟག་དང་ཀླུ་སྨྱོ་ས་ན་མྱི་མ་སྨྱོས་པར་འདུག་ས་མེད་ཀི

  6. སྟག་སྨྱོན། says:
    2008-08-09 at 6:27 pm

    ཚིག་རྩུབ་ནི་མི་དགེ་བ་བཅུའི་གཅིག་རེད།

  7. སྟག་སྨྱོན། says:
    2008-08-09 at 6:33 pm

    ཐོག་མའི་བཀའ་མོལ་གནང་སྟངས་ལས་ཤེས་ཡོན་པ་ཚད་ལྡན་ཅིག་ཡིན་པ་བསྟན་སོང་།

  8. དགེ་ཆོས། says:
    2008-08-09 at 7:11 pm

    ཀླུ་སྨྱོན་ས་དགེ་བཀའ་རྙིང་བོནོོ་དང་བཅས་པའི་ཁྲོད་དུ་མི་ཤེས་མཁན་མང་པོ་མེད། པད་མ་འབུམ་དང་དེ་དང་མི་འདྲ།

  9. དགེ་ཆོས། says:
    2008-08-09 at 7:14 pm

    མི་རབས་གསར་་བའི་སྙིང་ཁམས་ཀྱི་འཕར་ལྡིང་གི་རྗེས་ནས་པད་མ་འབུམ་གྱི་སྙིང་ཁམས་འཕར་མཚམས་བཞག་འདུག ཀླུ་སྨྱོན་ད་དུང་མུ་མཐུད་དེ་བཟང་གྲགས་ངན་གྲགས་རེད།

  10. དགེ་ཆོས། says:
    2008-08-09 at 7:16 pm

    གལ་སྲིད་པད་མ་འབུམ་གྱིས་མི་གསར་སྙིང་ལྡིང་ལྟ་བུ་རེ་མུ་མཐུད་ནས་བྲིས་ཡོད་ན། ད་ཚོད་དཔྱད་བརྗོད་པའི་ཁྲོད་ནས་ཅིག་ལ་བསླེབས་བསྡད་ཡོད།

  11. དགེ་ཆོས། says:
    2008-08-09 at 7:19 pm

    གང་ལྟར་བོད་ཀྱི་སྨྱུག་ཐོགས་འདི་ཚོ་ཚང་མར་རྗེས་སུ་ཡི་རང་ཡོད།

  12. དགེ་ཆོས། says:
    2008-08-09 at 7:23 pm

    པད་མ་འབུམ་གྱི་བསྒྱུར་རྩོམ་རིང་པོ་ཞིག་པར་སྐྲུན་ཡོད་གྲབས་ཐོས་ཀྱང་བོད་ནང་ཡིན་ནམ་ཕྱི་ཕྱོགས་ཡིན་གོ་རྒྱུ་མི་འདུག དེ་ཕྱོགས་ཀྱི་གསར་འགྱུར་རེ་ཡོད་དམ། བོད་ཡིག་གི་ཆུ་ཚད་མཐོ་བས་བསྒྱུར་རྩོམ་ཡང་འདྲ་རྒྱུ་མ་རེད་བསམས་།

  13. ÇtôzÅ-qü says:
    2008-08-09 at 9:33 pm

    IôGÅ-qô-n¤-q-¾GÅü hï-¼ÛP-G¸º-¤WâG-GÛ-hÝÅ-Ç+zÅ-ºhÛ¼-Eïh-±ô-D-zl-‚ïh-hÝ-»ôP-Mã-¤ïh-q¼-GP-hÝ-ÅôP-z-»Ûmü wïzÅ-ÁôG-hP-D-zl-‚ïhü »ï-ÁïÅ-¾GÅ-ˆïh-ˆÛÅ-GÅÞPÅ-qºÛ-qj¨-ºzÞ¤-ˆÛ-zNå¼-¯ô¤-hï-GP-GÛ-Ç+ô¼-HÛ-hïz-TÛG-»Ûm-m¤ü qj¨-ºzÞ¤-ŸïÅ-q-hïÅ-Ç+h-»ÛG-GP-ŸÛG-mÅ-zôh-Ç+h-hÝ-zNå¼-»ôh-q-»Ûm-m¤ü

  14. མགོན་པོ་ཕྱག་གཉིས་པ། says:
    2008-08-09 at 9:59 pm

    ཁྱེད་ཚོས་བོད་སྤྱི་ཚོགས་རྙིང་པའི་སྐོར་གྱི་སྐད་ཆ་བཤད་ཡོང་གི་ཡོད་པས། གོང་གསལ་གྱི་འདིཚོ་མི་རྙིང་པ་རྐྱང་རྐྱང་རེད། བསྟན་བརྩོན་གྱིས་ཀྱང་། ་་ངས་ནམ་རྒྱུན་ནས་བོད་མི་རབས་རྒན་པ་རྣམས་ལ་འདིའི་ཐད་དོགས་སློང་བྱེད་ཀྱི་ཡོད་མོད། འོན་ཀྱང༌། ཆུ་ཚོད་འགྱུར་ཚར་བ་རེད། གལ་སྲིད་ང་ལོ་ངོ་ཉི་ཤུའི་སྔོན་ལ་སྐྱེས་ཡོད་ན། ངས་འབྲི་བཞིན་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་རྩོམ་བྲིས་འདི་དག་ལ་ཐེར་འདོན་དང་སྐྱོན་བརྗོད་ཡོང་སྲིད། དེ་རིང་སང་ཉིན་རྡ་ལམ་ས་ལའི་ཁོར་ཡུག་དུ་མང་གཙོ་དང་མང་མོས་ཀྱི་འགན་འཁྲི་འཁྱེར་མཁན་མང་ཆེ་བ་་དེང་རབས་ཀྱི་ཤེས་ཡོན་ཡོད་མཁན་རྐྱང་རེད།་་ ཅེས་བྲིས་འདུག་པར། ཁྱེད་ཚོས་ཨམ་ཅོག་བཅད་ནས་རྐུབ་ལ་ལྷན་པ་བརྒྱབས་ཏེ་ཅི་བྱེད། ཆུ་ཚོད་འཕྲོ་བརླག་ལ་མ་གཏོང་། ངའི་སྐེ། ཨ་པ་ལོ་ལོ། ཨ་ཁུ་ལེ་ལེ།་ཨ་དྲིན་ཆེན་དགའ་ལྡན་ཚོ།

  15. karchen says:
    2008-08-10 at 1:06 am

    བཀུར་འོས་མཆན་བུ་འདེབས་མཁན་ལགས།
    ངེད་ཀྱིས་བསྒྱུར་བའི་ནང་གི་མེ་ལྕེ་དེ་ད་ལྟ་བསྟན་འཛིན་བརྩོན་འགྲུས་ཀྱིས་གླེང་བཞིན་པའི་ནང་གི་མེ་ལྕེ་ནས་ཕྱི་རུ་མཆེད་དེ༌། དེའི་ནང་ལ་བོད་ཕྱི་ནང་གི་རྩོམ་འབྲི་ཇི་སྙེད་ཅིག་གི་སྐོར་གླེང་ནས་འདུག་པར་ཐུགས་རྗེ་ཆེ།

    རྗེས་ཕྱོགས་མང་དུ་འཕྲད་པའི་རེ་བ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme