Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་འཛམ་ཐང་ནས་བོད་རིགས་བུད་མེད་སྐལ་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

Posted on 2013-03-242013-03-25 By ཁ་བརྡ་ 21 Comments on མདོ་སྨད་འཛམ་ཐང་ནས་བོད་རིགས་བུད་མེད་སྐལ་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

གསར་འགྱུར་མཁོ་གཏོང་བ། ཚངས་དབྱངས་རྒྱ་མཚོ།

ད་ལྟ་རང་མདོ་སྨད་འཛམ་ཐང་ནས་རང་ལོ་༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ལགས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣:༣༠ ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་ནས་རང་ལོ་༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

ས་གནས་ནས་གནས་ཚུལ་འབྱོར་གསལ་ལྟར་ན་ཁོང་མོའི་སྐུ་ཕུང་རྒྱ་གཞུང་གི་ལག་ཏུ་མ་ཤོར་བར་འབྲེལ་ཡོད་མི་སྣ་ཁག་གིས་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་ད་སྐབས་དགོན་པར་རྒྱུན་བཞུགས་ཀྱི་སྒྲུབ་གྲྭ་བ་རྣམས་ཀྱིས་འཕོ་ལུང་དང་མཆོད་འབུལ་སྨོན་ལམ་གསུང་ཡོད་འདུག

དེའི་རྗེས་སུ་གནས་ཚུལ་འབྱོར་གསར་ལྟར་ན་ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས་བཙན་བཀའ་བཏང་ནས་ཁོང་མོའི་སྐུ་ཕུང་དེ་རིང་མཚན་མོའི་དུས་ཚོད་ ༡༢ གྱི་སྔ་རོལ་དུ་ཞུགས་འབུལ་བྱེད་དགོས་སྐོར་དང་། དེ་ལྟར་མ་བྱས་ཚེ་ཁོང་མོའི་སྐུ་ཕུང་བཙན་ཁྱེར་བྱེད་རྒྱུ་ཡིན་ཚུལ་བརྗོད་པར་རྟེན་དེ་རིང་གི་མཚན་མོའི་དུས་ཚོད་ ༡༢ སྟེང་ཁོང་མོའི་སྐུ་ཕུང་ཞུགས་འབུལ་གནང་བཞིན་ཡོད་འདུག་ལ། ད་སྐབས་ས་གནས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་གྲྭ་བ་དང་། ས་གནས་མང་ཚོགས་སོགས་ཁྱོན་མི་གྲངས་བཞི་སྟོང་ལྷག་འདུ་འཛོམས་ཀྱིས་ཁོང་མོའི་ནང་མི་ལ་གདུང་སེམས་མཉམ་སྐྱེད་དང་། སྐུ་ཕུང་ཞུགས་འབུལ་བྱེད་པར་གྲྭ་སྒྲིག་བྱེད་བཞིན་འདུག་ཟེར།

རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱི་ཕ་ཡུལ་ནི་མདོ་སྨད་འཛམ་ཐང་བར་བ་ཡུལ་ཚོའི་པོས་བ་ཚང་ཞེས་པའི་ཁྱིམ་ཚང་ནས་ཡིན་ཞིང་། ཁོང་མོར་ད་ཆར་ཤུལ་དུ་རང་ལོ་ ༡༥ མན་གྱི་བུ་བདེ་རྣམ་དང་། པོ་ཆུང་། བསོ་པོ། བུ་མོ་ཆུང་བཅས་བུ་ཕྲུག་བཞི་ཡོད་འདུག ཁོང་མོའི་ཁྱོ་གའི་མིང་ལ་གྲུས་པེ་དང་། ཕ་མིང་ལ་མཆོག་ལྡན། མ་མིང་ལ་དཔའ་རིས་བཅས་ཡིན་འདུག

འདི་ནི་མདོ་སྨད་འཛམ་ཐང་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཐེངས་ ༥ བ་དེ་ཆགས་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: རྨི་ལམ།
Next Post: སེམས་ཀྱི་རོལ་མོ།

Comments (21) on “མདོ་སྨད་འཛམ་ཐང་ནས་བོད་རིགས་བུད་མེད་སྐལ་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།”

  1. ནམ་མཁའ says:
    2013-03-24 at 9:21 am

    དཔའ་མོ་ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས་ཐབས་ཅི་ཞིག་མཆིས། རང་ལུས་མེ་སྲེག་མཚམས་ཞིག་ཆད་པའི་སྨོན་ལམ་འདེབས་བཞིན་ཡོད། ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་འཚམས་འདྲི་ཞུ།

  2. རྟ་མ། says:
    2013-03-24 at 10:29 am

    ཨ་ཙི་ད་ག་རེ་བྱ་དགོས་རས། དཀོན་མཆོག་མཁྱེན།

  3. རྡོ་རྗེ says:
    2013-03-24 at 11:31 am

    མྱ་ངན་ཞུ་

  4. བན་དེ་བ། says:
    2013-03-24 at 11:36 am

    དཔའ་བོ་དཔའ་མོ་དེ་ཚོས་རང་ཉིད་ཀྱི་སྲོག་དབུགས་བཅད་དེ་རང་ཉིད་ཀྱི་འདོད་དོན་བསྒྲུབ་པ་ལས་ཚེ་སྲོག་དང་བཅས་ཏེ་རང་གི་འདོད་དོན་དེ་ཚོར་བསྒྲུབ་ཐུབ་པ་ཡིན་ན་མིག་ངར་གཟི་བརྗིད་དང་ནུས་ཤུགས་ཀྱང་ཆེ་བར་སེམས། དཔེར་ན་ཉེ་ཆར་དཔའ་མོ་འོད་ཟེར་གྱི་གཟི་བརྗིད་དང་དཔལ་ཡོན་དེས་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་མཁན་བརྒྱ་ཕྲག་བརྒལ་བ་དག་ལས་ཀྱང་འཛམ་གླིང་གི་སྟེང་དུ་སྐད་གྲགས་ཆེ་བ་དང་གཟི་བརྗིད་ཆེ་བ་གསལ་བསྒྲགས་རྒྱ་ཆེ་བ་བྱུང་སོང་བསམ། འོན་ཀྱང་ཁྱེད་རྣམས་ཀྱིས་ཡོད་ཚད་བློས་གཏོང་གནང་བ་དེ་ལ་འདི་བྱེད་འདི་མི་བྱེད་ཀྱི་བསམ་འཆར་ཞུ་རྒྱུའི་སྤོབས་སེམས་དང་བྲལ་སོང་བས་དགོངས་འགལ་མེད་པ་ཞུ།

  5. མྱི་དཀར says:
    2013-03-24 at 12:02 pm

    བདག་གི་ན་ཟུག་དང་བདག་གི་འཚོལ་སྙེག་ཡོད་ཚད་འདི་ལྟར་ལམ་ལ་མཆིས་དགོས་བ་ཅི་ཡིན་ནམ་དཔའ་མོ་ཁྱོད་དང་ཁྱོད་ལྟ་བའི་མི་རིགས་ཀྱི་དཔའ་རྒོད་ཚང་མ་བཞུད་ཚར་བ་ཡིན་ན་ང་ཚོའི་དགའ་སྡུག་གི་འཚོ་བ་འདི་སུ་ཞིག་གིས་བསྐྱེལ་རོགས་ཞུ

  6. རེབ་སྐྱིད་མཚོ says:
    2013-03-24 at 12:27 pm

    དེ་སྔོན་ཞིག་ལ་བརྒྱ་ལབ་ཡག་འདྲ་དང་ཡང་བརྒྱ་དང་བརྒྱད་ལབ་ཡག་འདྲ་བྱུང་སོང་
    ད་ནི་ཕལ་ཆེར་གྲངས་ཀྱིས་སྟོང་པའི་དབུ་མའི་གཤིས་ལུགས་འདྲ་ཆགས་འགྲོ་ཡི་མེད་ན་
    བཟང་འདིའི་སྔོན་ནས་མེར་སྲེག་མཚམས་འཇོག་ཐབས་ཡོང་བའི་རེ་བ་ཞུ་མཁན་མང་
    པོ་བྱུང་བ་རེད་ངས་ཡང་དེ་བཞིན་ཕན་ན་སྙམ་་་་་་་་དེ་ནི་ཕན་པ་གང་ཡང་ཡོད་ཚོད་མ་རེད་
    སོང་ཙང་དཔའ་བོ་དཔའ་མོ་སུ་བཞུད་སོང་ན་ཐུགས་རྗེ་ཆེ་ཞུ་བ་ལས་ཐབས་གཞན་ཅི། སྤྱིར་བཏང་འདྲ་བཤད་ན་ལོ་ན་གཞོན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་མ་འོང་བོད་
    པའི་རིག་གཞུང་སྲུང་སྐྱོབས་དང་གང་འཕེལ་ཡོང་བའི་སླད་དུ་བློ་སྤོབས་ཆེན་པོས་བྱ་བ་རླབས་
    ཆེ་ཆུང་གང་ཡིན་ཀྱང་བོད་པའི་ཆེད་དུ་བསྒྲུབ་ཐུབ་ཞིག་བྱུང་ན་མེར་སྲེག་ལས་ཡག་སྙམ།

  7. ཁྱུང་དཀར says:
    2013-03-24 at 2:00 pm

    དེ་རིང་ཕྱི་ཚེས་ཉེར་བཞི་ཉིན་རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱིས་རང་ཅག་བོད་མིའི་བདེ་སྡུག་ཆེད་དུ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་རང་སྲེག་མེ་རྒོལ་གྱིས་ཞི་བའི་འཐབ་རྩོད་གནང་སྟེ་སྐུ་ཚེ་འཕེན་པ་རྫོགས་པར་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བར་ཤོག །

  8. དགའ་ཡ། says:
    2013-03-24 at 2:13 pm

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་ཤོག །

  9. དྲ་གཉིད་ says:
    2013-03-24 at 2:42 pm

    དཔལ་མོ་ཁྱེད་དེ་འདྲའི་སྙིང་སྟོབས་ཆེ་བ་ལའང་རང་གིས་ཤ་ལས་འཆད་པའི་བུ་ཕྲུག་ཆུང་ཆུང་བཞི་པོའི་ཐོག་། གཞིས་ལུས་བོད་མི་ཚོས་བལྟ་སྐྱོངས་ཡག་པོ་གནང་ངེས་ཐོག་མེར་བསྲེགས་གནང་ཡོད་ངེས་རེད། དཔའ་མོ་ཁྱེད་ལ་གུས་པས་སྙིང་དབུས་ནས་མྱང་ངན་གུས་བཏུས་གྲངས་མེད་ཞུ།།

  10. ཆོས་འཕེལ་དར་རྒྱས་ says:
    2013-03-24 at 6:28 pm

    ཤུལ་དུ་ལྷག་པའི་དྭ་ཕྲུག་ཚོ་སྙིང་རྗེ། མེ་ལ་བསྲེག་ནས་འཁོར་ཡུག་གི་མི་མང་པོ་ཞིག་གི་སེམས་སྡུག་ལ་བཀོད་པ་ལས་ཨ་ཤི་རེ་ཁོ་བུ་ཕྲུག་བཞི་ལ་ལྟ་ལྟོག་བྱས་ནས་སློབ་སྦྱོང་མཐར་ཆོད་པ་ཞིག་བྱས་ཡོད་རྒྱུ་ན་་་་་་་་

  11. ལོག་སྨྲ་ཚར་གཅོད། says:
    2013-03-24 at 9:13 pm

    མགོན་པོ་བྱམས་པས།
    ཆོས་ཀྱི་དོན་དུ་སྲོག་བཏང་བ།།
    དེ་འདྲ་སྐད་ཅིག་བཅུ་དྲུག་ནི།།
    བློ་ལྡན་མཐོང་བའི་ལམ་དག་གི།
    ཕྱིར་མི་ལྡོག་པའི་རྟགས་དག་ཡིན།།

    བསྔོ་བ་འདི་ལྟར་བྱོས།།
    ལུས་སྲོག་བཏང་བའི་དགེ་བ་འདིས།།
    སྤྱན་རས་གཟིགས་དབང་འགྲུབ་གྱུར་ཅིག།
    བོད་མི་གཅིག་ཀྱང་མ་ལུས་པ།།
    བཙན་འོག་སྡུག་ལས་གྲོལ་བར་ཤོག།

  12. རིགས་ལྡན་རྒྱལ་པོ says:
    2013-03-24 at 9:29 pm

    སྡིག་ཅན་རྒྱ་དམར་རང་དོན་དུ།
    བོད་མིའི་ལུས་ཟས་ཁྲག་ཀྱང་འཇིབ།
    དཔའ་མོ་སྐལ་སྐྱིད་གཞན་དོན་དུ།
    རང་ལུས་རང་སྲོག་བློས་བཏང་མཛད།།

    གང་གི་སྐུ་ལུས་འཚིག་གྱུར་ཀྱང་།།
    སེམས་ནི་ནམ་ཡང་བསྲེག་ཏུ་མེད།།
    སྔ་མའི་དོན་འཕྲོ་བསྐྱང་སླད་དུ།།
    བོད་མིར་མྱུར་དུ་འབྱོན་པར་སྨོན།།

    དཀོན་མཆོག་མཁྱེན། ༧རྒྱལ་བ་མཁྱེན། ཐུགས་རྗེས་གཟིགས།།

  13. སེང་བུ་འབྲུག་ཞོན། says:
    2013-03-24 at 9:46 pm

    དཀོན་མཆོག་མཁྱེན་ཟེར་སྨོན་ལམ་འདྲ་རྒྱབ། ཁ་གདང་མིག་འགྲད་ནས་མ་འགུལ་ན་ཅི་ཕན། དཔའ་བོའི་ཚོའི་ཞལ་ཆེམས་བཞིན། ང་ཚོས་འབད་དགོས་རྒྱུ་གལ་ཆེན་དུ་མཐོང་།

  14. དྲན་དཀར་དཔལ་ཡོན་ says:
    2013-03-25 at 12:16 am

    མོའུ་ཙེ་ཏུང་གིས་དུག་རེད་གསུངས།།
    ཧུའུ་ཅུན་ཐོ་ཡི་ཞལ་ཀྱིས་བཞེས།།
    ལ་ལའི་རྣ་ཡི་མ་གསན་པ།།
    དྲག་གནོན་ཡོད་སར་སྟོབས་ཀྱིས་འཁྲུངས།།

  15. གངས་རྒན་མ། says:
    2013-03-25 at 4:26 am

    110 དམིགས་བསལ་ལས་འགུལ་ཅིག་གནང་རོགས་ཞུ།

  16. ལུང་རྟོགས། says:
    2013-03-25 at 4:36 am

    རླབས་ཆེན་གྱི་སྐྱེས་མ་ཁྱེད་ལ་སྙིང་དབུས་ནས་གུས་འདུད་ཞུ། བོད་རྒྱལ་ལོ།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-25 at 5:11 am

    བུ་མོ་ཁྱོད་གྲོངས་པ་འཕངས། བདག་ལོ་གཞོན་པའི་དུས་སུ་བསྟན་བསྟན་བཅོས་མངོན་རྟོགས་བློ་ལ་བཟུང་ལོ་མང་སྐྱོར་སྦྱངས་བྱས་པའི་དགེ་བས། ཁྱོད་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་མགོན་པོ་བྱམས་པའི་ཞབས་དྲུང་དུ་སྐྱེ་བར་སྨོན་ལམ་འདེབས་སོ།།

  18. རིགས་ལྡན་རྒྱལ་པོ says:
    2013-03-25 at 9:42 am

    ང་ཚོ་དཀོན་མཆོག་དང་ལས་འབྲས་ཡིད་ཆེས་དད་པ་ཞུ་མཁན་ཞིག་ལ། དཀོན་མཆོག་གསོལ་བ་འདེབས་རྒྱུ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོར་བློས་བཀལ་ཞུ་ཐུབ་ཀྱི་ཡོད་མོད། འོན་ཀྱང་གུང་བྲན་ལ་རྩིས་མཐོང་ཙམ་ཡང་ཁག་པོ་འདུག
    དཀོན་མཆོག་གི་ཐུགས་རྗེ་དང་རང་གི་དད་པ་ཟུང་འབྲེལ་ལ་སུས་ཀྱང་གླགས་རྙེད་དུ་མེད། ང་ཚོར་དངུལ་གྱི་ཁ་བསླུ་དང་མེ་མདའི་འོག་ནས་མི་ཚེའི་རིན་ཐང་དང་ཆེ་མཐོང་ནམ་ཡང་ཡོང་ཐབས་མེད། ང་ཚོས་བློས་བཀལ་ཞུ་ས་ནི་༧ རྒྱལ་བ་ཡིད་བཞིན་ནོར་བུ་ལས་ དཔལ་འབྱོར་རྒྱུ་ནོར་མིན། བོད་རྒྱལ་ལོ།།། དཔའ་བོ་དཔའ་མོ་རྒྱལ་ལོ།།།།།

  19. གངས་རིའི་ཉི་མ། says:
    2013-03-25 at 11:35 am

    མྱ་ངན་ཞུ། མྱ་ངན་ཞུ། མྱ་ངན་ཞུ། མཐའ་མཇུག་གི་དབུགས་རྒྱུན་དེ་བཀོལ་ནས་ས་སྒང་གི་ཕ་གཞིས་ན་རང་དབང་ཞིག་ལོན་ན་བསམ། ངོ་མ་བཀའ་དྲིན་ཆེ། ང་ཚོ་ཀུན་དེའི་ཕྱིར་དུ།

  20. གནམ says:
    2013-03-26 at 9:50 am

    མ་ཎི་འདོན་ཞོར་འདོན་ཞོར་གུས་བ་ཞུ།
    རྒྱ་མི་རིགས་འདི་མི་རིགས་ཡོངས་ཀྱི་བསལ་སྙུག་དུ་ངེས་འཛིན་པ་ནི་ཉིན་རེ་ནས་ཇེ་གསལ་རེད། སྐྱེ་གཟུགས་ནི་མེད་ཀི། རྣམ་དཔྱོད་ནི་མེད་ཀི། གུན་སྤྱོད་ནི་མེད་ཀི། བསམ་ཤེས་ནི་མེད་ཀི། ཤེས་བྱ་ནི་མེད་ཀི། ཡོན་ཏན་ནི་མེད་ཀི། གསར་གཏོད་ནི་མེད་ཀི། འཇིག་རྟེན་འདི་ལ་དགོས་བ་སྣ་གཅིག་གི་ཞལ་འདེབས་མེད་པར་འབུ་གྲོག་མ་ནང་བཞིན་ཡོད་པས་ཡོད་ཚད་བསུན་གཙེར་བཏང་འདུག། ངས་ཤེས་ཚོད་ཡིན་ན་རྒྱ་མི་ལ་ཚང་མ་དགའ་འི་མི་འདུག། དཀོན་མཆོག།
    མི་དགེ་བ་བཅུ་ཚང་བའི་ལས་ངན་འདི་ཚོ། མི་གྲས་ན་ཡོད་པ་ཙམ་ལས་མི་གྲལ་ན་མེད་པ་འདི་དར་རྟགས་མ་རེད་རྒུད་རྟགས་རེད།

  21. ཚེ་རིང་སྐྱབས་ says:
    2013-03-27 at 6:42 am

    རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་བོད་མི་རིགས་ཀྱི་དཔའ་མོ་སྐལ་སྐྱིད་ལགས་སུ་གུས་འདུད་དང་། ཕྱི་མ་དག་པའི་ཞིང་ལ་ཁྲུངས་པའི་སྨོན་ལམ་དང་རང་རིགས་བོད་མི་ཡོངས་ནས་མ་སྐུལ་དྭང་དུ་ལངས་ནས་རྒྱལ་ཞེན་ཡོངས་ལ་གུས་འདུད་དང་བཅས་ ཨོྃམཎེཔདྨེཧཱོུྃ༔ ཚར་གཅིག་ལས་མ་ཉུང་བ་ཞིག་གསུང་གནང་ཡོད་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme