Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་མའི་དུས་ཀྱི་ཆོས་དགེ།

Posted on 2013-03-23 By ཁ་བརྡ་ 4 Comments on ཕྱི་མའི་དུས་ཀྱི་ཆོས་དགེ།

སྐྱོ་བྲག་དགའ་དབང་། 

སངས་རྒྱས་བཅོམ་ལྡན་འདས་ནི་འདས་པ་ལ་ཐོགས་པ་མེད་པར་མཁྱེན་པ་འཇུག་པ་བཞིན་དུ་མ་འོངས་པ་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་འཇུག་པ་ཡིན་པའི་ཕྱིར་ན། ཕྱི་མའི་དུས་ཀྱི་དགེ་སློང་ཆོས་སྨྲ་བ་རྣམས་ཀྱི་ཁ་ཞེ་མི་མཐུན་པའི་སྤྱོད་པ་དག་ཏིང་འཛིན་རྒྱལ་པོའི་མདོ་ལས་གསུངས་པ། 

འཇིག་རྟེན་འདྲེན་པ་མྱ་ངན་འདས། །ཕྱི་མའི་དུས་ན་དགེ་སློང་ནི། །སྡོམ་པ་མེད་པ་མང་པོ་དག །མང་དུ་ཐོས་པ་མི་འདོད་འབྱུང་། །ཞེས་པ་ནི། འཇིག་རྟེན་གྱི་འདྲེན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ན་དགེ་སློང་གི་མིང་ཅན་རྒྱུད་ལ་སྡོམ་པ་མེད་ཅིང་མང་དུ་ཐོས་པ་མི་འདོད་པ་རྣམས་འབྱུང་ངོ་། །ཞེས་སྤྱིར་བསྟན་པའོ། །

ཚུལ་ཁྲིམས་བསྔགས་པ་རྗོད་བྱེད་ལ། །ཚུལ་ཁྲིམས་དོན་དུ་གཉེར་བ་མེད། །ཏིང་འཛིན་བསྔགས་པ་རྗོད་བྱེད་ལ། །ཏིང་འཛིན་དོན་དུ་གཉེར་བ་མེད། །ཤེས་རབ་བསྔགས་པ་རྗོད་བྱེད་ལ། །ཤེས་རབ་དོན་དུ་གཉེར་བ་མེད། །རྣམ་གྲོལ་བསྔགས་པ་རྗོད་བྱེད་ལ། །རྣམ་གྲོལ་དོན་དུ་གཉེར་བ་མེད། །ཅེས་པ་ནི། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་གྲོལ་གྱི་བསྔགས་པ་བརྗོད་པར་བྱེད་ནའང་རང་གིས་དོན་གཉེར་མི་བྱེད་པའོ། །

ཇི་ལྟར་སྐྱེས་བུ་ལ་ལ་དག །ཙན་དན་དག་ནི་འདི་འདྲ་སྟེ། །སྤོས་ཀྱི་རྣམ་པ་ཡིད་འོང་ཞེས། །ཙན་དན་དག་གི་ཡོན་ཏན་བརྗོད། །དེ་ནས་མི་གཞན་ལ་ལ་ཡིས། །དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙན་དན་ཆུང་ཟད་བསྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །སྐྱེས་བུ་དེ་ལ་སླར་སྨྲས་པ། །གང་གིས་འཚོ་བར་བྱེད་པ་ཡི། །སྤོས་ཀྱི་བསྔགས་པ་ང་བརྗོད་པ། །སྤོས་དེ་ང་ལ་མེད་ཅེས་སྨྲ། །ཞེས་པ་ནི། ཁ་བཤད་ཙམ་ལས་དོན་གཉེར་མི་བྱེད་པའི་དཔེ་བསྟན་པའོ། །

དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཏིང་འཛིན་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཏིང་འཛིན་མེད། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཤེས་རབ་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཤེས་རབ་མེད། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །རྣམ་གྲོལ་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་རྣམ་གྲོལ་མེད། །ཞེས་པ་ནི། རང་གི་འཚོ་བ་ཙམ་གྱི་ཆེད་དུ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་གྲོལ་གྱི་བསྔགས་པ་བརྗོད་པར་བྱེད་པ་ཡིན་གྱི། རང་གི་ངོ་བོ་ནི་ཡོད་པ་མ་ཡིན་ནོ། ཞེས་ཕྱི་མའི་དུས་ཀྱི་ཆོས་དགེ་བྱེ་བྲག་ཏུ་བསྟན་པ་སྟེ། དེང་དུས་འཛམ་གླིང་ཤར་ནུབ་ཏུ་བསྐྱོད་ནས་ཆོས་སྨྲ་བ་དག་གི་དམིགས་ཡུལ་དང་ཁ་བཤད་རྒྱུད་ཚོད་གསལ་རྗེན་དུ་གསུངས་པ་དག་ལ་བལྟ་རྟོག་ཕྲན་བུ་རེ་བྱ་ཐུབ་ནའང་རང་གཞན་ལ་ཕན་པར་སེམས་སོ། །

རྩོམ་རིག

Post navigation

Previous Post: ཕ་ཡུལ་གྱི་ངོ་གདོང་འགྱུར་བཞིན་འདུག
Next Post: ས་མཐའི་མི་རྐྱང་གི་སྐྱོ་གར།

Comments (4) on “ཕྱི་མའི་དུས་ཀྱི་ཆོས་དགེ།”

  1. སྤྱང་ཤོག་ says:
    2013-03-23 at 4:38 pm

    བོད་ཀྱི་བླ་མ་མང་པོས་རྡོ་རྗེ་འཆང་གི་སྤྲུལ་སྐུ་ཡིན་ཞེས་རྒྱ་མི་ཞིག་ངོས་འཛིན་གནང་འདུག་པ་འདི་ལྟ་བུ་ལ་གོང་གི་ལུང་དེ་གསུང་པ་རེད།

  2. མེ་ཏོག་དཀར་པོ says:
    2013-03-23 at 11:41 pm

    རྒྱ་མི་དེ་འདྲ་གཅིག་རེད། ཡོད་རྒྱུ་བོད་པའི་ནང་ཡོད། ལུང་དེ་ཚང་མ་བཀ྄་བརྒྱུད་པའི་བླ་མ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-03-24 at 5:03 am

    གསང་སྔགས་ཀྱི་སྐབས་སུ་བླ་མ་རྡོ་རྗེ་འཆང་དུ་མོས་དགོས་པར་གསུངས་པ་ལས། བླ་མ་ཡིན་ན་རྡོ་རྗེ་འཆང་ཡིན་དགོས་པར་གསུངས་མེད། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-03-24 at 5:08 am

    སློབ་མ་རང་ལས་ལྷག་པའི་བླ་མ་དེ་ལ་ཡོན་ཏན་ལྷག་པ་ཅིག་ཡོད་ན་བླ་མར་བསྟེན་དུ་རུང་བས། ཕྱི་མའི་དུས་ཀྱི་བླ་བ་ཚོ་ཡང་སེམས་ཤུགས་མ་ཆག་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme