Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐོབ་བྱེད་ཀྱི་འབྲེལ་བ་དེ་དཔྱད་གསུམ་དག་པའི་ལུང་ལ་འཇོག་དགོས་པའི་ཚུལ།

Posted on 2013-03-222013-03-22 By ཁ་བརྡ་ 5 Comments on ཐོབ་བྱེད་ཀྱི་འབྲེལ་བ་དེ་དཔྱད་གསུམ་དག་པའི་ལུང་ལ་འཇོག་དགོས་པའི་ཚུལ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

དེ་འདྲའི་འཐོབ་བྱ་དང་ཐོབ་བྱེད་ཀྱི་འབྲེལ་བ་དེ་དངོས་སྟོབས་ཀྱི་རིགས་པས་མ་འགྲུབ་པའི་ཕྱིར་ན་ཡིད་ཆེས་པའི་ལུང་ལ་བརྟེན་དགོས་ཤིང༌། ལུང་གང་ཞིག་ཡིད་ཆེས་པའི་གནས་སུ་འཛིན་འོས་མིན་ནི་དཔྱད་གསུམ་གྱིས་དག་དང་མ་དག་ལ་འཇོག་དགོས་ཞེས་ཚད་གཞུང་དུ་བཤད་འདུག དཔྱད་གསུམ་གྱིས་དག་པའི་ཚུལ་ལ་མཁས་པ་སོ་སོའམ་འདོད་ཚུལ་ཤིན་ཏུ་མང་ཞིང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་པ་ཁ་ཅིག་གིས། དཔེ་ཆ་རེ་རེའི་ནང་དུ་འགྲེལ་བཤད་མི་འདྲ་བ་རེ་རེ་བསྐྱོན་བཞིན་འདུག་པ་ལ་བལྟས་ན་ཁོང་རྣམ་ཚོ་ལ་ཏིག་ཏིག་ཅིག་མེད་པ་འདྲ།

མངོན་གྱུར་བསྟན་པ་མངོན་སུམ་དང་མི་འགལ། ལྐོག་གྱུར་བསྟན་པ་རྗེས་དཔག་དང་མི་འགལ། ཤིན་ལྐོག་བསྟན་པ་རང་ཚིག་སྔ་ཕྱི་དང་བརྗོད་བྱ་དངོས་ཤུགས་མི་འགལ། ཞེས་སོགས་བཤད་ཡམས་ཅི་འདྲ་བྱས་ཀྱང་དོན་དུ་ནི་ནམ་རྒྱུན་རྫུན་བཤད་པ་མཐོང་ཐོས་མེད་ཅིང༌། ད་རེས་་ཀྱི་སྐད་ཆ་གོང་འོག་ལྷུ་ཐུག་པ་ཞིག་བྱུང་སོང་ན་ཆ་འཇོག་བྱ་དགོས་ཞེས་པ་དེ་ཙམ་ཞིག་ཡིན་པར་སྣང་སྟེ། དེ་ལྟར་ན་གཞི་ལ་བཞག་ནས་བཀོད་པ་ཡིན་འདུག་པས་དཔྱད་པ་ཡིན་འདུག་པས་དཔྱད་དགོས་ཤིང༌། དུས་ད་ལྟའི་བར་དུ་དངོས་གཙོ་སྨྲ་བ་དང༌། འཕེལ་འགྱུར་སྨྲ་བ་སུས་ཀྱང་འགྲེལ་བཤད་བློ་ཡིད་ཚིམས་པ་ཞིག་བརྒྱབ་ཐུབ་མེད་མོད། ཚན་རིག་གི་ཤེས་ཚད་གོང་འཕེལ་དུ་ཕྱིན་ཚེ་ནམ་ཞིག་བློ་ཡུལ་ལས་འདས་པའི་གསང་བ་ཞིག་རྙེད་སྲིད་ཡིན།

མི་ཁ་ཅིག་གིས། རྨི་ལམ་གྱི་ནང་ནས་རྗེས་ཕྱོགས་ཀྱི་དོན་དག་སྔོན་དཔག་བྱེད་ཐུབ་ཀྱང་རྨི་ལམ་གྱི་ཤེས་པ་དེ་མ་འོངས་པ་ནས་ཡར་ལ་བསླེབས་པ་ཞིག་ཡིན་མི་སྲིད་པ་བཞིན། ཚེ་རབས་དྲན་པའི་བསམ་བློ་དེའང་གཅིག་བྱས་ན་འདི་འདྲའི་དོན་དག་ཅིག་ཡིན་ཤས་ཆེ། སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པ་ལྟར་ན། སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་བརྡ་འཕྲིན་དང་གློག་རླབས་ལྟ་བུ་གཞི་རྒྱུ་ཕྲ་མོའི་འབྲེལ་བ་ཞིག་ཡོད་པ་ཡིན་ཡང་སྲིད།

སྤྱིར་བཏང་བྱས་ན་བསམ་གཞིག་གི་ལྟེ་གནས་ཀླད་ཆེན་ནི་མེད་དུ་མི་རུང་བ་ཞིག་ཡིན་ན་ཡང༌། དམིགས་གསལ་ཅན་གྱི་མི་རེ་གཉིས་ལ་ཀླད་ཆེན་མེད་ཀྱང་ཆོག་པ་ལྟར་སྐྱེ་བ་སྔ་ཕྱི་འདིའང་དམིགས་བསལ་གྱི་མི་སྣའི་དམིགས་བསལ་གྱི་ཁྱད་ཆོས་འདྲ་ཨེ་ཡིན། དེ་ལྟ་མིན་ན་འདུ་ཤེས་ཀྱི་འཕེལ་རིམ་ཚད་ངེས་ཅན་ཞིག་ལ་ཐོན་དུས། ད་གཟོད་རྣམ་ཤེས་བམ་པོ་ལས་ལོགས་སུ་མུ་མཐུད་དུ་འཚོ་གནས་ཐུབ་པ་ཡིན་རྒྱུ་རེད། ཚན་རིག་པའི་ཁྲོད་ནས་རྣམ་ཤེས་ཡོད་ཤས་ཆེ་ཟེར་མཁན་དེ་ཚོས་ཀྱང་དོན་འདི་འདྲ་ཞིག་ལ་ཐེ་ཚོམ་སྐྱེས་པ་ཙམ་མ་གཏོགས། ང་ཚོ་ལྟར་རྣམ་ཤེས་ཀྱི་ཐོག་མ་གཏན་མེད་དུ་ཁས་ལེན་རྩིས་རང་དག་མ་རེད་སྙམ།

མདོར་ན་དེང་སང་སྐྱེ་བ་སྔ་ཕྱི་དྲན་པ་དང༌། སྲིད་པ་ཕྱིར་ལྡོག་གི་ཆོ་ག རྣམ་ཤེས་འཁྱམས་པའི་ཉམས་མྱོང༌། ལུས་སེམས་བརྗེ་སྤོར་གྱི་མཐོང་སྣང་སོགས་ངོ་མཚར་ཆེ་བའི་བྱུང་འཇིག་རྟེན་གྱི་རྒན་པོ་ཡ་རབས་ཤིག་གི་སྐད་ཆ་ལས་ལྷག་པའི་ཁྱད་ཆོས་ཅི་ཡང་མི་འདུག་པས་ལུང་ཚད་མ་ཟེར་ཡང་དེ་ག་ཙམ་རེད། རྟོགས་དཀའ་བ་ངེས་ལེགས་ལ་མི་བསླུ་བར་རིགས་པས་གྲུབ་ན་སླ་བ་མངོན་མཐོ་ལ་མི་བསླུ་བར་ཡིད་ཆེས་བྱེད་ཆོག་ཟེར་ཡང༌། དཀའ་སླའི་ངེས་པ་དེ་ག་རང་ཡང་བསྒྲུབ་བྱེད་མིན་པས་ཕན་ག་ལ་ཐོགས།

རྩོམ་རིག

Post navigation

Previous Post: ང་ཚོའི་རྒྱན་ཆ་མིན།
Next Post: དུད་འགྲོའི་གཞིས་ཀ

Comments (5) on “ཐོབ་བྱེད་ཀྱི་འབྲེལ་བ་དེ་དཔྱད་གསུམ་དག་པའི་ལུང་ལ་འཇོག་དགོས་པའི་ཚུལ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-22 at 10:41 pm

    དམིགས་གསལ་ཅན་གྱི་མི་རེ་གཉིས། བ་བསལ་ལས་ག་གསལ་འོང་བ་རྣམ་རྟོག་ཏུ་འབྱུང་སླ། འོན་ཀྱང་དོན་དངོས་མར་བསྟན་བཅོས་དག་ན། དམིགས་བསལ་ཞེས་བྲིས་སོ།

  2. རི་རྒྱལ་ཏི་སེ། says:
    2013-03-23 at 1:10 am

    དཔྱད་གསུམ་དག་པའི་ལུང་ཞེས་པ་དེ་ཅི་ལྟ་བུ་ཞིག་ལ་ངོས་འཛིན་དགོས་ཡོད་མེད་གསལ་ཁ་ཞིག་གསུང་རོགས།

  3. བན་དེ་བ says:
    2013-03-23 at 2:11 am

    མཐོང་བ་མངོན་གྱུར་སྟོན་པ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ། མ་མཐོང་ལྐོག་གྱུར་སྟོན་པ་ལ་རྗེས་དཔག་ཚད་མས་གནོད་པ་མེད་པ། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡིད་ཆེས་རྗེས་དཔག་ཚད་མས་གནོད་པ་དང་གསུམ་མོ།

  4. བན་དེ་བ། says:
    2013-03-23 at 2:17 am

    མཐོང་བ་མངོན་གྱུར་སྟོན་པ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ། མ་མཐོང་ལྐོག་གྱུར་སྟོན་པ་ལ་རྗེས་དཔག་ཚད་མས་གནོད་པ་མེད་པ། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡིད་ཆེས་རྗེས་དཔག་ཚད་མས་གནོད་པ་མེད་པ་དང་གསུམ་མོ།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-03-23 at 10:03 am

    རང་ལ་ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡིད་ཆེས་རྗེས་དཔག་ཚད་མ་རྙེད་པའི་ནུས་པ་མེད་ན། དད་པ་བྱས་ནས་ཁ་ཁར་སྡོད། ཡང་ན་དད་པ་མེདཔར་བློ་བདེར་སྡོད། རང་གི་དུས་ཚོད་འཕྲོ་བརླག་མ་གཏོང་། དད་ལྡན་གྱིས་གཞན་སེམས་མ་དཀྲུགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme