Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབོད་སྐུལ།

Posted on 2013-03-172013-03-17 By ཁ་བརྡ་ 9 Comments on འབོད་སྐུལ།

གུས་པའི་མིང་ལ་རིན་པོ་ཟེར་ཞིང་ཨ་རིའི་མངའ་སྡེ་མེ་ནེ་སོ་ཏྲར་Minnesota གནས་སྡོད་བྱེད་མཁན་གྱི་བོད་རིགས་དཀྱུས་མ་ཞིག་ཡིན། ཕྱི་ལོ་༢༠༠༠ ལོའི་པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་ཨ་རིའི་མངའ་སྡེ་Minnesota ནས་མགོ་འཛུགས་ཀྱིས་ད་བར། ཨ་རིའི་མངའ་སྡེ་ཁག་༤༤ ནང་ཁྱོན་བསྡོམས་མེལ་ལེ་༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་༢༤ ཙམ་སྤེལ་ཡོད་པ་དང་། དེ་བཞིན་ཕྱག་འཚལ་ནས་སྐྱོད་པའི་ལས་འགུལ་ཐེངས་གཉིས། གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་བཅས་སྤེལ་ཡོད། ད་རེས་ཡོ་རོབ་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་སྤེལ་ནས་བོད་དོན་སྤྱི་དང་ལྷག་པར་དུ་རང་ལུས་མེར་སྲེག་སྐོར་ལ་གོ་རྟོགས་སྤེལ་རྒྱུ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ཐེར་འདོན་བཅས་ཀྱི་ལས་འགུལ་འདི་མགོ་འཛུགས་ཞུས་པ་ཡིན། གུས་པའི་ལས་འགུལ་འདིའི་ནང་ཡོ་རོབ་རྒྱལ་ཁབ་བཅུ་གསུམ་༡༣ དང་གྲོང་ཁྱེར་ཁག་བརྒྱ་དང་ལྔ་བཅུ་ལྷག༡༥༠ ལ་བསྐྱོད་རྒྱུ་ཡིན།

གུས་པའི་འབོད་ཚིག་གཉིས་ནི། ༡༽རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བོད་མིའི་དངོས་ཡོད་ཀྱི་དཀའ་ཁག་རྣམས་ཞི་མོལ་གྱི་ཐོག་ནས་སེལ་ཐབས་བྱེད་དགོས།
༢༽རྒྱལ་སྤྱིའི་གསར་འགོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་སོགས་བོད་ནང་བསྐྱོད་དེ་རང་ལུས་མེར་བསྲེགས་སྐོར་གྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་འཇུག་དགོས།

མཐའ་མཇུག་ཡོ་རོབ་མཉམ་འབྲེལ་དང་། དེའི་ཁོངས་མི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་འབུལ་རྒྱུའི་ཞུ་སྙན་ལ་མཚན་རྟགས་བརྒྱབ་ཏེ་གུས་པའི་ལས་འགུལ་འདིར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

རིན་པོ་ནས།
ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༧ ཉིན་ཕུལ།

གསལ་བསྒྲགས།

Post navigation

Previous Post: རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ།
Next Post: སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པའི་སྐོར།

Comments (9) on “འབོད་སྐུལ།”

  1. དགའ་སྐྱིད་ says:
    2013-03-17 at 9:23 pm

    ཧ་ཅང་ཡག་པོ་རེད་ཨ་རི་ནང་ལས་གུལ་མང་པོ་འཔེལ་འདུག། ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤེས་ཡའི་རང་དབང་་རླུང་འཕྲིན་ཁང་གཉིས་འདིར་ཞམ་དྲེན་རེད་། ཨ་རི་ནང་བོད་མི་ཁག་ཅིག་གི་གསུང་བ་འདེན་པ་རེད་འདུག ཨ་རི་ས་གནས་ནང་གི་གནས་ཚུལ་མཐོང་གི་མེད་པ་དེར་ནི་ནམ་རྒྱུན་ཁོ་པ་ཚོ་ལ་སེམས་ཚབ་རྩ་ནས་མེད་པ་གསལ་པོ་རེད་།

  2. དཔའ་བོ་། says:
    2013-03-17 at 11:56 pm

    ཐུགས་རྗེ་ཆེ་ཞུ་ལགས་།

  3. ཨ་རོག says:
    2013-03-18 at 4:38 am

    ཡག་པོ་རེད་བཀའ་དྲིན་ཆེའོ།

  4. ཏྲེ་ཧོར་བུ་ says:
    2013-03-18 at 5:01 am

    དངོས་གནས་བོད་དོན་ཆེད་དུ་འདི་འདྲ་བྱ་བ་བྱེད་ཐུབ་པ་ཐུགས་རྗེ་ཆེན་མ་ཚད་ཨ་རི་ནང་ཨ་སྒོར་མགོ་འཁོར་ནས་མ་འདུག་པ་བོད་དོན་ལ་དམིགས་པ་ཧ་ཅང་ཡག་པོ་རེད་རིན་པོ་ཁྱེད་ནི་དངོས་གནས་རིན་པོ་ཆེ་རེད་་་ཐུགས་རྗེ་ཆེ

  5. ཡུལ་གྱར་བ། says:
    2013-03-18 at 7:26 am

    བོད་རིགས་དཀྱུས་མ་ཞིག་གི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ལ་རྗེསུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  6. འཇམ་གཅེས says:
    2013-03-18 at 1:51 pm

    དངོས་གནང་ཁོང་གི་སྔོན་ནས་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་མྱོང་ཡོད་་་་་ད་ཡུ་རོབ་ནང་ལས་འགུལ་སྤེ་བར་སྙིང་ནས་བཀའ་དྲིན་ཆེ།

  7. ཐབས་ཇུས་ཅན says:
    2013-03-18 at 7:47 pm

    བོད་པའི་རིན་པོ་ཆེ་ཟེར་བ་འདི་འདྲ་ཞིག་ལ་ཟེར། སྤྲུལ་སྐུ་ཞིག་ལས་ལྷག་རེད་འདུག
    མི་རིགས་ཀྱི་ཆེད་དུ་་་་་་་ རྒྱལ་ཁབ་ཀྱི་ཆེད་དུ་་་་་་་་་་་་་་་དངོས་ནས་རྗེས་སུ་ཡི་རང་ཡོད།

  8. རྨུ་ཐག་གི་བུ་རྒྱུད། says:
    2013-03-20 at 5:27 am

    ངས་ཅི་ཡང་བཤད་མི་སྤོབས། བོད་མི་ཞིག་གི་ཐོབ་ཐང་ལེན་མཁན་ང་དང་ང་ལྟ་བུ་ཤིན་ཏུ་མང་མོད། བོད་མི་ཞིག་གི་འགན་འཁུར་མཁན་ཁྱོད་དང་ཁྱོད་ལྟ་བུ་ནི་ཤིན་ཏུ་དཀོན་པོ་རེད། དེ་བས་ངས་ཅི་ཡང་བཤད་མི་སྤོབས།

  9. གཏམབཟང་། says:
    2013-05-14 at 2:01 am

    ཐེངས་གཅིག་རྗེས་སུ་སེམས་ཤུགས་ཆགས་ནས་མ་སྡོད་རོགས་གནང་མུ་འཐུད་སེམས་བསྐྱེད་གནང་ཐམས་དགོས་ངེས།་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme