Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེད་སྨྲའི་ལྟ་གྲུབ་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ་དགག་སྒྲུབ་བྱས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག

Posted on 2013-03-15 By ཁ་བརྡ་ 13 Comments on མེད་སྨྲའི་ལྟ་གྲུབ་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ་དགག་སྒྲུབ་བྱས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག

  ཚད་མ་རྣམ་འགྲེལ་ལས། རྒྱུ་འབྲས་དང་རྗེས་དཔག་ཁས་མི་ལེན་ཞིང༌། ལུས་ཆ་མེད་དང་དབུགས་རྟག་པར་འདོད་པ་སོགས་མེད་སྨྲའི་ལྟ་གྲུབ་ཆག་རོ་༼འམ་དུམ་བུ་༽འགའ་ཞིག་ཆེད་དུ་བསལ་ཏེ། དེར་དགག་སྒྲུབ་རྒྱས་ཤིང་རྒྱས་པ་ཞིག་གནང་འདུག་པ་སྐབས་དེའི་ཕྱོགས་སྔ་དེ་ཚོར་༼སྐབས་བབས་སུ་གྱུར་པའི་༽ཕྲན་བུ་རེ་༼བཀོད་པ་རྣམས་ཐད་ཀར་ཐད་ཀར་རང་མཚང་དུ་༽སོང་ཤས་ཆེ༼བ་ནི་དོན་གནད་དེར་དམིགས་པའི་དགོས་པ་ཡིན་པའི་ཕྱིར་རོ།།༽

སྤྱིར་ནི་རིགས་པ་ཕལ་མོ་ཆེ་རྩིང་ཧྲུལ་གནད་ལ་མ་ཟིན་པ་འབའ་ཞིག་ལས་བསྒྲུབ་བྱ་ལ་ངེས་ཤེས་འདྲེན་པ་དག་ལྟ་ཅི་སྟེ། ད་རེས་ཏོག་ཙམ་འདྲ་ཆགས་པོ་ཞིག་གསུངས་སོང་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་ནུས་ཤིག་ཀྱང་ཕལ་ཆེར་མེད་པའི་ཚོད་རེད༼་ཅེས་པ་དེ་ནི། བསམ་བློ་ཞིབ་ཚགས་མ་བཏང་བའི་སྐྱོན་ཆ་ཞིག་སྙམ་སྟེ། སྐབས་དེའི་རྒོལ་བ་པོའི་གང་ཟག་དེས་ཇི་ལྟར་རྒོལ་བའི་ལན་འདེབས་ཤིག་ཡིན་པའི་སྟེང་དུ། དུས་རབས་དེའི་སྐྱེ་བོ་ཕལ་ཆེ་བའི་བསམ་པའི་བཁྱེར་སོ་དང་ཡང་བསྟུན་དགོས་པ་ནི། བསྟན་བཅོས་ཀྱི་རྩོམ་སྟངས་ཤིག་ཀྱང་ཡིན་པའི་ཕྱིར་རོ།།༽

དཔེར་ན། ༼ཤིག་བསོད་པ་ལ་སྟ་རེ་སྣུན་མི་དགོས་པ་ལྟར།༽ ལུས་ལས་སེམས་སྐྱེ་ན་ལུས་ཡོངས་རྫོགས་ལས་སྐྱེའམ། ཆ་ཤས་ལས་སྐྱེ། ཡོངས་རྫོགས་ལས་ན་འཛུབ་མོ་ཆད་པའི་མི་ལ་སེམས་མི་སྐྱེ་བར་ཐལ། ཆ་ཤས་རེ་རེ་ལས་སྐྱེ་ན་རྡུལ་གྱི་གྲངས་བཞིན་དུ་སེམས་ཀྱང་མང་དུ་སྐྱེ་བར་ཐལ། ཞེས་པ་ལྟ་བུ་བསམ་གཞིག་གནད་ལ་མ་འབྱོར་བ་༼ཡང་མ་ཡིན་པའི་ཕྱིར་༽དང༌།

ལུས་སེམས་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ན། ལུས་ཅི་ཙམ་རྒྱགས་པ་ན་སེམས་ཀྱང་དེ་ཙམ་དུ་གསལ་ཞིང་རྒྱས་པར་ཐལ། ཞེས་པ་ལྟ་བུ་རིགས་ལམ་སྟབས་བདེ་ཐག་ཆོད་པ་༼དེའི་ཡང་སྒྲུབ་བྱ་དེ་བསྒྲུབ་ནུས་པའི་ཕྱིར་༽དང༌།

ལུས་སེམས་ཀྱི་ཉེར་ལེན་ནམ། ཡང་ན་ལུས་སེམས་བདག་ཉིད་གཅིག་ཡིན་ན། ཤི་བའི་རོ་ལ་ཡང་སེམས་གནས་དགོས་པར་ཐལ། ཞེས་པ་ལྟ་བུ་དོན་མེད་ཁ་ཁྲལ་འཇལ་བ་ཙམ་༼མ་ཡིན་པའི་ཕྱིར་༽དང༌།

ལུས་སེམས་གཉིས་པོ་ཡོན་ཏན་ཅན་ཡིན་ན། སེམས་ཀྱི་ཡོན་ཏན་ལུས་ཐོག་ནས་མཐོང་ཐུབ་པར་ཐལ། ཞེས་པ་ལྟ་བུ་༼རྒོལ་བ་དེའི་ངོར་༽ཁྱབ་འབྲེལ་ངེས་པ་མེད་པ་༼ཡང་མ་ཡིན་པའི་ཕྱིར་༽དང༌།

རྒྱུ་ཚོགས་གྲངས་ཚང་གི་ཚུལ་དུ་འབྲེལ་ན། དུག་གི་ཤི་བའི་རོ་ལ་དུག་སེལ་བྱས་ཚེ་གསལ་རིག་སླར་ཡང་སྐྱེ་འོང་བར་ཐལ། ཞེས་པ་ལྟ་བུ་མཐའ་དཔྱད་ཡག་པོ་མ་བྱས་པ་སྟེ། རིགས་ལམ་མང་ཤོས་འདི་དང་འདི་འདྲ་ཤ་སྟག་རེད་བཞག མེ་ཇི་ཙམ་གྱིས་ཤུགས་ཆེར་འབར་ན། དུ་བ་དེ་ཙམ་གྱིས་དྲག་ཏུ་འཕྱུར་མི་དགོས་པ་བཞིན། རྒྱུ་དང་འབྲས་བུའི་འབྲེལ་བ་གྲུབ་ཕྱིན་ཆད་མཐའ་གཅིག་ཏུ་འཕེལ་འགྲིབ་རྗེས་སུ་འགྲོ་ལྡོག་མི་དགོས།

༼སྟོན་པ་ཤཱཀྱ་ཐུབ་པས་གསུང་པའི་ནང་ཆོས་ཀྱི་བརྗོད་གཞི་ནི། དངོས་པོའི་གནས་ལུགས་དང་བསྟུན་ཏེ་གསུང་པ་ཞིག་ཡིན་དུས། ཕྱིའི་རྫས་འགྱུར་གྱི་རིག་པ་དང༌། ནང་རྣམ་ཤེས་ཀྱི་འཛིན་སྟངས་མི་འདྲ་བ་སྣ་ཚོགས་འཕེལ་འགྱུར་ལ་བརྟེན་ནས། དེ་དང་མཚམས་པའི་བཟང་ངན་གྱི་འཆར་སྒོ་མཐའ་མེད་པ་ཞིག་ཡོང་གི་ཡོད་པའང༌། དངོས་སྟོབས་མཚན་མའི་སྟེང་ནས་སྒྲུབ་ནུས་ཏེ། དཔེར་ན། ལོ་ཆུང་བྱིས་པའམ་གང་ཟག་གང་ཡང་རུང་བ་ཞིག ཐོག་མར་ཡི་གེ་མི་ཤེས་པ་ནས་ཤེས་པ་དང༌། དེ་ནས་འཛིན་རིམ་དང་པོ་དང་གཉིས་པ་སོགས་རིམ་པར་ཤེས་པའི་སྒོ་རྒྱ་ཇེ་ཆེར་ཕྱེ་བར་ངེས་ལ། མཐའ་མར་རབ་འབྱམས་པ་སོགས་ཚན་རྩལ་མཁས་ཅན་དུ་གྱུར་ཀྱང༌། ཤེས་བྱའི་རྣམ་གྲངས་ཤེས་པར་བྱེད་པ་ལ་མུ་མཐའ་མི་མངོན་པ་ནི། མངོན་སུམ་མཐོང་ཆོས་སུ་གྱུར་པ་དེས་གྲུབ་བོ།།༽

ལུས་སེམས་བདག་ཉིད་གཅིག་ཡིན་པའི་དབང་དུ་བཏང་རུང་འདུ་འབྲལ་མེད་པས་མ་ཁྱབ་པ་ནི། ལྕགས་གོང་དང་དེའི་དམར་འབར་བ་ནང་བཞིན་རེད།

ཆང་མ་འཐུང་གི་བར་དུ་མྱོས་པའི་ནུས་པ་ཧ་མི་གོ་བ་བཞིན། ཡོན་ཏན་དང་ཡོན་ཏན་ཅན་གྱི་འབྲེལ་བའང་རྣམ་པ་ཐམས་ཅད་དུ་གཅིག་གྱུར་དུ་བསྡད་མེད།

གསོན་ལུས་ཀྱི་རྒྱུ་ཚོགས་གྲངས་ཚང་ཡིན་སྲིད་ཀྱང་དབུགས་དང༌། དྲོད། སྲོག་བཅས་ཡོད་ཚད་སོང་ཟིན་པའི་རོ་ཐོག་ཏུ་བསམ་བློ་རང་འཇགས་སུ་ལོག་འོང་བའི་ངེེས་པ་ག་ལ་ཡོད།

 

 

རྩོམ་རིག

Post navigation

Previous Post: དེ་རིང་གི་སྙན་ངག
Next Post: ནམ་ཟླ་འཁྱག་ལ་འབྱར་བའི་ཁ་སང་ཞིག་ལ།།

Comments (13) on “མེད་སྨྲའི་ལྟ་གྲུབ་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ་དགག་སྒྲུབ་བྱས་པའི་སྐོར། ཧི་མ་ལ་ཡའི་འཕྲུལ་སྨྱུག”

  1. ཨ་རོག says:
    2013-03-16 at 1:21 am

    ད་གྲོགས་པོ་ཚོ་ཡག་པོ་འདུག།

  2. ཟླ་བ་བསྟན་འཛིན་ says:
    2013-03-16 at 2:34 am

    མཐོན་པོ་དབུ་མའི་གྲུབ་མཐའ་མན་ཆད་ནས།།
    དམའ་བ་རྒྱང་འཕེན་གྲུབ་མཐའ་ཡན་ཆད་ཀྱིས།།
    རང་རང་ལུགས་ཀྱི་རྩ་བའི་བཞེད་པ་ཉིད།།
    བདེན་པར་སྒྲུབ་པ་རང་ཕྱོགས་ཞེན་རྟགས་ཡིན།།

  3. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-16 at 3:02 am

    ཁོ་བོ་རང་གིས་བྲིས་པའི་ཡི་གེའི་དག་ཆ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་ཡོད་ན་བསལ་དགོས་པ་གལ་ཆེ།
    ་
    དེ་དང་མཚམས་པའི་བཟང་ངན་
    ་
    མ་མཚམས་དགོས་སམ། འ་འཚམས་དགོས། མཚམས་ནི་བར་དང་འདྲ་བར་འཇུག འཚམས་ནི་མཐུན་པའམ་བསྟུན་པར་འཇུག
    ཡོང་དང་འོང་གཉིས་གོང་འོག་ཏུ་བྲིས་པ་སྔ་ཕྱི་འགལ་བར་སྣང་། རིམ་པས་ཁ་སྐད་དང་ཆོས་སྐད་ལགས་པར་ཁོ་བོའི་བློ་ལ་ཤར། ཡིན་ན་སློངས་ལ་མ་ཡིན་འདི་ལ་བརྩད་པར་བྱ།
    རྒྱུ་འབྲས་ཀྱི་འབྲེལ་བ། ཞེས་པ་དེ་བོད་སྤྱིའི་སྐད་ལས་རིང་དུ་སོང་། བཀའ་བསྟན་གསུང་འབུམ་དཔེ་ཆ་ན། རྒྱུ་འབྲས་ཀྱི་འབྲེལ་པ། ཞེས་པར་གསལ།
    གལ་ཏེ་བསྟན་བསྟན་བཅོས་རྩོམ་འདོད་ན། ཐོག་མར་རྗོད་བྱེད་ཚིག་གི་དག་ཆ་ནི་རང་གཞན་ཀུན་ལ་དགོས་སོ་སྙམ། ཞེས་སོ།

  4. ཡ་མ་ཚེ་རིང་། says:
    2013-03-16 at 3:50 am

    འཕྲུལ་སྨྱུག་དྲིན་ཆེན་དྲ་ཐོག་ལ་གད་སྙུག་མ་སྤུང་རོགས། མདའ་སྨྱུག་ལ་འདི་ལན་ཕོག་སོང་བསམ་ས་གཅིག་ཀྱང་མི་འདུག་
    དྲ་གྲོགས་རྣམས་དེ་ལས་མདའ་སྨྱུག་འདི་དོན་ངོ་མ་སུ་རེད། འདི་ད་བར་དུ་འདི་འདྲའི་གསང་བ་ཅིག་ཡིན་དགོས་དོན་གང་ཡིན་ནམ།
    ཁག་ཅིག་གིས་རྒྱ་མིས་འཇུས་པ་རེད་ཟེར་དེ་བདེན་ན་ནག་ཉེས་གང་བཙུག་དང་ག་དུས་འཇུས་གང་དུ་བཙོན་འཇུག་བྱས་མིན་སོགས་གསར་ལམ་ཁག་ལ་ཟུར་ཙམ་མི་ཐོན་པ་ཅི་རེད། དེང་སང་མི་དཀྱུས་མ་ཅིག་འཇུས་ན་ཡང་ལམ་སེང་ཕྱི་ལོག་ལ་གནས་ཚུལ་འབྱོར་གྱིན་མི་འདུག་གམ། ཡང་ཁག་ཅིག་གིས་ད་ལྟ་འཚོ་བཞུགས་རེད་ཟེར་དེ་བདེན་ན་དེ་རིང་གི་བརྡ་འཕྲིན་དུས་རབས་འདིར་ས་གྲགས་གནམ་གྲགས་ཀྱི་རྩོམ་པ་པོ་ཅིག་འདི་ལྟར་མི་མངོན་པ་ཅི་རེད། ????????????????????

  5. བན་དེ་བ། says:
    2013-03-16 at 4:17 am

    རྒན་ལ་ད྄གས་པ་ལགས་ལ་ཐགས་ཞེས་མ་འབྲི་རོགས་གནང་གོ་རྒྱུ་འདུག་ཟེར་ནས་བསྒྱུར་ཆོག་ཆོག་མ་གནང་མི་ལོ་བརྒྱ་ཕྲག་གི་གོང་དུ་བྲིས་པའི་ཡིག་རྙིང་དེ་ཚོ་ལ་མཐོང་ཆུང་ཆགས་འགྲོ་གི་འདུག བཀའ་དང་བསྟན་བཅོས་ཀྱི་ཡི་གེའི་འགྲོས་དག་ནི་ཕ་འོང་ཁ་བ་ལས་སོགས་ཕྱིས་བྱུང་གིས་ཞུས་དག་ཡིན་ན་ཅིག་བྱེད་ཀྱི་ཡོད་ཟེར་ན་བཅོས་ཐལ་ཆེན་པོ་བྱས་འདུག་ཟེར་
    མི་ལོ་སྟོང་ཕྲག་སོང་བ་ཁྲི་སྲོང་ལྡེའུ་བཙན་གྱིས་བྲིས་པ་ཡིན་ཟེར་བ་བརྡ་རྙིང་གི་རྙིང་དྲི་འཐུལ་ལེར་ཡོད་པ། ༼དབུ་ནག་མིའུ་འདྲ་ཆགས༽ ལས་་་་་གང་གྷ་གླང་ཆེན་ཁ་ནས་འབབ། དེ་རྒྱ་གར་བའི་ཆུ་སྐལ་ཡིན། ན་ར་རྫྷ་ར་རྟ་མཆོག་ཁ་ནས་འབབ། དེ་སྤུ་རྒྱལ་བོད་ཀྱི་ཆུ་སྐལ་ཡིན། སིན་ཏུ་སེང་གེའི་ཁ་ནས་འབབ། དེ་ཨ་བ་ཧོར་གྱི་ཆུ་སྐལ་ཡིན། པག་ཤུ་རྨ་བྱའི་ཁ་ནས་འབབ། དེ་ནག་པོ་རྒྱ་ཡི་ཆུ་སྐལ་ཡིན། ད་ཆོས་མི་འགྱུར་རྒྱལ་མོ་རོང་དྲུག་དེ། རྒྱལ་མོ་རོང་གི་གླིང་ཁྲི་ན། དར་འགུ་ལིང་གི་པད་མ་གད་དེ་འདུག འབྲི་ཆུ་རྒྱལ་མོའི་ཆུ་རོང་ན། ཆོས་གསུང་རབ་ཀྱི་གསེར་གདུང་ཁྲིགས་སེ་འདུག ཟླ་ཆུ་རྒྱལ་མོའི་ཁུག་སོ་ན། ལྕག་སྔོ་གཉན་གྱི་ཐོ་རྗེ་གད་དེ་འདུག ཏི་ཆུ་རྒྱལ་མོའི་ཁྲིམས་ར་ན། དངུལ་དཀར་གྱི་སེང་མདུང་གད་དེ་འདུག ་་་་་ལ་དྭགས་རྒྱལ་མོའི་ཕོ་བྲང་ན། འཕྲུག་ལག་ཐག་གི་ཚར་མ་གད་དེ་འདུག འདིར་ལ་དྭགས་ཞེས་བྲིས་འདུག་དགོངས་པ་བཞེས་རོགས་གནང། ལ་དྭགས་པ་རྣམས་ཀྱིས་གནའ་རབས་ཞང་ཞུང་གི་ཤོན་འཁྲབ་དུས་བོན་འཁོར་རམ་གཡས་བསྐོར་དུ་འགྲོ་བ་དེ་ཕྱིས་སུ་བཅོས་བསྒྱུར་བཏང་ནས་བན་འཁོར་རམ་གཡོན་འཁོར་དུ་བཅོས་འདུག་ཟེར། དེ་བདེན་ན་རྒྱ་ནག་ལོའི་བྱེད་ལུགས་ལས་ཀྱང་་་རིག་གནས་གསར་བརྗེ་ཆེན་པོ་ཅིག་རེད།

  6. མྱི་དཀར says:
    2013-03-16 at 4:50 am

    གྲོགས་པོ་ཡ་མ་ལགས་དྲ་ཐོག་འདི་སྤྱིར་བཏང་བཤད་ན་སྤྱི་ཚོགས་གི་གད་སྙིག་གི་སྣོད་འདྲ་མོ་ཡིན་ནི་དེ་ལ་སྐྱོན་བརྗོད་བྱེད་དགོས་དོན་ཞིག་མཐོང་མ་སོང་་་་་ཡང་ཁྱོད་རངགིས་གསུང་བ་ལ་མདའ་སྨྱུག་སུ་ཡིན་དང་གང་ན་ཡོད་མེད་སོགས་ཀྱི་གནས་སྟངས་ལ་ཆེད་དམིགས་ཀྱིས་གསལ་བོ་བྲིས་འདུག་བས་དེ་ལ་ངས་ལྟོས་ན་རྒྱུ་མཚན་ཞིག་ཡོད་རྒྱུ་རེད་ཁྱོད་རང་གི་ཤེས་འདོད་ན་ངས་ཁྱོད་ལ་གསལ་བཤད་གནང་ཆོག་ཐོག་མར་ཁྱོད་རང་མཚོ་སྔོན་དྲ་ཐོག་ཏུ་ཕེབ་ཤོག་དེ་ནས་བཤད་ཆོག་ང་མདའ་སྨྱུག་གི་གྲོགས་པོ་ཞིག་ཡིན་ཟེར་ན་མི་ཆོག་བ་མེད་།

  7. མྱི་དཀར says:
    2013-03-16 at 4:53 am

    དགོངས་དག་༼རེད༽ཆད་འདུག

  8. ཀརྡོ་གཉེར་ཕྱག་པ་ says:
    2013-03-16 at 5:48 am

    མེད་མའི་སྐོར་ལ་མི་སྨྲའི་རྟུ་བཞུགས་བཟུང་ན་ལེགས་པ།

  9. ཡ་མ་ཚེ་རིང་། says:
    2013-03-16 at 5:53 am

    དྲ་གྲོགས་མྱི་དཀར་ལགས། དྲ་ཐོག་གི་གནས་ཚུལ་ཐར་ཐོར་ངས་ཀྱང་མཐོང་སོང་འོན་ཀྱང་དེའི་ངའི་དོགས་པ་སེལ་རྒྱུ་ལས་དོགས་པ་ཆེ་རུ་གཏང་སོང་། མཐའ་ན་མདའ་སྨྱུག་གི་དེབ་དཔར་སྐྲུན་བྱེད་པ་པོ་བྱང་སྐར་གྱིས་ཀྱང་གྲོགས་བསྐལ་བཟང་སྦྱིན་པའི་མཚམས་སྤྱོར་བྱས་པ་ལ་བརྟེན་ནས་མདའ་སྨྱུག་ངེད་གཉིས་ཁ་པར་གྱི་ལམ་ནས་ཐེངས་གཅིག་ཙམ་ཁ་བརྡ་ཐུང་ངུ་ཞིག་བྱས་ཞེས་མདའ་སྨྱུག་གི་དེབ་ཀྱི་འཇུག་ཏུ་བཀོད་པ་ལ་བལྟས་ན་ཁོས་ཀྱང་ངོ་རྟགས་ཆོད་མེད་པའི་རྣམ་འགྱུར་འདྲ་བོ་བསྟན་འདུག་བྱས་ཙང་ངས་འདི་དག་གི་རྒྱབ་ཏུ་དན་དན་གསང་བ་ཅིག་མེད་འགྲོ་སྙམ། འོ་རེད་དྲ་གྲོགས་ལགས་གནས་ཚུལ་གསལ་པོ་ཤེས་ན་དྲ་ཐོག་འདི་ནས་གསུང་རོགས།

  10. ཡ་མ་ཚེ་རིང་། says:
    2013-03-16 at 9:41 am

    གྲོགས་པོ་མྱི་དཀར། ཡང་གཅིག་ཞུས་ན་སྐུ་ཉིད་ཀྱིས་ང་མདའ་སྨྱུག་གི་གྲོགས་པོ་ཞིག་ཡིན་ཟེར་ནའང་མི་ཆོག་པ་མེད། ཅེས་པའི་བཀའ་མོལ་གནང་སྟངས་ལ་གཞིག་ན་ཧམ་པ་རི་ཙམ་བཤད་ན། བདེན་ཁ་གཡག་ཙམ་འཐོབ་པའི་རེ་སྟོང་གིས་རང་ཉིད་ཚ་བ་མདའ་སྨྱུག་གི་འཁྲིས་སམ་ཉེ་སར་འདེད་ཅི་ཐུབ་གང་ཐུབ་ཀྱི་འབད་བརྩོན་གནང་གི་འདུག་མོད། བྱེད་སྟངས་འདིས་སྐུ་ཉིད་ལ་ཆེ་མཐོང་མི་རེག་པར་མ་ཟད་ཁྱེད་རང་གི་གསུངས་ཚད་མར་འཛིན་མཁན་དེ་བས་ཀྱང་དཀོན་པར་སྣང་། དེ་ནི་རང་ཉིད་ཀྱི་མི་གཞི་མི་ལ་ཁྱབ་བསྒྲགས་བྱས་པ་ཙམ་ལས་ཅི་ཡང་མེད། ད་དུང་ཞོར་དུ་ཤེས་འདོད་ན་མཚོ་སྔོན་དྲ་ཐོག་ཏུ་ཤོག་ཅེས་གཞན་ཁ་འཕངས་ཤིག་ཀྱང་མཛད་ཁུལ་བྱས་འདུག འོན་ཀྱང་། ཁུངས་སྐྱེལ་མེད་པའི་དྲ་ཐོག་གི་སྐད་དེ་ཚོ་ཕྲན་གྱིས་ནམ་ཡང་བདེན་པར་རློམ་གྱི་མེད། གྲོགས་པོ་མྱི་དཀར། སྐད་ཆ་དེ་ཚོ་སྐུ་ཉིད་ཀྱིས་གཟིགས་པ་ལས་ངས་མཐོང་བ་མང་ཞིང་། སྐུ་ཉིད་གྱིས་གསན་པ་ལས་ངས་ཐོས་པ་དག་ཚོད་ཡིན།

  11. མྱི་དཀར says:
    2013-03-16 at 7:50 pm

    རེད་རེད་གྲོགས་ཡ་མ་ལགས་འདི་ལྟར་ཁྱོད་རང་གིས་གསུང་བ་ལ་ལྟོས་ན་མདའ་སྨྱུག་ལ་ཚད་མཐོ་པོའི་སྐར་མ་ཞིག་གནང་ཡོད་པ་འདྲ་མདའ་སྨྱུག་གི་གྲོགས་པོ་དང་དགའ་ཉེ་ཡིན་ཟེར་ན་དེ་ནི་སྤྱི་ཚོགས་འདིས་མི་བུ་སྒེར་ལ་གནང་བའི་ཆེ་མཐོང་དང་དྲ་ཐོག་སོགས་རྒྱུན་ནས་རང་ཉིད་ཀྱི་མི་གཤིས་གཞན་ལ་གསལ་བཤད་གནང་ཐུབ་པ་སོགས་མདའ་སྨྱུག་ལ་ཚད་ངེས་ཅན་གྱི་གོ་གནས་ཞིག་གནང་ཡོད་པ་གསལ་པོ་རེད་་་་ཡང་ཁྱོད་རང་གི་གསུང་བ་ལ་ཁྱོད་རང་གི་གསུངས་ཚད་མར་འཛིན་མཁན་སུ་གང་མེད་ལབ་འདུག་བདེན་པ་རེད་ངས་ཀྱང་ངའི་བཤད་པ་ལ་ཁྱོད་རང་གིས་ཚད་མར་འཛིན་དགོས་དུས་ནམ་ཡང་ལབ་རྒྱུ་མ་བྱུང་གང་ལྟར་ངས་ཁྱོད་རང་གིས་མདའ་སྨྱུག་བཅང་བའི་རིན་ཐང་དེ་ག་འདྲ་ཞིག་ཡིན་མིན་ཧ་གོ་ཐ་ལྷག་པར་ཏུ་ཁྱོད་རང་གིས་ཁོའི་ཐོག་ལ་བཞག་བའི་རྣམ་རྟོག་གིས་བསླངས་བའི་རང་སྣང་གི་འདུ་ཤེས་དེ་ཡང་ཕལ་ཆེར་གསལ་པོ་རེད་གྲོགས་པོ་ངས་ལྟོས་ན་ཁོ་ཁྱོད་རང་གིས་བཟོས་བའི་ཚད་ངེས་ཅན་ལ་སླེབས་བའི་མི་བུ་ཟིག་མ་རེད་ལབ་ན་ཁྱོད་རང་ལ་ལོམ་རྒྱུ་མ་རེད་་་་རྣམ་རྟོག་དེ་ཅུང་ཆེ་མེད་དམ་་་་་མཐའ་མ་བཤད་རྒྱུ་ཞིག་ལ་གོང་ནས་བྲིས་བའི་ཡི་གེ་དེ་དག་གི་ནང་དུ་དངོས་ཡོད་དང་གཞི་ཡོད་བའི་ཐོག་ནས་བྲིས་ཡོད་་་་་དེ་ནི་ང་ལ་མཚོན་ན་རྒྱུན་ལྡན་ཞིག་ཡིན་་་་་མ་ལོམ་ན་བཞག་ན་འགྲིག་གི་་་་་་ཐུགས་ལ་གནོད་བའི་ཚིག་རེ་ཡོད་ན་སྙིང་ཁུང་རུས་བའི་གཏིང་ནས་དགོངས་སེལ་གནང་བར་མཁྱེན

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-17 at 6:27 am

    བན་དེ་བ་ལེགས་ལ་སོགས་པས། ལ་དྭགས་སམ། ལ་ཐགས་ཀྱི་སྐོར་ལ་དཔྱད་པ་མཛད་པ་བཀའ་དྲིན་ཆེ། ངའི་བསམ་པ་ལ་དྭགས་ཞེ་པའི་མིང་ཚིག་དེ་མར་ཡུལ་གྱི་མིང་ལ་གསར་དུ་འཐོན་པ་ཞིག་འདོད། འོནཀྱང་ཁྱེད་མཁས་པ་རྣམས་ཀྱིས་གསུངས་པ་ལས།། ལ་དྭགས་ཞེས་་པོ་འདི་དུས་སྔ་མོའི་ཟངས་དཀར་ལོ་ཙ་པ་སོགས་ཀྱིས་སྔར་གྱི་ཡིག་ཆ་དག་ན་ཡོད་ན། བདག་གི་བློ་བསྐྱེད་ལ་ཕན། ངས་ཁྱེད་རྣམས་ཀྱི་ཐུགས་འདོད་ལྟར་ལ་དྭགས་ཞེས་སླར་བཅོས་ཡོད།
    ་
    མཛའ་བཤེས་ཕན་པར་འདོད་རྣམས་ཀྱི།
    གང་ཞིག་སྨྲས་པ་མི་འཛིན་པ།
    རུས་སྦལ་ཁ་ནས་ཤིང་ཤོར་ལྟར།
    དེ་ནི་ལྷུང་ཞིང་ལུས་པར་འགྱུར།།
    ་
    ཚིགས་བཅད་འདི་ལོ་ངོ་དྲུག་ཅུ་རེ་གྲངས་སྔོན་དུ་བོད་བཀྲ་ཤིས་ལྷུན་པོར་ཆོས་འབྱོར་ཁང་གསར་དུ་བཀའ་འཀུར་སྒྲོགས་སྐབས་སུ། ངང་པ་གཉིས་ཀྱིས་རུས་སྦལ་འཁྱེར་འགྲོ་བ་ན། འོག་གི་མི་རྣམས་ཀྱིས་ངང་པ་གཉིས་ཀྱིས་རུས་སྦལ་འཁྱེར་འདུག་ཅེས་ཀུ་ཅོ་འདོན་པ་ན་རུས་སྦལ་ལ་ང་རྒྱལ་སྐྱེས་ཏེ། འདི་དག་གིས་ང་འཁྱེར་བ་མ་ཡིན། འདི་ལྟར་བྱེད་པ་ང་རང་གི་བྱུས་ཡིན་སྨྲས་པ་ན། རུས་སྦལ་ས་ལ་ལྷུང་སྟེ། སྡུག་བསྔལ་མང་པོ་མྱོང་ངོ་། ཚིག་རྐང་བཞི་པ་ན། ལུས་པ་ཞེས་པའམ་ལས་པ་ཞེས་གང་དག་པ་ཡིན་ནམ་སྙམ། དཔྱད་པར་མཛོད། ས་སྐྱ་ལེགས་བཤད། ལེ་༣ ཚིགས་ ༣༥ པར་ཡང་གཟིགས།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-17 at 10:11 am

    བཀའ་འཀུར་སྒྲོགས་སྐབས་སུ། ཞེས་པ་འདི། བཀའ་འགྱུར་སྒྲོགས་སྐབས་སུ། ཞེས་ཀློག་པར་མཛོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme