Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་སུ་རིར་བོད་མིའི་རང་དབང་སྒེར་ལངས་དུས་དྲན།

Posted on 2013-03-11 By ཁ་བརྡ་ 1 Comment on མ་སུ་རིར་བོད་མིའི་རང་དབང་སྒེར་ལངས་དུས་དྲན།

གནས་ཚུལ་མཁོ་འདོན་པཿ བསམ་གླིང་ཚེ་རིང་ལྷ་མོ།

དེ་རིང་ནི་༡༩༥༩ལོར་བོད་ནང་གི་སེར་སྐྱ་རྒན་དར་གཞོན་གསུམ་གྱིས་ནུས་ཤུགས་གཅིག་ཏུ་སྒྲིལ་ནས། དགྲ་བོ་རྒྱ་དམར་གྱིས་བོད་ནང་ཤེད་ངོམ་ཁོ་ནས་བཙན་གནོན་བྱས་པར་ངོ་རྒོལ་གནམ་ས་འགུལ་བ་ཞིག་བྱས་པའི་དྲན་གསོའི་ཉིན་མོ་ཞིག་ཡིན་པ་རེད།  ཉིན་མོ་དེ་རིང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་པ་བཙན་བྱོལ་བ་ཚོས་ཆེ་ཆུང་ལ་མ་ལྟོས་པའི་ལས་འགུལ་སྣེ་མང་ཞིག་སྤེལ་གྱི་ཡོད་པ་ནི་གདོན་མི་ཟ་བ་ཞིག་རེད།  འདི་ག་རྒྱ་གར་བྱང་ཕྱོགས་ས་གནས་མ་སུ་རིར་ཡང་། ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བོད་མི་རྒན་དར་གཞོན་གསུམ་གྱིས་རི་བོ་ལྷ་གསོལ་རི་མགོར་རྒྱལ་བ་སྲས་དང་བཅས་པར་འཕྲིན་སྐུལ་རྒྱ་ཆེར་ཞུས་ཤིང་།  བོད་བསྟན་སྲིད་ཀྱི་བྱ་བ་ཆེ་ཕྲ་ཆུང་གསུམ་ལ་འགལ་རྐྱེན་མེད་པར་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པའི་གསོལ་འདེབས་རྒྱ་ཆེར་ཞུས།    དེ་རྗེས་མ་སུ་རི་གཏན་སློབ་འདོད་དགུ་ཐང་དུ་མཛད་རིམ་དབུ་འཛུགས་བསྐྱངས་ཤིང་། མི་མང་ལངས་གླུ་དང་། རྒྱ་གར་དང་་བོད་ཀྱི་རྒྱལ་གླུ་གཏོང་བ་སོགས་ཀྱིས་མཛད་སྒོའི་མདུན་བསུས་ཤིང་།   རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་མྱ་ངན་གུས་འདུད།  རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཇལ་དར་བསྒྲོན་པ་དང་། རྒྱལ་བའི་ཞབས་བསྟན་འུར་འདོན་ལ་སོགས་པའི་མཛད་རིམ་བསྐྱངས་ཏེ་རིམ་བཞིན་གསུང་འཕྲིན་ཁག་སྒྲོག་སྦྱང་གནང་།  དེ་རྗེས་གཏན་སློབ་དང་བོད་ཁྱིམ་གྱི་ལས་བྱེད་ཁག་དང་། མི་མང་བཅས་ནས་མ་སུ་རི་ཁྲོམ་གཞུང་དུ་སྐད་འབོད་བྱས།  མཛད་རིམ་གྱི་མཇུག་ཏུ་ས་གནས་ཀྱི་དཔོན་རིགས་གདན་ཞུས་ཀྱིས་མར་མེ་སྦར་བ་དང་། ས་གནས་དཔོན་རིགས་ནས་གཏམ་བཤད་གནང་བ། ལྷག་པར་དུ་བརྙན་འཕྲིན་སོགས་གསར་འགོད་པ་མི་ཉུང་བ་ཞིག་ཕེབས་ནས་སྐད་འབོད་དང་གཏམ་བཤད་ཁག་ནས་གཙོས་བོད་ཀྱི་གནད་དོན་ཁག་གི་གསར་འགྱུར་བསྡུ་ལེན་གནང་།  ད་ལོའི་དམིགས་གསལ་ཞིག་ནི། མ་སུ་རི་བོད་ཁྱིམ་གྱི་སློབ་མ་རྣམས་ཁྲོམ་སྐོར་སྐད་འབོད་ལོ་གཉིས་གོང་ནས་བཀག་གནང་ཡོད་ཐོག།  ད་ལོར་གཏན་སློབ་ཀྱི་སློབ་ཕྲུག་ཁག་ཀྱང་ཁྲོམ་སྐོར་སྐད་འབོད་ལ་ཞུགས་སུ་འཇུག་མེད།  དེའི་ཐོག་འབྲེལ་ཡོད་ལ་བཀའ་མོལ་ཞུས་པར། གཅིག་ནས་ཕྲུ་གུ་རྒན་པ་ཁག་ཡིག་རྒྱུགས་ཀྱི་སྐབས་འཁེལ་བ་དང་། འབྲིང་བ་དང་ཆུང་བ་ཁག་ཕྱིར་བསྐྱོད་སྐབས་གནས་ཚུལ་ལྷག་པ་འདྲ་བྱུང་ཚེ་འབྲེལ་ཡོད་འཛིན་སྐྱོང་ལ་དཀའ་ངལ་ཡོད་སྐོར་གསུང་གནང་སོང་།

གསར་འགྱུར།

Post navigation

Previous Post: གནས་མཆོག་གི་ངོ་མཚར།
Next Post: སུ་ཞིག་གིས་མེར་སྲེག་ལ་བསྐུལ་བཞིན་ཡོད།

Comment (1) on “མ་སུ་རིར་བོད་མིའི་རང་དབང་སྒེར་ལངས་དུས་དྲན།”

  1. ཨོ་རྡོ། says:
    2013-03-12 at 12:35 am

    ༼འབྲིང་བ་དང་ཆུང་བ་ཁག་ཕྱིར་བསྐྱོད་སྐབས་གནས་ཚུལ་ལྷག་པ་འདྲ་བྱུང་ཚེ་འབྲེལ་ཡོད་འཛིན་སྐྱོང་ལ་དཀའ་ངལ་ཡོད་སྐོར་གསུང་གནང་སོང་།༽ གནས་ཚུལ་སྤེལ་མཁན་གྱིས་དྲང་པོ་བྲིས་གནང་འདུག རྒྱུན་དུ་ནས་དེ་ཕྱོགས་སུ་འཛིན་སྐྱོང་ལ་དཀའ་ངལ་རྩ་བ་ནས་ཡོང་མི་དགོས་པ་དང་། གལ་ཏེ་དཀའ་ངལ་བྱུང་ན་ལམ་སེང་འཛིན་སྐྱོང་གནང་མཁན་མི་སྣ་ཚོས་རྡོག་རྩ་ཆིག་སྒྲིལ་གྱིས་གཤམ་འོག་ཏུ་གཡུག་པ་ཡིན། ད་ལྟའི་བར་འཛིན་སྐྱོང་གནང་མཁན་ཚོའི་ལག་ནས་བརླག་དོར་གང་བྱུང་ཡང་སྐྱིན་ཚབ་སྤྲོད་དགོས་བྱུང་མེད་ཅིང་། གཞན་གཤམ་འོག་གི་ལས་བྱེད་ཅིག་ཡིག་ཚང་གྲོལ་ནས་མཚན་མོར་ཁོང་གི་ཡིག་ཚང་ནང་གི་སྡོད་ས་ནས་ཅ་དངོས་ཤིག་བརླག་པ་དང་། དེ་ཡིག་ཚང་ནང་གི་ལས་རོགས་ཚང་མས་གསལ་པོ་ཤེས་ཀྱི་ཡོད་ཀྱང་། ལས་བྱེད་པ་དེས་སྐྱིན་ཚབ་སྒྲུབ་ཏུ་བཅུག་ཡོད། ཡང་འཛིན་སྐྱོང་བའི་ཁོངས་སུ་ཡིན་པའི་དངུལ་གཉེར་པའི་ཡིག་ཚང་ནས་དངུལ་ག་ཚོད་བརླག་དོར་བྱུང་ཡོད་རུང་། དེ་དངུལ་གཉེར་བས་སྐྱིན་ཚབ་སྒྲུབ་ཏུ་འཇུག་གི་མེད། མདོར་ན། འཛིན་སྐྱོང་གནང་མཁན་ལ་དཀའ་ངལ་མི་ཡོང་བ་ཞིག་བྱུང་ན། འཛིན་སྐྱོང་ལ་དཀའ་ངལ་མེད་པ་ནི་དོན་མི་ཟའོ། མ་འོངས་པར་བོད་རང་བཙན་བྱུང་ན་ང་ཚོས་བོད་རྒྱལ་ཁབ་ནང་འཛིན་སྐྱོང་གནང་སྟངས་འདི་མིག་དཔེ་བཟང་པོ་ཞིག་ལ་བརྩི་ནས་ལག་བསྟར་ཞུ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཏུ་མཐོང་། བཀྲིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme